Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་༧རྒྱལ་བ་ཇོ་ནང་པའི་ལས་འགུལ་བ་ཡོངས་ལ།

Posted on 2015-09-202015-09-20 By ཁ་བརྡ 12 Comments on དཔལ་༧རྒྱལ་བ་ཇོ་ནང་པའི་ལས་འགུལ་བ་ཡོངས་ལ།

ཤར་ཕྱོགས་ཁུག་རྟ།

 
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ཚོགས་སྟེང་དཔལ་རྒྱལ་བ་ཇོ་ནང་བ་འདི་བཞིན་ཆོས་བརྒྱུད་གཞན་ལྟར། རང་རྐང་ཚུགས་པའི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པ་ཐག་གཅོད་གསལ་བོ་གནང་བ་བཞིན། སྤྱིར་ཆོས་བརྒྱུད་ཆེན་པོ་དང་རིས་མེད་ཆོས་ཚོགས་ཟེར་བ་ལྟ་བུ་དེང་སྤྱོད་སྒོ་ཆེ་བའི་ཐ་སྙད་ཁག་ཅིག་ལ་གསལ་འགྲེལ་དེ་ཙམ་བསྐྱོན་རྒྱུར་ལུང་རིག་གང་ནས་ཀྱང་ཡིད་ཆེས་འཕེར་བ་ཞིག་མེད་ཀྱང་། བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་སྟེ་དོན་གྱི་བདག་པོ་ཚོས་རང་རྐྱ་འཕེར་བའི་ཆོས་བརྒྱུད་ཅིག་ཡིན་པར་ཚིགས་སུ་བཅད་པ་ནི་མཚུངས་ཟླ་བྲལ་བའི་ཐག་གཅོད་ཅིག་རེད།

མ་འོངས་བོད་ཀྱི་མདུན་ལམ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཅི་བྱུང་བཤད་ཚོད་མ་ཐིག་པ་ཞིག་ཡིན་ནའང་། ད་ལམ་ཞི་རྒོལ་བ་མགོ་དམངས་ཡོངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ པའི་ནང་གསེས་ཁ་བའི་ནང་། དཔལ་༧རྒྱལ་བ་ཇོ་ནང་པ་སྣོན་འཇུག་གིས་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ཁྲིམས་ཐོག་གི་ཐོབ་ཐང་འདྲ་མཉམ་དགོས་པའི་རེ་འདུན་བཏོན་པ་ནི་དོན་ལ་གནས་ཤིང་། མ་འགྲུབ་ན་མི་ཆོག་པ། སྔ་ཕྱི་མ་གཏོགས་འགྲུབ་ངེས་པའི་རེ་འདུན་ཞིག་ཀྱང་རེད།

འོན་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་ཆབ་སྲིད། མི་མང་གི་བདེ་སྡུག་སོགས་ཐད་ཀར་གཞུང་གཞན་སྤྱི་མཚུངས་ལྟར། དཔལ་ལྡན་བཀའ་ཤག་ལྷན་རྒྱས་ཀྱི་ཐུགས་འགན་དང་་འབྲེལ་སྟབས། ཞི་རྒོལ་གྱི་གདོང་གཏོད་ས་དང་རེ་འདུན་ཞུ་ཡུལ་དཔལ་ལྡན་བཀའ་ཤག་ཡིན་སྟབས། གྲོས་ཚོགས་ནང་དཔལ་ལྡན་བཀའ་ཤག་བརྒྱུད་སྙན་སྒྲོན་ཐུབ་ན་ཕྱོགས་གང་ཅིར་དགེ་མཚན་ཆེ་ཤོས་སུ་མཐོང་ལ། མང་གཙོའི་འགྲོ་ལུགས་དང་མཐུན་པ་མ་ཟད། སྲིད་དོན་ཚོགས་པ་མེད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ལམ་ལུགས་དང་ཡང་ཤིན་ཏུ་འོས་འཚམས་སུ་མཐོང་།
བཀའ་ཤག་རང་ངམ་ཡང་ན་བཀའ་ཤག་གིས་གྲོས་ཚོགས་སུ་སྙན་གསེང་ཞུས་པ་ལ་བརྟེན་ནས། གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་བདེན་ལུགས་ར་སྤྲད་པ་ཡིན་ན། ད་གཟོད། གྲོས་ཚོགས་ནང་རྒྱབ་སྐྱོར་མི་གནང་བའི་སྤྱི་འཐུས་རེ་རེའི་དམིགས་ཡུལ་ཅི་ཡིན་བོད་མི་མང་གིས་གསལ་བོར་ཤེས་རྟོགས་ཐུབ་ནུས་ཤིང་། སྐབས་དེ་མཚམས་བདེན་པ་ནུས་མེད་དུ་གཏོང་ན། རེ་འདུན་ལས་འགུལ་ཡང་བབ་གཟིགས་གནང་སྟེ་སྤེལ་རྒྱུ་ལས་ལམ་ཁ་གཞན་མ་གནང་བ་རེད།

ཞི་རྒོལ་སྐབས་༧དཔལ་ལྡན་ས་སྐྱ་བའི་སྤྱི་འཐུས་དགེ་བཤེས་ཀ་ཟི་ཚེ་རིང་པོ་ལགས་ལ་༧གོང་ས་མཆོག་དང་༧གོང་མ་རིན་པོ་ཆེའི་བཀའ་ཡིག་སྤྲོད་རྒྱུ་ལས། ༧གོང་མ་རིན་པོ་ཆེ་མཆོག་གི་བཀའ་ཡིག་གིས་ས་སྐྱའི་ངོ་ཚབ་མཚོན་གྱི་ཡོད་མེད་ཐད་སླར་ཡང་༧གོང་མ་རིན་པོ་ཆེར་གསེར་སྙན་སྒྲོན་འབུལ་གྱིས། ༧གོང་མ་རིན་པོ་ཆེའི་བཀའ་ཡིག་དང་སྐྱའི་སྤྱི་འཐུས་གཉིས་ཀྱི་དགོངས་ཚུལ་བར་མི་མཐུན་པ་དང་མཐུན་ས་བཙལ་འཚོལ་འཁྲུན་ཐག་གཅོད་དགོས་པ་དེ་སྐབས་སུ་བབས་པའི་འོས་འགན་གཙོ་བོར་མཐོང་བས། ད་ཐེངས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་བརྩི་བཀུར་བྱས་ཏེ་ཟས་བཅད་དང་ལས་འགུལ་ཉིས་ཀ་གནས་སྐབས་མཚམས་འཇོག་ཅི་ནས་ཀྱང་ཡོང་བ་ཞུ།

ཞོར་དུ་ཞུ་འདོད་པ་ཞིག་ནི། མ་འོངས་པར་སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ནི་རིས་མེད་ཆོས་ཚོགས་སྟེང་བོད་ཀྱི་༧བསྟན་སྲིད་སྤྱི་ལ་དགོངས་བཞེས་ཀྱིས་ཐག་གཅོད་གནང་བའི་ལམ་སྟོན་དང། གྲོས་ཆོད་སྟེང་ཐེ་ཚོམ་མེད་པར་ཕེབས་ཐུབ་མཁན་ཞིག་ཡོང་ཐུབ་པའི་རེ་བ་དང་སྦྲགས། བཙན་བྱོལ་བོད་མི་ཚོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་ཕྱོགས་ལ་འདོད་པ་མ་ཁེངས་པའི་ཞི་རྒོལ་སོགས་སྤེལ་ཕྱོགས་ཐད། ༼ལས་འགུལ་སྤེལ་ཕྱོགས་ཀྱི་ཆོག་མཆན་སྒྲིག་གཞི་༽ཞིག་ཀྱང་ངེས་པར་བཟོ་དགོས་གལ་དུ་མཐོང་ལ། བོད་མིའི་གཞིས་ཆགས་དང་བོད་རིགས་ཚོགས་པ་སོགས་གང་དུ་རང་གཞུང་གི་བྱེད་ཕྱོགས་ལ་མ་འདོད་པའི་ལས་འགུལ་སྤེལ་སྐབས། ཐོག་མར་ངེས་པར་དུ་ས་གནས་དེའི་གཞིས་མགོ་དང་དོན་གཅོད་ལ་ཆོག་མཆན་ཞུས་ཏེ། ལས་འགུལ་སྤེལ་སའི་དུས་ཚོད་དང་དུས་ཡུན། ས་གནས་བཅས་པ་ཆོག་མཆན་བརྒྱུད་ཐོབ་དགོས་པ་ཞིག་མ་བཟོས་ན། མི་མང་ནང་གོ་བ་ལོག་པ་དང་། དངོས་དོན་མ་རྟོགས་པའི་བརྡབ་གསིག་ཀྱང་འགྲོ་ཉེན་འདུག་པ་ནི་ཟུར་ལྟོས་ལེབ་མཐོང་རེད་འདུག

༢༠༡༥། ༩། ༢༠། བྷེང་ལོར་བསྐྱོད་པའི་ལམ་བར་མེ་འཁོར་ནང་བྲེལ་སྟབས་ཀྱིས།།

འཕྲིན་ཡིག

Post navigation

Previous Post: ཆོས་བརྒྱུད་སྤྱི་འཐུས་ག་རེ་བྱས་ནས་དགོས་སམ།
Next Post: མི་རྐྱང་དང་གཉེན་སྒྲིག་གི་འཚོ་བ་གླེང་བ།

Comments (12) on “དཔལ་༧རྒྱལ་བ་ཇོ་ནང་པའི་ལས་འགུལ་བ་ཡོངས་ལ།”

  1. ཇུང་ཏོག་ says:
    2015-09-20 at 9:03 am

    འགན་མེད་འགན་འཁུར་དང་ཇུས་མེད་ཇུས་གཏོགས་མ་རེད་དམ་།ཧཧཧ

  2. ཡར་ཁམས་ཁྲི་རྒྱལ། says:
    2015-09-20 at 3:44 pm

    བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པ་གསུང་བའི་ཚིག་གི་ངོ་གདོང་ལ་བལྟས་ན་གཡུང་དྲུང་བོན་ཆོས་དེ་བོད་ཀྱི་ཆོས་བརྒྱུད་ཁོངས་སུ་གཏོགས་ཀིན་མེད་པར་བསྟན་འདུག རྗེས་སུ་འདི་འདྲ་བཤད་མ་ཡོང་ཨ།

  3. ཆོས་འཕེལ་དར་རྒྱས་ says:
    2015-09-20 at 6:25 pm

    ཇོ་ནང་ཚང་གིས་ཤར་ཁུག་སྤྱི་འཐུས་ལ་བཀོད་རོགས་ཟེར་བ་ཟུར་ནས་བྱུང་བའི་གཏམ་རེད།།

  4. ཚ་སྒང་ཕོ་ཉ། says:
    2015-09-21 at 12:38 am

    ཤར་ཁུག་ལགས་ཐེངས་འདིར་ཇོ་ནང་ཆོས་རྒྱུད་ཀྱི་སྤྱི་འཐུས་ལྷན་ཚོགས་ལ་ངོ་རྒོལ་གྱི་གནད་དོན་ལ་སེམས་ཁུར་ཡོད་མདོག་མ་བྱེད་རང་བྱེད་རེད། རྒྱུ་མཚན་ནི་ཤར་ཁུག་ལགས་ལ་འོས་ཀྱི་རྒྱབ་སྐྱོར་དགོས་པས་སོ། སྐབས་འཚོལ་བ་ཟེར་བ་འདི་ལྟ་བུ་ལས་གཞན་བཙལ་ཡང་རྙེད་དུ་མེད། ད་དུང་ངོ་རྒོལ་བྱ་ས་བཀའ་ཤག་ཡིན་དགོས་ལབ་པ་འདི་ནི་ཁོང་གི་ལོ་ངོ་བཞིའི་རིང་མངོན་ལྐོག་ཅི་རིགས་ནས་གཞི་མེད་སྐྱོན་བརྗོད་བྱ་ས་དེ་ཡིན་པས། རང་ལ་རྒྱབ་སྐྱོར་ཞིག་བཙལ་ཐབས་ཀྱི་བསམ་པ་ཞིག་ཀྱང་ཞོར་ནས་བྱ་བཞིན་ཡོད་པ་ཕྱི་གསལ་ནང་གསལ་མ་རེད་དམ།

  5. ལྷ་སྲས་དར་མ། says:
    2015-09-21 at 5:46 am

    ཡང་དེ་རིང་ཤར་ཁུག་སློང་བ་ཞིག་རྫུས་ནས་བྷེང་ལོར་ལ་ཕེབས་སོང་།

  6. སྤོབས་པ་མཐའ་ཡས། says:
    2015-09-21 at 7:13 am

    ཇོ་ནང་པ་ལ་ཡང་དང་བླངས་ཆབ་སྲིད་སློབ་སྟོན་པ ཞིག་ཐོན་བྱུང་། བཀྲ་ཤིས་བདེ་ལེགས་ཞུ།

  7. ཇུང་ཏོག་ says:
    2015-09-21 at 8:02 am

    ཤར་ཁུག་ག་ཚོད་ཁྲབ་ཀྱང་མདོ་སྨད་སྤྱི་འཐུས་ལ་ཁག་སོང་ངོ་།

  8. རྡོ་སེངྒེ། says:
    2015-09-21 at 8:18 am

    བཙན་བྱོལ་གཞུང་འདི་མང་གཙོའི་གཞུང་ཞིག་དང་མི་རྣམས་ཀྱིས་འདྲ་མཉམ་གྱིས་རང་དབང་ལོངས་སུ་སྤྱོད་ཀིན་ཡོད་པ་བསྒྲགས་དང་སྒྲོག་བཞིན་ཡོད་མོད། དོན་དངོས་ཐོག་ཕྱོགས་ཞེན་དང་རྙིང་ཞེན་གྱི་
    དོང་རིང་ཞིག་ནང་ལྷུངས་ནས་ཡར་འབུད་ཐུབ་ཀྱི་མེད། འདིར་ཅིག་ལྟོས་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་གཡུང་དྲུང་བོན་འདི་ལོགས་སུ་བཀར་ཡོད།
    ཅིའི་ཕྱིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཞེས་མ་བརྗོད་པ་ཡིན་ནམ། ཡང་ན་ཇོ་ནང་ཆོས་བརྒྱུད་ཀྱང་ཁུངས་སུ་ཚུད་པ་བྱས་ནས་ཆོས་བརྒྱུད་ཆེན་པོ་དྲུག་ཅེས་མ་བརྗོད་དམ། བཙན་བྱོལ་ནང་བོད་པས་བོད་པ་ཚོར་འདྲ་མཉམ་དང་ཐོབ་ཐང་སྤྲོད་ཀི་མེད། དགྱ་རོ་ཚང་གིས་ང་ཚོར་ག་བ་སྤྲོད་ཀི་རེད།

  9. དྲན་དཀར་དཔལ་ཡོན་ says:
    2015-09-21 at 8:46 am

    ཆོས་བརྒྱུད་གང་ཞིག་ལ་ཨ་མདོ་བས་ཁྱབ་ན་ཨ་མདོ་བའི་མཐུས་མི་ལས་གཞན་མི་དགོས་ཏེ། ཨ་མདོ་རྔ་བ་བཞིན། ཇོ་ནང་བའི་ལས་འགུལ་བ་ལ་ཨ་མདོའི་བའི་ཁྱབ་བོ། མདོ་སྨད་ཆོལ་ཁར་ཇོ་ནང་བའི་རྐུབ་བགྱག་མེད་དོ། མདོ་སྨད་ཆོལ་ཁར་དམངས་གཙོ་ཡོད་དོ།

  10. ཚེ་རིང་བསམ་གྲུབ། says:
    2015-09-21 at 12:45 pm

    གྲྭ་པས་སྲིད་བསྐྱངས་ན། ཡོང་རྒྱུ་འདི་རེད། ཆོས་བརྒྱུད་གྲུབ་མཐའི་ཇུས་ཏོག་ཀྱང་མགོ་ནག་སྲིད་ཀྱི་གྲོས་ཚོགས་ནང་དུ་ཐག་གཅོད་བྱ་དགོས་འདུག མ་འོངས་པར་དགོན་སྡེའི་མཁན་པོ་བསྐོ་བཞག་དང་། བླ་སྤྲུལ་བཙལ་འཚོལ། དགོན་སྡེའི་བཅའ་ཡིག་སོགས་ཚང་མ་གྲོས་ཚོགས་ཀྱི་ལས་ཀ་ཆགས་ས་རེད། ད་རྒྱལ་བསྟན་ཁོག་ནས་རུལ་རྒྱུའི་སྔ་ལྟས་ནི་མིན་ལས་ཆེ།

  11. བླ་མ། says:
    2015-09-22 at 2:10 am

    བརྒྱ་བཤད་སྟོང་བཤད་ཀྱང་ཆོས་ལུགས་ཀྱི་སྤྱི་མཐུས་རྩ་བ་ནས་དགོས་ཀྱི་མི་འདུག། རྒྱ་དམར་མ་སླེབས་བར་དུ་ཆོས་ལུགས་ཀྱི་སྤྱི་མཐུས་གཅིག་ཀྱང་མེད་ཀྱང་། བོད་དུ་བསྟན་པའི་བྱ་བ་སྤེལ་མི་ཐུབ་པ་གོ་མ་མྱོང་།། ཆོས་ལུགས་དར་སྤེལ་ཆེན་པོ་ཕྱིན་ཡོད།། འོན་ཀྱང་མི་དམངས་ལ་དབང་ཆ་མེད་པར་མི་དམངས་གི་ཤེས་ཡོན་དང་། དཔལ་འབྱོར་སོགས་སྐུ་དྲག་འགའ་ཤས་ཀྱི་དབང་འཛིན་འོག་དར་སྤེལ་རྩ་བ་ནས་འགྲོ་ཐུབ་མེད། དེར་རྟེན་མི་མང་གི་བདེ་སྡུག་དང་། དཔལ་འབྱོར། ཆབ་སྲིད་སོགས་མི་གཅིག་གཉིས་ཀྱི་ལག་པ་མ་ཡིན་པར། མི་ཚང་མས་འགན་འཁུར་ལེན་དགོས་པའི་སྤྱི་མཐུས་ངེས་པར་དགོས་ངེས་ཡིན།། སྤྱི་མཐུས་ཞེས་པ་ནི་རྒྱལ་ཁབ་དང་མི་མང་གི་བདེ་སྡུག་དྲང་པོར་གནས་དགོས་པའི་འཇིག་རྟེན་པའི་སྲིད་ཀྱི་བྱ་བ་དགོས་ངེས་ཡིན།།

  12. ཁ་བའི་རྒྱང་ཕྲུག says:
    2015-09-22 at 5:08 am

    ཤར་ཕྱོགས་ཁུས་རྟས་རྩོམ་ཡག་པོ་ཞིག་བྲིས་འདུག་ཀྱང་། འགན་ཁུར་མེད་པའི་མཆན་བུ་བ་དག་མང་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme