Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་སྐབས་བཅུ་གཉིས་པ།

Posted on 2014-01-022014-01-03 By ཁ་བརྡ་ 15 Comments on དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་སྐབས་བཅུ་གཉིས་པ།

གནས་ཚུལ་མཁོ་སྤྲོད་པ། ཨ་བཙན་པོ།

unnamed-1༸དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཉིས་པ་དེ། ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༢༨ ནས་དབུ་དབུ་འཛུགས་ཀྱིས་ཉིན་གྲངས་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོང་འཚོགས་གནང་བཞིན་ཡོད་འདུག་ལ། སྨོན་ལམ་ཉིན་ཉིན་ལྔ་བར་དཔལ་རྒྱལ་བ་ཀརྨ་པ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༢༨ ཉིན་ནས་དབུ་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཉིས་པ་འཚོགས་ཡོད་པ་དང་། སྨོན་ལམ་ཆེན་མོར་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་བཅས་ཁྱོན་བླ་གྲྭ་༥༠༠ ནས་༢༠༠༠ ལྷག་ཞལ་འཛོམས་བྱུང་བཞིན་ཡོད་པ་དང་། ཉིན་ལྔ་བའི་སྨོན་ལམ་གྱི་ཚོགས་མགོན་དུ་བཀའ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་ ༸དཔལ་རྒྱལ་བ་༸ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་རིས་མེད་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་བླ་མ་གོང་མ་རྣམས་ཀྱི་དམ་ཚིགས་གཅིག་འབྲེལ་དང་། ཡང་སྒོས་དཔལ་མཉམ་མེད་བཀའ་བརྒྱུད་པ་དང་དཔལ་རྒྱལ་བ་ཇོ་ནང་པའི་བླ་མ་གོང་མ་རྣམས་ཀྱི་དམ་ཚིགས་གཅིག་འབྲེལ་གྱི་བྱུང་རབས་དང་ཇ་ོནང་དགོན་སྡེ་ཁག་གིས་སློབ་གཉེར་གནང་ཕྱོགས་བཅས་ཀྱི་སྐོར་ཞེས་པའི་བརྗོད་བྱའི་ཐོག་བཀའ་སློབ་ཕེབས་དོན། “སྤྱིར་རང་རེ་བོད་གངས་ཅན་ལྗོངས་ལ་བླ་མའི་མཚན་མི་འདྲ་བ་དང་། དགོན་པའི་ཆགས་རབས་མི་འདྲ་བ་དེ་འདྲ་བའི་ཐོག་ནས་ཆོས་བརྒྱུད་ཀྱི་མིང་མི་འདྲ་བ་དེ་འདྲ་བྱུང་བ་རེད་མ་གཏོགས། དོན་ལ་རྒྱ་གར་འཕགས་ཕའི་ཡུལ་ནས་སངས་རྒྱས་ཀྱི་བསྟན་པ་གཅིག་མར་བརྒྱུད་ཡོད་པ་ལས། བསྟན་པ་ཁ་ཁ་སོ་སོ་ཅིག་ཡོད་པ་མ་རེད།

སངས་རྒྱས་ཀྱི་བསྟན་པ་ཡིན་པ་གཅིག་པ་རེད། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་གཅིག་པ་ཆགས་བསྡད་ཡོད་རེད། སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་པའི་གནད་འདྲ་བོ་དེ་མཁྱེན་པ་བྱས་ཏེ་ཕན་ཚུན་དམ་ཚིགས་འོ་ཆུ་གཅིག་འདྲེས་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་དྲན་གྱིན་ཡོད།” ཞེས་དང་། ཡང་ཇོ་ནང་དང་དྭགས་པོ་བཀའ་བརྒྱུད་གཉིས་ཀྱི་བར་གྱི་འབྲེལ་ལམ་སྐོར་ནས་བཀའ་བསྩལ་དོན། “ལྷག་པར་དུ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་དང་། མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་ཆོས་བརྒྱུད་གཉིས་ལ་མཚོན་པ་ཡིན་ན། ཕན་ཚུན་ལས་དང་སྨོན་ལམ་དང་། དམ་ཚིག་གི་འབྲེལ་བ་ཟབ་མོ་ཞེས་དྲག་ཆགས་བསྡད་ཡོད་རེད། དེ་རེ་རེ་བཞིན་དེ་རིང་འདིར་ངས་ཞུ་ཡ་གི་གོ་སྐབས་མི་འདུག་སྟེ། རྒྱལ་བ་ཇོ་ནང་པས་བཤད་པའི་གཞན་སྟོང་གི་ལྟ་གྲུབ་དེ་དྭགས་པོ་བཀའ་བརྒྱུད་ཀྱི་ཕྱོགས་ལ་ཡང་དེ་རང་གི་དགོངས་པའི་མཐར་ཐུག་ཏུ་བཞེད་པའི་མཁས་གྲུབ་མང་པོ་ཞིག་བྱུང་པ་རེད།
unnamed-2ལྷག་པར་དུ་ཀརྨ་ཀམ་ཚང་ནང་ལོག་ལ་ཡང་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོ། དེ་ག་ནང་བཞིན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ལ་སོགས་པ་ཚད་མར་གྱུར་པའི་མཁས་གྲུབ་མང་པོ་ཞིག་གིས་རང་གི་ལྟ་བའི་མཐར་ཐུག་དེ་གཞན་སྟོང་དབུ་མ་ཆེན་པོར་བཞེད་ནས་འཇིགས་མེད་སེང་གེའི་སྒྲ་ཆེན་པོ་བསྒྲགས་པ་ཡོངས་སུ་གྲགས་བསྡད་པ་དེ་འདྲ་རེད། དེ་ག་ནང་བཞིན་གྱི་ཇོ་ནང་གི་སྦྱོར་དྲུག་ལ་སོགས་པ་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་མཉམ་ལེན་དེ་ཚོ་དངོས་གནས་གཞན་དང་མ་འདྲ་བའི་མཉམ་ལེན་གིི་རྒྱུན་ཉམས་པ་མེད་པ་དེ་འདྲ་ཅིག་ཡོད་པ་དེ་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གིས་ཀྱང་བསྟོད་བསྔགས་ཀྱི་ཡུལ་འདྲ་བོ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ལྟ་བ་རེད། དེ་ག་ནང་བཞིན་གྱི་གསང་སྔགས་ཀྱི་ཉམས་ལེན་རེད། གང་ཅིའི་ཆ་ནས་ཡིན་པ་ཡིན་ན་ཡང་གཞན་དང་མཚུངས་ཟླ་མ་མཆིས་པའི་ཆོས་བརྒྱུད་ཅིག་ཆགས་བསྡད་ཡོད་རེད།” ཞེས་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་འདུག

སྨོན་ལམ་འདི་ལྟ་བུ་ཞིག་འཚོགས་དགོས་པའི་དམིགས་ཡུལ་སྐོར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གསལ་བསྒྲགས་སྤེལ་དོན། འཛམ་གླིང་ཡོངས་ལ་དུས་མིན་གྱི་ནད་རིམས་འཁྲུགས་རྩོད་ཉེ་བར་ཞི་བ་དང་། ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ས་ལམ་ལེགས་པར་བགྲོད་ནུས་པ་དང་། ཡངས་པའི་འཇིག་རྟེན་འདིར་འཕྲལ་ཕུགས་གཏན་བདེའི་ལམ་བཟང་ཉེ་བར་སྟོན་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་ ༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་དང་། ཇོ་ནང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ ༸ཀུན་དགའ་ངག་དབང་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་རྒྱས་པ་དང་། ལྷག་པར་དུ་ཇོ་ནང་བསྟན་པའི་མངའ་བདག་ ༸སྐྱབས་མགོན་ ༸ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྤྲུལ་ཉི་གཞོན་མགྱོགས་མྱུར་ཤར་བའི་ཆེད་དུ་ཡིན་ཚུལ་སོགས་བཀོད་འདུག

དཔལ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཞེས་པ་འདི་ནི། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༢༠༠༠ ལོར་ཐོག་མར་གསར་འཛུགས་མཛད་པ་ཞིག་ཡིན་ལ། ད་བར་དུ་ཐེངས་བཅུ་གཅིག་ཚོགས་ཟིན་ནས་ཐེངས་འདི་སྐབས་བཅུ་གཉིས་པར་ཆགས་ཡོད་འདུག

སྨོན་ལམ་འཚོགས་ཡུན་ནི་ཉིན་བདུན་ཡིན་པ་དང་། སྨོན་ལམ་སྐབས་ཇོ་ནང་བའི་ཆོས་བརྒྱུད་འཛིན་མཁན་གྱི་བླ་སྤྲུལ་མཁན་གསུམ་གྱི་གཙོས་རིས་མེད་དགེ་འདུན་པ་ཆིག་སྟོང་ཡས་མས་ནས། ལྔ་སྟོང་གི་བར་ལ་བསྙེན་བཀུར་གནང་བཞིན་ཡོད་པ་དང་། སྐབས་དེའི་ཞལ་འདོན་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་བོ། དཔལ་ཇོ་ནང་བའི་ལུགས་ཀྱི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོ། བླ་མ་མཆོད་པ། སྒྲོལ་མའི་མཎྜལ་ཆོ་ག་ཚོགས་གཉིས་སྙིང་བོ་སོགས་དང༌། དངོས་གཞིར། འཇམ་དཔལ་མཚན་བརྗོད་དང་། བཟང་སྤྱོད་སྨོན་ལམ། མཇུག་ཏུ་རིས་མེད་བསྟན་རྒྱས་སྨོན་ལམ་དང་། ཐུན་མོང་མ་ཡིན་པའི་དཔལ་ཇོ་ནང་བའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་དང་དུས་འཁོར་སྨོན་ལམ། ༧གོང་ས་ལྷ་མིའི་རྣམ་འདྲེན་ ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་གསུང་བྱིན་རླབས་ཅན་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་འདོན་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: (2013)ཕར་ལ་སྐྱེལ་ཞིང་(2014) ཚུར་ལ་བསུ།
Next Post: དུས་བཞི།

Comments (15) on “དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་སྐབས་བཅུ་གཉིས་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-01-02 at 10:02 am

    འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་ ༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་།
    ༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་དང་། ཇོ་ནང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ ༸ཀུན་དགའ་ངག་དབང་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་གཙོས།
    རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་རྒྱས་པ་དང་། ལྷག་པར་དུ་ཇོ་ནང་བསྟན་པའི་མངའ་བདག་ ༸སྐྱབས་མགོན་ ༸ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྤྲུལ་ཉི་གཞོན་མགྱོགས་མྱུར་བྱོན་པར་ཤོག །

  2. བསམ་ཤེས། says:
    2014-01-02 at 10:20 am

    རང་གཞན་དུས་གསུམ་དགེ་བའི་ལས་ལ་ཡི་རངས་དང་། དགེ་བ་དེ་དག་སེམས་ཅན་བདེ་བའི་རྒྱུ་རུ་བསྔོའོ། 

  3. དགའ་སྐུ་ says:
    2014-01-02 at 11:40 am

    དཔལ་ཇོ་ནང་བའི་སྨོན་ལམ་ཆེན་མོ་གཟབ་རྒྱས་དང་ལོ་སྟར་བཞིན་དབྱར་ཆུ་བཞིན་རྒྱས་པར་སྨོན། རྗེས་སུ་ཡིད་རངས་ཞུ།

  4. རིག་པའི་རྡོ་རྗེ། says:
    2014-01-02 at 1:47 pm

    ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་གཉིས་པར་རྒྱལ་དབང་ཀརྨ་མཆོག་ཆིབས་བསྒྱུར་གནང་ཤིང་།  དོན་སྙིང་ལྡན་པའི་བཀའ་སློབ་བསྩལ་གནང་མཛད་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།  
    འདིར་གསལ་བཤད་དགོས་པ་ཞིག་ལ།  ཇོ་ནང་སྨོན་ལམ་ཐེངས་དང་པོ་ཕྱི་ལོ་ ༢༠༠༢ ལོར་གསར་དུ་བཙུགས་པ་རེད།  ཕྱི་ལོ་ ༢༠༠༠ མ་རེད།  དེ་དུས་གྲ་སྒྲིག་བྱེད་མཁན་གྱི་གྲས་སུ་ང་ཡོད།  གང་ལྟར་རྗེས་སུ་ཡི་རངས་ཡོད།  ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན།  

  5. མེ་ཏོག་དཀར་པོ says:
    2014-01-02 at 2:02 pm

    བསྟན་པ་གཅིག་པ་ཡིན་ན་ཚིག་བདུན་གསོལ་འདེབས་ལ་ངོ་རྒོལ་ག་རེ་བྱས་ནས་་་་་་་་

  6. ཤར་པ་ says:
    2014-01-02 at 5:31 pm

    རྗེ་གཙོང་ཁ་ཆེན་པོས་རང་སྟོང་དང་གཞན་སྟོང་བཀག་ཟིན་ཏོ།

  7. ཤར་པ་ says:
    2014-01-02 at 5:35 pm

    ཀརྨ་པ་མཆོག་ནས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་རྒྱ་རོའི་གདུག་གཙུབ་དང་རྒྱ་རོའི་དྲག་གཙུབ་སྐོར་མང་ཙམ་གསུངས་ན་ཡག་པོ་འདུག།

  8. ཤར་པ་ says:
    2014-01-02 at 5:38 pm

    ཇོ་ནང་སྨོན་ལམ་སྐབས་བོད་ནང་རྒྱལ་གཅེས་དཔའ་བོ་རང་ལུས་མེར་གསེགས་གནང་མཁན་ཚོ་ལ་སྨོན་ལམ་གསུངས་རོག་དང་ གསུངས་ཡོད་དམ།

  9. དགའ་སྐུ་ says:
    2014-01-02 at 8:42 pm

    གཤམ་གསལ་འདི་དྲ་གྲོགས་འགའི་ལོག་རྟོགས་སེལ་ཕྱིར་བཀའ་བརྒྱུད་སྨོན་ལམ་དྲ་བ་ནས་ཤུས་པ་ཡིན།
    སྤྱིར་བཏང་མགོན་པོ་མཆོག་བོད་ནས་ཚུར་ཕེབས་ཏེ་རྡ་སར་བཞུགས་སྐབས་འགའ་ཞིག་གིས་རི་བོ་དགའ་ལྡན་པར་འགྱུར་ཚུལ་བརྗོད་བཞིན་འདུག དེ་ཡང་མགོན་པོ་མཆོག་ནས་བཀའ་སྩལ་དོན་ངོས་རང་རྡ་ས་རྒྱུད་སྟོད་དུ་ལོ་ངོ་བཅུ་གཉིས་ལྷག་སོང་བས། དེའི་རིང་ཁོ་བོ་ཨ་རིར་དུ་ལན་གཉིས་བསྐྱོད་པས་སྐབས་དང་པོར་གདུང་སྲས་ཕྲིན་ལས་ནོར་བུ་མཆོག་ངོས་ཀྱི་གམ་དུ་ཕེབས་ཏེ་ཁོང་གིས་གསུང་དོན་དུ་རྒྱལ་མཆོག་བཅུ་དྲུག་པའི་སྐབས་མཚུར་ཕུ་དགོན་དུ་ཚེས་བཅུའི་གར་འཆམས་ཀྱི་ལམ་སྲོལ་ཡོད་པ་དེ་ཉིད་ངོས་ནས་ཕྱིར་འཐེན་མཛད་ཚུལ་གོ་བས་སྔར་བཞིན་ཚེས་བཅུའི་གར་འཆམ་དེ་བཞིན་མུ་མཐུད་འཇོག་དགོས་ཚུལ་བཀའ་གནང་སྟབས། ཐོག་མར་བརྗོད་མི་ཤེས་པ་ལྟ་བུར་གྱུར་ཀྱང་། ཁོ་བོས་སྔར་རྒྱལ་མཆོག་བཅུ་དྲུག་པའི་སྐབས་ཇི་ལྟར་ཡོད་པ་བཞིན་ད་ལྟ་ཡང་དེ་བཞིན་དུ་གནས་ཡོད་པར་ཞུས་པ་ལས་གཞན་ཞུ་ཐབས་མ་བྱུང་། སྤྱིར་བཏང་ང་རང་གི་ཕ་མ་གཉིས་ཀྱང་གུ་རུ་རིན་པོ་ཆེ་ལ་ཐུན་མོང་མ་ཡིན་པའི་དད་འདུན་ཡོད་པ་དང་། རང་ཉིད་ཀྱང་ཆུང་དུས་ནས་ཚིག་བདུན་གསོལ་འདེབས་འདོན་རྒྱུ་མོས་པ་ཆེ་བ་ཙམ་མ་ཟད་བསྟན་པ་ཡོད་དོ་ཅོག་ལ་དད་འདུན་གཡོ་བ་མེད་པ་ཡོད། ཆགས་ཡུལ་ཐ་དད་པའི་དབང་གིས་འགྲེལ་ཚུལ་ཐ་དད་དུ་གྱུར་པ་ཙམ་ལས། སྟོན་པ་གཅིག་དང་བསྟན་པ་གཅིག་པའི་སློབ་མར་གྱུར་པ་གཅིག་གྱུར་ཡིན།

    དེ་ཡང་རྒྱལ་བའི་བསྟན་པ་ཇི་ལྟར་འཇིག་ཚུལ་ལུང་དུ་བསྟན་སྐབས་བསྟན་པ་འཛིན་པའི་སྐྱེས་བུ་ནང་ཁུངས་རྩོད་པ་བྱུང་ཚེ། བསྟན་པ་འཇིག་རྐྱེན་དུ་འགྱུར་བ་ཡིན་པས་ངེས་པར་དུ་གཟབ་དགོས་གསུངས། ཡང་ཉི་ཧོང་དུ་མི་གཉིས་ཟ་ཁང་དུ་འཛོམས་ཏེ་གཅིག་གིས་ཉམས་ལེན་གྱི་ནང་བཟོད་པ་ཞེས་པའི་ཚིག་འབྲུ་གཉིས་པོ་དེ་ལས་ལྷག་པ་མེད་ཚུལ་བརྗོད་པ་དང་། གཅིག་གིས་བཟོད་པ་ཞེས་པ་ཚིག་འབྲུ་གསུམ་ལས་ལྷག་པ་མེད་ཚུལ་བརྗོད་དེ་ཁོང་གཉིས་དབར་བཤད་རྒྱུ་བཟོད་པའི་སྐོར་བཤད་ཀྱང་ཚིག་འབྲུ་མང་ཉུང་མི་མཐུན་པའི་རྐྱེན་གྱིས་ཕན་ཚུན་རྩོད་པ་བྱུང་། དེས་ན་རང་རེ་རྣམས་ཀྱང་བསྟན་པའི་བཤད་ཚུལ་མ་མཐུན་པ་ལས་ནང་དོན་རྩ་བ་གཅིག་ཉིད་ཡིན། དེ་བཞིན་བཀའ་བརྒྱུད་སྨོན་ལམ་གྱི་ཞལ་འདོན་ནང་དུ་ཡང་བསྟན་པ་རིས་མེད་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བཅུག་ཡོད། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་མཛད་པོ་མཐའ་དག་རྒྱལ་བའི་བསྟན་པ་འཛིན་པའི་སྐྱབས་དང་འགྲོ་བའི་མགོན་དུ་གྱུར་པ་འབའ་ཞིག་ཡིན་པ་དང་འགྲོ་བ་ཀུན་གྱི་ཁམས་དང་མོས་པ་སྣ་ཚོགས་ཡོད་པའི་དབང་གིས་དེ་ལྟར་བགྱིས་པ་ཡིན། སྤྱིར་བསྟན་པ་བཤད་པ་དང་སྒྲུབ་པའི་སྒོ་ནས་འཛིན་དགོས་པ་ཡིན་པས་ཕན་ཚུན་ཐ་དད་མ་ཡིན་པར་བཤད་སྒྲུབ་ཟུང་འབྲེལ་དུ་སྒྲུབ་དགོས་པ་ཡིན་པས་ཕྱོགས་རེ་བ་མ་ཡིན་པ་ཞིག་དགོས། དེེ་མིན་ཆོས་སྤོང་གི་ལས་བསགས་པ་ཡིན་པས་མཚམས་མེད་ཀྱི་ལས་ལས་ཀྱང་ཐུ་བ་ཡིན་པས་ངེས་པར་དུ་གཟབ་དགོས་ཞེས་གསུངས་སོ།

  10. བན་དེ་བ། says:
    2014-01-03 at 4:59 am

    དཔལ་རྒྱལ་བ་ཀརྨ་པ་མཆོག་དབུར་བཞུགས་ནས་དཔལ་ཇོ་བོ་ནང་པའི་འཛམ་གླིང་ཞི་བདེའི་ཆེད་དུ་སྨོན་ལམ་ཚོགས་པར་རྗེཟ་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང། དེ་ལ་བརྟེན་ནས་སྤྱིར་འཛམ་གླིང་འདིར་ནད་མུག་མཚོན་སོགས་ཀྱིས་སྡུག་་བསྔལ་ཞི་བ་དང་་་་བྱེ་བྲག་ཏུ་་་་་རང་ལྟར་ཆགས་ཏེ་གཞན་ལྟར་སྡང་ཞིང་རང་གཞན་གྱི་གནད་མཐར་ཐུག་ལ་ཀུན་ནས་རྨོངས་པའི་རྨོང་པ་མགོ་འཐུམ་དེ་དག་གི་རྒྱུད་ཀྱི་དུག་གསུམ་རྨངས་ནས་འཇོམ་པའི་སྨོན་ལམ་ཞུ།

  11. ཤར་པ་ says:
    2014-01-03 at 5:53 am

    བོད་ཀྱི་རེས་སུ་མ་ཆད་པའི་བླ་མའི་མིང་འཛིན་པ་ཚང་པ་སྐུ་ཚེ་ཡུན་བརྟེན་དང་བོད་སྤྱི་པའི་ལས་དོན་བསྒྲུབས་པ་དང་གོང་ས་མཆོག་གི་དབུ་འོག་ཤར་སྐྱོད་བྱེད་ན་མིང་ཆེ་ཆུང་ལ་མ་བལྟོས་པ་་ཡག་པོ་རེད། དེ་མིན་དངུལ་གྱི་སྙོག་དྲ་དང་ཆེ་མདོག་ཞེ་བུ་བྱེད་ན་ཡང་གང་ཡང་མེད། རེས་མེད་བླ་ཆེན་ཚོ་དངུལ་གྱི་འདམས་ལས་གྲོལ་ནས་བོད་སྤྱི་དོན་དང་ཁ་གཏད་རྒྱ་རོ་ལ་བྱེད་རོག། བོད་ཀྱི་ལོ་རྒྱུས་ཐོག་གསེར་ཡིག་ལ་འགོད་འོས་པའི་དཔའ་བོ་དཔའ་མོ་ཚོ་ལ་སྐྱབས་གནང་རོག་ཞུ་ཞུ་ཞུ་།

  12. ཤར་པ་ says:
    2014-01-03 at 6:04 am

    བོད་ཀྱི་་སྐྱབས་གནས་བླ་ཆེན་ཚོས་ང་སངསརྒྱས་དེ་དང་དེ་ཡིན་སྙམ་པའི་ང་རྒྱལ་དང་གསལ་སྣང་གིས་བོད་མི་ཉམ་ཆུང་ཚོའི་མགོ་ལ་ལྡོག་རྫེས་གཏང་བ་ལ་ཞབས་དབང་གི་་མིང་བཏག་ནས་སྙན་པར་རྒྱུད་འཛམ་གླིང་ཡོངས་ཀྱི་མཐོང་ན་བོད་རྒྱད་ནང་བསྟན་ལ་ཞབས་འདེབ་ཡིན་དང་ཞབས་འདྲེན་ཡིན་ཧ་མི࿒གོ་བས་བླ་ཆེན་ཚོས་་དེ་ལུགས་ཐུགས་རྗེའི་དགོངས་ཀློང་ནས་མི་འདོར་བ་མཁྱེན་མཁྱེན་མཁྱེན།

  13. མེ་ཏོག་པད་མ says:
    2014-01-03 at 9:11 pm

    ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་གཉིས་པར་རྒྱལ་དབང་ཀརྨ་མཆོག་ཆིབས་བསྒྱུར་གནང་ཤིང་། དོན་སྙིང་ལྡན་པའི་བཀའ་སློབ་བསྩལ་གནང་མཛད་པར་སྙིང་ནས་བཀའ་དྲིན་ཆེ་།་ ཡིན་ནའང་ཀརྨ་པ་གོང་མའི་(ཤུགས་ལྡན་)དེ་ལྷ་ཡག་པོ་མ་རེདཅེས་མ་དགའ་བའི་གཟིགས་ཚུལ་གོ་ཐོས་འདུག་། ད་ལྟ་དཔལ་རྒྱ་བ་ཀརྨ་པའི་གཟིགས་ཚུལ་ག་འདྲ་ཡོད་མེད་བཀའ་སློབ་དང་བསྙན་འཕྲིན་བརྒྱུད་སོགས་མཇལ་རྒྱུ་ཞིག་ཡོད་ན་སྙམ་་་་་་་མཁྱེན་མཁན་ཡོད་ན་ལམ་སྟོན་གནང་རོགས་།

  14. དགའ་སྐུ་ says:
    2014-01-04 at 1:57 am

    ཤར་པ་ལགས་ཀྱིས་བསྟན་པ་དང་ལྷག་པར་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་བ་རྣམས་ལ་ཐུགས་ཁུར་ཆེན་པོས་ཡང་ཡང་གསོལ་བ་འདེབས་བཞིན་འདུག་པ་ཐུགས་ཆེ་ཞུ། ངའི་བསམ་ཡང་ང་ཚོའི་བླ་མ་ཆེ་ཆུང་ཚང་མའི་འདས་པོ་རྣམས་ལ་ཐུགས་སྨོན་གཏན་གཏན་གནང་རྐྱང་དང་བསྟན་པ་ལ་ཞབས་འདེགས་གང་དྲག་ཞུ་འོང་བསམ་གི་འདུག་རྒྱུ་མཚན་ཁོང་རྣམ་པའི་མཛད་འགན་གཙོ་བོ་བསྟན་པ་དང་སེམས་ཅན་དོན་ཡིན་པའི་ཕྱིར། ཡང་བླ་མར་བརྫུས་པ་དང་དམིགས་ཡུལ་གཞན་པའི་བླ་མིང་གཏགས་པ་རྣམས་ནི་མ་མ་གཏོགས་སོ།

  15. པདྨ says:
    2014-01-04 at 9:58 am

    དཔལ་ལྡན་ཁ་བརྡ་སང་གིས་ངའི་བདེན་གཏམ་དེ་བསུབས་སོང་ཟིག མདོར་ན་སི་ཀ་སོགས་ཆབ་སྲིད་པ་ཆོས་འབག་གྱོན་པའི་རྒད་པོ་མ་རབ་ཁ་ཤས་ཤིག་གིས་རང་རང་གི་ལྟོ་གོས་གཏམ་གསུམ་འཚོལ་སྒྲུབ་ཀྱི་ལས་འགུལ་འདྲ་ཞིག་མ་གཏོགས་འདི་ཚོ་ལ་བླ་མ་མཚན་ཉིད་ཅིག་མི་ཚང་བའི་ཆ་ནས་དེ་ཚོ་ལ་སྐྱོན་བརྗོད་ན་དམ་ཚིག་ཅིག་ཉམས་ཡོང་རྒྱུ་གང་ཡང་མེད་པར་ཤེས་དགོས། དོན་མེད་དུ་དད་ལྡན་མང་ཚོགས་ལ་མགོ་སྐོར་གཏོང་མཚམས་བཞག་པའི་འབོད་སྐུལ་ཞུ་བཞིན་ཡོད་དོ། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme