Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་མེར་སྲེག་དང་ངོ་སྤྲོད།

Posted on 2015-08-292015-08-29 By ཁ་བརྡ 7 Comments on དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་མེར་སྲེག་དང་ངོ་སྤྲོད།

འཇམ་དབྱངས་སྦྱིན་པ།

 
དེ་རིང་ངའི་ལུས་པོ་སྦྲིད་ཅིང་སེམས་པ་འཐོམས་ནའང་དབུགས་རིང་དང་བྲེལ་འཚུབ་ཀྱི་ཀློང་ནས་གནས་ཚུལ་སྙིང་ལ་གཟན་པ་ཞིག་འབྲི་དགོས་བྱུང་། དེ་ནི་ཁ་སང་སྟེ་ཕྱི་ཚེས༢༧ཉིན་རྒྱ་གཞུང་གི་ཚད་ལས་འདས་པའི་བཙན་གནོན་ལ་སྐུ་ལུས་མེར་སྲེག་གི་ལམ་ནས་ཞི་བའི་ངོ་རྒོལ་གནང་མཁན་ཕྲན་གྱི་ཨ་ནེ་རྒྱལ་གཅེས་དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་སྐོར་ཡིན། ཁོ་མོ་ནི་བོད་མདོ་སྨད་བླ་བྲང་བསང་ཁོག་དངུལ་རྭ་ ཁྱོ་གའི་མིང་ལ་སངས་རྒྱས་ཟེར་བ་དང་། ཁོང་གཉིས་ལ་བུ་བཞི་དང་བུ་མོ་གཅིག་ཡོད། བུ་བརྩོན་འགྲུས་རྒྱ་མཚོ་དང་སངས་རྒྱས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ།(ཁོང་གསུམ་གྲྭ་བ་ཡིན)།ཡོན་ཏན་རྒྱ་མཚོ་བཅས་དང་།བུ་མོའི་མིང་ལ་ཀུན་བཟང་སྐྱིད་ཟེར། ཁྱིམ་ཚང་གི་ཆ་རྐྱེན་ལེགས་པོ་ཡོད་པས་བླ་བྲང་དགོན་པའི་ཉེ་འགྲམ་ན་ཁང་བ་བསྟར་མ་སུམ་ཐོག་ཅན་ཞིག་དང་། བསང་ཁོག་ཡུལ་འཚོར་(ཤང)ཡོད་པའི་བོད་མི་ཚོས་ཁང་བ་དམར་རོ་དང་རྒྱ་མིས་འབྲོག་སྡེ་གསར་བ་རུ་འབོད་པ་དེར་ཡང་ཁང་བ་ཞིག་ཡོད་པ་ལས། མེར་སྲེག་གནང་ས་ནི་ཁང་བ་དམར་རོའི་ནང་ཡིན་འདུག དེ་ནས་བླ་བྲང་དགོན་པ་བར་སྤྱི་ལེ་བཅུ་ཙམ་ཡོད། ད་ལྟ་རྒྱ་དམར་གྱིས་ཕུང་བོ་བཙན་འཕྲོག་བྱས་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་བཀག་སྡོམ་ཆེ་དྲགས་པའི་དབང་གིས་འགོད་ཐབས་མ་བྱུང་། བརྒྱུད་ལམ་དུ་གནས་ཚུལ་གཞན་ཡང་གསལ་མོད་གསལ་པོར་མ་ངེས་པས་འདིར་བཀོད་མེད།

 

ཁོ་མོ་ནི་གཤིས་རྒྱུད་དྲང་ཞིང་ཀུན་ལ་སེམས་བཟང་འཆང་མཁན་ཞིག་ཡིན། ལྷག་པར་དགེ་སྒྲུབ་ལ་བརྩོན་པ་ཆེ། བརྒྱད་སྟོང་བཅོ་ལྔའི་གཙོས་ཟླ་རེའི་ཚེས་བཟང་ཁག་ལ་སྨྱོང་གནས་རྒྱུན་སྲུང་དང་། དམར་ཟས་མི་ཟ་བ། ནམ་རྒྱུན་ཕྱག་སྐོར་སོགས་རྣམ་དཀར་གྱི་ལས་ལ་འབད་ཅིང་། དེ་རྣམས་མོ་རང་གི་དད་གུས་ཆེན་པོ་ཞུ་ས་༸གོང་ས་མཆོག་དང་༸ཀུན་མཁྱེན་བླ་མ་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་ཕྱིར་བསྔོ་གི་ཡོད། བོད་རང་གི་སྐད་ཡིག་ལའང་དུངས་པ་ཟབ་མོ་ཡོད་པས་རང་སྦྱོང་གི་ལམ་ནས་བོད་ཡིག་སྦྱང་བརྩོན་བྱས། སྤྱིར་བཏང་ཡུལ་མི་ཚོས་སྔོན་མ་ནས་ངའི་ཨ་ནེ་བློ་ཁོག་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱང་འདིར་ཞིབ་ཕྲ་བྲིས་མེད།

 

དེ་སྔོན་ཡི་གེ་བླངས་ཏེ་རྒྱ་གར་དུ་ཐེངས་གཉིས་ལ་ཡོང་ཡོད། དེ་ནི་བོད་མི་སྤྱི་དང་འདྲ་བར་གཙོ་བོ་༸རྒྱལ་བ་དོན་གྱི་བདག་པོའི་ཞལ་མཇལ་གསུང་ཐོས་པའི་ཆེད་དུ་རེད། ༸གོང་ས་མཆོག་གིས་གང་གསུང་བ་དེར་ཤར་བསྐྱོད་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གི་མཚན་ཐོས་པ་ཙམ་གྱིས་ཀྱང་ལག་གཉིས་ཐལ་མོ་སྦྱར་ཏེ་ངག་ནས་གསོལ་འདེབས་དབང་མེད་ཞུ་མཁན་ཞིག་ཡིན། རྒྱ་གར་ལ་ཡོང་ཐེངས་རྗེས་མ་དེ་ནི་༢༠༡༢ལོའི་དུས་དབང་སྐབས་ཡིན་ལ། དེ་དུས་བཀའ་སློོབ་ཙམ་མ་ཟད་གཞུང་གི་དབུ་ཁྲིད་རྣམ་པའི་གསུང་བཤད་ཉན་རྒྱུར་ཡང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག སྐབས་དེར་ངས་ཁོང་ཚོར་གང་ཐུབ་ཀྱིས་སྐད་སྒྱུར་དང་ཁོམ་སྐབས་སུ་འགྲེལ་བཤད་འཕར་མ་བརྒྱབ་པ་ཡིན་མོད། མོ་རང་དེ་ཙམ་གྱིས་མ་ཚིམས་པར་ཟུར་ནས་༸རྒྱལ་བའི་མཛད་འཕྲིན་དང་བཀའ་སློབ། དེ་བཞིན་བོད་མིའི་ལས་དབང་སྐོར་སོགས་ཤེས་འདོད་ཆེན་པོས་སྐད་ཆ་དྲིས་པ་ཡོད། མོ་ནི་ངའི་ཨ་མ་གཉིས་པ་ལྟ་བུ་ཡིན་ཞིང་། ང་ཚོའི་ནང་ཕན་ཚུན་ཡང་ཁྱིམ་གཅིག་ནང་བཞིན་ཡིན།

 

དེ་རིང་ཕྱི་དྲོ་ངས་གནས་ཚུལ་མི་ལེགས་པ་དེ་གོ་མ་ཐག་ང་རང་ཡིད་མ་ཆེས་པའམ་ངོས་ལེན་བྱེད་མི་འདོད་པ་ལྟ་བུས་རེ་ཞིག་ཧད་དེ་ལུས། ཡུན་རིང་འདྲེས་པའི་བག་ཆགས་དེའི་དབང་གིས་འདས་དོན་གང་མང་ཞིག་མྱ་ངན་དང་སྐྱོ་གདུང་དུ་སྤྲུལ་ནས་བདག་གི་བྲང་གཞུང་ལ་འཚང་ནས་ཡོང་། གནས་སྟངས་འདི་གུས་པའི་སྤུན་ཆུང་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ཀྱིས་རྒྱ་རྒོལ་མེར་སྲེག་སྐབས་དང་འདྲ་བར་ཧ་ཅང་དང་ལེན་བྱེད་དཀའ་བ་ཞིག་རེད། ཨ་ནེ་རྒྱ་གར་ནས་ཕྱིར་ལོག་སྐབས་ང་ཚོ་མིག་ཆུ་དང་ཕྱིར་མིག་གིས་ཀློང་ནས་ཧ་ཅང་གྱེས་དཀའ་བ་ཞིག་བྱུང་། གཅིག་བྱས་ན་ཡང་བསྐྱར་མི་འཛོམས་པའི་རྟགས་མཚན་ཞིག་ཡིན་སྲིད། ཡིན་ཡང་ངས་ཁ་ཕོ་བསྒྲགས་ཏེ་མི་འགྱངས་པར་ང་བོད་མིའི་རང་དབང་དང་མཉམ་དུ་ཕྱིར་ཕ་ཡུལ་ལ་ལོག་ཡོང་། དེ་དུས་ཨ་ནེའི་རེ་བ་ལྟར་༸རྒྱལ་བའི་བཀའ་སློབ་སོགས་ངོ་སྤྲོད་ཀྱིས་མཚོན་གང་ཐུབ་ཨ་ནེར་ཞབས་ཞུ་བསྒྲུབ་ཆོག་ཅེས་ཁས་ལེན་ཆེ་ཐག་ཆོད་ཅིག་བྱས་ཀྱང་། ད་ནི་དེ་དག་རྨི་ལམ་ཞིག་དང་གཉིས་སུ་མ་མཆིས་སོ།།

 

༢༠༡༥།༨།༢༨ཉིན་ཕྲན་འཇམ་དབྱངས་སྦྱིན་པས་སྤེལ།

གསར་འགྱུར།

Post navigation

Previous Post: སྲོང་བཙན་གྱི་དཀྲོག་གཏམ་ལ་ངོས་ལེན་མེད།
Next Post: ང་འགྲོ་དགོས་དོན།

Comments (7) on “དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་མེར་སྲེག་དང་ངོ་སྤྲོད།”

  1. དུར་བྱང་། says:
    2015-08-29 at 4:19 am

    གསར་འགོད་པ་དང་ཉམས་ཞིབ་པ་ཚོས་འོག་གི་ཁ་པར་དང་ཡིག་ཟམ་ལ་འབྲེལ་བ་བྱོས་དང་། གཅིག་བྱས་ན་འདི་ལས་གནས་ཚུལ་རྒྱས་པའང་རག་སྲིད་པ་རེད།

    ངའི་ཨང་གྲངས། 99 45 337432
    མྱུར་འཕྲིན། Jayangjinpa2008gmail.com

  2. ནམ་མཁའ says:
    2015-08-29 at 4:45 am

    འཇམ་སྦྱིན་ལགས།ཁྱེད་དང་ཁྱེད་ཀྱི་ཨ་ནེ་ཡི་ནང་མི་སྤུན་མཆེད་ཡོངས་ལ་མྱ་ངན་འཚམས་འདྲི་ཡོད་པ་མ་ཟད། ཕྲན་གྱི་རེ་བ་ལྟར་ན་མེ་བསྲེག་མཚམས་འཇོག་གི་རེ་སྐུལ་རེ་གནང་ཐུབ་ན་སྙམ་པའི་རེ་བ་༢༠༡༢ལོ་ནས་འབོད་སྐུལ་ཞུ་བཞིན་ཡོད། དེ་རིང་ཡང་འདི་ལྟར་འབོད་སྐུལ་ཞུ་གི་ཡོད། གུང་ཁྲན་ཏང་གི་ཚོགས་པ་ཇག་ཚོགས་འདི་འཐོར་བཤིག་ཏུ་མ་སོང་བར་ནུས་པ་ཞིག་ཐོན་དཀའ་མོ་རེད། རྒྱ་ནག་མི་རིགས་ཁོ་རང་ཚོའི་མི་ཉམ་ཆུང་མང་པོས་ཀྱང་བདེ་སྡུག་ལ་ཞུ་སྐུལ་བྱས་ཀྱང་འབྲས་བུ་ཞིག་མ་ཐོན་པར་མང་པོ་ཞིག་གིས་མེ་བསྲེག་དང་དུག་སྨན་འཐུང་སྟེ།པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་རང་ཤི་གང་མང་རྒྱབ་ཡོད་པ་རེད། གནས་ལུགས་མི་འགྲོ་བའི་གཞུང་ཞིག་ལ་དཀའ་སྡུག་བཤད་ས་མེད་པས་མེ་བསྲེག་མཚམས་འཇོག་ཞིག་བྱེད་ཐུབ་ན་སྙམ་པའི་རེ་བ་ཡོད་ལ་འབོད་སྐུལ་ཡང་ཞུ་གི་ཡོད།

  3. ཀརྨ་བློ་གསལ་ says:
    2015-08-29 at 7:37 am

    དཔའ་མོར་གུས་བཀུར་ཡོད། འོན་ཀྱང་། གོང་ས་མཆོག་གི་བཀའ་གསུང་འོག་ཤར་བསྐྱོད་ཟེར་བ་དེ་རྒྱ་ནག་གཞུང་ལ་དགོས་པའི་སྐད་ཆ་ཞིག་མ་རེད་དམ། གོང་སས་མེར་བསྲེག་ཐོངས་ཞེས་གསུངས་མྱོང་བ་ལྟ་བུའི་སྒྲུབ་བྱེད་དུ་མཐོང་ཡོང་གི་འདུག

  4. ཨ་ཁུ་ནོར་བུ་ says:
    2015-08-29 at 11:54 am

    རྩ་བའི་གདུངས་སེམས་མཉམ་སྐྱེས་ཞུ་ཡི་ཡོད་ འོན་ཀྱང་རང་སྲོག་རང་གིས་བཅད་པ་དེ་དཔའ་བོ་དང་དཔའ་མོ་མ་རེད ང་ཚོ་བོད་པས་རང་སྲོག་བཅད་མཁན་ལ་དཔའ་བོ་རྩ་བ་ནས་ཟེར་གྱི་མ་རེད། ང་ཚོའི་དགྲ་བོ་དེས་ང་ཚོའི་མི་རིགས་དེ་རྩ་མེད་བཟོ་རྒྱུའི་་འཆར་གཞི་ཡོད་པ་ང་ཚོས་ཤེས་བཞིན་དུ་ང་ཚོས་རང་སྲོག་བཅད་པ་ནི་ལྐུག་པ་རེད་ དཔའ་བོ་ནི་རྩ་བ་ནས་མ་རེད་ མི་མི་ཡུལ་ལ་འཚོ་དགོས་པ་དང་ ང་ཚོའི་མི་རིགས་དེ་དཀའ་ངལ་གང་འདྲ་ཞིག་བྱུང་ནའང་ད་ལྟ་་འཛམ་གླིང་ཐོག་ང་ཚོའི་མི་རིགས་དང་རིག་གཞུང་ ཆོས་ སྐད་ཡིག་སོགས་གནས་ཐུབ་པ་ནི་ང་ཚོ་གསོན་པོར་བསྡད་ཐུབ་པར་རྟེན་ནས་བྱུང་བ་རེད་ དེར་རྟེན་བོད་མི་རིགས་དེར་དཀའ་ངལ་གང་འདྲ་ཞིག་བྱུ་ནའང་ཇི་སྲིད་བར་གནས་དགོས་། རང་ཤི་རྒྱབ་པ་ནི་ཤིན་ཏུ་ནས་ནོར་བ་ཞིག་རེད།།།།།

  5. རྟ་བདུན་དབང་བོ says:
    2015-08-29 at 1:12 pm

    ཨ་ཁུ་ནོར་བུ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །

  6. གནམ་ says:
    2015-08-30 at 6:53 am

    དཔའ་མི་དཔའ་བཤད་པའི་མྱི་ཁྱེད་ཚོ་འདྲ་བོ་ཡིན་ནི་མ་རེད། དེ་ན། མྱི་རབས་རིམ་པར་སྡུག་གི་ཁུར་བོ་ཅན་ཚོས། ཐབས་ལམ་གང་ཞིག་གི་སྒོ་ནས། ངན་པ་འཚང་འབྱིན་དང་། དགྲ་བོར་ངོ་རྒོལ་བྱེད་དགོས་བ་རེད། དེ་ན་ཚང་མ་རྒྱ་གར་ལ་ཡོང་དགོས་བ་ཨེ་རེད། ཚང་མ་བཙོན་ཁང་ལ་འགྲོ་དགོས་བ་ཨེ་རེད། ཡང་ན་ཁ་རྒོད་ཁྱེད་ཚོས་རང་བཙན་ཁུར་ནས་བོད་ནང་ལ་སྤྲོད་ནིར་འགྲོ་གྲབས་ཡོད་དམ།

    ཡུལ་བདག་མི་ཐུབ་ནིའི་ས་མཐའི་ཁྱི་ལྡོམ་ཁ་ཤས་ཤིག་གི་ཁ་གཏམ་ཆེ་བ་ལ། དེ་ན། སོ་སོས་གླེན་པ་དང་བླུན་པོ་མིན་པའི་བོད་དོན་ཞིག་བྱས་དང་། བཤད་དང་། སྟོན་རྒྱུ་མེད་མོ། དབུ་མ་དང་རང་བཙན་བཤད་ནས་ནང་གྱོད་སློང་བ་ལས། དགྲ་དམར་ཚང་ལ་ཁབ་བཙགས་ཞིག་ཕར་བཞག། ཐ་ན་བྱེད་སྤྱད་ཀྱི་ཁབ་འབུག་ཙམ་ཡང་ཉོས་མེད་མོ།

    ཁྲག་གིས་བྲིས་བའི་ལོ་རྒྱུས་དང་མྱེ་ཡིས་བྲིས་བའི་ལོ་རྒྱུས་གཉིས་ལ་ཅི་ཞིག་གི་ཁྱད་པར་ཡོད་དམ། གཉིས་ཀ་རྒྱལ་ཁ་ལེན་ས་ནས་ཕམ་ཁ་ཁུར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཚེ་སྲོག་ཡིན་པ་མ་ཤེས་སམ། རང་ངོ་མི་རིག་པའི་སྤྲེའུ་རྒན་རྣམས་པ།

    རྒྱལ་གཅེས་བ་ཚོར་མ་ཎི་གང་ཐུབ་ཞིག་གི་བསྔོ་སྨོན་ཡོད། ཨོཾམཎིཔདྨེཧཱོུཾཿཨོཾམཎིཔདྨེཧཱོུཾཿཨོཾམཎིཔདྨེཧཱོུཾཿ།

  7. ལུང་རྟོགས། says:
    2015-08-30 at 7:08 am

    ཨ་ཁུ་ནོར་བུ། མི་རིགས་ཀྱི་དོན་དུ་རང་སྲོག་བཏང་བ་དེ་དཔའ་བོ་མིན་ན། རང་ཉིད་ཀྱི་དོན་དུ་ཉིན་མཚན་སྐྱལ་མཁན་དེ་ཚོ་དཔའ་བོ་ཨེ་རེད། རང་གཞན་མཉམ་ཤི་བྱེད་མཁན་ཁ་ཆེའི་དྲག་སྤྱོད་པ་ཚོ་དཔའ་བོ་རེད་ཅེས་མི་མང་པོ་ཞིག་གིས་མཐེ་བོང་སྟོན་གྱི་འདུག་ན། གཞན་ལ་གནོད་མ་སྐྱེལ་བར་རང་སྲོག་གིས་བདེན་དོན་རྩོད་མཁན་རྣམས་ཅིའི་ཕྱིར་དཔའ་བོ་མིན། ང་ཚོས་རང་དོན་ཆེད་དུ་སྤྱི་དོན་རེས་སུ་བོར་བས་མི་རིགས་རྩ་མེད་མ་སོང་ན་འཐབ་རྩོད་ཀྱི་དོན་དུ་རང་བསྲེགས་བཏང་ནས་བོད་མི་རྫོགས་འགྲོ་བའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མི་དགོས། མི་མི་ཡུལ་ལ་འཚོ་ཡང་རང་དབང་མེད་ན་ཤི་བོ་དང་གཅིག་མཚུངས་རེད། ཁྱོད་ཚོས་བོད་ནང་གི་དཀའ་སྡུག་མ་ཤེས་པར་རང་དབང་ལུང་པ་ནས་སྐྱིད་གཏམ་བཤད་རྒྱུ་བཞག་ན་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme