Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་རྒྱུན་བཞུགས་སོ། སྤྲུལ་འཁོར་སྐལ་བཟང་དོན་ལྡན།

Posted on 2013-01-022013-01-02 By ཁ་བརྡ་ 1 Comment on དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་རྒྱུན་བཞུགས་སོ། སྤྲུལ་འཁོར་སྐལ་བཟང་དོན་ལྡན།

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །སྤང་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །རྟེན་འབྱུང་གཏམ་གྱི་འགྲོ་རྣམས་འདྲེན་མཛད་པའི་པའི། །ཐུབ་དབང་སྨྲ་བའི་ཉི་མོར་གསོལ་བ་འདེབས། །(༧ གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་སྐུ་འཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའི་གསུང་བྱིན་རླབས་ཅན) སྙིགས་དུས་ལྔ་བརྒྱའི་ཉམས་ཐག་གྲོལ་བའི་སླད། །ཡངས་པ་ཅན་དུ་བཅོམ་ལྡན་འཛོམས་མཛད། །སྨན་བླ་བདེ་གཤེགས་ལྷ་ཚོགས་མཆེད་བརྒྱད་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། (༸ རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་བསྟན་པའི་སྨན་མདོ་བརྒྱད་བརྒྱ་བ་གཞིར་བབཞག་ཐོག་ཁོ་བོས་གསར་བསྒྲིགས་བྱས) དཔལ་ལྡན་སྟོབས་བཅུ་མངའ་བ་མ་ལུས་པ། །ས་གསུམ་འགྲོ་བའི་སྡུག་བསྔལ་བལ་བའི་ཕྱིར། །མཆོག་གི་སྤྲུལ་སྐུ་སྒྱུ་འཕྲུལ་དྲྭ་བའི་གར། །བདེ་གཤེགས་སྨན་གྱི་བླ་མར་གསོལ་བ་འདེབས། །གང་གི་རྣམ་སྤྲུལ་རིག་པའི་ཡེ་ཤེས་དང་། །རྒྱུད་བཞིའི་ཞུ་གསོལ་ཆེན་པོ་ཡིད་ལས་སྐྱེས། །རྒྱུན་ཤེས་བུ་དང་འཚོ་བྱེད་གཞོན་ནུ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཐུབ་བསྟན་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་མགོན། །གསུང་རབ་རྒྱ་མཚོའི་མཐར་སོན་མ་ཁོལ་དང་། །གནས་ལྔ་རིག་པའི་ཟླ་བ་མངོན་དགའ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཐེག་ཆེན་མདོ་སྔགས་སྤྱི་དང་གསོ་ཀྱི། །དྲི་མེད་ལུགས་ཟུང་གདམས་ངག་མཛོད་འཛིན་པ། །འཕགས་ཡུལ་གྲུབ་ཆེན་པཎ་ཆེན་བརྒྱ་བཅུ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)ཀུན་བཟང་ཆོས་རྒྱལ་ཐོ་རི་གཉན་བཙན་དུས། །འཕགས་ཡུལ་དྲང་སྲོང་བི་བྱི་དགའ་བྱོན། །དེའི་སྲས་བླ་སྨན་དུང་གི་ཐོར་ལྕོག་ལ། །གསོལ་བ་འདེབས་སོ་ག།ན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)གང་དེའི་ཐུགས་སྲས་བློ་གྲོས་ཆེན་མོ་དང་། །དེའི་སྲས་སྨན་པ་མཚུངས་མེད་བློ་གྲོས་སོགས། །རིགས་བརྒྱུད་གནང་བ་རིགས་ཀྱི་སྨན་པ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)གང་ལྗོངས་ཆོས་སྲིད་བསྟན་འགྲོའི་ཉིན་གཅིག་པུ། །རྨད་བྱུང་ཐུགས་བསྐྱེད་སྤྱན་རས་གཟིགས་དབང་དངོས། །རྒྱལ་བས་ལུང་བསྟན་སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)གངས་ལྗོངས་སྐྱེ་དགུའི་མ་རིག་མུན་པ་སེལ། །རིག་གཞུང་བརྡ་སྤྲོད་གསོ་དཔྱད་གཏན་ལ་ཕབ། །བཀའ་དྲིན་མཚུངས་བྲལ་འཇམ་དབྱངས་ཐོན་མི་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)སྲིད་པའི་རིམས་ནད་ཚ་གདུང་འདྲུང་འབྱིན་ཕྱིར། །རིས་མེད་འགྲོ་ལ་སྨན་གྱི་གཞུང་ལུགས་སྤེལ། །རྗེས་སྦྱང་ལས་གོམས་འཚོ་བྱེད་སྨན་པ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)མདོ་སྔགས་ཟུང་འཇུག་རྒྱལ་བསྟན་དར་ཞིང་རྒྱས། །རྒྱལ་བ་སྨན་བླ་རིག་འཛིན་པདྨ་འབྱུང་། །མཁན་ཆེན་ཞི་འཚོ་ཆོས་རྒྱལ་ཁྲི་སྲོང་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)རྒྱལ་བ་གསུངས་པའི་གསོ་དཔྱད་གདམས་པའི་མཛོད། །མ་ནོར་ལམ་བཟང་ཡང་དག་ཚད་མར་བསྒྱུར། །ཨུ་རྒྱན་དངོས་མཉམ་བེེ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)ཕྱི་ནང་མཁས་དགུ་གདན་འཛོམས་གསོ་དཔྱད་སྤེལ། །དཔལ་ལྡན་རྒྱུད་བཞི་བཀའ་གཏེར་གཉིས་སྦས། །སྨན་རྒྱལ་རྙིང་མ་ཡོན་ཏན་མགོན་པོ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)གངས་ཅན་མིག་འབྱེད་བེེ་རོ་ཙ་ནའི་ཞབས། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་དཔལ། །ཟབ་གཏེར་སྒོ་འབྱེད་གྲྭ་པ་མངོན་ཤེས་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །གང་དེིའི་ཐུགས་སྲད་དར་མ་གྲགས་པ་དང་། །ཚེ་ཡི་རིག་བྱེད་འཛིན་པ་དཀོན་མཆོག་སྐྱབས། །འཇའ་ལུས་མངོན་གྱུར་རྗེ་བཙུན་གཡུ་ཐོག་པར། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །དུས་གསུམ་སངས་རྒྱས་ཀུན་འདུས་གཡུ་ཐོག་རྗེ། །རྟ་ཕག་ཡབ་ཡུམ་དཔལ་ལྡན་འཕྲེང་བའི་ཞབས། །རྩ་གསུམ་སྨན་གྱི་ཞི་ཁྲོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)སྣང་སྲིད་ཆོས་ཀུན་གནས་ལུགས་མཐར་ཐུག་གཟིགས། །གཡུ་ཐོག་སྙན་བརྒྱུད་ཐིག་ལེའི་གདམས་ངག་བཟུང་། །འཛིན་མཁས་རྒྱལ་སྲས་སུམ་སྟོན་ཡེ་གཟུངས་ཞབས། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །(ཁོ་བོས་གསར་བསྒྲིགས་བྱས)སྐྱེ་བ་སྙིང་ཐིག་མངའ་བདག་ཡེ་ཤེས་གཟུངས། །དྲི་མེད་ལུགས་འཛིན་གཞོན་ནུ་ཡེ་ཤེས་དང་། །གཞན་ཕན་གཏེར་གྱུར་གཡུ་ཐོག་འབུམ་སེང་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །བྱང་ཆུབ་སེམས་ཀྱི་བདུད་རྩི་སྨན་དུ་བླངས། །ལྷག་པའི་ལྷ་མཆོག་སྒྲོལ་མས་རྗེས་སུ་བཟུངས། །བཀའ་གདམས་ཇོ་བོ་འབྲོམ་སྟོན་ཡབ་སྲས་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །།(ཁོ་བོས་གསར་བསྒྲིགས་བྱས)རྡོ་རྗེ་འཆང་ཆེན་ཏེ་ལོ་ཎ་རོ་པ། །མར་མི་དྭགས་གསུམ་གྲུབ་བརྒྱུད་དོན་གྱི་བརྒྱུད། །བཀའ་བབ་སྐྱེས་མཆོག་རང་བྱུང་རྡོ་རྗེ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །(ཁོ་བོས་གསར་བསྒྲིགས་བྱས) ཚུལ་འདིར་མཁས་གྲུབ་བུདྷ་རཏྣའི་མཚན། །རིག་བྱེད་མང་ཐོས་དོན་གྲུབ་རིན་ཆེན་དང་། །དོན་ཀུན་གྲུབ་པ་རྒྱལ་མཚན་དཔལ་བཟང་ལ།  །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཚིག་དོན་གསལ་བྱེད་དཀོན་མཆོག་རྒྱལ་མཚན་དཔལ། །མཁྱེན་པའི་སྤྱན་མངའ་དཔལ་ལྡན་འཚོ་བྱེད་ཞབས། །ཚངས་སྤྱོད་བརྟུལ་ཞུགས་འཛིན་པ་དབང་ཕྱུག་གྲགས། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ངེས་དོན་མངོན་གྱུར་རིག་འཛིན་ཕུན་ཚོགས་བཟང་། །མཁས་གྲུབ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཞབས། །ལག་ལེན་མཐར་ཕྱིར་རྗེ་བཙུན་ཚེ་འབུམ་པར། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །བྱར་པོ་པཎ་ཆེན་ཟླ་བའི་དབང་པོ་དང་། །རི་ལྡིང་བློ་བཟང་རྒྱ་མཚོ་བྱང་ངོས་པ། །བསྟན་འཛིན་དར་རྒྱས་བློ་བཟང་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ངག་དབང་དོན་གྲུབ་བློ་མཆོག་རྡོ་རྗེ་དང་། །ཀུན་མཁྱེན་ལྔ་པ་གང་ཤར་རང་གྲོལ་རྩལ། །ངག་དབང་གཞོན་ནུ་སྟོད་ལུང་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ངག་དབང་ཆོས་ལྡན་བླ་དགའ་དོན་གྲུབ་དང་། །ཁྱབ་བདག་རྡོ་རྗེ་རིན་ཆེན་དབང་གི་རྒྱལ། །ལུང་རིག་རྒྱ་མཚོ་མཁས་བཙུན་རྡོ་རྗེ་གྲགས། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །མཁས་པས་མདོ་སྔགས་ལུང་རིགས་ཁོང་དུ་ཆུད། །བཙུན་པས་གསོ་དཔྱད་བསྟན་པའི་སྒྲོན་མེ་སྤར། །སྒྲུབ་པས་གཞན་དོན་བརྩོན་མཛད་མདེའུ་དམར་རྗེར། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །(ཁོ་བོས་གསར་བསྒྲིགས་བྱས) །སྒྲུབ་པ་མཐར་ཕྱིན་འཇིགས་མེད་འཕྲིན་ལས་དཔལ། །སྨན་རྩིས་བསྟན་པ་རྒྱས་མཛད་གཞན་ཕན་གཏེར། །བཀའ་མཚུངས་མེད་ཆོས་ཀྱི་སེང་གེ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །(འདེལ་དགུ་མཁྱེན་བརྩེ་རིན་པོ་ཆེས་བསྐུལ་བ་ངོར་༧ གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའི་གསུང་བྱིན་རླབས་ཅན།)རྒྱལ་བསྟན་བཤད་དང་སྒྲུབ་པས་འཛིན་པ་ལ། །ཆགས་ཐོགས་བྲལ་བ་མཁའ་ལ་ཉིན་བྱེད་བཞིན། །འཕྲིན་ལས་བཟང་པོས་འགྲོ་བ་སྒྲོལ་བའི་རྗེར། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །(༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་ཡར་འབྲོག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་འཕྲིན་ལས་ཉིན་བྱེད་དཔལ་བཟང་པོར་ཞབས་བརྟན་གསོལ་འདེབས་འཆི་མེད་བཅུད་སྤུངས་ཞེས་པ་མཛད་པ་ལས་ཁོ་བོས་བཏུས་པ་ཡིན། )   རྗེས་སྦྱངས་གསོ་དཔྱད་ལས་གོམས་བཟོ་ལ་མཁས། །ཀུན་སྙོམས་གཞན་ཕན་རྒྱུད་པའི་ལུགས་བཟང་འཛིན། །མཚུངས་བྲལ་སློབ་དཔོན་བསྟན་འཛིན་ཆོས་གྲགས་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །   ( གང་གི་སློབ་བུ་ཨེ་པ་བསོད་ནམས་རིན་ཆེན་གྱིས་བསྐུལ་བའི་ངོར་༸ དཔལ་རྒྱལ་བ་ཀརྨ་པ་སྐུ་འཕྲེང་བཅུ་བདུན་ཨུ་རྒྱན་འཕྲིན་ལས་རྡོ་རྗེས་མཛད་པའི་གསུངས།  སྐབས་འདིར་རང་རང་སོ་སོའི་དབང་ལུང་འཁྲིད་གསུམ་ཞུ་བའི་བླ་མ་གང་ཡིན་པ་དེར་གསོལ་འདེབས་བྱ་དགོས། )  རིན་ཆེན་གཏེར་མཛོད་དུ་བཞུགས་སོ་གསོལ་བའི་གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་པུ་ཏིའི་ཆོས་ཚན་ཆ་ཚང་བར་བརྒྱབ་བརྟེན་བླ་མ་བརྒྱུད་པ་བར་མ་ཆད་པའི་ཞལ་ལུང་དང་། གྲོལ་བྱེད་སྔོན་འགྲོ་དང་དངོས་གཞིའི་ཁྲིད། སྨིན་བྱེད་གཡུ་ཐོག་སྙིང་ཐིག་གི་དབང་བསྐུར་དང་། ལྷག་དོན་རིན་ཆེན་གཏེར་མཛོད་ནང་བཞུགས་པའི་དཔལ་ཁྲོ་རྒྱལ་རྟ་མཆོག་རོལ་པའི་ཡི་དམ་དཀྱིལ་འཁོར་གྱི་དབང་བསྐུར་ཞིག་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བརྒྱུད་ཏ་པའི་ནང་བཞུགས་སོ་གསོལ་བའི་སངས་རྒྱས་སྨན་བླའི་ཞིང་བཀོད་དང་། སྨན་མདོ་བརྒྱད་བརྒྱ་བ་རྒྱས་བསྡུས་གཉིས། སྒོས་སུ་མཁས་གྲུབ་ར་ག་ཨསྱས་མཛད་པའི་སྨན་བླའི་ཆོ་ག་བེེ་ཌུརྱའི་ཆུ་རྒྱུན་གྱི་ལུང་དང་ཁྲིད་བཅས་ཁོ་བོས་སྔ་འགྱུར་རྙིང་མའི་ཁྲི་འཛིན་བསྟན་འཛིན་གྱི་སྐྱེས་བུ་བྱང་ཆུབ་སེམས་དཔའ་རྗེ་འདི་ཉིད་ཀྱི་དྲུང་ནས་སྔ་ཕྱིར་ཐོབ་པ་པ་དང་། ཡང་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེའི་དྲུང་ནས་ཀྱང་གཡུ་ཐོག་སྙིང་ཐིག་གི་དབང་བསྐུར་ཟམ་མོ་སྔ་ཕྱིར་ཐེངས་གཉིས་ཐོབ་པ་དང་།  དེ་བཞིན་༸ གོང་ས་རྒྱལ་བ་རིན་པོ་ཆེའི་དྲུང་ནས་ཀྱང་སངས་རྒྱས་སྨན་བླའི་རྗེས་གནང་དང་། ཡིད་དམ་བརྒྱད་ཀྱི་དབང་བསྐུར་ཟམ་མ་ཞིག་ཐོབ་ཐུབ་བཅས་ལ་བརྟེན་རང་དང་བསྐལ་བ་མཉམ་པའི་མཆེད་གྲོགས་དང་མ་འོངས་གསོ་རིག་དང་གཡུ་ཐོག་སྙིང་ཐིག་གི་སྙན་བརྒྱུད་ཀྱི་དམ་པ་ཟབ་མོ་འདི་ཉིད་ཉམས་སུ་མྱོང་བའི་བསྐལ་ལྡན་ལས་ཅན་རྣམས་ལ་ཅུང་ཟད་ཕན་ཕྱིར་ཟུར་བལྟའི་ཆེད་དུ་བརྒྱུད་བཞིའི་བླ་བརྒྱུད་ཀྱི་གསོལ་འདེབས་རྩ་ཆེ་འདི་ཉིད་ལ་ཅུང་ཟད་ཁ་བསྣོན་གྱིས་ཟུར་བསྒྲིགས་བྱས་པ་ཞིག་ཡིན།) ཐེགས་ཆེན་མདོ་སྔགས་ཐར་ལམ་གསལ་བྱེད་ཕྱིར། །དབང་བསྐུར་བརྒྱུད་བཤད་ལུང་ཁྲིད་ཆོས་ཀྱི་རྗེ། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །(ཁོ་བོས་གསར་བསྒྲིགས་བྱས སྐབས་འདིར་རང་རང་སོ་སོའི་དབང་ལུང་ཁྲིད་གསུམ་ཞུ་བའི་ཚད་ལྡན་རྩ་བའི་བླ་མ་གང་ཡིན་པ་དེ་ལ་གསོལ་འདེབས་ཟུར་དུ་འདོན་དགོས།  རྒྱུན་དུ་བླ་མ་ལ་གསོལ་བ་འདེབས་པ་དེ་ཤིན་ཏུ་ནས་གལ་ཆེ་བའི་གནད་གཅིག་ཡིན་ཏེ་རྗེ་མི་ལ་ཞབས་ཀྱིས། མི་མེད་ལུང་པའི་བྲག་ཕུག་ན། །སྐྱོ་གདུང་གི་སྡུག་བསྔལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་གདུང་ངེ་བ་དང་འབྲལ་བ་མེད། །ཅེས་བྱིན་རླབས་མཚན་ཁ་ཆེ་བའི་གནད་འདི་ལྟར་བསྟན་པའོ།།) སྐབས་གསུམ་པ་དང་ཕྱི་ནང་དྲང་སྲོང་འཁོར། །འཆི་མེད་ཚེ་ཡི་རིག་པ་འཛིན་ལ་སོགས། །གནང་རིགས་རྗེས་སྦྱངས་འགྲོ་བའི་ཉེར་འཚོ་གང་། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །དངོས་གྲུབ་འདོད་དགུའི་དཔལ་གཏེར་ཡི་དམ་ལྷ། །མཐུན་རྐྱེན་ཀུན་གྲུབ་ཆོས་སྲུང་རྒྱ་མཚོའི་སོགས། །ཁྱད་པར་ཆོས་འདིའི་བཀའ་སྲུང་ཞང་བློན་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །མི་མཐུན་འདུ་བ་འཁྲུགས་པའི་ལས་དབང་གིས། །ཉམ་ཐག་ནད་ཀྱིས་གཚེས་པའི་སྐྱེ་བོ་ཀུན། །ལུས་སེམས་བདེ་བར་བསྐྱེད་པའི་བདུད་རྩི་ལ། །མི་ཟད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །རོ་ནུས་ཞུ་རྗེས་མཁས་པའི་ཕྱག་ལེན་ལྟར། །མཐུན་པར་བསྡེབས་པའི་ཚ་གྲང་འདུས་པ་ཡི། །ནད་ཀྱི་གཡུལ་ལས་རྒྱལ་བའི་བ་དན་ཆེ། །སྲིད་པའི་རྩེ་མོར་བསྒྲེངས་པར་བྱིན་གྱིས་རློབས། །སྣ་ཚོགས་སྨན་གྱི་རླུང་མཁྲིས་བད་ཀན་དང་།  །འདུས་པའི་ནད་ཀུན་འཇོམས་པའི་རྟེན་འབྲེལ་གྱིས། །རང་གཞན་འཁོར་བར་ལྟུང་བྱེད་དྲག་པོའི་ནད། །དུག་གསུམ་རྩད་ནས་གཅོད་པར་བྱིན་གྱིས་རློབས། །འགྲོ་མགོན་གུ་ཎའི་སྙིང་ཐིག་གདམས་པའི་མཛོད། །ཉམས་སུ་བསྟར་བས་མ་བཅོས་རང་གི་སེམས། །བདེ་ཆེན་ཆོས་ཀྱི་འཁོར་ལོ་ངོ་འཕྲོད་ནས། །ཚེ་འདི་ཉིད་ལ་གྲོལ་བར་བྱིན་གྱིས་རློབས། །ལྷག་བསམ་ཁ་བའི་རྡུལ་བརྩེགས་ལས་འོངས་པའི། །རླབས་ཆེན་སྨོན་ལམ་མ་འདྲོས་ཀླུང་ཆེན་གྱིས། །གསོ་རིག་བསྟན་པའི་ནོར་འཛིན་ཀུན་ཁྱབ་ནས། །གཞན་ཕན་ནོར་བུའི་དགའ་སྟོན་རྒྱས་པར་མཛོད། །ཅེས་པ་འདི་ཉིད་ཀྱི་མཇུག་གི་བརྒྱུད་རིམ་གསར་བསྒྲིགས་སུ་ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེས་མཛད་པ་ལས་གཞིར་བཞག་སྟེ་སྐབས་འགར་བར་མཚམས་སུ་ཁོ་བོས་ལོ་རྒྱུས་ཀྱི་བྱུང་རིམ་ལྟར་ཅུང་ཟད་ཁ་སྐོང་བྱས་པ་བཅས་སོ།། །།

 

གསོ་རིག

Post navigation

Previous Post: ཝུན་གྱི་བོད་ཁུལ་གྱི་འཁྲབ་སྟོན་མཐའ་མ།
Next Post: འབྲེལ་མོལ་བསྐྱར་གསོ་གནང་ཐུབ་མིན་ཕྱི་ཟླ་ ༣ ནང་ཧ་གོ་བའི་རེ་བ་ཡོད་ཟེར།

Comments (1) on “དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་རྒྱུན་བཞུགས་སོ། སྤྲུལ་འཁོར་སྐལ་བཟང་དོན་ལྡན།”

  1. daཡཏ says:
    2021-08-09 at 11:51 pm

    དྲི་མེད་གསུང་ལ་སླད་ཞུགས་སོང་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme