Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོའི་ཕྲིན་ལས།

Posted on 2015-12-172015-12-17 By ཁ་བརྡ 2 Comments on དཔལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོའི་ཕྲིན་ལས།

ཨེ་མ་ཧོ།

 
དཔལ་གསང་ཆེན་སྔ་འགྱུར་བའི་མ་དགོན་དྲུག་དང་ཆོས་སྡེ་གཉིས་ཞེས་ཡོངས་སུ་གྲགས་པ་ལས། ཆོས་སྡེ་ཆེན་པོ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོ་ནི། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ 1745-1821 ལུང་བསྟན་ཚིག་རྐང་བདུན་གྱི་དོན་གསལ་བྱེད་སྒྲོན་མེའི་འོད་སྣང་།

ན་མོ་གུ་རུ་ཨ་བྷྱ་ལཀྵཾ་ཀ་ར་ཡེ།
གསེར་རྔ་དམ་ལྷ་ཡི་བླ་ལུང་དུ།།
དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན།།
འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ།།
ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ།།
ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག།།
འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ།།
དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད།།

ཅེས་བགྲང་བྱ་བརྒྱ་ཕྲག་ལྷག་གི་གོང་རོལ་ནས་ཕེབས་པའི་རྡོ་གྲུབ་ཀུན་བཟང་གཞན་ཕན་ཞེས་དུས་གསུམ་སྒྲིབ་མེད་གཟིགས་པ་གང་གི་མ་འོང་ལུང་བསྟན་ཚིག་རྐང་བདུན་པོ་འདི་ཞལ་ཤིན་ཏུ་གསལ་བས་འགྲེལ་བཤད་མ་བྱས་ཀྱང་གཞན་སུ་ལའང་འཁྲུལ་ས་མེད་པ་གོ་སླ་མོད། ཁ་ཅིག་གིས་ངག་ཐོག་ནས་ལུང་ཚིག་བསྐྱར་ཟློས་ལྟ་བུར་བྱས་ཀྱང་དོན་གསལ་བོར་ངེས་མེད་མཁན་ཡང་ཡོད་པར་སྣང་བས་དེ་དག་གི་སླད་དུ་རང་བློས་དཔོག་ཚུལ་ཅུང་ཙམ་བཀྲལ་ན། འདི་ནི་བདག་ཅག་གི་བླ་མ་དམ་པ་ཉིད་ལུང་གིས་ཟིན་པ་ཡིན་པར་གསལ་བོར་ངེས་ནུས་ཏེ།

ཚིག་རྐང་དང་པོས། གནས་ཕུན་སུམ་ཚོགས་པ་གསེར༵་ཁོག་གི་རྔ༵་ལ་སྟག་རྩེ་དང་། དམ༵་ཅན་གནས་རི་གཉིས་ཀྱི་བར་དུ་ཆགས་པ་གནས་བདག་འཛི་ཆེན་ཤིང་གི་ལྷ༵་མོས་བདག་གིར་བྱས་པའི་ས་ཡི༵་ཆ་གསེར་ཐང་བླ༵་རུང་གི་ལུང༵་པ་དངོས་སུ་བསྟན།

12375963_1659586940989901_1934458089797801741_n

ཚིག་རྐང་གཉིས་པས། སྟོན་པ་ཕུན་སུམ་ཚོགས་པ་དཔལ༵་ཨོ༵་རྒྱན༵་གྱི༵་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ༵་པ༵་༸ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས༵་མེད༵་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ཞེས་མཚན༵་སྙན་གྱི་ཅོད་པན་ས་གསུམ་ན་མངོན་པར་གཡོ་བའི་མགོན་དེ་གསལ་བར་བསྟན།

ཚིག་རྐང་གསུམ་པས། འཁོར་ཕུན་སུམ་ཚོགས་པ་སྟོད་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བའི་འདུས་སྡེ་དང་། བར་བདུད་ལས་རྣམ་རྒྱལ་གླིང་དང་པདྨ་མཁའ་འགྲོའི་འདུ་གླིང་གི་འདུས་སྡེ། སྨད་ལེགས་ཚོགས་ཆར་འབེབས་གླིང་གི་འདུས་སྡེ་སྟེ་ཆོས་སྡེ་ཁག་བཞིའི་འཁོར༵་རྣམ༵་པ་བཞི༵འི་བྱང༵་ཆུབ་སེམས༵་དཔའ་དང་སེམས་མའི་སྡེ༵་ཚོགས༵་གསལ་བར་བསྟན།

ཚིག་རྐང་བཞི་པས། ཆོས༵་ཕུན་སུམ་ཚོགས་པ་མ་གི་འཇིག་རྟེན་ལྷ་མིའི་ཐེག་པ་ནས་ཡ་གི་འོད་གསལ་རྡོ་རྗེ་རྩེ་མོའི་ཐེག་པའི་བར་མདོ༵་སྔགས༵་ཀྱི༵་བསྟན༵་པ༵་ཡོངས་རྫོགས་ཉི༵་མ་ཤར་བ་བཞིན༵་གསལ༵་བར་མཛད་ཅེས་བསྟན།

ཚིག་རྐང་ལྔ་པས། དུས་ཕུན་སུམ་ཚོགས་པ་སྐྱབས་མཚུངས་མེད་བླ་མའི་བསྟན་པའི་གནས་ཚད་ནི། ཁོང༵་འགྲོ༵་དོན༵་ས༵་བརྟན༵་སྤོ༵་ལ༵་རེག༵་ཅེས་ས་ཆེན་པོ་འདི་ཡུན་དུ་བརྟན་ན་རྗེ་བླ་མ་ཁོང་གི་ཆོས་སྡེ་འདིའི་བསྟན་པའང་དེ་དང་འདྲ་བར་གནས་ཞེས་བསྟན།

ཚིག་རྐང་དྲུག་པས་མགོན་བླ་མའི་མཛད་པ་རྣམ་དཀར་འཕྲིན་ལས་ཀྱི་ཁྱབ་རྒྱ་ནི་འཁོར༵་དག༵་པའི༵་གདུལ༵་བྱ༵་ཕྱོགས༵་བཅུར༵་ཁྱབ༵་ཅེས་འཛམ་གླིང་ཤར་ནུབ་སོགས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་བསྟན་པའོ།།

ཚིག་རྐང་བདུན་པས། དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད་ཅེས་མཚུངས་མེད་ཆོས་རྗེ་བླ་མ་དེར༵་དངོས་སམ་བརྒྱུད་པས་འབྲེལ༵་བ་ཐོགས་ཚད་ཀུན༵་ནུབ་བདེ༵་ཆེན༵་ཞིང་གི་ས༵་ལ༵་འགོད༵་ཅིང་བཀོད་ནས་རྫོགས་སྨིན་སྦྱང་བ་མཐར་ཕྱིན། བཟང་འབྲེལ་ཚེ་གཅིག་སངས་རྒྱས་ངན་འབྲེལ་འཁོར་བ་མཐའ་ཅན་དུ་གྱུར་ནས་འབྲེལ་ཚད་དོན་དང་ལྡན་པར་བསྔགས་པའོ།།

དེ་ལྟར་ཚིག་རྐང་བ་བདུན་པོས། རྗེ་གང་གིས་ཕྱག་བཏབ་མཛད་པའི་ཆོས་ཀྱི་སྡེ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་འདིའི་ཕུན་སུམ་ཚོགས་པ་ལྔ་དང་། འཕྲིན་ལས་ཀྱི་ཁྱབ་རྒྱ་འབྲེལ་ཚད་དོན་དང་ལྡན་པར་བསྟན་པའོ།།

༸ཆོས་རྗེ་ཉི་མ་ཞིང་གཞན་གཤེགས་ན་ཡང་།།
འཕྲིན་ལས་ཉི་མའི་འོད་སྣང་ཉམས་པ་མེད།།
ཞིང་འདིར་རྒྱལ་བསྟན་པད་ཚལ་ཇི་སྙེད་ཅིག།
བཞད་པ་དེ་ནི་ཁྱེད་ཀྱི་བཀའ་དྲིན་ལགས།།

ཞེས་སྔར་ལོ་བྲིས་པའི་རྗེས་དྲན་ཚིགས་བཅད་དང་བཅས་པ་འདི་ནི་༸ཆོས་རྗེ་བླ་མ་ཡབ་སྲས་བརྒྱུད་པར་བཅས་པའི་བཀའ་དྲིན་བསམ་མི་ཁྱབ་པས་བསྐྱངས་པའི་གུས་འབངས་གང་བསམ་ལྷུན་གྲུབ་ཏུ་འབོད་པས་ཤིང་ལུག་ཟླ་༣ ཚེས༡༢ ཉིན་རང་གནས་དད་གསུམ་སྤྲིན་ཕུང་འཁྲིགས་པའི་ལྡིང་ཁང་ནས་གུས་ཕུལ། མངྒ་ལམ།

ངོ་སྤྲོད།

Post navigation

Previous Post: ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན་གནས་སྐབས་སྒོ་རྒྱག་རྒྱུ་ཡིན།
Next Post: རྨོངས་པ་ཡུལ་བུད་ཀྱི་གཏམ་སེངྒེའི་ང་རོ་ཞེས་བྱ་བ།

Comments (2) on “དཔལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོའི་ཕྲིན་ལས།”

  1. འཕྲུལ་གྱི་བཙན་པོ། says:
    2015-12-18 at 12:37 am

    ཆོས་ཕྱོགས་ལ་དགག་པ་བརྒྱབ་པ་མིན་ཡང་། སེམས་ལ་འདི་ལྟར་དྲན་སོང་། ཞུ་ཆོག་པར་གྱིས། བོད་ལ་སྐྱེས་ཆེན་ཆེ་གེ་མོ་དང་དགོན་སྡེ་ག་གེ་མོའི་རླུང་རྟ་དགུང་དང་མཉམ་དུས་ཅིག་ཅིག་གི་ལུང་བསྟན་ལས་ཅིག་གི་སྤྲུལ་བ་ཡིན་ཚུལ་དང་མུག་མུག་གི་ལུང་བསྟན་ལས་མུག་གི་སྤྲུལ་བ་ཡིན་ཚུལ་ཟེར་ཀི ཡིན་ཡང་འཛམ་གླིང་གི་མི་སྣ་གྲགས་ཅན་དེ་ཚོའི་བླ་མེད་ཀྱི་བསམ་བློ་དང་བློ་གྲོས་ལས་འགྲོ་བ་མིའི་རིགས་སྤྱི་དང་འཛམ་གླིང་གི་ཁ་ཕྱོགས་བསྒྱུར་བ་དེ་དག་སུ་ཡིས་ལུང་བསྟན་དང་སུ་ཡི་སྤྲུལ་བ་རེད། ད་དུང་བོད་ཆེན་པོའི་ཆགས་འཇིག་ལ་ཐུག་དུས་དེ་ལས་སྐྱོབ་པའི་ཐབས་ཤེས་ཀྱི་ལུང་བསྟན་འདྲ་གསུང་གིན་མི་འདུག་གཱ དངོས་གནས་བཤད་ན་རྐྱེན་འདི་འདྲ་ཞིག་བརྟེན་ནས་ཆགས་འཇིག་འདི་ལྟར་ཡོང་ན་ཐབས་ལམ་འདི་འདྲ་ཞིག་གིས་དེ་ཟློག་ནས་བོད་རྒྱལ་ཁབ་སྐྱོབ་ཐུབ་པའི་ལུང་བསྟན་གསུང་མཁན་མེད་པ་ཡ་མཚན།

  2. པདྨ says:
    2015-12-18 at 4:51 am

    དཔལ་བླ་རུང་ཆོས་སྒར་ལྟ་བུ་འཛམ་གླིང་ན་དཀོན་པ་འདྲ་ང་ཚོ་བོད་ཀྱི་བསོད་ནམས་མ་ཡིན་ནམ། ལུང་བསྟན་དེ་ཡང་ཤིན་ཏུ་གསལ་བོ་འདུག་བཀའ་དྲིན་ཆེ་ཨེ་མ་ཧོ།
    སྤྱིར་ན་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།ཞེས་གུ་རུ་རིན་པོས་བོད་མི་ལས་ངན་དང་ཕྱོགས་རིས་ལྟ་བས་བོད་འདི་ཕུང་བར་གསལ་བོ་ལུང་བསྟན་པའི་གེགས་སེལ་བོད་མིས་མ་སྒྲུབ་ནས་བོད་ཁམས་འདི་ལ་ཐུག་པ་རེད། མཐར་ མཐའ་མ་བོད་འདི་འདི་རྒྱ་ཡི་འོག་ཏུ་འགྲོ།ཞེས་ལུང་གསལ་གསལ་ཡོད་ཀྱང་་་་བོད་རེ་བས་ཕུང་ཟེར་བ་བཞིན་དུ་བོད་མིའི་སྒྲིག་འཛུགས་སུ་བརྐུན་ཁྲམ་པ་དུ་མས་བོད་མི་ནང་ཁུར་གསོན་བསྲེག་བྱས་ཀྱང་འཛུམ་མོ་ལེ་དཔའ་བོ་དང་རྒྱལ་ཞེན་སོགས་ཐ་སྙད་ལོག་འབྲེལ་དེ་ཚོ་བསམ་ན་བོད་རང་གིས་རང་བརླགས་པ་སུ་ཡིས་བཅོས་དེ་བཅོས་ཐབས་བྲལ། ཁ་ནས་རིས་མེད་དང་མཐུན་སྒྲིལ་དགོས་ཟེར་ནས་དོན་དངོས་མ་ཀརྨ་རྫུན་མ་པན་ཆེན་རྫུན་མ་ཆོས་རྗེ་རྫུན་མ་སྤྲུལ་སྐུ་རྫུན་མ་ཚོགས་གཙོ་རྫུན་མ་སོགས་རྫུན་རྐུ་ཁྲམ་པ་ཁྲེལ་མེད་ཚོ་ལ་ངོ་སོ་འདོན་པའི་སྐབས་སུ་བོད་སྡུག་པའི་དུས་ལ་བབས་པ་རེད་ཀོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme