Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་བཟའ་ནོར་འཛིན་དབང་མོ་ལགས་འཛིན་བཟུང་བྱས་ནས་ཁྲིམས་ཐག་ལོ་ལྔ་བཅད་འདུག

Posted on 2008-11-042009-02-19 By tenzin 3 Comments on དཔལ་བཟའ་ནོར་འཛིན་དབང་མོ་ལགས་འཛིན་བཟུང་བྱས་ནས་ཁྲིམས་ཐག་ལོ་ལྔ་བཅད་འདུག

བོད་ཀྱི་དཔའ་མོ་དཔལ་བཟའ་ནོར་འཛིན་དབང་མོ་ལགས་ལ་ལོ་ལྔའི་ཁྲིམས་ཐག་བཅད་འདུག ཁོང་གི་ནག་ཉེས་ནི་བོད་མིར་དྲག་རྡུང་བྱས་པ་རྣམས་ཕྱི་ལ་དྲིལ་བསྒྲགས་བྱས་པ་རེད་ཟེར། གཤམ་གྱི་གནས་ཚུལ་ནི་བོད་ནང་ནས་འབྱོར་བ་དང་། འཇམ་དབྱངས་སྐྱིད་ཀྱི་དྲ་རྒྱའི་ཐོག་ལ་ཡང་འདུག

དཔལ་བཟའ་ནོར་འཛིན་དབང་མོ་ལགས་ནི་ཕ་ཡུལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་། ལས་ཁུངས་ཁྱུང་ཆུ་རྫོང་ཁྲིམས་འཛིན་ཅུའུ་ནས་ཡིན་པ་དང་། མོ་ལོ་སུམ་ཅུར་སླེབས་ཙམ་རེད། སི་ཁྲོན་ཞིང་ཆེན་ནས་མི་ཡོང་སྟེ་། འབར་ཁམས་ནས་དེ་རིང་སོ་མ་ཁྲིམས་ཐག་བཅད་པ་རེད། ཉིན་ཁ་ཤས་ཀྱི་སྔོན་ལ་གྲྭ་བ་རེ་གཉིས་ལའང་ཁྲིམས་ཐག་བཅད་སོང་སྐད། ཡིན་ནའང་དེ་རིང་ཁོ་མོ་གཅིག་པུར་ཁྲིམས་ཐག་བཅད་པ་རེད་ཟེར། ཉེས་པ་བོད་དོན་སྐོར་དྲ་ཐོག་དང་ཁ་པར་ལས་ཕྱི་རྒྱལ་ལ་དྲིལ་བསྒྲགས་བྱས་སོང་ཟེར་བ་ཡིན་ཚོད་རེད།

གཤམ་གྱི་དྲ་གནས་ཐོག་ནས་ཞིབ་ཕྲའི་གནས་ཚུལ་ལེན་ཐུབ། གལ་ཏེ་རབ་བྱུང་ན་ཁྱེད་ཅག་གིས་འཇམ་དབྱངས་སྐྱིད་ཀྱི་ཡིག་ཆ་དེ་དག་ཚུར་ཧི་གཟུགས་དང་Unicode ལ་ཡིག་གཏགས་བྱས་ནས་ངེད་ཚོའི་དྲ་རྒྱའི་ཐོག་འབེབ་ཐུབ་ན་ཤིན་དུ་ལེགས།

http://www.tibetabc.cn/user1/jamyangkyi/archives/2008/2008113181128.html

གསར་འགྱུར།, བརྩམས་སྒྲུང་།

Post navigation

Previous Post: སྤྱི་སྨན་བསམ་ཚུལ་ཁ་ཤས།
Next Post: གྲྭ་འཇིགས་མེད་ཡང་སྐྱར་འཇིན་བཟུང་།

Comments (3) on “དཔལ་བཟའ་ནོར་འཛིན་དབང་མོ་ལགས་འཛིན་བཟུང་བྱས་ནས་ཁྲིམས་ཐག་ལོ་ལྔ་བཅད་འདུག”

  1. ཀླུ་སྨྱོན། says:
    2008-11-04 at 4:46 pm

    ཁོང་ཚོ་སྟག་འཛུམ་དྲུག་ཉི་ལེར་ཤི་གིན་འདུག
    ང་ཚོ་ཝ་རྔ་མ་ཤ་ལེར་འབྲོ་གིན་འདུག

  2. ཀླུ་ཡིས་དྲ་ཐོགནས་དྲངས says:
    2008-11-05 at 1:34 am

    ལོ་ལྔ་ཡི་ཁྲིམས་ཐག་བཅད་པ།
    ཟླ་བདུན་རིང་ལ་བཙོན་བཀག་གི་མནར་གཅོད་བཏང་བཏང་བའི་རྗེས་སུ། ཁྱོད་རང་གློད་བཀྲོལ་འདྲ་ཨེ་གཏོང་ལ་ངས་རྟག་ཏུ་རེ་ཞིང་འཁྲེང་བ་ཡིན། དེས་ངའི་སེམས་པ་ལ་མནར་གཅོད་རབ་དང་རིམ་པ་བཏང་ཡོང༌། མདང་དགུང་ཁྱོད་ཀྱི་ལས་གྲོགས་ཤིག་དང་ངེད་གཉིས་ཀྱིས་ཁྱོད་རང་བཙོན་ཐར་བྱུང་བར་ཐབས་ཤེས་གང་འདྲ་ཡོད་མིན་ལ་ཁ་ཏ་འདྲ་མིན་བྱས་པ་ཡིན། དེ་དུས་ངས་ད་དུང་ཁྱོད་གློད་བཀྲོལ་ཨེ་གཏོང་གི་རེ་བ་རྟ་རྔ་ཙམ་བཅངས་ཡོད། ཡིད་ཕངས་པ་ཞིག་ལ། དེ་རིང
    (2008.11.03)གི་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡས་མས་སུ་གྲོགས་མོ་ཁྱོད་ལ་ལོ་འཁོར་མོ་ལྔ་ཡི་ཁྲིམས་ཐག་བཅད་ཅིང༌། ཉིན་ཁ་ཤས་ཀྱི་རྗེས་སུ་ནང་ལོག་གི་བཙོན་ཁང་ག་གེ་མོ་ཞིག་ཏུ་འཁྲིད་རྒྱུ་ཡིན་ཚུལ་ཐོས་ལ། ཉིན་བཅུའི་རིང་ལ་གཉེན་མི་དང་ཐུག་འཕྲད་གང་ཡང་བྱེད་དུ་འཇུག་བཟོ་མེད་པའི་གནས་ཚུལ་ཡང་གོ་ཡོད། ཁྱོད་རང་སུམ་བཅུའི་ལོ་གྲངས་ལ་སླེབས་པའི་བཟང་སྒང་གི་དུས་འདི་དང༌། བུ་ལ་སློབ་གསོ་སྤྲོད་པའི་གནད་འགག་གི་ལྷུ་ཚིགས་འདིར། བདེན་དོན་ཞིག་གི་སླད་དུ་ཁྱེད་དང་ཁྱེད་འདྲ་བའི་དཔའ་བོ་དཔའ་མོ་རྣམས་ཕ་མར་ཁ་བྲལ་དང་བཟའ་ཟླར་ཡ་བྲལ། བྱིས་པ་དྭ་ཕྲུག་ཏུ་བསྐྱུར་ནས་རང་ཉིད་གཅིག་པུ་ལམ་ལ་ཆས་དགོས་བྱུང་ཡོད། ལོ་ལྔ་ནི་ཉི་མ་སྟོང་གཅིག་དང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔ་དང༌། དུས་ཚོད་བཞི་ཁྲི་སུམ་སྟོང་བརྒྱད་བརྒྱ་རེད། མི་ཚེ་ཞིག་གི་ཆེས་བཟང་ཤོས་ཀྱི་དུས་ཚོད་དེ་འདྲའི་ཡག་ཤོས་ཤིག་མུན་ནག་བཙོན་རྭ་ནས་བཏང་ན་ནི་ཇི་འདྲའི་ཡིད་རེ་ཕངས་ཨང༌། སྤྱིར་ན་དེ་ནི་ཁྱོད་ཅག་གི་གཟི་བརྗིད་ཡིན་ནའང༌། གཟི་བརྗིད་ཀྱི་ཆོ་ལོ་དེའི་ལྟག་རྒྱབ་ནི་སྨྲ་བརྗོད་ལས་འདས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་ཁྱེད་ཀྱིས་ཤེས། མྱོང་བ་དེས་ཁྱོད་ཀྱི་ལང་ཚོ་དང་བརྩེ་དུང༌། རྨི་ལམ་དང་འཚོལ་སྙེག་ལ་རྫོགས་ཚིག་མི་འབྲི་བའི་ངེས་པ་གཏན་ནས་མེད།
    གློ་དགའ་བ་ཞིག་ནི། ཁྱོད་ལ་བཙོན་དུ་འདུག་པའི་སྤོབས་པ་དང་བསམ་བློའི་གྲ་སྒྲིག་འདུག་ཟེར་བ་དེའོ།། དེ་ཡང་ང་ལ་མཚོན་ན་སེམས་གསོ་ཆེན་པོ་ཞིག་རེད། གྲོགས་མོ་ལགས། ཁྱོད་ཀྱིས་བློས་མི་ཐོངས་ས་དེ། རང་གི་ཁོང་གི་སྙིང་དང་དཔྲལ་བའི་མིག་ལྟར་གྱུར་བའི་བུ་ཆུང་ཤེས་རབ་ཅན་དོན་གྲུབ་རྡོ་རྗེ་ཡིན་ངེས་རེད། གལ་ཏེ་ཁྱེད་ཅག་རྣམ་པར་མོས་མཐུན་ཡོད་ན། ང་ལ་ཁྱོད་ཀྱི་བུ་ཆུང་རང་གི་བུ་བཞིན་སྙོར་བའི་བསམ་ཚུལ་རྣལ་མ་ཡོད། དེས་ཀྱང་མི་ཚད་དེ། ཁྱོད་རང་བདེན་པའི་ཆེད་དུ་བཙོན་ལ་འདུག་ཕོད་ན། ཁྱོད་ཀྱི་བུའང་རང་ག་བ་ཞིག་ཡིན་ག་ལ་སྲིད།

    ངས་ནམ་ཡང་ཁྱོད་དང་ཁྱོད་འདྲ་བའི་བོད་པ་རྣམས་སྙིང་ཁོང་རུས་པའི་གཏིང་ལ་བཟུང་ཡོད། (ཁམས་ཀྱི་བུ་རིག་པ་ཅན་ཚ་བ་མདའ་སྨྱུག་ལགས་ཀྱང་ཟླ་མང་པོའི་རིང་ལ་ཟིན་བྲིས་སུ་ཞུགས་མྱོང་མེད། དེ་བས་ཁོ་པར་དོན་དག་འདྲ་བྱུང་བ་ཨེ་ཡིན་ནམ་སྙམ་པའི་སེམས་བྱུང་རྒྱུན་དུ་སྐྱེས། དོན་དེ་ཧ་གོ་མཁན་འདྲ་ཡོད་ན། གནས་ཚུལ་དུས་ཐོག་ཏུ་བཤད་རྒྱུ་ནི་ངའི་རེ་བ་ཡིན།) དེ་རིང་གི་ཉི་མ་འདི་ངས་ཡིད་ཀྱི་ཟབ་ས་རུ་འཛིན་ངེས་ཡིན། གྲོགས་མོ། སྙིང་ཉེ་བའི་དབལ་བཟའ་ནོར་འཛིན་དབང་མོ་ལགས། ངས་མིག་ཆུ་རྡོག་མ་འགའ་ཡིས་ཁྱོད་ལ་སྐྱེལ་མ་བྱེད་རྒྱུ་ལས་ཐབས་གཞན་མེད་སོང༌། ཉམ་ཆུང་བའི་ངས་དངོས་གནས་ཅི་ཞིག་བྱེད་དགོས་མི་ཤེས།

    ཞོར་དུ་ཞུ་ཡ་ཞིག་ལ། གཅིག་ན། བུ་དོན་གྲུབ་རྡོ་རྗེ་ལ་ཁྱོད་རང་བཙོན་དུ་བསྡད་པའི་གནས་ཚུལ་དེ་བཤད་ན་འགྲིག་སྙམ། གཉིས་ན། ངས་བཤད་མྱོང་བའི་སྐད་ཆ་སྟེ་དོན་གྲུབ་རྡོ་རྗེ་ལ་བོད་ཡིག་ཡག་པོ་སྦྱོང་དུ་བཅུག་ན་འགྲིག་བསམ།
    མཇུག་མཐར། ཁྱེད་ཀྱི་ལུས་ལ་ན་བ་དང་ཚེ་ལ་བར་ཆད་མི་ཡོང་བ་ནི་ངའི་སྙིང་ཁོང་གི་རེ་བ་གཅིག་པུ་ཡིན།
    སྨིན་དྲུག་ནས། 2008.11.03

  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2008-11-06 at 4:35 am

    གཞིས་ལུས་ཚོ་ཕ་ཡུལ་དང་ཕ་ཡུལ་གྱི་མི་དམངས་ཆེད་མགོ་བོ་ཁྲག་གིས་བརྫིས་ནས་འཆི་བཞིན་ཡོད།
    བྱེས་འབྱོར་ཚོ་རང་ཉིད་དང་རང་ཉིད་ཀྱི་བུ་ཕྲུག་ཆེད་ཕྱི་སྐྱོད་ལག་འཁྱེར་སེར་པོ་སྔས་མགོ་བྱས་ནས་འཆི་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme