Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་མོ་རྟ་མགྲིན་མཚོའི་གནས་ཚུལ་ཁ་སྣོན།

Posted on 2012-11-072012-11-07 By ཁ་བརྡ་ 3 Comments on དཔའ་མོ་རྟ་མགྲིན་མཚོའི་གནས་ཚུལ་ཁ་སྣོན།

གནས་ཚུལ་མཁོ་གཏོང་བ། བསོད་ནམས།

ཕྱི་ལོ་2012/11/7 སྟེ་དེ་རིང་དགོང་དྲོའི་བོད་ནང་གི་ཆུ་ཚོད་༥ པ་ཡས་མས་ཤིག་ལ་ཨ་མདོ་རེབ་གོང་མདོ་བ་སྒྲོ་རོང་བོ་སྡེ་བའི་རུ་ཁག་བཞི་པའི་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོའམ་གཅེས་མིང་ལ་ཨ་མ་མཚོ་མོ་རང་ལོ་༢༣སོན་པ་ཁོང་གིས་དཀར་དམར་ཐང་སྐྱིད་ལོང་སེལ་དགུན་ས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག དཔའ་མོ་རྟ་མགྲིན་མཚོའི་ཨ་ཁུས་བརྗོད་ན་མོ་རང་གིས་ལོ་སྔོན་མ་ནས་ཤ་བཅད་ཡོད་པ་རེད། ཤ་གཅོད་དགོས་པའི་རྒྱུ་མཚན་ནི་བོད་མི་རིགས་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཡིན་པ་དང་། ད་དུང་ཁོ་མོས་ད་ང་ཚོ་བོད་མི་འདི་རིགས་ཚར་ཐལ། ང་ཚོ་བོད་མི་ཚང་མས་ཤུགས་མ་བརྒྱབ་ན་དཀའ་རྒྱུ་རེད། འདི་ལྟར་དུས་རྒྱུན་ཁ་ནས་མ་ཎི་འདོན་པ་ལྟར་ཡང་ཡང་བཤད་ཀྱི་འདུག་ཟེར་བ་དང་། ད་ལོ་དབྱར་ཁ་ནས་ཨ་མ་ང་རོང་བོ་དགོན་པ་ནང་དུ་འགྲོ་ན་འདོད་ཀི་ཞེས་ཨ་མ་ལ་ཡང་ཡང་ཞུས་པས་ཨ་མས་འགྲོ་མི་དགོས་ལབ་ནས་ཕྱིན་ཐུབ་མི་འདུག ནམ་རྒྱུན་ཁྱིམ་ཚང་སྡོད་ས་དཀར་དམར་ཐང་ཟེར་བ་ཡིན་པ་དང་། རོང་བོ་༧ཤར་སྐལ་ལྡན་རྒྱ་མཚོའི་དུས་དབང་གསུང་སའི་ས་ཆཪ་ཁེལ་ཡོད། དེ་རིང་ཁྱིམ་ནས་དགུན་སར་མོ་རང་གི་གཅུང་བོ་ལྷ་མོ་སྐྱབས་མཉམ་དུ་ཕྱིན་པ་དང་། གཅུང་བོ་འབྲོག་ཁྱིམ་དུ་ཡོད་སྐབས་ཀྱི་བར་གསེང་ཞིག་ལ་གཅུང་བོ་ལ་ཤེས་སུ་མ་བཅུག་པར་གསང་སྟབས་ངང་ཁོ་མོས་འཕྲུལ་རྟ་ལ་ཞོན་ནས་སྡོད་ཁྱིམ་དང་ཅུང་ཐག་རིང་སར་ཕྱིན་ནས་སྦག་སྦག་གི་སྣུམ་མགོ་ཐོག་ཏུ་བླུགས་པ་དང་། ཁ་ཡིས་ཀྱང་འཐུང་ཏེ་རང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་རུ་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག་པ་དང་། སྐུ་ཕུང་ད་ལྟ་དཀར་དམར་ཐང་རང་ཁྱིམ་དུ་གདན་འདྲེན་ཞུས་འདུག་པ་དང་མི་མང་ཆིག་སྟོང་ལྷག་གིས་བོད་ཀྱི་དར་ཆ་འཁྱེར་ནས་སྐད་འབོད་རྒྱག་བཞིན་འདུག
ཁོང་མོའི་ཨ་ཁུས་བརྗོད་རྒྱུར་མོ་རང་གིས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་མེར་ལ་བསྲེགས་པ་རེད། ང་ཚོས་སེམས་ཁྲལ་མི་བྱེད། རེ་འདུན་གཙོ་བོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྙན་དབང་དུ་ཞུས་ནས་བསྔོ་བ་སྨོན་ལམ་གསུང་རྒྱུ་དང་། ཕྱི་སྡོད་བོད་མི་ཚང་མས་སྨོན་ལམ་གསུང་རྒྱུ། བོད་མི་རིགས་ཀྱི་ཆེད་ཁོ་མོས་རང་ལུས་མེར་བསྲེགས་པ་ཡིན་སྟབས། རྒྱལ་སྤྱིའི་སྒང་ལ་གནས་ཚུལ་གང་ཐུབ་སྤེལ་རོགས་དང་། ང་ཚོ་གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་ཡོང་རྒྱུར་ལག་གཉིས་ཐལ་སྦྱར་གྱིས་རེ་བ་ཞུ་བཞིན་ཡོད་གསུངས་སོང་། ཨ་ཁུས་མུ་མཐུད་དུ་བརྗོད་རྒྱུར་རྟ་མགྲིན་མཚོ་མོ་རང་དུས་རྒྱུན་ཕ་མའི་ཁ་ལ་ཉན་མཁན་ཞིག་ཡིན་པ་ཁར་ནང་གི་ཁྱིམ་ལས་སོགས་ཚང་མའི་ལས་འགན་ཁུར་བཞིན་ཡོད་པ་དང་། ལས་ཀ་ལ་ཧུར་བརྩོན་ཡོད་པ་མ་ཟད་གཤིས་རྒྱུད་དྲང་ཞིང་ཆོས་སེམས་ཆེ་ལ་གཞན་ལ་རོགས་རམ་གང་ཐུབ་བྱེད་ཅིང་ང་ལ་རོགས་པ་ཞིག་བྱོས་ལབ་ན་ལམ་སེང་ཁ་ནས་ཡ་ཡ་མ་གཏོགས་མེད་པའི་བུ་མོ་ཚད་ལྡན་ཞིག་ཡིན་གསུངས་སོང་།

གསར་འགྱུར།

Post navigation

Previous Post: ཨ་མདོ་རྔ་པ་སྔོ་ཤུལ་དགོན་གྱི་གྲྭ་པ་གསུམ་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།
Next Post: གངས་ཏི་སེ།

Comments (3) on “དཔའ་མོ་རྟ་མགྲིན་མཚོའི་གནས་ཚུལ་ཁ་སྣོན།”

  1. ཁྭ་ཏ་ཁ་ཏ་བ། says:
    2012-11-07 at 2:59 pm

    ཁ་བརྡ་ཚང། དཔའ་པོ་དཔའ་མོ་ལྔ་བྱུང་པ་ལས་གཅིག་དོ་སྣང་དང་གླེང་རིན་མེད་་པ་གང་རེད། ངོ་མ་་ཡ་མཚན་རེད། དཔའ་ཉོ་གཅིག་དེ་བོད་མདོ་ཁམས་འབྲི་རུ་རྫོང་ཁོངས་རྒྱ་ཤོད་བན་དཀར་ནས་རེད་འདུག ཞིབྈཕྲ་ད་ངུང་མ་ངེས། ་

  2. ངོ་ལུག says:
    2012-11-07 at 5:30 pm

    ཨ་ཁུས་གསུངས་པ་ལྟར། བོད་མི་རིགས་ཀྱི་ཆེད་ཁོ་མོས་རང་ལུས་མེར་བསྲེགས་པ་རེད། བོད་མི་རིགས་ཀྱི་ཆེད། བོད་མི་རིགས་ཀྱི་ཆེད། བོད་མི་རིགས་ཀྱི་ཆེད། བོད་མི་རིགས་ཀྱི་ཆེད། རང་ལུས་མེར་བསྲེགས་གཏོང་ཕོད་ཀྱི་སྙིང་སྟོབས་འདི་བོད་རང་དབང་འཐབ་རྩོད་ཀྱི་བློས་གཏོང་ཆེན་པོ་ཡིན་པས། འདི་ཉིད་བོད་རྒྱ་འབྲེལ་མོལ་ཙམ་གྱི་ཆབ་སྲིད་སྟེགས་བུ་ཙམ་གྱིས་འགྲིགས་ཐབས་མེད། སྙིང་སྟོབས་འདི་དག་གིས་དབུ་མའི་ལམ་དང་རང་སྐྱོང་མངོན་འདོད་ལ་ཡང་བསྐྱར་བསམ་མནོ་གཏོང་དགོས་པ་ཞིག་བཟོ་གི་འདུག་དྲན།

  3. ཐབས་ཇུས་ཀུན་ཤེས། says:
    2012-11-08 at 1:44 am

    བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་དགོངས་རྫོགས་ཆེད། ང་ཚོ་གངས་ཅན་པ་ཡོངས་ཀྱིས་ཉིན་རེའི་འཚོ་བའི་ནང་བོད་མི་ཕན་ཚུན་ཐུག་པའི་སྐབས་སུ་གཅིག་གིས་གཅིས་ལ་དགའ་བའི་མིག་གིས་བལྟ་དགོས་ལ་བྱམས་པའི་ངག་གིས་གསུང་བཤད་གནང་དགོས། ཁྱད་པར་དུ་རྒྱ་དམར་ཇག་གཞུང་གིས་ང་ཚོ་བོད་རིགས་རྩ་མེད་བཏང་བའི་སྲིད་ཇུས་ངན་པ་ལག་ལྟར་བྱེད་བཞིན་པའི་དུས་ངན་འདིར། ང་ཚོ་བོད་རིགས་ཚང་མས་གཅིག་གིས་གཅིག་ལ་བྱམས་བརྩེ་དང་རོགས་སྐྱོར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད། བློ་བརྟན་འགྱུར་མེད་ཀྱིས་རྒྱ་དམར་གྱི་རུལ་སུངས་སྲིད་ཇུས་ལ་ངོ་རྒོལ་མི་འཐུད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ང་ཚོ་བོད་མི་ཡོངས་ཀྱི་འཐབ་རྩོད་ཡིན། 
དུས་དང་རྣམ་པ་ཀུན་དུ་བསམ་སྤྱོད་བཟང་པོས་བོད་རང་དབང་བརྩོན་ལེན་བྱེད་རྒྱུ་ནི་ང་ཚོ་བོད་མི་ཡོངས་ཀྱི་ལངས་ཕྱོགས་གསལ་བོ་ཡིན། ང་ཚོ་བོད་མི་ཚང་མ་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེང་གེའི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། སྙིང་སྟོབས་ཆེན་པོས་སྔར་ལས་ལྷག་པའི་འབད་བརྩོན་བྱས་ཏེ་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་བཟང་པོ་དང་དེང་རབས་སྔོན་ཐོན་གྱི་ཚན་རིག་སོགས་ལ་སློབ་སྦྱོང་ལེགས་པར་བྱས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་དག་གཙང་དམ་པའི་ཆོས་ཀྱི་ལྟ་སྤྱོད་རྣམས་སྙིང་ལ་དམ་པོར་འཛིན་དགོས་པ་དང་།
    འཆར་གཞི་དང་གོ་རིམ་ལྡན་པའི་ཐབས་ཇུས་བཟང་པོས་རྒྱ་དམར་གྱི་ལོག་སྤྱོད་སྲིད་ཇུས་ལ་ཕྱོགས་ཡོངས་ནས་ཕར་རྒོལ་ནན་པོར་བྱེད་དགོས།
    བཙན་བྱོལ་བོད་གཞུང་དང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཀུན་ལ་རེ་སྐུལ་ཞུ་རྒྱུ་ནི། རྩ་བ་དང་ཡན་ལག་གི་བོད་དོན་ལས་འགུལ་་ཁག་རྣམས་ཕྱོགས་བསྡུས་ཀྱིས་མཉམ་བཅོས་དང་མཉམ་སྐྱོང་ཟབ་མོར་བྱེད་དགོས་པ་དང་། 
བོད་ཀྱི་རྩ་དོན་ལ་དམིགས་ནས་ཁྱོན་ཡོངས་ཀྱི་ཆབ་སྲིད་ལས་འགུལ་སྣ་ཚོགས་སྤེལ་རྒྱུར་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་དགོས། ཕན་ནུས་མེད་པའི་ད་ཡོད་སྲིད་ཇུས་ཁག་རྣམས་བསྐྱར་བཅོས་གཟབ་ནན་བྱེད་རྒྱུ་དང་། 
མ་འོངས་པར་རྒྱ་དམར་གྱི་གཡོ་འོག་ཏུ་མི་ཚུད་པའི་སྔོན་འགོག་གྲ་སྒྲིག་འཐུས་ཤོར་མེད་པ་གཙིགས་སུ་འཛིན་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme