Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ལྡན་བཀའ་ཤག་ལྷན་རྒྱས་ལ།

Posted on 2012-09-182012-09-18 By ཤར་ཕྱོགས་ཁུག་རྟ། 39 Comments on དཔལ་ལྡན་བཀའ་ཤག་ལྷན་རྒྱས་ལ།

ཤར་ཕྱོགས་ཁུག་རྟ། 

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཐོན་ལ་ཉེ་བ་རེད།  དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འདི་སྟོང་ལོ་གསར་པའི་ནང་ནས་བརྩིས་ན་ཚོགས་ཆེན་རིམ་པ་བཞི་པ་དེ་ཆགས་ཀྱི་ཡོད།  ཚོགས་ཆེན་རེ་རེར་བཅར་ཏེ་བློ་གྲོས་ཀྱི་རྩལ་འདོན་བཞིན་པའི་གནས་སྟངས་ཀྱང་མཐོང་མྱོང། མཐོང་མྱོང་བ་དེས་སྐད་ཆ་མང་པོ་ཞིག་བཤད་དགོས་ཀྱི་མི་འདུག་ལ། བཤད་ཀྱང་ཡིག་ཐོག་གི་རི་མོར་འགྱུར་འགྲོ་བས། ད་ནི་ལག་པ་བྲང་ཁར་བཞག་ནས་ཞིབ་འདང་ལྷོད་ལྷོད་ཅིག་རྒྱབ་ན།  ང་ཚོ་གངས་ཅན་ལྗོངས་ཀྱི་བདེ་སྡུག་གི་མདུན་ལམ་དང་དམིགས་བསལ་འགན་འཁྲི་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་དང་མི་མང་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ་གཅིག་ཡོད་པ་འདི་དཔལ་ལྡན་བཀའ་ཤག་ལ་མཚོན་ན་ལག་བསྟར་ཀྱང་མི་ཐུབ་པ་མེད་པས་མི་ཞུ་ཐབས་མེད་ཆགས་སོང།

 

ངས་འདོན་བཞིན་པའི་ཐབས་ལམ་འདི་སྔ་མོ་ནས་ཡིག་ཐོག་ཏུ་བྲིས་མྱོང་ལ་དཔལ་ལྡན་བཀའ་ཤག་གསར་པས་རྒྱ་རིགས་འབྲེལ་མཐུད་གཙོ་དོན་དུ་འཛིན་རྒྱུར་རེ་བའང་ཞུས་མྱོང། རྒྱ་རིགས་འབྲེལ་མཐུད་གཙོ་འདོན་བྱེད་རྒྱུར་ཆ་རྐྱེན་ཡང་བླ་ལྷག་ཏུ་འཛོམས་ཡོད་པས་དེ་རིང་བསྐྱར་དུ་དེའི་སྐོར་སྙིང་བསྡུས་ཙམ་ཞུས་ན། འཛམ་གླིང་འདིའི་སྟེང་གི་རྒྱ་རིགས་ཡོད་ཚད་ལ་འབྲེལ་བ་བྱ་རྒྱུ་དེ་ཡིན། དེ་ལ་དང་པོར་བོད་དོན་རྒྱབ་སྐྱོར་པ་རྒྱ་རིགས་གྲོགས་པོ་གང་ན་སུ་བཞུགས་རྣམས་ངྷ་རམ་ས་ལར་ཆེད་མངགས་གདན་ཞུས་ཀྱིས་༼ བརྒྱུད་ལམ་སྣ་ཚོགས་ནས་རྒྱ་རིགས་གྲོགས་པོ་ཚོར་འབྲེལ་བ་བྱ་ཐབས་༽ཞེས་པའི་བརྗོད་གཞིའི་སྟེང་ལས་འཆར་ཚད་ལྡན་ཅིག་བཟོས་གྲུབ་མཚམས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ནས་ལས་བྱེད་ཧྲག་བསྡུ་དང་ལས་བྱེད་གསར་དུ་བསྡུས་ཏེ།  རྒྱ་རིགས་འབྲེལ་མཐུད་ལྷན་ཁང་ཟེར་བའི་ལས་ཁུངས་ཚད་ལྡན་ཅིག་གསར་དུ་དབུ་འབྱེད་བྱེད་དགོས་པར་འདོད། དེའི་ཆེད་དབུས་བོད་མིའི་སྒྲིག་འཛུགས་ལ་ལོ་རེའི་ཡོང་འབབ་འཕར་མ་བཏོད་དགོས་པ་སྨྲས་མེད་ཐོག། ཕྱི་རྒྱལ་དོན་ཁང་ཁག་གི་ལས་འཆར་ཀྱང་གཙོ་ཆེ་གནས་ཡུལ་རྒྱལ་ཁབ་ཀྱི་རྒྱ་རིགས་གྲོགས་པོ་ཚོར་འབྲེལ་བ་འཛིན་རྒྱུར་གཏོང་དགོས་པ་རེད་། ལྷག་ཏུ་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཕྲ་ཚང་མ་དང། བྱུང་ན་ཐའེ་ཝན་ལྟ་བུ་མཚོན་ན། ཐའེ་པེ་ཙམ་དུ་མ་ཟད། ཀོ་ཞོང་སོགས་ནང་ཁུལ་གྲོང་ཁྱེར་ཆེ་ཁག་ཏུའང་ལྷན་ཁང་འདིའི་ཡན་ལག་གསར་འཛུགས་དང། ལོ་དུས་རྒྱས་བཅད་ཀྱིས་ལས་དོན་ལ་གྲུབ་འབྲས་ཅི་བྱུང་འཛིན་སྐྱོང་ནས་ཡན་གར་མ་སོང་བའི་བསྐྱར་ཞིབ་ཚོགས་ཆུང་ཆེད་འཛུགས་གནང་སྟེ། ལས་གཞི་གཙོ་བོ་གངས་ཅན་པ་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཁྱབ་བསྒྲགས་དབུས་སུ་བཞག་སྟེ། བོད་མི་ཚོས་རང་བཙན་རྩོད་ཀྱི་མེད་པ་དང། རང་སྐྱོང་ཐོབ་འདོད་དང་རང་སྐྱོང་གི་གནས་བབ་ལ་ཡིད་ཆེས་བརྟན་པོ་ཡོད་པའི་གནས་བབ་གསལ་འགྲེལ་བྱེད་པ། ༧གོང་ས་སྐྱབས་མགོན་ཆེན་པོའི་འཇིག་རྟེན་ཧྲིལ་བོར་སྩལ་དང་སྩོལ་བཞིན་པའི་རླབས་ཆེན་དགོངས་གཞི་བཅས་ཡིག་ངག་སོགས་བརྒྱུད་ལམ་སྣ་ཚོགས་ནས་ཁྱབ་བསྒྲགས་བྱེད་རྒྱུ་ལས་ལྷག་ཅིག་ད་ལྟའི་ཆར་རྒྱལ་སྤྱི་དང། རྒྱལ་ནང། བཙན་བྱོལ་བོད་མིའི་གནས་བབ་གང་ལ་བལྟས་ཀྱང་བོད་ནང་གི་ཛ་དྲག་གནས་བབ་ལ་གདོང་ལེན་བྱ་ཕྱོགས་ཤིག་ཡོང་རེ་མེད་པ་གསལ་བོ་ཡིན་སྟབས། རྩ་དོན་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པ་ལའང་དོན་དམ་གྱི་ལམ་ཁ་འདི་ལས་ལྷག་ཅིག་མེད་པ་དྭངས་བའི་མཚོ་ལ་ཟླ་གཟུགས་ཇི་བཞིན་འཆར་ཡོད་ཤག་ལ་མི་འགྱངས་མཐོང་བ་མངོན་འགྱུར་ཡོང་བའི་རེ་བ་ཤིན་ཏུ་ཆེ།

 

 

སྟབས་གཅིག་ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་རླུང་འདི་རང་རེའི་བོད་ཀྱི་ད་ལྟའི་གནས་སྟངས་དང་མཐུན་ཕྱོགས་ལྟ་བུར་གཡུག་ཤེད་ཆེ་ནའང། དྲུག་བཅུ་རེ་གྲངས་ནང་གི་བྱུང་རབས་དང། སྤྱིར་སྤྲ་སེར་སྤྲེའུ་རིགས་འདི་ཚོར་ཡིད་ཆེས་བརྟན་པོ་ཞིག་ཁྱོན་ནས་གནང་ས་མེད་སྟབས། ད་ལྟ་བར་ང་ཚོར་ཉམས་མྱོང་གསལ་བོ་བྱུང་བ་ཞིག་ནི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ག་ཚོད་ཐོབ་ཡོད་མེད་དེ་རེད་ལ། ང་ཚོ་བོད་མི་རྣམས་རང་གི་དབུ་ཁྲིད་༧གོང་ས་ཆེན་པོ་ལྟར་འཐབ་རྩོད་དངོས་གནས་པ་ཞིག་གི་ལམ་ཁར་ཉིན་མཚན་དབྱེར་མེད། ཡིད་ཆེས་བརྟན་པོས་བསྐྱོད་ཐུབ་པ་ཡིན་ན། བོད་ལ་རང་སྐྱོང་ཐོབ་རྒྱུ་ནི་རེ་བ་རྩ་བྲལ་ཞིག་གཏན་ནས་མིན་པ་ང་འདྲས་ཀྱང་ཚོད་དཔག་ཙམ་མིན་པར་དྲི་མ་ཚོར་གྲབས་བྱེད་ཀྱི་འདུག་ན། བཀའ་ཤག་གསར་པས་རྒྱ་རིགས་འབྲེལ་མཐུད་ལས་གཞི་རྒྱ་ཆེན་གཟབ་ནན་ཅིག་གི་སྲིད་བྱུས་ལས་འཆར་གང་མྱུར་ལག་བསྟར་གནང་སྐྱོང་ཡོང་བའི་ཞུ་སྐལ་ནན་པོ་བཅས།།

 

བཀའ་ཤག་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཟུར་པ་ཤར་ཕྱོགས་ཁུག་རྟས་གུས་བ་ཆེན་པོས།།

༢༠༡༢། ༩། ༡༨།  ཉིན།། དབུ་མའི་ལམ་གྱི་ཉིན་མོར་ལྷག་བསམ་དག་པོས་ཡི་གེར་བྲིས།།

 

 

དཔྱད་རྩོམ།

Post navigation

Previous Post: བོད་ཀྱི་གཞོན་སྐྱེས་ཚོའི་སྐྱབས་གནས།
Next Post: འཇིག་རྟེན་ཉེར་སྤྱོད་དང་མཐུན་པའི་ཆོས་ཤིག་སྒྲུབ་ན་གང་འདྲ་འདུག

Comments (39) on “དཔལ་ལྡན་བཀའ་ཤག་ལྷན་རྒྱས་ལ།”

  1. བསྟན་འཛིན་ལྷ་རྒྱལ། says:
    2012-09-18 at 10:20 am

    མི་རིགས་དང་རྒྱལ་ཁབ་འ྄ཐབ་བརྩོད་ཆེད་བསམ་ཚུལ་དང་འབྲེལ་བའི་ཐབས་ལམ་འདི་མོ་བཤད་ན་ཁྱོ་ཤར་ཕྱོགས་ཁུག་ལྟའི་རྣམ་དཔྱད་དོན་མེད་མ་རེད། ཐུགས་རྗེ་ཆེ་་་་་་་་་་་་་དུས་རྒྱུན་དུ་གུས་ཞབས་དང་གཞན་ལ་མཐོང་འཇོག་ཡོད་པའི་ཐོག་ནས་ཐབས་ལམ་གསུངས་རོགས།

  2. དྲང་གཏམ་གྱི་བུ། says:
    2012-09-18 at 10:31 am

    བོད་ལ་དབྱར་ཀ་བྱ་ཁུག་དབྱུག་ཞེས་པ་ཞིག་ལྷ་ས་ཕྱོགས་ལ་མ་སླེབ་པའི་ཉིན་ཤས་གོང་ལ་ཁུག་རྟ་ཞེས་པའི་བྱ་ཤོག་རྩལ་ཡག་པོ་ཡོད་པ་ཞིག་སླེབ་ཡོང་གི་རེད་དེ་མཐོང་མ་ཐག་རྒས་པོ་ཚོས་་་་་་་་་ཨོའོ་ད་བྱ་ཁུག་དབྱུག་སླེབ་རན་པ་རེད་ཟེར་གྱི་རེད་
    བྱ་ཁུ་དབྱུག་ངོ་མ་དེ་བོད་ཀྱི་ལྷོ་ཕྱོགས་མོན་གྱི་ཕྱོགས་ནས་ཡོང་གི་ཡོད་པ་བཤད་སྲོལ་ལ་ཡོད་རེད་
    ད་ལྟ་འདིར་ཡོད་པའི་ཁུག་རྟ་དེ་བོད་ཀྱི་ཤར་ཕྱོགས་ན་ཡོད་ཁུ་དབྱུག་ནག་པོ་ཏེ་རྒྱ་འདྲེ་ནག་པོ་དེའི་རྟ་ཡིན་པ་ལ་དོགས་པ་སྔར་ཁུག་རྟ་ཟེར་བའི་ཁ་བདེ་འདིས་རང་གི་སྒེར་ནས་ཀྱིས་མ་གཟོད་པར་གཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ལ་གཞུགས་པའི་བཀའ་བློན་འཁྲི་པ་ལ་ཟུར་ཟ་དང་སྐྱོན་བརྗོད་བློ་ཡུལ་མི་ཤོང་བ་དེ་འདྲ་ཞུ་བཞིན་པའི་སྐབས་ནས་ཡོད་
    ཁྱེད་དེ་འདྲའི་ཆ་གཞི་དང་སེམས་ཤུགས་ལེགས་པ་ཞིག་ཡོད་ན་བཀའ་ཤགག་གི་ལན་འདེབས་ཚོགས་ཆུང་ནང་ལ་མུ་འཐུད་ནས་མི་དམངས་ཀྱི་རྩི་མཐོང་ཡོད་པའི་ཐོག་ནས་འོས་འདེམ་ཞུས་པའི་མང་བསྐུར་དབུ་འཁྲིད་ལ་རྩི་འཇོག་དང་གུས་ཞབས་ཡོད་པའི་ཐོག་ནས་སྒྲིག་འཛུགས་འདི་ཡི་ཞབས་ཞུ་ནུས་པ་འཐོན་པ་ཞིག་བྱེད་དང་དེ་ལེགས་ཤོས་རེད་དེ་་་་་་་་་་མ་ཡིན་པའི་ཉོག་གཏམ་མང་པོ་བཤད་ནས་ཕན་ཐོག་ཡོད་པ་ཞིག་ལ་མཐོང་གི་མི་འདུག་

  3. བོད་ཀྱི་བུ། says:
    2012-09-18 at 11:42 am

    ཤར་ཕྱོགས་ཁུག་རྟ་སོགས་ཀྱིས་རྒྱ་མི་ལ་མགོ་འདོགས་བྱས་ནས་ཅི་ལྟར་ཞུ་བ་འཐེན་ན་ཡང་།རྒྱ་མི་ཚོས་དེ་ལས་འབྲེལ་བ་ཇེ་སྡུག་དང་རུས་པ་མེད་པ་ཞིག་ལ་བརྩི་རྒྱུ་རེད།

  4. འཇམ་གཅེས says:
    2012-09-18 at 11:44 am

    བསམས་ཚུལ་འདི་ལ་རྒྱ་ཆ་༡༠༠་ཐམས་པ་མོས་མཐུན་དང་རྒྱབ་སྐྱོར་ཡོད།

  5. ཕྱག་འཚལ། says:
    2012-09-18 at 12:37 pm

    ངས་ཤར་ཕྱོགས་ཁུག་རྟ་མཐོང་མྱོང་ལ་ངོ་ཏོག་ཙམ་ཤེས་ཀྱི་ཡོད། འོན་ཀྱང་ཁོ་པ་ལམ་ཁར་འགྲོ་དུས་ང་ལ་ཟུར་མིག་གཡོ་ཙམ་ཞིག་མ་གཏོགས་སྤྱི་ཚོགས་ཀྱི་འབྲེལ་བའི་ལ་རྒྱ་ཙམ་ཞིག་མེད་པ་འདྲ།
    གང་ལྟར་ཡང་ད་ཐེངས་གོང་འཁོད་མཆན་འགའ་ཤས་ཀྱི་ནང་དོན་ཏོག་ཙམ་ཐལ་དྲག་མིན་འདུག་གམ། འདི་འདྲ་བྱས་ན་ཡག་པོ་མ་རེད་་་་་་་་་་་
    མཆན་འབྲི་བ་རྣམས་བློ་གཟུ་བོར་གནས་རོགས་ཞུ། ཐུགས་རྗེ་ཆེ།

  6. གཡང་དཀར་ལུག་རྫི་། says:
    2012-09-18 at 12:57 pm

    ཤར་ཕྱོགས་ཁུག་རྟ་ཁྱེད་ཀྱིས་བསམ་ཚུལ་བྲིས་པ་ཡག་པོ་རེད། ཡིན་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་ཁབ་མང་པོར་རྒྱ་རིགས་འབྲེལ་མཐུད་ཆེད་འཛུགས་གནང་ཡོད་རེད་ལ། ཁྱེད་ཀྱིས་གསུངས་པ་ནང་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་པ་རྣམས་ལ་འབྲེལ་བ་གནང་དང་གནང་བཞིན་པ་རེད། ང་ཚོ་བོད་མི་མི་རེ་ངོ་རེས་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དགོས་པ་གལ་ཆེན་ཡིན་སྟབས་ཁྱེད་ཀྱི་དགོངས་ཚུལ་གསུང་ཆོག་གི་རེད། འོན་ཀྱང་ལག་ལེན་དུ་བསྟར་དང་བསྟར་བཞིན་པའི་ལས་ཀ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ལབ་ན་སྐྱ་ཀས་གྲུང་གྲུང་བྱས་ནས་ཁྱི་ལུད་བཙགས་ཟེར་བའི་དཔེ་ལྟར་རེད།

  7. རྒྱ་གར་རྨ་བྱ། says:
    2012-09-18 at 12:59 pm

    དབྱར་ནང་རྫོགས་འགྲོ་བའི་མཚམས་འདིར་ཁུག་རྟས་མི་སྐད་ལེགས་པོ་དེ་འདྲ་སྒྲོག་ཡོང་གི་འདུག་ད།

    དངོས་གནས་དོན་དག་ཡོད་ཚོད་ཅིག་འདུག རྒྱབ་སྐྱོར་ཡང་ཡོད་ད།

    ང་ཚོའི་གད་ས་དང་ངུ་ས་ངར་ས་ཚང་མ་རྒྱ་ནག་ཡིན་པ་ལས་ཕྱི་རིགས་མིན་པས་ཟད།

  8. རེ་བའི་མི་ལོ། says:
    2012-09-18 at 2:05 pm

    དྲང་གཏམ་གྱི་བུ་ལགས་ཁྱེད་རང་གི་མིང་དེ་བརྗེ་བོ་རྒྱབ་ན་ཡག་པོ་ཡོད་ས་རེད། ངས་བལྟས་ན་ཁྱེད་མིང་ལ་ཞེན་ཁོག་དང་པོ་ལབ་ན་ཡག་པོ་འདུག ཡང་ན་ནད་རོ་ལབ་ནའང་ཡག་པོ་འདུག།

  9. ཚོགས་ཆེན། says:
    2012-09-18 at 3:59 pm

    ༼༧གོང་ས་སྐྱབས་མགོན་ཆེན་པོའི་འཇིག་རྟེན་ཧྲིལ་བོར་སྩལ་དང་སྩོལ་བཞིན་པའི་རླབས་ཆེན་དགོངས་གཞི་བཅས་ཡིག་ངག་སོགས་བརྒྱུད་ལམ་སྣ་ཚོགས་ནས་ཁྱབ་བསྒྲགས་བྱེད་རྒྱུ་ལས་ལྷག་ཅིག་ད་ལྟའི་ཆར་རྒྱལ་སྤྱི་དང། རྒྱལ་ནང། བཙན་བྱོལ་བོད་མིའི་གནས་བབ་གང་ལ་བལྟས་ཀྱང་བོད་ནང་གི་ཛ་དྲག་གནས་བབ་ལ་གདོང་ལེན་བྱ་ཕྱོགས་ཤིག་ཡོང་རེ་མེད་པ་གསལ་བོ་ཡིན།༽བཀའ་མོ་འདིར་དངོས་གནས་རྒྱུ་མཚན་ཆེན་པོ་མཐོང་གི་འདུག་གང་ཡིན་ཟེར་ན་གུང་ཁྲན་གྱིས་དྲིལ་བསྒྲགས་ལོག་པ་རྐྱང་སྤེལ་བས་རྐྱེན་གྱིས་རྒྱ་མི་རིགས་མང་ཆེ་བས་༧གོང་ས་མཆོག་དང་དབུས་བཙན་བྱོལ་བོད་མིོའི་སྒྲིག་འཛུགས་ལ་བལྟ་སྟངས་ཧ་ཅང་ཞེད་སྣང་ཚ་པོ་རེད། དེ་འདྲ་སོང་རྒྱ་མི་རིགས་དེ་ཚོར་ལོག་སེལ་ཆེད་དྲིལ་བསྒྲགས་ཕྱོགས་གང་ས་བྱ་རྒྱུ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ།

  10. རིགས་ཞེན་དཀར་པོ། says:
    2012-09-18 at 4:57 pm

                                               ཤར་ཁུག་གིས་འདི་ལྟར་བཤད་འདུག        

    ༼ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ནས་ལས་བྱེད་ཧྲག་བསྡུ་དང་ལས་བྱེད་གསར་དུ་

    བསྡུས་ཏེ།  རྒྱ་རིགས་འབྲེལ་མཐུད་ལྷན་ཁང་ཟེར་བའི་ལས་ཁུངས་ཚད་ལྡན་ཅིག་གསར་དུ་དབུ་འབྱེད་བྱེད་དགོས་པར་

    འདོད།   ཟེར་རོ།༽
                                                                    

    ངས་བསམ་ཚུལ་ལྟར་ན་དང་པོ་རྒྱ་རིགས་འབྲེལ་མཐུད་ལྷན་ཁང་ཟེར་བ་ཞིག་མ་ཚུག་ན་ཡང་།                

     བོད་རིགས་མཐུན་འབྲེལ་ལྷན་ཁང་ཚད་ལྡན་ཞིག་གཙུག་ཐུབ་པ་ཡིན་ན་དགེ་མཚན་ཤིན་ཏུ་ཆེ་བར་སེམས།

    བོད་རིགས་ནང་ཁུལ་གྱི་མཐུན་འབྲེལ་ཚད་ལྡན་ལ་བསམ་བློའི་ཁ་ཕྱོགས་ཙམ་ཡང་འཁོར་མ་མྱོང་མཁན་གྱི་མི་བུའི་

    གཟུགས་སུ་གྲུབ་པ་འདི་ཚོས་སྐད་ཆ་ལ་གཟིགས་དང་དྲང་བདེན་ཅན་གྱི་དྲྭ་གྲོགས་རྣམ་པ།   ད་ལན་ཡང་བཀའ་ཤག་ལ་

    སྐྱོན་འཛུག་ཁག་དཀྲི་བཟོ་ས་ཤིག་ཨི་རག་བལྟ་ཡི་ཡོད་པ་ཐག་ཆོད་རེད།    བོད་ཀྱི་རྩ་དོན་དངོས་གནས་རྩོད་མཁན།

         ཤ་རུས་གདུང་རྒྱུད་གཅིག་ལས་ཆད་ཅིང་སྐྱིད་སྡུག་གི་འདུན་ལམ་གཅིག་པའི་གཞོན་ལྷན་སོགས་རྩ་མེད་དུ་གཏོང་

    འདོད་ཀྱི་བསམ་བློ་ཁུར་ཏེ།     རྒྱ་རིགས་འབྲེལ་མཐུད་ལྷན་ཁང་ཟེར་བ་ཞིག་གཙུག་དགོས་ཟེར་བ་འདི་ལས་ཡ་མཚན་པ་

    དང་གད་མོ་ཤོར་བ་འདུག་གམ།   ཁོ་པས་ཕུག་བསམ་ངོ་མ་དེ་ཤི་སྦས་རོ་

    སྦས་བྱས་ནས་བོད་དོན་ཡིན་ཁུལ་གྱིས།     དགྲ་བོ་རྒྱ་དམར་གྱི་དར་དམར་གཙུག་སའི་རྒྱ་མིའི་དོན་གཅོད་ཞིག་རྡ་སར་

    གཙུག་འཆར་ཡིན་མི་སྲིད་པ་གཏན་ནས་མ་རེད།    དྲང་བདེན་དང་རྣམ་དཔྱོད་མངའ་ཞིང་རང་ཚུགས་ཐུབ་མཁན་རྣམ་

    པ་ལ་ཞུ་མ་དགོས་ཀྱང་།   བླུན་པོ་ཁྱུ་སྣ་གར་འཁྲིད་ཀྱི་རིགས་དག་གིས་ཡིད་གཟབ་ངེས་ཅན་དགོས་པའི་དུས་ལ་བབས་འདུག་གོ

  11. ལོ་མ་ལྗང་ཁུ་། says:
    2012-09-18 at 6:06 pm

    རེད་རེད་། སྐད་ཆ་དེ་འདྲ་བཤད་ནས་ལག་ལེན་དེ་འདྲ་བྱ་འུ་ཐུབ་ལྟས་ན་བོད་མི་ཚོ་རྒྱབ་བསྐྱོར་བྱ་ངེས་རེད་། ཡིན་ཡང་། བྱ་བ་གང་བྱེད་ན་མཇུག་ཡོད་ཀྱི་གལ་ཆེ་བའི་ངས་ཁུག་རྟའི་འཕུར་སྟངས་ལ་རྒྱ་ལྟ་བྱེད་ནས་འདུག་།

  12. རིགས་ཞེན་དཀར་པོ། says:
    2012-09-18 at 6:08 pm

    གོང་གི་མཆན་དེ་ནི་དུས་བབ་ཀྱི་ཟིན་བྲིས་པ་གྱད་ལྷ་དགའི་ཟིན་བྲིས་ཞིག་འདིར་བཀོད་པ་ཡིན་ནོ།

  13. ཐུ་བ་རྒྱ་མཚོ། says:
    2012-09-18 at 7:55 pm

    བསམ་ཕྱོགས་འདི་དང་འདི་འདྲ་བ་རྣམས་ལ་ནི་ང་ཚོ་མི་སུ་ཡིན་ཡང་དོ་སྣང་དང་ཞིབ་མོར་བལྟས་ནས་རང་རང་གིས་ཀྱང་བསམ་ཚུལ་འདོན་ཆོག་གི་རེད་ལ། བསམ་ཚུལ་གཅིག་མཐུན་དང་ལེགས་ཆ་མིག་མཐོང་བྱུང་ཚེ་ཡིད་མཐུན་དང་ཡི་རང་བྱེད་ཆོག་གི་རེད། གལ་ཏེ་རང་ཉིད་དང་བསམ་ཚུལ་མི་མཐུན་པ་བྱུང་ཚེ་ཁ་རྡུང་དང་དམོད་མོ་གཏོང་བའི་ལམ་དུ་ཞུགས་པ་ནི་རང་ཉིད་ཕམ་པའི་རྟགས་ལས་གཞན་མིན།
    སྤྱིར་བོད་དོན་གི་རྩ་དོན་རྩོད་ས་དངོས་ནི་རྒྱ་གཞུང་དང་ཡང་ན་རྒྱ་ནག་གུང་ཁྲན་ཏང་དང་ཐད་ཀར་དུ་འབྲེལ་བའི་ལས་ཀ་ཞིག་ཡིན་པ་དེ་ཡིད་ལ་ངོས་ཟིན་ཟབ་མོ་ཞིག་མ་ཐོབ་གི་བར་དུ་དེ་འབྲེལ་ལས་དོན་མཐའ་དག་ལ་འབད་འབུངས་ངལ་བ་ག་ཚད་བྱས་ཀྱང་འབྲས་བུ་དོན་མེད་ཡིན་པ་ནི་སྨྲོས་མ་དགོས་པ་ཞིག་རེད།
    བོད་དོན་ཐག་གཅོད་བྱེད་མཁན་མཐའ་མ་ནི་ཀྲུང་གོ་གུང་ཁྲན་ཏང་རང་ལ་ཐུག་ཡོད་པ་ཡིན་ཚེ་དེ་མིན་གྱི་རྒྱ་རིགས་མི་སེར་སུ་དང་གང་ལ་ཡང་ནུས་པ་ག་ཚད་ཡོད་མེད་ཟུར་བལྟས་ལེབ་མཐོང་ཆགས་ཚར་པ་རེད།
    དོན་དག་དེས་ཏང་གི་སྲིད་ཇུས་ཡང་དག་པར་སྒོམ་པའི་སྲང་ལམ་གྱི་རྒྱ་རིགས་དཀྱིས་མ་མང་མང་དག་ལ་ནི་འབྲེལ་བ་ག་ཚད་བྱས་ཀྱང་ངལ་བ་འབྲས་མེད་ཡིན། ཕྱོགས་དེ་རེ་བ་ནམ་ཡང་རྒྱག་མི་འོས་པའི་ཕྱོགས་ཡིན། སོང་ཙང་འཛམ་གླིང་གི་རྒྱ་རིགས་ཡོད་ཚད་ལ་ནི་དེ་ལས་ཀྱང་དེ་འདྲ་ཡིན།
    དེ་བས་ང་ཚོར་རེ་བ་གཅིག་ཡོད་པ་ནི་ད་ཡོད་ནུབ་ཕྱོགས་རྒྱལ་ཁབ་དག་གི་རྒྱབ་རོགས་དཔུང་འདེགས་འོག་གུང་ཁྲན་ཏང་ཐོར་ཤིག་ལ་ངང་སྒུག་བྱེད་རྒྱུ་དེ་རང་རེད། གུང་ཁྲན་ཏང་ཐོར་ཤིག་ཏུ་འགྲོ་བར་དུས་ཚོད་རིང་པོ་ཞེ་དྲག་ཡོད་པ་མ་རེད། དེང་སང་ནི་ཏང་གི་སྡོང་བུ་འབར་བཞིན་པའི་སྒང་ཡིན་ལ་ཅང་མ་འགོར་བར་འཚིག་ནས་འཐོར་འགྲོ་གི་རེད། དུས་ཡུན་དེའི་རིང་ཕྱི་སྡོད་བོད་མི་གང་ན་སུ་ཡོད་ཚང་མས་རང་ངོ་ཤེས་པའི་ཐོག་ནས་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡང་དག་ཡོང་བར་ནུས་པ་ཡོད་རྒུ་བཏོན་རྒྱུ་དེ་རེད།
    དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་གཏོང་བའི་ལས་ཀ་ནི་རང་དབང་དང་རྩ་དོན་གི་ལས་ཀ་ཚད་མཐོ་ཤོས་དེ་ཡིན་ཟེར་ན་མི་ཆོག་པ་མ་རེད། ཇི་སྲིད་རང་དབང་མ་ཐོབ་གི་བར་དེ་སྲིད་དུ་དབུས་བོད་མིའི་སྒྲིག་འཛུགས་ནི་འཕེལ་རྒྱས་དང་གོང་འཕེལ་ལ་འགྲོ་བའི་རྨང་གཞི་ཡིན་ཙང་རེད།
    ལོ་བཅུ་ཡི་རིང་དང་བརྒྱ་ཡི་རིང་།ཡང་ན་སྟོང་གི་རིང་ལ་ཡར་རྒྱས་འགྲོ་བའི་ལམ་ཁ་ཡོད་པ་རེད། དཔེར་བཞག་ན་འབྲོག་པའི་སྦྲ་གུར་བཞིན་རེད། ས་དེ་ན་རྩྭ་མེད་པར་གྱུར་ཚེ་ས་གཞན་དུ་གནས་སྤར་ཆོག་གི་རེད། མཐའ་ན་སོག་པོའི་ཇང་གུར་རྒྱལ་པོ་བཞིན་རྩྭ་ཐང་གི་སྦྲ་ནག་ཡོད་ཚད་མངའ་འོག་ཏུ་འདུ་ཡོང་བར་བྱེད་ཐུབ་པའི་ནུས་པ་ཡོད་པ་རེད། ཧཧཧ བོད་མི་རིགས། སེམས་མ་ཕམ།

  14. བཙན་པོའི་བུ། says:
    2012-09-18 at 8:04 pm

    ཤར་ཁུག་གིས་བསམ་འཆར་བཤད་པ་དེ་ཡག་པོ་རེད། རང་ཉིད་ཀྱི་བསམ་འཆར་དེ་རང་རིགས་ལ་སྨན་པའི་ཀུན་སློང་ཞིག་གི་འོག་ནས་བཤད་ན་རྒྱུ་མཚན་ཡོད་མིན་ལ་མ་བལྟོས་པར་འགྲིག་པ་རེད། རེད་དེ། རྒྱ་རིགས་ལ་འགྲེལ་བ་བྱེད་རྒྱུ་དེ་ལས་སླ་པོ་ཞིག་དང་སྟབས་བདེ་པོ་ཞིག་མ་རེད། ང་ཚོས་དུས་ཡུན་རིང་པོ་ཞིག་ནས་རྒྱ་རིགས་མང་གཙོ་ལས་འགུལ་བ་མི་ཉུང་བ་ཞིག་ལ་འབྲེལ་ལམ་གནང་པ་རེད། འོན་ཀྱང་། ཁོ་པ་ཚོའང་གཅིག་འོག་གཅིག་གིས་གནོན་མི་ཐུབ་པའི་འོག་ཏུ་རང་ཉིད་ཀྱི་སྟོབས་ཤུགས་དུམ་བུར་ཕྱིན་པ་རེད། དེའི་དབང་གིས་ང་ཚོས་ཀྱང་ཡང་སྙིང་སུ་ཞིག་ལ་འབྲེལ་བ་བྱེད་དགོས་མིན་དེ་ཡང་དཀའ་ཁག་ཞིག་རང་བཞིན་གྱི་ཆགས་པ་རེད། གཉིས་ཐད་ནས། རྒྱ་རིགས་ཡོད་དོ་ཅོག་ལ་འབྲེལ་བྱེད་ཟེར་བ་ནི་ཅུང་དོན་དངོས་དང་འགལ་བ་ཞིག་ལས་གྲུབ་འབྲས་ཤིག་མཐོན་པའི་ཡིད་ཆེས་ང་ལ་ནི་མེད། གང་ལྟར་ཡང་། ལས་གཞི་དེ་རིགས་ལ་འཆར་གཞི་དང་སྔོན་དཔག་རང་བཞིན་གྱིས་ལས་དོན་མ་སྒྲུབ་ཚེ་འབྲས་བུ་ངེས་ཅན་ཞིག་ཐོན་པའི་རེ་བ་དེ་ཙམ་མེད་པ་རེད། དེས་ན་གང་དུ་ནུས་པ་ཆེ་བ་མངོན་པ་དེར་དམིགས་དགོས་པ་དེ་གཙོ་གནད་རེད། དེ་ཙམ་ཡིན།

  15. ཟུར་གནས། says:
    2012-09-18 at 9:44 pm

    ཤར་ཕྱོགས་ཁུག་རྟའི་བསམ་འཆར་འདི་ལེགས། མོས་མཐུན་ཡོད། གནད་འགག་འདུག། ཡིན་ནའང་། ཁྱེད་གཟབ་གཟབ་བྱས་ཉོན་ཨང་།

    ཁྱེད་ཀྱི་ཟེར་ན། ༉སྤྱིར་སྤྲ་སེར་སྤྲེའུ་རིགས་འདི་ཚོར་ཡིད་ཆེས་བརྟན་པོ་ཞིག་ཁྱོན་ནས་གནང་ས་མེད་སྟབས། ད་ལྟ་བར་ང་ཚོར་ཉམས་མྱོང་གསལ་བོ་བྱུང་བ་ཞིག་ནི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ག་ཚོད་ཐོབ་ཡོད་མེད་དེ་རེད་ལ། ༉། སྐད་ཆ་འདིས་གོ་བ་འདྲ་མིན་སྐོན་ཐུབ། གཅིག་ནས་ཁྱེད་ཀྱི་ཟེར་ན། ང་ཚོས་ནུབ་ཕྱོགས་པའི་རྒྱབ་སྐྱོར་དོར་ནས་རྒྱ་མི་ལས་རེ་བ་འདོན་དགོས་ཟེར་གྱི་ཡོད་ན། ཁྱེད་ནོར་འདུག། ནུབ་ཕྱོགས་པས་རྒྱལ་དབང་མཆོག་ལ་རྒྱབ་སྐྱོར་ཞུས་པ་འདི་ལྷག་བསམ་རྣམ་དག་ལས་བེད་སྤྱོད་གཏོང་བྱེད་ཡིན་པ་ངས་མཐོང་མ་སོང་། ལྷག་དོན་ད་ལྟ་རྒ་གཞུང་གིས་བོད་དོན་ཟེར་བའི་ཚིག་བེད་སྤྱོད་པ་འདི་ནུབ་ཕྱོགས་པའི་གནོན་ཤུགས་དང་ཁྱབ་བསྒྲགས་རེད། ཁྱེད་འདི་ལྟར་བཤད་ན། ཐལ་ཆ་ཆེ་དྲག་གི་འདུག

    རྒྱ་མི་ལ་འབྲེལ་བ་བགྱིས། འདི་བསམ་འཆར་ཡག་པོ་འདུག། དེའི་ཞོར་ལ་ནུབ་ཕྱོགས་པར་ཁ་བཏང་ན། དེ་ལས་རྒྱུ་འབྲས་མ་རེད།

  16. ཟུར་གནས། says:
    2012-09-18 at 9:46 pm

    རྒྱ་མི་ལས་ཟེར་བ་འདི་རྒྱ་མི་ལ་ཞེས་འགྱུར་རོགས།

  17. འདྲེ་རྐང་ཐོ། says:
    2012-09-18 at 9:54 pm

    དེ་རིང་ཤར་ཁུག་གིས་སེམས་གཏམ་ངོ་མ་གླེང་འདུག་་་་་རྒྱབ་སྐྱོར་ཡོད།
    ཡིན་ཡང་་་བློ་སེང་གིས་བརྒྱ་ཆ་བརྒྱ་ཉན་གི་མ་རེད།

  18. ཤར་ཕྱོགས་ཁུག་རྟ། says:
    2012-09-18 at 9:58 pm

    རྣམ་པ་ཚོར་དྲི་བ་ཡོད་ན་ཐད་ཀར་ང་ལ་གསུངས་རོགས། ང་ཚོས་བསམ་ཚུལ་བརྗེ་རེས་བྱེད་ཆོག་གི་རེད། གཡང་དཀར་ལུག་རྫི་ཟེར་བས་རྒྱལ་ཁབ་མང་པོར་རྒྱ་རིགས་འབྲེལ་མཐུད་པ་བཙུགས་ཡོད་ཚུལ་ཟེར། མང་པོ་མ་རེད། ཁ་ཤས་རེད། དེས་རྩ་བ་ཉིད་ནས་འདང་གི་ཡོད་པ་མ་རེད། དཔེར་ན་ཡོ་རོབ་ནང་འཇར་མན་དུ་ད་དུང་དོན་གཅོད་བསྐོ་བཞག་བྱུང་ཡོད་པ་མ་རེད། འཇར་མན་ལྟ་བུར་མཚོན་ན་དོན་གཅོད་ཕར་ཞོག དབུས་སྒྲིག་འཛུགས་རང་ལ་དཔལ་འབྱོར་ཕོན་ཆེ་སྒྲུབ་ཡུལ་གྱི་ས་ཁུལ་གལ་ཆེན་ཅིག་ལ་ངོས་འཛིན་གནང་མཁན་ཡོད་པ་རེད། ཡིན་ནའང། ད་དུང་ལྷག་བསྡད་ཡོད་པ་རེད། ད་ལྟའི་དོན་གཅོད་ཁག་གི་རྒྱ་རིགས་འབྲེལ་མཐུད་པ་ནི་ཞོར་ལས་ཙམ་རེད། ཆེད་མངགས་རང་བཙུགས་བཞག་པ་དེ་འདྲ་ཡིན་ན། དེར་བཟང་ངན་གང་རུང་གི་སྒྲ་ཞིག་ཏན་ཏན་གྲགས་ཚོད་ལ་འཁེལ་གྱི་ཡོད་པ་རེད།

    གཉིས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བར་འབྲེལ་བ་ཡོད་པ་རེད། ཡིན་ནའང། ད་བར་ཤུགས་ཆེན་པོས་འབྲེལ་བ་བྱས་ཡོད་པ་མ་རེད་ལ། རྒྱ་ནག་ཁྱོན་ཡོངས་མང་གཙོ་འགྱུར་ཆེད་ང་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་བསམ་ཚུལ་བཏོན་ཡོད་པ་མ་རེད། དེ་བཞིན་ང་ཚོར་དགོས་རྒྱུའི་མིང་དོན་མཚུངས་པའི་རང་སྐྱོང་ལ་སྒྲིག་འཛུགས་རང་བཞིན་ལྡན་པའི་རྒྱབ་སྐྱོར་ད་ལྟ་རྙེད་ཡོད་པ་མ་རེད། བྱས་ཙང་གཞི་རྒྱ་ཆེ་ལ། བྱུང་ན་རྒྱ་རིགས་ནང་ནས་ཀྱང་རེ་གཉིས་རྡ་རམ་ས་སའི་དབུས་འབྲེལ་མཐུད་ཁང་དུ་ཕྱག་ལས་གནང་གི་ཕེབས་ཐུབ་པ་ཡིན་ན་ཏན་ཏན་འགྱུར་བ་ཆེན་པོ་ཞིག་ཡོང་གི་རེད། ཁ་ཚ་དགོས་གཏུག་འཛམ་གླིང་གང་སར་གནས་པའི་རྒྱ་རིགས་གང་མང་མང་ཞིག་མཉམ་འདུས་ཀྱིས་ཚོགས་ཆེན་འཚོགས་དགོས་པ་དེ་གལ་ཆེན་རེད། ཚོགས་ཆེན་དེའི་ཐོག་རང་སྐྱོང་བསམ་འཆར་གཞིར་བཞག་སྒྲུབ་ཕྱོགས་ལ་ཐབས་ལམ་ཡང་དག་པ་སྣ་ཚོགས་རྙེད་པ་ཐག་བཅད་ནས་ཞུ་ཐུབ་ཀྱི་རེད།

    གཞན་རྒྱ་རིགས་གྲོགས་པོ་དེ་དག་བརྒྱུད་རང་སྐྱོང་བསམ་འཆར་གྲོས་གཞིར་བཞག་ནས་ཞི་མོལ་དབུ་འཛུགས་མ་གནང་གོང་༧གོང་ས་ཆེན་པོ་མྱུར་ཏུ་རྒྱ་ནག་དང་བོད་དུ་ཕེབས་རྒྱུའི་སྐོར་ལས་འཆར་ཁ་གསལ་ཅིག་རྒྱ་རིགས་མི་མང་དུང་ཕྱུར་མང་པོའི་སྙན་སར་བསྐྱལ་ཆོག་གི་རེད་ལ། དེ་བཞིན་ཐའེ་ཝན་གཞུང་དང་སིང་ག་པོར། ཧོང་ཀོང། ཨའོ་མན་སོགས་སུ་གདན་ཞུའི་ཐད་གཞི་རྒྱ་ཆེ་བའི་ལས་འགུལ་རྩོམ་དགོས་པ་ནི་ད་ལྟ་ང་ཚོས་བརྒྱ་ཆ་བརྒྱ་གཞན་དབང་སྟབས་བསྟུན་བྱེད་མི་དགོས་པའི་ལས་དོན་རེད་བསམས་པས། དཔལ་ལྡན་བཀའ་ཤག་ལྷན་རྒྱས་ལ་རག་ལས་ཡོད་པ་རེད།།

  19. ཚ་སྒང་ཕོ་ཉ་ནས། says:
    2012-09-19 at 1:57 am

    དྲ་གྲོགས་ཤར་ཕྱོགས་ཁུག་རྟ་ལགས་ཁམས་བཟང། ཉིད་ཀྱིས་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་ཡོད་པའི་ཐོག་ནས་རྒྱ་ནག་དང་འབྲེལ་བ་བྱེད་སའི་ལམ་ཁ་གསར་པ་ཞིག་འཆར་འགོད་བྱེད་འདོད་དེ་དང། ཉེ་ཆར་གསར་ལམ་ཁག་ནས་རྒྱ་ནག་དམར་གཞུང་གིས་ཕྱི་སྡོད་བོད་རིགས་འབུམ་གཅིག་དང་ཁྲི་བཞིའི་ཆེད་ལས་ཁུངས་ཞིག་གསར་འཛུགས་བྱེད་རྩིས་ཡོད་ཞེས་སྒྲགས་པ་དེ་གཉིས་དུས་ཚོད་གཅིག་ལ་ཏག་ཏག་དེ་འདྲ་སྟབས་ཐུག་རྒྱུ་ལ། སྤྱིའི་ཆ་ནས་བཤད་ན་བོད་རྒྱ་འབྲེལ་མོལ་དེ་དག་༧གོང་ས་མཆོག་གིས་དགོངས་གཞི་ཡིན་ན་ཡང་བོད་མི་ཚང་མས་རྒྱ་མི་དང་ཐུག་ཆོག་ཆོག་བྱས་ན་དགེ་སྐྱོན་གཉིས་ལས་སྐྱོན་ཆེ་བར་ཐག་ཆོད་པ་རེད། རྒྱ་ནག་གིས་དངོས་དངུལ་གྱིས་ལས་འགུལ་གང་ཡང་སྤེལ་རྩིས་ཀྱིས་ཆ་གཞི་ཡོད་པ་མཁྱེན་གསལ་གཞིན། རང་རེའི་སྤྱི་ཚོགས་འདིར་རྒྱ་ནག་གི་གསང་མྱུར་འདུས་སྡོད་བྱེད་སའི་འཁོར་ཡུག་རྒྱ་བསྐྱེད་བྱས་པ་ཞིག་ཅི་ལ་མིན། མ་ཞི་ནས་བོད་མིའི་ནུས་པ་གོང་མཐོ་གཏོང་རྩིས་ཀྱི་ལས་འགུལ་དང་བོད་མི་རྣམ་ཆིག་སྒྲིལ་དང་ལས་འགུལ་གང་སྤེལ་ན་ཡང་ཚོགས་པ་ཕན་ཚུན་ཕན་མ་ཐོག་ཀྱང་གཏོང་མི་བྱེད་པའི་ལས་འགུལ་ཞིག་སྤེལ་བར་འགྲོ་སོང་གཏོང་རྒྱུ་གྲ་སྒྲིག་དགོས་པ་ལས་རྒྱ་ནག་མི་འབོར་མང་པོ་འདྲ་ཞིག་ལ་བོད་དོན་རྒྱབ་སྐྱོར་བྱེད་ཆེད་རྡ་སར་གདན་འདྲེན་ཞུ་དགོས་ན་འགྲོ་སོང་དེ་དག་རྒྱ་ནག་གཞུང་གིས་གཏོང་རྩིས་འདྲ་ཡོད་ན་མ་ཏོག་བོད་གཞུང་ལ་དངུལ་དེ་འདྲ་མང་པོ་ཞིག་ཁྱོད་ཤར་ཁུག་གིས་གང་ནས་འཁྱེར་ཡོང་གི་ཡིན།

  20. བསྟན་འཛིན་ལྷ་རྒྱལ། says:
    2012-09-19 at 2:25 am

    ཤར་ཁུག་ལགས་་་་་་་་ཕྱག་ལས་ག་རེ་ཡོད་ན་་་་ལྷག་བསམ་རྣམ་དག་གནང་རོགས

  21. ཤེལ་དཀར་ལེགས་བཤད། says:
    2012-09-19 at 5:05 am

    ཤར་ཁུག་གི་གསུངས་པ་ལྟར་བོད་ཀྱི་གནད་དོན་ངོ་མ་དེ་སེལ་བར་བོད་རྒྱ་གཉིས་གྲོས་མོལ་དང་སྐད་བཤད་དེ་སེལ་རྒྱུ་ལས་ཐབས་ལམ་གཞན་ཞིག་གང་ན་ཡོད། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། འོན་ཀྱང་དེ་འདྲའི་གནས་སྟངས་ཤིག་ཏུ་བསླེབས་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་བསྐྱོར་དང་བོད་མི་ནང་ཁུལ་གྱི་མཐུན་ལམ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད། དེ་ལྟར་ན་ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་རླུང་འདི་རང་རེའི་བོད་ཀྱི་ད་ལྟའི་གནས་སྟངས་དང་མཐུན་ཕྱོགས་ལྟ་བུར་གཡུག་ཤེད་ཆེ་ནའང། དྲུག་བཅུ་རེ་གྲངས་ནང་གི་བྱུང་རབས་དང། སྤྱིར་སྤྲ་སེར་སྤྲེའུ་རིགས་འདི་ཚོར་ཡིད་ཆེས་བརྟན་པོ་ཞིག་ཁྱོན་ནས་གནང་ས་མེད་སྟབས། ཅེས་པ་ནི་དྲིན་ལན་ལོག་མཇལ་དང་བཀའ་དྲིན་བསམ་ཤེས་མེད་པའི་གསུངས་སྟངས་ཤིག་མ་རེད་དམ། བོད་བཙན་འཛུལ་བྱས་ཏེ་བཙན་དུ་འབྱོར་བ་ནས་ད་བར་བོད་པའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། སྤྱི་ཚོགས་ཡར་རྒྱས་གང་གི་ཆ་ནས་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་གི་རོགས་བསྐྱོར་ཚད་ལས་འདས་པ་དང་། ལྷག་པར་བོད་ཀྱི་མང་གཙོ་འཕེལ་རིམ་དང་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་ལ་རླབས་ཆེན་གྱི་རོགས་རམ་གནང་བར་བཀྲིན་རྗེས་དྲན་ཞུ་འོས་པ་ཞིག་ལ་མཐོང་གི་ཡོད། མ་འོང་པར་ཡང་མང་གཙོའི་ནུས་ཤུགས་གོང་མཐོང་མཐོར་བཏང་སྟེ་རྒྱ་ནག་མང་གཙོ་ཅན་དུ་འདྲེན་ཐུབ་པ་དང་བོད་མིའི་མངོན་འདོད་སྒྲུབས་ཐབས་ལམ་དངོས་ཤུགས་རྒྱུད་གསུམ་ནས་རྒྱབ་བསྐྱོར་ཡོང་བ་ཡིད་ཆེས་གཙང་མ་ཡོད།
    སྤྱིར་རྒྱ་ནག་མི་མང་ལ་འབྲེལ་ལམ་བསྐྲུན་ཐབས་གནང་རྒྱུ་ནི་གལ་ཆེའི་རང་བཞིན་དུ་སྣང་ཡང་འབྲེལ་ལམ་བསྐྲུན་སྐབས་གཟབ་གཟབ་གནང་གལ་ཤིན་ཏུ་ཆེ། གལ་སྲིད་ཁོང་ཚོར་མཐོ་དམའ་ཤོར་བ་དང་། ཡང་རྒྱ་དམར་སྲིད་གཞུང་གི་རྒྱུགས་ཁྱི་དང་གསོ་ཉལ་ཅི་རིགས་ཡོད་པས་ཡིན།
    དེ་ལས་གལ་ཆེ་བ་ནི་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་དེ་ཡིན། ཆིག་སྒྲིལ་ནི་ཁ་ནས་ཆིག་སྒྲིལ་ཡིན་ལབ་དང་མི་འགའ་ཤས་དང་ཚོགས་པ་འགའ་ཤས་མཉམ་དུ་ཡོད་པ་ཙམ་གྱི་ཆིག་སྒྲིལ་ཡོང་གི་མེད། ཆིག་སྒྲིལ་ཡོང་བར་མི་སྒེར་དང་ཚོགས་པ་སུ་ཡིན་ཡང་གཅིག་གི་གཅིག་ལ་རྒྱབ་བསྐྱོར་དང་ལྷག་པར་བསམ་ཚུལ་མི་མཐུན་པ་རྣམས་ཟུར་དུ་སྟོན་ཏེ་དེའི་ཐོག་གོ་བསྡུར་དང་གུས་བརྩིས་ཞུ་རྒྱུ་དང་མཐུན་པ་རྣམས་སྐབས་ཐོག་ལག་ལེན་བསྟར་ཐབས་བྱེད་རྒྱུ། དེ་ལྟར་མེད་པར་ཁྱོད་ཀྱི་ཁ་དང་ངའི་སྣ་སོགས་ཕན་ཚུན་བསྒྲགས་གཏམ་སྤེལ་རེས་དང་གཅིག་གི་གཅིག་ལ་ནུས་པ་ཅོག་གང་ཐུབ་ཀྱིས་ལས་འཇུག་པ་ནི་ཆིག་སྒྲིལ་ཞིག་གང་ནས་ཡིན། བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་དེ་མེད་ན་རྒྱ་ནག་མི་མང་ལ་འབྲེལ་བ་བྱས་ཀྱང་རུང་ནུབ་ཕྱོགས་པ་ལ་རྒྱབ་བསྐྱོར་འཚོལ་ཡང་རུང་དོན་ལ་ང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་ལ་ནུས་པ་ནམ་ཡང་ཐོན་མི་ཐུབ།

  22. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-09-19 at 5:59 am

    བོད་མི་རིགས་ད་ལྟའི་དངོས་ཡོད་ཀྱི་དཀའ་ངལ་མདུན་དུ་སྤུངས་ཏེ་གཞུང་སྒེར་གྱི་ཚོགས་པ་ཙམ་མིན་པ་མི་རེ་ངོ་རེ་ནས་རྒྱ་མི་རིགས་རྣམས་དང་འབྲེལ་ལམ་རྒྱ་ཆེར་བྱེད་དགོས་པ་དེ་༧ གོང་ས་༧མཆོག་གི་ལོ་མང་པོ་སྔོན་ནས་དེའི་ཐོག་སྐུ་ལས་བསྐྱོན་པའི་དབང་གི་ནུས་པ་ཡང་གང་མཚམས་ཡོང་བཞིན་ཡོད། རྒྱ་མི་རིགས་རྣམས་དང་འབྲེལ་བ་གནང་བའི་དགོས་དོན་གཙོ་བོ་འགའ་ཞིག་ནི། བོད་མིའི་དངོས་ཡོད་ཀྱི་སྡུག་བསྔལ་རྒྱ་མི་རིགས་རྣམས་ཀྱི་ཤེས་བཞིན་མེད་པ་དང་། རྒྱལ་ནག་དམར་པོ་གཞུང་གིས་ཀྱང་མི་རིགས་རིངས་ལུགས་ཀྱི་སློབ་གསོ་ཤུགས་ཆེར་སྤེལ་བཞིན་པ། མི་རིགས་གཉིས་དབར་དཀྲུག་ཤིང་སྣ་ཚོགས་བྱེད་དེ་རྒྱལ་ནག་དམར་གཞུང་དེ་སྲ་བརྟན་གནས་ཐབས་བྱེད་བཞིན་པ་དེ་དག་ལ་གདོང་ལེན་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རྣམ་དཔྱོད་ལྡན་པའི་བསམ་བློ་གཏོང་བ་ཡིན་ན་རྒྱ་མི་རིགས་རྣམས་དང་འབྲེལ་ལམ་བྱེད་དགོས་པ་དེ་གཡོལ་དུ་མེད་པའི་ལས་དོན་གལ་ཞིག་ཏུ་མཐོང་། གལ་སྲིད་བོད་མི་རྣམས་ཀྱིས་རྒྱ་མི་རིག་རྣམས་ཁོང་ཁྲོ་སློང་གང་ཐུབ་བྱེད་པ་ཡིན་ན་རྒྱ་ནག་དམར་གཞུང་གི་བསྒྲུབ་བྱ་གཙོ་བོ་ཞིག་ཀྱང་ཆགས་ཡོད། དཔེར་ན། ཉིས་སྟོང་བརྒྱད་ལོ་ཞི་རྒོལ་ཆེན་མོ་སྐབས་རྒྱ་ནག་དམར་གཞུང་གི་འཆར་གཞི་ལྡན་པའི་ཐོག་རྒྱ་མི་འགའ་ཞིག་ལ་བོད་ཆས་གཡོག་སྟེ་རྒྱ་མི་ཚང་ཁང་གཏོར་སྐྱོན་བཏང་དུ་བཅུག་པ་དང་། རྒྱ་མི་རིགས་རྣམས་ལ་བརྡུང་རྡེབ་བཏང་བཅུག་པ་སོགས་ལས་ཀྱང་ཅི་ལ་མི་ཤེས་སམ། ད་ཆར་བོད་མི་རིགས་ཆགས་འཇིག་གི་སོ་མཚམས་འདི་ལས་བསྐྱབ་ཆེད་རྣམ་དཔྱོད་ཡངས་པའི་ཐོགས་ནས་ལས་འགུལ་སྤེལ་དགོས་པ་མ་གཏོགས་རྒྱ་མི་རིགས་ཁོང་ཁྲོ་སློང་ཐུབ་ཙམ་དང་། ཡང་ན་གནས་སྐབས་ཀྱི་ཚོར་བ་ཙམ་གྱི་རྗེས་སུ་ཧོབ་རྒྱུགས་ཅང་བྱེད་པ་ཡིན་ན་ཕན་ལས་གནད་པ་ཆེ་བ་དངོས་ཡོད་རེད།

  23. ཀརྡོ་གཉེར་ཕྱག་པ་ says:
    2012-09-19 at 6:11 am

    ་་་་་་་ དཔེར་ན། ཉིས་སྟོང་བརྒྱད་ལོ་ཞི་རྒོལ་ཆེན་མོ་སྐབས་རྒྱ་ནག་དམར་གཞུང་གི་འཆར་གཞི་ལྡན་པའི་ཐོག་རྒྱ་མི་འགའ་ཞིག་ལ་བོད་ཆས་གཡོག་སྟེ་རྒྱ་མི་ཚང་ཁང་གཏོར་སྐྱོན་བཏང་དུ་བཅུག་པ་དང་། རྒྱ་མི་རིགས་རྣམས་ལ་བརྡུང་རྡེབ་བཏང་བཅུག་པ་སོགས་ལས་ཀྱང་ཅི་ལ་མི་ཤེས་སམ།
    ད་ཆར་བོད་མི་རིགས་ཆགས་འཇིག་གི་སོ་མཚམས་འདི་ལས་བསྐྱབ་ཆེད་རྣམ་དཔྱོད་ཡངས་པའི་ཐོགས་ནས་ལས་འགུལ་སྤེལ་དགོས་པ་མ་གཏོགས་རྒྱ་མི་རིགས་ཁོང་ཁྲོ་སློང་ཐུབ་ཙམ་དང་། ཡང་ན་གནས་སྐབས་ཀྱི་ཚོར་བ་ཙམ་གྱི་རྗེས་སུ་ཧོབ་རྒྱུགས་ཅང་བྱེད་པ་ཡིན་ན་ཕན་ལས་གནད་པ་ཆེ་བ་དངོས་ཡོད་རེད། ཟེར།

  24. གསེར་འབྲུག་སྡེར་ལྔ་ says:
    2012-09-19 at 6:51 am

    ལ་མོ་ཕར་རྒྱབ་ཚུར་རྒྱབ།
    ལས་ཀ་ཏང་ལ་དགའ་ཞེན།
    ལ་མོ་ཕར་རྒྱབ་ཚུར་རྒྱབ།
    ལས་ཀ་ཤྭས་རྭར་འཕབས་རྒྱུ། རེད་ཡ། ཉེ་འཆར་རང་ཏང་གི་འགྲོ་གྲོན་ཕོན་ཆེན་བཏང་ནས་ཕྱི་ལོག་གི་བོད་མི་དངུལ་ལོར་ཁོ་ནར་རྔམས་པ་ཚོར་ལས་ཁུངས་བཙུགས། ད་འདི་ནས་རྒྱ་བོད་ལས་ཁུངས་འཛུགས་རྒྱུར་སྟ་གོན་བྱས། འབྲེལ་མཐུད་པ་ཤར་ཁུག་གིས་བྱས། འདྲ་སེའི་འདུག་ག་ད་ཡིན་ན་ལྟད་མོ་མ་མཐོང་དགུ་མཐོང་རྒྱ་མ་བོད་ཀྱིས་ཁེངས་ས་རེད། ཧ་ཧ་ཧ།

  25. བཀྲ་ཤིས་རྒྱལ says:
    2012-09-19 at 10:58 am

    ཁྱེད་ཉིད་ལྟ་བུའི་མི་རིགས་ཀྱི་བླ་བཙོང་མཁན་ཚོ་དང་བསམ་ཚུལ་བརྗེ་རེས་བྱས་ན། དེ་ནི་ལག་པ་སྐྱག་པ་ཁེལ་ན་་་་ཞེས་པའི་དཔེ་ལྟར་མ་ཡིན་ནམ།

  26. ཡར་ཁམས་ཁྲི་རྒྱལ། says:
    2012-09-19 at 11:20 am

    ཤར་ཁུག་ནས། བྱུང་ན་རྒྱ་རིགས་ནང་ནས་ཀྱང་རེ་གཉིས་རྡ་རམ་ས་སའི་དབུས་འབྲེལ་མཐུད་ཁང་དུ་ཕྱག་ལས་གནང་གི་ཕེབས་ཐུབ་པ་ཡིན་ན་ཏན་ཏན་འགྱུར་བ་ཆེན་པོ་ཞིག་ཡོང་གི་རེད་་་་་་ཟེར། ད་དུང་རྒྱལ་ནང་སོགས་དམར་སྤྱོད་ཐ་སྙན་འདི་ཚོ་ཨ།

  27. བོད་ཀྱི་བུ། says:
    2012-09-19 at 12:39 pm

    ཁ་སང་ཞིག་ལ་སུ་ཛི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་དམིགས་བསལ་ཚོགས་ཆེན་ལ་དམིགས་ནས་རྩ་དོན་ཆེད་བགྲོ་གླེང་ཞིག་གོ་སྒྲིག་བྱེད་པའི་གསལ་བསྒྲགས་སྔ་ཕྱིར་བྱས་ཡོད་ཀྱང་།རླབས་ཆེན་གྱི་ཚོགས་པ་༥རང་ངོས་ནས་ཕྱིར་འཐེན་བྱས་ཡོད་འདུག དེ་ནི་ཤར་ཕྱོགས་ཁུག་རྟ་སོགས་དང་མཉམ་དུ་རྩ་དོན་གླེང་རྒྱུ་མིན་པས་རེད་འདུག

  28. ལོ་མ་ལྗང་ཁུ་། says:
    2012-09-19 at 1:31 pm

    ཤར་ཁུག་། ངས་ཁྱེད་ལ་གཅིག་འདྲི་། དབུ་ལས་འགུལ་ཁང་གིས་ངོས་ནས་རྒྱ་མི་ག་ཚོད་ཅིག་ལ་བསམ་ཚུལ་བརྗེ་རེ་བྱས་ཡོད་། གལ་སྲིད་ཁྱེད་ཚོས་རྒྱ་མི་གང་མང་ཞིག་ལ་བསམ་ཚུལ་བརྗེ་རེ་བྱས་ཡོད་ན་། དེའི་ནང་ནས་མིང་དོན་མཚུངས་བའི་མཁས་བ་ག་ཚོད་འདུག བླུན་པོ་ག་ཚོད་འདུག། མདོར་བསྡུས་ན་དབུ་མ་ལ་རྒྱབ་བསྐྱོར་བྱེད་མཁན་ག་ཚོད་འདུག་། གལ་སྲིད་རྒྱབ་བསྐྱོར་བྱེད་མཁན་ཅུང་ཙམ་ཡོད་ན་། དེ་རྣམས་པས་བཤད་པ་རྣམས་དྲ་གྲོགས་ཚོའི་མིག་ལམ་དུ་བཞག་ན་འུ་ཆོག་གི་། མ་གཞི་ཁྱེད་ཚོའི་ཚོགས་པ་དབུ་མ་ཁོ་དར་སྤེལ་གཏོང་མཁན་ཡིན་ཟེར་གྱི་ཡོད་དུས་གཞུང་ལ་སྐྱོན་བརྗོད་བྱེད་ནས་བསྡད་པས་ལས་རང་ངོས་ནས་ངར་གིས་བཤད་པ་རྣམས་ལག་ལེན་བྱ་འུ་ཐུབ་ལྟས་ན་ཡག་པོ་རེད་མི་འདུག་གམ་།

  29. རང་དབང་། says:
    2012-09-19 at 6:13 pm

    ཤར་ཁུག་གིས་བཀའ་ཤག་ལ་འཛིན་པའི་ལྟ་བ་འགྱུར་བའམ། གང་ལྟར་བཤད་སྟངས་འགྱུར་འདུག རྒྱ་མི་རིགས་དང་འབྲེལ་བ་དེ་གཙོ་བོར་འཛིན་ནས་ལོ་མང་པོ་སོང་ཟིན་པ་རེད། ཁྱེད་ཀྱིས་ད་ལྟ་གཞི་ནས་བསམ་བློ་འཁོར་བ་འདྲ། ༧སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་གི་ལོ་བཅུ་གྲངས་ཀྱི་སྔོན་ནས་ལག་ལེན་བསྟན་དང་བསྟར་བཞིན་པ་རེད།

  30. གངས་ཟླ says:
    2012-09-19 at 6:40 pm

    བློ་བཟང་ཆོས་འབྱོར་ལགས་ཀྱི་བསམ་འཆར་ཡག་པོ་འདུག་མོས་མཐུན་ཡོད།

  31. རེབ་ཐོག་མདའ says:
    2012-09-20 at 2:12 am

    བསམ་ཚུལ་ཡག་པོ་དོན་འདུག། དངོས་གནས་བདེན་པ་རེད། གངས་སྐྱིད་ནས་ཁ་སྟོང་ནང་གི་ཚིག་སྟོང་འཆད་དེ་བསྡད་པ་ལས། རྡ་རམ་ས་ལ་གཙོ་འཛམ་གླིང་རྒྱབ་ཁག་ཡོད་ཚད་ནང་དུ་བོད་མི་ཚོས་རྒྱ་མི་རིགས་དང་ཐད་ཀར་འབྲེལ་བ་བྱེད་སའི་ལས་ཁུངས་མང་པོ་ཡོད་ན་དགེ་མཚན་ཆེ་བར་འདོད།
    གཟའ་སྔོན་མའི་ནང་དུ་ཨ་རི་ནས་སྐྱེས་བའི་བོད་པའི་བུ་མོ་ཞིག་དང་གླེང་མོད་ཞུས་ཡིན། ཁོང་གིས་ཡང་དུས་སྐོར་ལ་ཕྱག་ལས་གནང་བཞིན་འདུག། ཁོ་མོས་གསུངས་ན་རྒྱ་མིའི་སློབ་མ་མང་པོ་ཞིག་ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་སོགས་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་སློབ་སྦྱོང་ལ་བསྐྱོད་གི་ཡོད་པ་དང་གལ་སྲིད་ང་ཚོ་དངོས་ནས་ཁོང་ཚོ་ལ་འབྲེལ་བ་ཡག་པོ་བྱེད་ཐུབ་པ་ཡིན་ན་ཁོང་ཚོ་ནི་མ་འོངས་རྒྱ་ནག་སྤྱི་ཚོགས་གི་སྣེ་ཁྲིད་མཁན་ཡིན་པ་མ་ཟད་ཁོང་ཚོ་ནི་རྒྱ་ནག་གི་མ་འོངས་བའི་འགྱུར་བ་ལ་ཤུགས་རྐྱེན་སྟེར་མཁན་ཉག་ཅིག་ཡིན་པར་གསུངས།
    ད་དུང་ཁོ་མོས་གལ་སྲིད་གངས་སྐྱིད་སྒྲིག་འཛུགས་གི་ངོས་ནས་བོད་ནས་སླེབས་པའི་བོད་པ་རྒྱ་ཡིག་ཐོག་ལ་མཁྱེན་རྒྱ་ཡག་པོ་ཡོད་མཁན་དག་གསོ་སྐྱོང་གིས་དེ་འདྲའི་སྐོར་ལ་ཕྱག་ལས་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེ་བར་ཟེར

  32. ཤར་ཕྱོགས་ཁུག་རྟ། says:
    2012-09-20 at 4:48 am

    དྲ་གྲོགས་མང་པོས་བསམ་ཚུལ་ཕེབས་པ་ཤིན་ཏུ་དགའ། ལོ་མ་ལྗང་ཁུའི་དྲི་བ་བཏོན་པ་དེ་གནད་འགག་འདུག ང་ཚོའི་ལས་འགུལ་ཁང་གི་ཐོག་ནས་འདི་ལོའི་དུས་འཁོར་དབང་ཆེན་སྐབས་རྡོ་རྗེ་གདན་དུ་བཅར་བའི་རྒྱ་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་བསམ་འཆར་དང་དབུ་མའི་ལམ་གྱི་ནང་དོན་རྒྱས་བཤད་འཁོད་པའི་དཔེ་དེབ་རྣམས་འགྲེམས་སྤེལ་ཐུབ་པ་བྱུང་ཡོད། དེའི་ནང་རེ་ཤོས་ཀྱིས་ཆབ་སྲིད་ལ་འབྲེལ་བ་བྱེད་ཀྱི་མེད་ཚུལ་བཤད་པ་ལས་གཞན། བརྒྱ་ཆ་དགུ་བཅུས་དབུ་མའི་ལམ་ནི་ཐབས་ལམ་ཡང་དག་ཡིན་པ་དང། རང་སྐྱོང་གི་གནས་བབ་བོད་མི་ཚོར་ངེས་པར་དུ་དགོས་ངེས་ཤིག་ཡིན་པར་ངོས་འཛིན་གནང་གི་འདུག དབུ་མའི་ལམ་ལ་རྒྱབ་སྐྱོར་རྩོམ་ཡིག་ཅི་ཙམ་བྱུང་བ་གཤམ་གྱི་དྲ་འབྲེལ་བརྒྱུད་ནས་གཟིགས་ཐུབ་པས། དེར་ཐུགས་སྣང་གནང་རོགས་ཞུ། http://dhanpa.org/chinese/ གཞན་ལས་འགུལ་ཁང་ནས་རྒྱ་ནག་སྐམ་ས་ཕུད། རྒྱ་རིགས་གནས་སྡོད་གཞན་རྣམས་སུ་འབྲེལ་བ་བྱ་མུས་ཡིན།

  33. ཤར་ཕྱོགས་ཁུག་རྟ། says:
    2012-09-20 at 4:53 am

    ༧གོང་ས་སྐྱབས་མགོན་ཆེན་པོས་རྒྱ་རིགས་ཚོར་འབྲེལ་བ་བྱ་དགོས་པའི་བཀའ་སློབ་ཕེབས་དུས་ནི་ཤིན་ཏུ་སྔ་ནའང། དེ་ལ་འཆར་གཞི་ལྡན་པའི་ལས་དོན་ལག་བསྟར་མ་ཐུབ་པའང་གསལ་བོ་རེད། ངས་བཏོན་པའི་བསམ་ཚུལ་འདིས་རྒྱ་རིགས་རེ་གཉིས་ལ་འབྲེལ་བ་བྱེད་པ་ཙམ་གྱི་ཁྱབ་ཁོངས་ལས་བརྒལ་སྟེ། སྒྲིག་གཞི་ཡོད་པ་དང་འཆར་གཞིའི་པང་རིམ་མ་ལྷོད་པའི་འབྲེལ་བ་བྱ་དགོས་ཚུལ་ནན་བརྗོད་བྱེད་ཀྱི་ཡོད། ལས་འཆར་འདི་འདྲ་ཞིག་དཔལ་ལྡན་བཀའ་ཤག་ལ་ལག་བསྟར་བྱ་རྒྱུའི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད་ལ། གནང་དགོས་ངེས་ཤིག་ཀྱང་ཡིན་སྟབས་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ་ཡག་ཤོས་ད་ལྟའི་ཆར་འདི་ཁོ་ནར་མཐོང་གི་ཡོད།།

    To the most honorable Kashag Lhengye,

    With the second Special Meeting approaching soon, it is one of the fourth largest meetings convened in this millennia and I am privilege to witness out pouring of ideas and great thoughts in those past meetings. Of course I see no reason to narrate my personal experience of earlier meeting, for the thoughts and ideas have had already been laid in wordings then.
    Now when my thoughts transpire back into those moments with my hands resting on chest, I see all the capacity that we have and responsibility that we share to shape the future course of Tibet issue and free our brethren from all the misery that they suffer in Tibet. Especially I see huge potential our new Kashag commands to redress the issue and therefore I see it timely opportunity to present before them this matter of concern to be discussed in forth coming Special Meeting.
    It is not my first time to put this proposal in written for I have done it earlier and also have harbored confidence in new Kashag to prioritize the mediation of Sino-Tibet support groups. Although this project “to initiate Sino-Tibet Support Group Coordination Centre” has all the optimism and strength to go forward. I would like to bring forward this matter once again through this application with new approach to build relationship and network with every Chinese in this world. In order to do this, I propose we call on meeting with every Chinese-Tibet support group at Dharamsala under one agenda, “Network Building among International Chinese Tibet Support Group” and we formulate a proposal together in the meeting. Once the proposal is ready, the Central Tibetan Administration under the Kashag must inaugurate nascent office of Sino-Tibet Coordination Center. Although the project requires extra expenses in terms of both financial as well as human resources, it is worth it. Besides, all the Tibetan Representative Office spread across the world must be reassigned to coordinate between Chinese-Tibet Support Groups. More importantly the project should be en-thrusted with full force in Asia, especially focusing on Taiwan where not just in Taipei, but network should reach through Kaohsiung to different parts of Taiwan, and if required, office of Sino-Tibet support group should be started in different towns and cities. Whereas to track down progress of the project within specified timeframe, CTA may formulate a special Evaluation Committee who would also update Tibetan people from time to time.
    The primary objectives of the project have to be to promote Middle Way Policy and attain genuine autonomy for all Tibetans. Project must create awareness on Tibetan people’s genuine pursuance of autonomy and not independence. The project must also propagate the words of His Holiness the Dalai Lama through international media and must reach out to international platforms to tell out present status of Tibetan struggle. We must prove before them that it is high time for international community to address Tibet issue considering urgent situation inside as well as outside Tibet.
    As from my personal perception, I see the best possible way to attain genuine autonomy for Tibetan and resolve Tibet issue is to explore this project with full energy. It is as easy to conceive this thought like we see the reflection of moon in an open sea. I hope you too see it as easy.
    Although at present, political support from western may seem prominent but not far from now in late sixties we have had our lesson learnt. However with His Holiness the Dalai Lama to lead us and if we Tibetan follow the path that His Holiness has laid with full confidence, hope and essence of the Genuine Autonomy had never diminished rather I would say it is dawning, not as an assumption but can smell it in the atmosphere.
    And today I most sincerely beseech our Kashag through this application to urgently embark on policy and the office of Sino-Tibet Coordination Center at the earliest.

    Sincerely yours

    Former member of Kashag Lendep Tsokchung
    Sharchok Khugtah

  34. འཇམ་གཅེས says:
    2012-09-21 at 6:32 am

    ཤར་ཁུག་ལགས། དྲྭ་འབུ་དག་གིས་གང་བཤད་མིན་ལ་མ་ལྟོས་པར་༧གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞི་གཞིར་བཟུང་སྟེ་་ལས་འགུལ་འདིའི་རིགས་སྔར་ལས་མང་བ་སྤེལ་དགོས་པ་ནི་ངོ་མ་གལ་གནད་ཤིན་ཏུ་ཆེ་བ་མངོན། འོན་ཀྱང་གསེར་འགྲུག་ལོག་སྤྱོད་པ་དང་ཁོ་པའི་ཕྱོགས་གཏོགས་མངའ་རིས་འཕྲིན་ལས་ཅན་སོགས་ཆེས་ཉུང་ཤས་ཞིག་ནི་ལས་མ་དག་པ་འམ་ཡང་ན་དུག་གསུམ་གདོན་གྱི་མྱོས་པའི་ལོག་ལྟ་ཅན་འདི་དག་གིས་ནི་དུས་རྟག་ཏུ་སྡུག་སྐད་འདོན་ངེས་སོ། །

  35. གསེར་འབྲུག་སྡེར་ལྔ་ says:
    2012-09-21 at 7:34 am

    དུག་གསུམ་ཟེར་ན་ཅི་རེད། འཇམ་གཅེས་དང་ཤར་ཁུག་ཏང་གི་དམར་བསྲུང་དམག་དཔོན་གཉིས་ལ་དུག་བསྟེར་མཁན་གསུམ་དུ་གོ་བ་ཨེ་རེད། བོད་དང་བོད་མི་རིགས་ཀྱི་བླ་ཚོང་ཁྱོད་ཚོ་ཉོན་མོངས་དུག་གསུམ་གདོན་གྱི་མྱོས་པའི་ལོག་ལྟ་ཅན་དུ་མི་འགྱུར་བའི་ངེས་པ་ཅི་ཡོད། མ་གཞི་ནས་ལོག་ལྟ་ཟེར་བའི་ཚིག་འདི་སེམས་གཙོ་སྨྲ་བ་རིང་ལུགས་ཀྱི་བཤད་སྟངས་ཞིག་དང་རང་དང་ལྟ་གྲུབ་མི་མཐུན་པའི་ཕ་རོལ་པོར་འཛིན་པའི་འདུ་ཤེས་ཡ་བརླ་ཅན་གྱིས་བཤད་ཡམས་ཞིག་མ་རེད་པས། འདི་འཇིག་རྟེན་རང་བཞིན་ཅན་དང་འགྲོ་བ་མི་ལ་སྤྱི་ལ་སྦྱར་ཆོག་ཆོག་ཞིག་ནམ་ཡང་ཡོད་པ་མ་རེད། དུས་རབས་གསར་པ་འདིར་འགྲོ་བ་མི་རིགས་སུ་གྱུར་པ་ཚང་མ་འདྲ་མཉམ་གྱི་ཐོབ་ཐང་ཆ་ཚང་ཡོད་པའི་སྐབས་འདིར་རྙིང་ཞེན་གྱི་ཚིག་འདི་ལམ་དུ་འགྲོ་རྒྱུ་མ་རེད་དོ།

  36. འབྲི་ཐོད་པ་ཀ་ says:
    2012-09-21 at 7:40 am

    མི་སུ་འདྲ་ཞིག་ཡིན་རུང་དྲང་བདེན་ལ་བློ་ཁ་ཕྱོགས་ནས་ངོ་ལྐོག་རྒྱབ་མདུན་སྐད་ཆ་མི་བཤད་པར་གངས་ཅན་བོད་པ་ཚང་གི་མདུན་ལམ་ལ་བརྕོན་དང།

  37. འཇམ་གཅེས says:
    2012-09-21 at 11:19 am

    ཧ་ཧ་་་མ་ཤེས་ན་ཡང་ཤེས་མདོག་མ་བཟོ་ཤིག །སྲིད་བཤད་ན་ཆོས་ཤེས་མདོག །ཆོས་བཤད་ན་སྲིད་ཤེས་མདོག་བཟོ་བ་འདི་ནི་དེང་སང་དྲ་འབུ་དག་གི་གཤིས་སུ་གྲུབ་འདུག་ལབ་ན་མི་ཆོག་པ་མེད་པར་མངོན། སེམས་གཙོ་དང་དངོས་གཙོའི་སྐད་ཆ་འབྲེལ་མེད་དོན་གཞན་ཞིག་ངས་བཤད་མི་འདོད། རང་དང་ལྟ་གྲུབ་མི་མཐུན་ན་སྡུག་སྐད་རྒྱུན་མི་ཆད་པ་འདོན་མི་འདོད། རང་གི་ནག་ཉེས་ཐེར་འདོན་བཟོ་མཁན་དག་ལ་དགྲ་བོའི་འདུས་ཤེས་ངས་འཛིན་མི་འདོད། རང་ལ་བྱས་པ་རྡུལ་ཙམ་མེད་པར་མི་ལ་སློབ་སྟོན་ངས་མི་འདོད། རང་ལ་ཤེས་ཡོན་རང་མགོ་ཐོན་་ངེས་ཞིག་མེད་བཞིན་དུ་གཞན་ལ་ཚུལ་མིན་གྱི་ངན་སྨས་ངས་མི་འདོད། རང་ལ་འཇོན་ཐང་ཏིལ་འབྲུལ་ཙམ་མེད་བཞིན་དུ་གཞན་གྱི་སྔོན་དུ་མཁས་པའི་དབང་པོ་ཞིག་ཡིན་མདོག་ངས་བཟོ་མི་འདོད། རང་ལ་ནུས་པ་ཁབ་རྩེ་ཙམ་ཞིག་མེད་བཞིན་དུ་མིང་རྗུན་འོག་ནས་ཁ་ཕོར་འབྲུག་སྒྲ་ལྟ་བུར་ངས་བསྒྲོགས་མི་འདོད། རང་ལ་སྤྱིར་སེམས་ནས་འབྲུ་ཙམ་ཞིག་མེད་ན་ཡང་གཞན་གྱི་སྔོན་ནས་རྒྱའི་གླུ་དབྱངས་ངས་འཐེན་མི་འདོད། རང་ལ་བློ་ཁོག་ཐལ་རྡུལ་ཙམ་ཞིག་མེད་ན་ཡང་དཔའ་བོའི་དཔའ་གཏམ་ངས་བཤད་མི་འདོད། འདི་དག་ནི་ངའི་རང་གཤིས་སོ། །

  38. འཇམ་གཅེས says:
    2012-09-21 at 11:21 am

    ངས་ཆ་ཚང་་་་་་་ངའི་ལ་བཅོས་ཤིག་་་་་་་་་་

  39. གསེར་འབྲུག་སྡེར་ལྔ་ says:
    2012-09-21 at 2:31 pm

    ཧ་ཧ། ཚང་མ་ཐ་དད་རེད་འདུག་གོ། མགོ་མཇུག་གཙང་གཙང་ལོག་ནས་བལྟས་ན་ཚང་མ་མགོ་མཇུག་གཙང་གཙང་མཐོང་རྒྱུ་མ་གཏོག་མེད་པ་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme