Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཕྲིན་ལས།

Posted on 2015-12-172015-12-17 By ཁ་བརྡ 2 Comments on དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཕྲིན་ལས།

ཐུབ་སྲས་གཞོན་ནུ།

 

གསང་སྔགས་སྔ་འགྱུར་བའི་ཆོས་སྡེ་ཆེན་པོ་གཉིས་ཀྱི་ཡ་གྱལ་སྒྲུབ་སྡེ་ཆེན་པོ་དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་མུ་འབྲེལ་ཆོས་ཀྱི་རྣམ་གྲངས་ལོ་མའི་གཟི་ཐིག་ཕན་བདེའི་ལུགས་བཟང་ཞེས་བྱ་བ་བཞུགས་སོ།།

༄། །དཔལ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པའི་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།

ཨོཾ་སྭ་སྟི། ཆོས་ཀྱི་བཀྲ་ཤིས་བཀྲ་ཤིས་བྱུང་།།
ཆོས་ཀྱི་དུང་འདི་སྒྲ་ཆེན་ལྡན།།
ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།།
ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས།།

12392064_1659237641024831_2458911186995031977_n༼དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་།༽
ཐོག་མར་ས་བཀོད་ཕུན་སུམ་ཚོགས་པ་བཀྲ་ཤིས་པའི་དགེ་མཚན་འབུམ་གྱི་ཕྱུག་པའི་གནས་མཆོག་ཆོས་ཀྱི་ཞིང་ཁམས་འདི་ཉིད་ཀྱི་མཚན་དུ་(ཨོ་རྒྱན་བསམ་གཏན་གླིང་) ཞེས་༧རྒྱལ་དབང་པདྨའི་གདུང་འཚོབ་ཨོ་རྒྱན་དྲག་རྩལ་གླིང་པར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་དྲོན་མོ་ནས་གནང་བ་ཡིན།

གྲུབ་དབང་བླ་མས་གནས་འདི་ཉིད་གདན་སར་བཟུང་ནས་ད་བར་ལོ་ངོ་སུམ་བཅུ་ལྷག་འདས་ཟིན་ཅིང་དེའི་རིང་གྲུབ་དབང་བླ་མ་ཡབ་སྲས་ཟུང་གིས་ཐོག་མཐའ་བར་གསུམ་དུ་ཚར་དུ་དངར་ཞིང་བསམ་ཡས་པའི་མཛད་རིམ་ཞིག་གིས་ཆོས་སྡེ་འདིའི་མཚན་གྱི་སྙན་པ་བཟང་པོ་ཡངས་པའི་གླིང་ཆེན་པོ་འདི་ན་གབ་ཏུ་མེད་པར་གཟི་འོད་ཕྲོམ་མེར་ཁྱབ་ཅིང་ཡོད། དེ་ལྟ་བུའི་ཆོས་སྡེ་འདིའི་ཕྱི་ནང་གསང་གསུམ་གྱི་ལོ་རྒྱུས་ཀྱི་བྱུང་བ་རྒྱ་མཚོ་ལྟ་བུ་ནི་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་ལེ་དབར་ཁྲི་ཕྲག་གི་ཆོད་པའི་ཕྱོགས་དང་ཕྱོགས་སུ་གནས་ཅིང་ཆོས་སྒར་འདི་ཉིད་ལ་དད་འདུན་གྱི་རྒྱུ་བ་བརྟན་པའི་སྐལ་ལྡན་ལས་འཕྲོ་ཅན་རྣམས་ལ་ཡིད་མཆེས་ཀྱི་དད་པའི་གསོས་སུ་འགྱུར་ཆེད་དུ་ཐེང་དང་པོར་ངོས་ནས་ཆོས་སྒར་འདི་ཉིད་ཀྱི་མཚན་རྟགས་དང་འབྲེལ་བའི་ཉམས་བཞེད་སོགས་ཁ་གཅིག་གི་མིང་གི་གྲངས་འདྲེན་ཉུང་བསྡུས་ཙམ་ཞིག་ཚན་པ་བཅུ་གཅིག་ཏུ་དྲིལ་ཏེ་འབུལ་བ་ཡིན། འདི་ལ་འཁྱོག་བཤད་དང་རབ་བརྟགས་ཀྱི་དྲི་མས་མ་སླད་པར་དྲང་ཐིག་གི་ལམ་ནས་འབྲི་ཁུལ་ཡིན་པས་ཡིད་མཆེས་ཀྱི་ཡུལ་དུ་བྱ་རུང་བ་ཡིན་ནོ།།

༼གཅིག་ཚན།༽ (1) ཆོས་སྒར་འདིའི་མཚན་ཡོངས་སུ་གྲགས་པ་གཅིག་པོ་ནི་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ངོ་།
(2) ཆོས་སྒར་འདི་ཉིད་ཀྱི་ཐུན་མིན་གྱི་ཉམས་བཞེད་ཆེན་པོ་གཅིག་པོ་གང་ལགས་ན་བརྒྱུད་གསུམ་བླ་མའི་དགོངས་བཅུད་གཅིག་ཏུ་དྲིལ་བ་ཕ་རྒོད་བླ་མ་དམ་པའི་ཟབ་དོན་གྱི་མན་ངག་ཉག་གཅིག་གོ།།

༼གཉིས་ཚན།༽ (1) ཆོས་སྒར་འདི་ཉིད་ཀྱི་སློབ་དཔོན་ཆེན་པོ་གཉིས་ནི། ཡབ་རྗེ་གྲུབ་དབང་བླ་མ་ལུང་རྟོགས་རྒྱལ་མཚན་མཆོག་དང་། ཐུགས་ཀྱི་སྲས་མཆོག་རྒྱལ་ཚབ་དམ་པ་མཚུངས་མེད་ནམ་མཁའི་སྙིང་པོའོ།།
(2) ཆོས་སྒར་འདིའི་དགེ་འདུན་པ་རྣམས་ཀྱི་རྒྱུན་ལྡན་གྱི་བྱ་བ་གཉིས་ནི་སྤོང་བ་བསམ་གཏན་དང་། ཀློག་པ་ཐོས་བསམ་གཉིས་སོ།།
(3) རྟེན་བཞེངས་ཆེན་པོ་གཉིས་ནི། མ་ཎི་རྡོ་མཁར་མཐོང་བ་རང་གྲོལ་གོང་འོག་གཉིས་དང་། ཡབ་རྗེ་བླ་མའི་གདུང་རྟེན་རིན་པོ་ཆེ་གཉིས་སོ།།
(4) བླ་མའི་གཟིམ་ཆུང་ནང་གི་བླ་མའི་གནས་གཉིས་ནི། ཡོན་ཏན་གྱི་གནས་དང་། འཕྲིན་ལས་ཀྱི་གནས་གཉིས་སོ།།
(5) ཆོས་སྒར་འདིའི་སྒྲུབ་ཁང་རྣམ་པ་གཉིས་ནི། སྔོན་འགྲོ་གསོག་སྦྱོང་ཚང་དང་། སྒྲུབ་གྲྭ་སྨིན་གྲོལ་འོད་གསལ་གླིང་གཉིས་སོ།།
(6) མན་ངག་གི་ཁྲིད་གཉིས་ནི། ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཀ་དང་། ཡང་གསང་སྙིང་ཐིག་ཁྲིད་ཀ་གཉིས་སོ།།
(7) བསྒོམ་པའི་དབང་རིམ་གཉིས་ནི། དབང་རྣོན་ལྟ་ཐོག་ནས་སྒོམ་པ་འཚོལ་བའི་རིགས་གཅིག་དང་། དབང་རྟུལ་སྒོམ་ཐོག་ནས་ལྟ་བ་འཚོལ་བའི་རིགས་གཅིག་སྟེ་གཉིས་སོ།།

༼གསུམ་ཚན།༽(1) སྒར་འདིའི་ཆོས་ར་ཆེན་པོ་གསུམ་ནི། དཔལ་རི་མཐོང་ལྡན་གྱི་ར་བ་དང་། འདན་སྲས་པདྨ་བདེ་ཆེན་ཐང་། རིག་གསུམ་ལྷ་ཁང་བཅས་གསུམ་མོ།
(2) ཆོས་སྒར་འདི་ཉིད་ཀྱི་ཆོས་ཁྲིམས་ཆེན་པོ་གསུམ་ནི། གྲུབ་མཐའ་དང་སྡེ་རིས་མེད་པར་དགེ་འདུན་ཕན་ཚུན་ཐུགས་མཐུན་རྒྱུ། སོར་བྱང་སྔགས་གསུམ་གྱི་བཅས་མཚམས་ཤེས་པ་དང་། དགེ་འདུན་གྱི་ནང་ཁྲིམས་ཤེས་པ་གཉིས་ཀྱི་ཐོག་ནས་ཁྲིམས་གཙང་རྒྱུ། འཆི་བ་མི་རྟག་པས་གཞིར་བཟུང་ནས་ཆོས་སྒྲུབ་ཚུལ་རྣམ་པར་དག་པས་ཐུན་བཞིའི་ངང་ནས་སྤོང་ཀློག་གི་བྱ་བར་བརྩོན་རྒྱུ་དང་གསུམ་མོ།།
(3) སློབ་སྟོན་པ་གསུམ་ནི་བླ་མ་དང་། སྤྲུལ་སྐུ། མཁན་པོ་གསུམ་མོ།།
(4) ཆོས་ཞུགས་འཁོར་རྣམ་གསུམ་ནི། དགེ་འདུན་གྲྭ་བཙུན་གྱི་སྡེ་དང་། སྐལ་ལྡན་ཇོ་བཙུན་གྱི་སྡེ། དགེ་བསྙེན་ཕོ་མོའི་སྡེ་དང་གསུམ་མོ།།
(5) དགེ་རྩ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང་དམ་པ་གསུམ་གྱི་རྩིས་ཟིན་དགོས་པས་དམ་པ་གསུམ་ནི། སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། འཇུག་བསྔོ་བ་དམ་པ་དང་གསུམ་མོ།།
(6) ཆོས་སྒར་འདིའི་གླིང་ཆེན་པོ་གསུམ་ནི། ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དང་། ཆོས་ཉིད་རིག་རྩལ་མཁའ་འགྲོའི་གླིང་། དགེ་བསྙེན་འཁོར་བ་རང་གྲོལ་གླིང་དང་གསུམ་མོ།།

༼བཞི་ཚན།༽ (1) གྲུབ་དབང་བླ་མའི་མཚན་གྱི་རྣམ་གྲངས་བཞི་ནི། ༡ སྤྲུལ་ཨ་རིག་རིན་པོ་ཆེས( ཚུལ་ཁྲིམས་བསྟན་འཛིན་དུ་གསོལ།)༢ ཀཿཐོག་ཞིང་སྐྱོང་གིས་(ཚུལ་ཁྲིམས་བཟང་པོར་གསོལ།) ༣ སྡེ་སྤྲུལ་རིན་པོ་ཆེས་རབ་བྱུང་གི་མཚན་ལ་(འཇམ་དབྱངས་ཀུན་དགའ་བསྟན་འཕེལ་ཅེས་གསོལ།) ༤ ཡབ་རྗེ་ཉིད་ཀྱི་རིགས་བདག་ཆེན་པོ་ཁྲོམ་དགེ་ཨ་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་བཞེད་སྐབས་མཚན་དུ་(ལུང་རྟོགས་རྒྱལ་མཚན་ཞེས་མཚན་གྱི་ཅོད་པན་གསོལ།)
(2) བླ་མ་ནམ་མཁའི་སྙིང་པོའི་མཚན་གྱི་རྣམ་གྲངས་བཞི་ནི། ༡ གཞོན་ནུའི་སྐབས་ཚེ་དབང་རྒྱལ་མཚན། ༢ མཁར་ཆུར་ནམ་མཁའི་སྙིང་པོའི་སྐྱེས་རབས་དྲན་པའི་ཚེ་ལྷོ་བྲག་མཁར་ཆུའི་བླ་མ་གསང་སྔགས་ཆོས་འཕེལ་གྱིས་(གསང་སྔགས་བསྟན་འཛིན།) ༣ ནམ་མཁའི་སྙིང་པོའི་སྤྲུལ་སྐུར་མངའ་གསོལ་དུས་གྲུབ་ཆེན་རིག་འཛིན་དབང་ཕྱུག་མཆོག་གིས་(ཐུབ་བསྟན་བསམ་གཏན་བཟང་པོ།) ༤ ཡོངས་གྲགས་ཀྱིས་(དགེ་སློང་ནམ་མཁའི་སྙིང་པོ་) བཅས་བཞིའོ།།
(3) ཆོས་སྒར་འདི་ཉིད་ཀྱི་སྟོན་མཆོག་གྲུབ་དབང་བླ་མའི་སྐུ་ཚེ་འདི་ཉིད་ཀྱི་ཉམས་བཞེད་ཆེན་པོ་བཞི་ནི། བློ་སྦྱོང་ཐམས་ཅད་ཀྱི་གཙོ་བོ་འཆི་བ་མི་རྟག་པ་དང་། འདོན་ཟླས་ཐམས་ཅད་ཀྱི་གཙོ་བོ་མ་ཎི་ཡིག་དྲུག རྟེན་བཞེངས་ཐམས་ཅད་ཀྱི་གཙོ་བོ་མ་ཎི་རྡོ་བསྐོས། ཉམས་ལེན་ཐམས་ཅད་ཀྱི་གཙོ་བོ་བླ་མ་དང་རང་སེམས་དབྱེར་མེད་བཅས་བཞིའོ།།
(4) ཆོས་སྒར་འདིའི་ལོ་རེའི་ཡིད་དམ་གྱི་སྒྲུབ་མཆོད་ཆེན་པོ་བཞི་ནི། རྟ་མགྲིན་གྱི་སྒྲུབ་པ་དང་། ཕུར་པའི་སྒྲུབ་པ། སེང་གདོང་མའི་སྒྲུབ་པ། གུ་དྲག་གི་སྒྲུབ་པ་བཅས་བཞིའོ།།
(5) ཆོས་སྒར་འདིའི་དཔལ་རིའི་ལྷ་ཁང་ནང་བཞུགས་གཏེར་མའི་སྐུ་རྟེན་བྱིན་ཅན་བཞི་ནི། འཇམ་པའི་དབྱངས་དང་། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། སྤྲུལ་སྐུ་ཨ་རིག་རིན་པོ་ཆེའི་འདྲ་སྐུ་ངོ་མཚར་མ་དང་བཅས་བཞིའོ།།
(6) ཆོས་སྒར་དེའི་དགེ་ཚུལ་སློང་རྣམས་ལྗོངས་རྒྱུ་བའི་ཚེ་ངེས་པར་དུ་ལུས་དང་འབྲལ་མི་རུང་བའི་རྫས་བཞི་ནི། ཆོས་གོས་དང་། ཁ་འདོན། འཁོར་ལོ། ཕྲེང་བ་དང་བཅས་བཞིའོ།།

༼ལྔ་ཚན།༽ (1) ཡབ་རྗེ་གྲུབ་དབང་བླ་མར་བཀའ་དྲིན་ཆེས་ལྷག་གི་རྩ་བའི་བླ་མ་ལྔ་ནི། ༡ ཨོ་རྒྱན་དྲག་རྩལ་གླིང་པ། ༢ ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ། ༣ སྡེ་སྤྲུལ་འཇམ་དཔལ་རྒྱལ་མཚན། ༤ ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་དཔལ་བཟང་པོ། ཡང་ན་སྤྲུལ་སྐུ་བསོད་ནམས་སྙན་གྲགས། ༥ ཁྲོཾ་དགེ་ཡིད་བཞིན་དབང་རྒྱལ་ཏེ་(སྤྲུལ་ཨ་རིག་རིན་པོ་ཆེ།) བཅས་སོ།།
(2) ཆོས་སྒར་འདིའི་ཆོས་ཚོགས་ཆེན་པོ་ལྔ་ནི། བོད་ཟླ་དང་པོར་ཁྲོཾ་དགེ་མཁའ་སྤྱོད་དབང་པོའི་གཏེར་ཆོས་རྒྱལ་པོ་ལུགས་ཀྱི་སྨྱུང་གནས་སྒྲུབ་མཆོད། བོད་ཟླ་བཞི་པར་བདེ་ཆེན་ཞིང་སྒྲུབ་ཆེན་པོ། བོད་ཟླ་ལྔ་པར་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་བླ་སྒྲུབ་འདས་སྲས་དཔའ་བོའི་ཟློས་གར་གྱི་སྒྲུབ་མཆོད། དེ་ཟླའི་ཚེས་ཉེར་གསུམ་ནས་བདུན་གཅིག་རིང་ཁྲོཾ་དགེ་ཡིད་བཞིན་དབང་རྒྱལ་དང། གཏེར་ཆེན་སེ་ར་ཡང་སྤྲུལ། ཆོས་རྗེ་ཡིད་བཞིན་ནོར་བུ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧ཡབ་གཅིག་གྲུབ་དབང་བླ་མ་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོ་བཅས་འདས་རྗེས་ཀྱི་སྒྲུབ་མཆོད་ཆེན་པོ། བོད་ཟླ་བརྒྱད་པར་དམ་ཆོས་རྫོགས་པ་ཆེན་པོའི་ཁྱད་པར་གྱི་སྔོན་འགྲོ་ཁྲེགས་ཆོད་ཀྱི་ལམ་འཁོར་འདས་རུ་ཤན་གྱི་ཁྲིད་སྦྱོང་དང་། དངོས་གཞི་འོད་གསལ་ཐོད་རྒལ་ཉམས་ཀྱི་སྐྱོང་ཚུལ་གྱི་ཁྲིད་ཡིག་ཡེ་ཤེས་བླ་མའི་ཆོས་ཚོགས་ཆེན་པོ་དང་བཅས་ལྔའོ།། དེ་རྗེས་བོད་ཟླ་དགུ་པའི་བོད་ཚེས་བཅོ་ལྔ་ནས་བཟུང་ཞགས་བརྒྱ་ཐམས་པའི་རིང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ཟབ་མོའི་འཚམས་ལ་བཞུགས་དགོས་པ་ཡིན།
(3) ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་གླིང་ཕྲན་ལྔའི་གླིང་རྟགས་ལྔ་ནི། རལ་གྲི་དང་། པདྨ་དང་། ནོར་བུ་དང་། རྡོ་རྗེ་དང་། རྒྱ་འགྲམ་དང་། འཁོར་ལོ་བཅས་སོ།།

༼དྲུག་ཚན།༽ (1) ཆོས་སྒར་འདིའི་སློབ་མ་རྣམས་ཀྱིས་གཙོ་བོའི་ཆོས་ཁྲིད་ཞུ་བྱ་དྲུག་ནི། ལས་དང་པོ་བ་ལ་སུམ་རྟགས་དག་གསུམ་དང་ས་རྩིས་སྨན་གསུམ་སོགས་རིག་གནས་ཀྱི་སྐོར། དེ་ནས་རིམ་བཞིན་རྒྱལ་སྲས་ལག་ལེན་སོགས་བློ་སྦྱོང་སྐོར། སྡོམ་གསུམ་རྣམ་པར་ངེས་པ་སོགས་འདུལ་བའི་སྐོར། བྱང་ཆུབ་སྤྱོད་འཇུག་ཆེན་པོ་སོགས་མདོ་སྡེའི་སྐོར། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་སོགས་མངོན་པའི་སྐོར། སྤྱི་དོན་འོད་གསལ་སྙིང་པོ་སོགས་རྒྱུད་སྡེའི་སྐོར། ཡབ་རྗེ་བླ་མའི་ཞལ་གདམས་གཙོ་བོར་བྱས་པའི་མན་ངག་གི་སྐོར་སོགས་དྲུག་གོ།
(2) སྐྱབས་རྗེ་བླ་མ་རིན་པོ་ཆེའི་འདའ་ཁའི་ཞལ་མཆེམས་ཚིག་རྐང་དྲུག་ནི། དགེ་འདུན་ཕན་ཚུན་ཐུགས་མཐུན་རྒྱུ་དང་། ཁྲིམས་གཙང་རྒྱུ། སྤོང་ཀློག་གི་བྱ་བར་བརྩོན་རྒྱུ། ནང་བཟང་རྒྱུ། རྩིས་མཐུན་རྒྱུ། འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་སློང་དང་མ་འདྲེས་བའི་ཐོག་ནས་སྒྲུབ་པ་ཉམས་ལེན་གྱིས་མི་ཚེའི་མཐའ་ཕུད་རྒྱུ་བཅས་སོ།།

༼བདུན་ཚན།༽ (1) གྲུབ་དབང་བླ་མའི་སྒྲུབ་གནས་གྲགས་ཆེ་བ་བདུན་ནི། ལི་ཐང་རྫོང་གི་ས་ཁོང་ར་ཁོག་ཁེ་མེ་ལོང་རྡོ་རྗེ་དང་། གནས་མཆོག་རྫོང་ནག དཔལ་ཡུལ་རྫོང་གི་ས་ཁོང་ཨ་འཛོམས་ནགས་ཁྲོད། ཁང་རིལ་རི་ཁྲོད། མཁར་ཐའི་རི་ཁྲོད། མདའ་ཁོ་རི་ཁྲོད། ཉག་རོང་རྫོང་གི་ས་ཁོང་འབྲི་ཁོག་རི་ཁྲོད་བཅས་ཡིན་ནོ།།
(2) སྒར་འདིའི་ལྷ་ཁང་བདུན་ནི། དཔལ་རི་མཐོང་བ་དོན་ལྡན་གསར་རྙིང་གཉིས་དང་། རིག་གསུམ་ལྷ་ཁང་། བྱམས་པ་ལྷ་ཁང་། རིག་རྩལ་དྷུ་མ་ཐ་ལའི་ལྷ་ཁང་། མཁའ་སྤྱོད་དག་པའི་ཞིང་། སྡུག་བསྔལ་རང་གྲོལ་ལྷ་ཁང་། ཕན་བདེ་འབྱུང་གནས་གཙུག་ལག་ཁང་སོགས་སོ།།

༼བརྒྱད་ཚན༽ (1) ཕྱི་ནང་གི་འཁོར་ཡུག་སྲུང་སྐྱོབ་ཚན་པ་བརྒྱད་ནི། སྒྲིག་ཁྲིམས་རྒྱུན་ལས་ཚང་། སྒྲིག་ཁྲིམས་སྐོར་གཟིགས་ཚང་། དེའི་ཚོགས་ཆུང་། མེ་འགོག་ཚང་། གཙང་སྦྲ་ཚང་། འཕྲོད་རྟེན་ཚང་། དབུལ་སྐྱོབ་ཚང་། བོར་རྙེད་ཚང་བཅས་སོ།།

༼དགུ་ཚན།༽ (1) ཆོས་སྒར་འདིའི་ལས་སྣེ་བ་དགུ་ནི། བསྟན་བདག་ཚང་། རྒྱུན་ལས་སྒྲིག་ཁྲིམས་ཚང་དང་དེའི་ཡན་ལག་སྐོར་གཟིགས་པ། འདྲི་བརྩད་ཚང་། གཙང་སྦྲ་ཚང་། མེ་འགོག་ཚང་། དཔེ་ཚོགས་ཚང་། དགེ་བསྐོས་ཚང་། འདན་སྲས་ཚང་། རིན་གོང་གཏན་འབེབས་ཚང་། ཕན་བདེ་འབྱུང་གནས་ཚང་བཅས་སོ།།

༼བཅུ་ཚན།༽ཆོས་སྒར་འདི་ཉིད་ཀྱི་འཛིན་གྲྭ་ཁག་བཅུ་ནི། ༡ ཡིག་གཟུགས་དང་ཀློག་སྦྱོང་བའི་འཛིན་གྲྭ ༢ ས་རྩིས་འཛིན་གྲྭ ༣ སྨན་གྱི་འཛིན་གྲྭ ༤ སུམ་རྟགས་དག་གསུམ་གྱི་འཛིན་གྲྭ ༥ བློ་སྦྱོང་འཛིན་གྲྭ ༦ སྡོམ་གསུམ་འཛིན་གྲྭ ༧ སྤྱོད་འཇུག་འཛིན་གྲྭ ༨ དབུ་མ་དང་ངེས་སྒྲོན་འཛིན་གྲྭ ༩ རྒྱུད་སྡེའི་འཛིན་གྲྭ ༡༠ མན་ངག་གི་འཛིན་གྲྭ་བཅས་བཅུའོ།།

༼བཅུ་གཅིག་ཚན་པ།༽ ཡ་ཆེན་ཆོས་སྒར་ཆེན་མོ་འདིར་ཁྱོན་སྡོམ་གླིང་ཕྲན་བཅུ་གཅིག་ཡོད་པ་ཡིན་ཅིང་དེ་དག་ཀྱང་། ཕྱོགས་བཞི་དབུས་དང་བཅས་པར། ༡ ཆོས་ཉིད་འོད་གསལ་གླིང་། ༼གླིང་རྟགས་རྡོ་རྗེ།༽
༢ འཁོར་འདས་ཆོས་ཉིད་གླིང་། ༼གླིང་རྟགས་ནོར་བུ།༽
༣ བདེ་ཆེན་ཐར་ལམ་གླིང་། ༼གླིང་རྟགས་རལ་གྲི༽
༤ རིག་པ་རང་གྲོལ་གླིང་། ༼གླིང་རྟགས་འཁོར་ལོ།༽
༥ ཀུན་བཟང་བསམ་གཏན་གླིང་། ༼གླིང་རྟགས་པདྨ།༽བཅས་ལྔ་དང་།
ཇོ་མོ་ཚང་གི་རིག་རྩལ་མཁའ་འགྲོའི་གླིང་ན་གླིང་ཕྲན་བཞི་ཡོད་པ་རྣམས་གླིང་སྟོད་སྨད་བར་གསུམ་དུ་ཕྱེ་ཡོད་ལ་དེ་ཡང་། ༡ གླིང་སྟོད་པདྨ་མཁའ་འགྲོའི་གླིང་། (གླིང་རྟགས་རལ་གྲི་)
༢ གླིང་དཀྱིལ་ཀུན་བཟང་བདེ་ཆེན་གླིང་། (གླིང་རྟགས་པདྨ།)
༣ གླིང་སྨད་ན་བདེ་སྟོང་ཟུང་འཇུག་གླིང་། (གླིང་རྟགས་རྡོ་རྗེ།)
༤ བདེན་གཉིས་ཟུང་འཇུག་གླིང་། (གླིང་རྟགས་རྒྱ་གྲམ། )བཅས་བཞིའོ།།
དེའི་སྟེང་དགེ་བསྙེན་ཚང་ན། ༡ འཁོར་བ་རང་གྲོལ་གླིང་། ༼གླིང་རྟགས་ནོར་བུ།༽ ༢ སྡུག་བསྔལ་རང་གྲོལ་གླིང་། ༼གླིང་རྟགས་བུམ་པ།༽བཅས་ཁྱོན་སྡོམ་བཅུ་གཅིག་གོ། །།

འདི་ལྟ་བུའི་གླིང་ཆེན་པོ་གཅིག་དང་གླིང་ཕྲན་བཅུ་གཅིག་གི་བདག་ཉིད་ཅན་གྱི་ཆོས་སྒར་ཆེན་མོ་དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཞེས་དྭངས་གསལ་མིག་ལྡན་རྣམས་ཀྱིས་བལྟ་བས་མི་ངོམས་ཤིང་། ཟོལ་མེད་སྐལ་ལྡན་རྣམས་ཀྱི་སེམས་ཀྱི་ཞིང་ཁམས་གསར་པ། བསམ་པ་དད་པས་འཕྲོག་པར་བྱེད་ཅིང་ལུས་པོ་དགའ་བདེས་ཁྱབ་པར་བྱེད་པ་ས་ལ་སྤྱོད་པའི་འོག་མིན་གྱི་གནས་ཞེས་རྟོགས་ལྡན་བླ་མ་དང་དད་ལྡན་སློབ་མ་རྣམས་ཀྱི་ཉམས་རྟོགས་ལས་མགྲིན་དབྱངས་གཅིག་ཏུ་གྱུར་བའི་གནས་མཆོག་འདིའི་ཕྱི་ནང་གི་བཀོད་པ་ཆ་དང་བཅས་པ་མདོ་ཙམ་ཕུལ་བ་འདིས་ཕྱོགས་དང་ཕྱོགས་མཚམས་ཀུན་ན་གནས་པའི་སྐལ་བ་དང་ལྡན་པའི་གང་ཟགས་གསེར་སྐྱ་ཡོངས་ལ་དད་པའི་ས་བོན་ཙམ་དང་། འདི་དང་དེ་ཞེས་རྣ་སྒོར་གོ་བདེ་བ་དང་བློ་ངོར་འཛིན་བདེ་བའི་ཆེད་དུ་མིང་གི་རྣམ་གྲངས་རགས་རིམ་ཙམ་དེ་ཉིད་ངོ་སྤྲོད་ཚུལ་དུ་ཕུལ་བ་ལགས་པས་དེ་དོན་དགོངས་འཇགས་འཚལ།

ཆོས་རྣམ་འདི་ནི་ཚིག་ཉུང་དོན་ཟབ་ཅིང་།།
བརྗོད་དོན་རྒྱ་ཆེ་ཤེས་བྱའི་རྣམ་གྲངས་མང་།།
གླེན་རྩོམ་འདི་ནི་ཡ་ཆེན་ཆོས་སྒར་གྱི།།
ཕྱི་ནང་མཛད་པ་བསྡུས་པའི་གསེར་སྒྲོམ་ཡིན།།

གཞན་གྱིས་བཀླགས་ཚེ་ཕན་ཡང་སྲིད་པ་ཡིན།།
རེ་འགས་མཐོང་ཚེ་ཁྲེལ་བའི་རྒྱུར་ཡང་འགྲོ།
གང་ལྟར་སོར་མོའི་རྩེ་ནས་ཐོན་ཟིན་པས།།
འགལ་འཁྲུལ་ཡོད་ཚེ་བཟོད་གསོལ་ལམ་སྟོན་མཛོད།།

རྗེ་བཙུན་བླ་མའི་བཞེད་དགོངས་ལྷུན་གྱིས་གྲུབ།།
ཆོས་མཐུན་གྲོགས་རྣམས་ཐུཊ་མཐུན་ཉམས་རྟོཊ་འཕེལ།།
ཆོས་སྒར་འདི་ཉིད་སླར་ནས་སླར་འཕེལ་ཏེ།།
འཛམ་གླིང་ཞི་བདེ་བསྐྲུན་པའི་རྒྱན་དུ་ཤོག།

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བསྟན།།
བསྟན་འཛིན་སྐྱེ་བུས་ས་སྟེང་ཡོངས་ལ་ཁྱབ།།
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། །།

ཅེས་པ་འདི་ཡང་སྐྱབས་རྗེ་བླ་མ་ཡབ་སྲས་གཉིས་ཀྱི་ཞབས་རྡུལ་དྲི་མ་མེད་པ་སྤྱི་བོས་ལེན་པའི་སློབ་མཐའ་ལེ་ལོ་ཅན་ཨརྱ་བདེ་བའམ་དྲྭ་མིང་(ཐུབ་སྲས་གཞོན་ནུར་) འབོད་པ་དེས་འཁོར་འདས་ཆོས་ཉིད་གླིང་གི་རང་ཤག་ལྷུན་གྲུབ་འོད་གསལ་ཁང་སྤྱིལ་ནས་ཚེས་བཟང་དགེ་བའི་ཉིན་གང་དྲན་ཤར་མར་བཀོད་པ་དགེའོ།། །།
སརྦ་མངྒ་ལཾ།

ངོ་སྤྲོད།

Post navigation

Previous Post: ༅༅།། སྒོམ།
Next Post: ཁ་བ་ནག་པོ།

Comments (2) on “དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཕྲིན་ལས།”

  1. པདྨ says:
    2015-12-19 at 6:49 am

    ཡག་པོ་འདུག ཡིན་ན་ཡང་རྒྱ་རྒན་རྡོ་རྗེ་འཆང་ཆེན་གསུམ་པ་སོགས་སྤྲུལ་རྫུན་མང་པོ་ལ་ཡིག་ཐམ་བྱིན་པ་ཡག་པོ་མི་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 8:11 am

    ་་་་་་་་་་་ བསྒོམ་པའི་དབང་རིམ་གཉིས་ནི། དབང་རྣོན་ལྟ་ཐོག་ནས་སྒོམ་པ་འཚོལ་བའི་རིགས་གཅིག་དང་། དབང་རྟུལ་སྒོམ་ཐོག་ནས་ལྟ་བ་འཚོལ་བའི་རིགས་གཅིག་སྟེ་གཉིས་སོ།། ་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme