Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

«དཔའ་བོའི་ལུང་པ»སྐབས32པའི་རེང་ཧོའུ་ཧྲི་དངོས་བཤུས་གློག་བརྙན་དུས་སྟོན་དུ་ཚུད་པ།

Posted on 2013-11-092013-11-09 By ཁ་བརྡ་ 11 Comments on «དཔའ་བོའི་ལུང་པ»སྐབས32པའི་རེང་ཧོའུ་ཧྲི་དངོས་བཤུས་གློག་བརྙན་དུས་སྟོན་དུ་ཚུད་པ།

གཡུ་ཆུང་།

tttttགཞོན་སྐྱེས་གློག་བརྙན་དོན་གཉེར་བ་མཁར་བྱམས་རྒྱལ་ལགས་ཀྱིས་ལོ་ངོ་གཉིས་ལྷག་ཙམ་གྱི་རིང་ལ་བརྙན་ལེན་དང་སྒྲིག་བཟོ་བྱས་པའི་དངོས་བཤུས་གློག་བརྙན«དཔའ་བོའི་ལུང་པ»ཧྥ་རན་སིའི་རེང་ཧོའུ་ཧྲི་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་དུས་སྟོན་དུ་བདམས་འདུག

གློག་བརྙན་འདི་ནི་གཞོན་སྐྱེས་གློག་བརྙན་དོན་གཉེར་བ་མཁར་བྱམས་རྒྱལ་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ་དེ་ཡིན་ལ། ཨ་མའི་ལོ་ལོ་གློག་བརྙན་མཐུན་ཚོགས་ཀྱི་མཐུན་རྐྱེན་འོག་གློག་བརྙན་ཕབ་བསྐྲུན་ བྱས་ཤིང་མཇུག་གི་སྒྲིག་བཟོ་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་བཀའ་ལས་བརྒྱབ་སྟེ་གྲུབ་པའི་སྤུས་དག་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིས་བོད་མདོ་སྨད་བ་ཡན་ཕྱོགས་ཀྱི་ཡུལ་སྡེ་མང་བོའི་འདས་མ་ད་གསུམ་ གྱི་ལོ་རྒྱུས་སྟོན་བྱ་བྱས་ཐོག་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་ངོས་མང་ པོ་ཞིག་ལ་དོ་སྣང་ཆེས་ཆེར་བྱས་ཡོད་ཅིང་། གཟུགས་ལྡན་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་རིན་ཐང་ཆེན་པོ་ལྡན་པའི་བརྩམས་ཆོས་ཤིག་རེད།

རེང་ཧོའུ་ཧྲི་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་དུས་སྟོན(Jean Rouch International Film Festival)ནི། སྔོན་མར་བྷི་ལན་དྷུ་མི་རིགས་ཞིབ་འཇུག་གློག་བརྙན་ཡང་ཟེར་ཏེ(Bilan du FIlm Ethnographique) དེ་ནི་ཕྱི་ལོ1982ལོར། མིའི་རིགས་རིག་པ་བ་དང་གློག་བརྙན་བཟོ་བསྐྲུན་པ་རེང་ཧོའུ་ཧྲི་(Jean Rouch)ལགས་ཀྱིས་བཙུགས་པ་ཞིག་རེད། བགྲང་བྱ་སུམ་ཅུའི་རིང་ལ། དུས་སྟོན་འདིས་ཆེས་གསར་གཏོད་ལྡན་ཅིང་མི་རིགས་ཞིབ་འཇུག་གི་གློག་བརྙན་དང་གཟུགས་ལྡན་མིའི་རིགས་རིག་པ། དེ་བཞིན་རིག་གནས་བར་བགྲོ་གླེང་དང་བརྗེ་རེས་བྱེད་པར་ཕན་པའི་དངོས་བཤུས་བརྩམས་ཆོས་དག་ལ་གར་སྟེགས་བསྐྲུན་པར་འབད་དོ།།
རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་ཉིད། མི་རིགས་ཞིབ་འཇུག་གི་གློག་བརྙན་ལྷན་ཚོགས་(Comité du Film Ethnographique)ནས་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ་ལོ་རེར་ཐེངས་གཅིག་ལ་བསྡུ་བཞིན་ཡོད་ཅིང་། གློག་བརྙན་སྒྱུ་རྩལ་པ་དང་བཟོ་བསྐྲུན་པ་དང་རིག་གཞུང་ཞིབ་འཇུག་པ། སློབ་མ་སོགས་བསྡུས་ཏེ། མི་རིགས་ཞིབ་འཇུག་གི་གློག་བརྙན་སྐོར་ལ་དཔྱད་གླེང་བྱེད་པ་ཞིག་ཡིན་འདུག

མང་དུ་གཟིགས་ན་འདིར་ཕེབས www.comite-film-ethno.net/

ripa chusang
6:18 AM (3 hours ago)

to me

«དཔའ་བོའི་ལུང་པ»སྐབས32པའི་རེང་ཧོའུ་ཧྲི་དངོས་བཤུས་གློག་བརྙན་དུས་སྟོན་དུ་ཚུད་པ།
གཡུ་ཆུང་།

གཞོན་སྐྱེས་གློག་བརྙན་དོན་གཉེར་བ་མཁར་བྱམས་རྒྱལ་ལགས་ཀྱིས་ལོ་ངོ་གཉིས་ལྷག་ཙམ་གྱི་རིང་ལ་བརྙན་ལེན་དང་སྒྲིག་བཟོ་བྱས་པའི་དངོས་བཤུས་གློག་བརྙན«དཔའ་བོའི་ལུང་པ»ཧྥ་རན་སིའི་རེང་ཧོའུ་ཧྲི་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་དུས་སྟོན་དུ་བདམས་འདུག

གསར་འགྱུར།

Post navigation

Previous Post: དྲན་པའི་ཕ་མཐའ་བསུ་བའི་གླུ། ༼བོད་འབྱོར།༽
Next Post: ཁ་བརྡ་དམར་པོ།

Comments (11) on “«དཔའ་བོའི་ལུང་པ»སྐབས32པའི་རེང་ཧོའུ་ཧྲི་དངོས་བཤུས་གློག་བརྙན་དུས་སྟོན་དུ་ཚུད་པ།”

  1. མགར་འཇམ་དབྱངས། says:
    2013-11-09 at 10:27 am

    འདི་ཡང་དགའ་འོས་པའི་གཏམ་བཟང་ཞིག་རེད།

  2. ནམ་མཁའ says:
    2013-11-09 at 10:28 am

    ཤིན་ཏུ་ལེགས་མོད།ཡིན་ཡང་དཔའ་ལུང་ཞེས་བའི་མིང་འདི་༼རྒྱ་སྐད་ཀྱི་ཧྭ་ལུང༽ལས་འཕྲོས་བ་རེད་སྙམ།བོད་སྐད་སྐད་ལ་༼བ་ལུང༽ཞེས་སྔོན་མ་འབོད་ཀྱི་ཡོད། རྒྱ་སྐད་ཀྱི་༼ཧྭ་ལུང་ལ་དེང་སང་བོད་སྐད་ཀྱི་དཔའ་ལུང་༽ཞེས་བོད་སྐད་ཀྱིས་དོན་དག་ཡོད་པ་ཞིག་འབྲི་བ་འདི་ཅུང་འབྲིག་གི་མི་འདུག་སྙམ།

  3. དགེ་འདུན་རྒྱ་མཚོ། says:
    2013-11-09 at 11:44 am

    # 1 ནམ་མཁའ་ལགས་ཀྱིས་མཆན་བཏབ་པ།:
    November 9th, 2013 at 10:28 AM
    ཤིན་ཏུ་ལེགས་མོད།ཡིན་ཡང་དཔའ་ལུང་ཞེས་བའི་མིང་འདི་༼རྒྱ་སྐད་ཀྱི་ཧྭ་ལུང༽ལས་འཕྲོས་བ་རེད་སྙམ།བོད་སྐད་སྐད་ལ་༼བ་ལུང༽ཞེས་སྔོན་མ་འབོད་ཀྱི་ཡོད། རྒྱ་སྐད་ཀྱི་༼ཧྭ་ལུང་ལ་དེང་སང་བོད་སྐད་ཀྱི་དཔའ་ལུང་༽ཞེས་བོད་སྐད་ཀྱིས་དོན་དག་ཡོད་པ་ཞིག་འབྲི་བ་འདི་ཅུང་འབྲིག་གི་མི་འདུག་སྙམ།
    ཟེར།
    ནམ་མཁའ་ལགས་དེ་འདྲ་མ་རེད་ལགས། དཔའ་ལུང་ཟེར་བ་འདི་རྒྱ་ནག་མ་འོང་བའི་སྔོན་ནས་ཡོད་པའི་བོད་མིང་རེད། དཔའ་ལུང་ནི་རྒྱ་ནག་གི་སྐད་དང་འདྲ་བོ་ཡོད་རེད་ལ། རྒྱ་ནག་ཚོས་ཀྱང་དཔའ་ལུང་ཞེས་ཁ་ནས་ལྕེ་གྲོལ་ཐུབ་ཀྱི་ཡོད་རེད། དེས་རྐྱེན་གྱིས་སྐད་དེར་འགྱུར་བ་བཏང་མ་དགོས་པ་རེད། གོང་གི་པར་དེའི་ངོས་སུ་དཔའ་བོ་ལུང་བ་ཞེས་བྲིས་འདུག དེ་ལྟར་བྲིས་པ་དེར་ལོ་རྒྱུས་དང་བཤད་རྒྱུན་མང་བོ་ཡོད་རེད། 
    བོད་མིང་དཔའ་ལུང་དེ་ཧྭ་ལུང་ལ་ཕར་འགྱུར་བ་རེད་། ཁྱོད་ཀྱིས་བཤད་པ་ལྟར་རྒྱ་སྐད་ཧཱ་ལུང་དེ་བོད་སྐད་དཔའ་ལུང་ལ་ཚུར་འགྱུར་བ་མ་རེད། དེ་ལྟར་ཡིན་པར་ཁྱོད་ལ་ཁོང་ཡོད་རྒྱུ་མ་རེད་། གཅན་ཚ་དང་དཔའ་ལུང་བཱ་ཡན་གྲོ་ཚང་སོགས་པང་རིམ་བསྒྲིགས་ནས་ཡོད་རེད། དེང་སང་གཅན་ཚ་རྫོང་དུ་འབོད་པ་འདི་སྔོན་ཆད་སྣང་རའི་ས་ཆར་ཆགས་ཡོད་རེད། དེ་སང་གི་མི་ཚོས་གཅན་ཚ་ཟེར་དུས་འདི་ལ་གོ་གི་ཡོད་རེད། འདི་རྒྱ་ནག་དམར་བོ་ཡོང་ནས་བཟོས་པ་རེད། སྔོན་ཆད་གཅན་ཚ་ཉིན་སྲིབ་གསུམ་ཟེར་བའི་ནང་དུ་དཔའ་ལུང་ཡང་ཡོད་རེད། མདོ་སྨད་ཆོས་འབྱུང་ན་ཅུང་ཙམ་བཤད་ཡོད་རེད། བར་སྐབས་ཤིག་ལ་ལཱ་མོ་ཞབས་དྲུང་དཀར་བོས་དབང་བསྒྱུར་བ་རེད། སྐབས་དེར་མི་ཁྲལ་བསྡུས་ནས་དགོན་བ་བཏབ་པ་ད་དུང་ཡང་དགོན་པ་འགའ་ཡོད་པ་དང་ཞབས་དྲུང་དཀར་བོའི་ར་འཚོ་ས་ཡིན་པས་ཞབས་དྲུང་ལུང་བར་ཡང་འབོད་སྲོལ་ཡོད་རེད། རྗེས་སུ་མ་པི་ཧྥང་གིས་དབང་བསྒྱུར་ནས་བོད་པ་རྣམས་ཆོས་བསྒྱུར་བ་དང་མང་བོ་ཧེ་མགོར་ལོག་པ་དང་འདོད་མོས་མེད་མཁན་ཚོ་མང་འབའ་ཞ་གསུམ་དང་ཞིན་ཧེ་སོགས་གང་སར་བྲོས་ཤིང་ཐ་ན་མགོ་ལོག་སོགས་སུ་མི་རྒྱུད་མང་བོ་འདུག དེང་སང་རྒྱ་ནག་གི་ཁ་ཆེ་རང་སྐྱོང་རྫོང་དུ་བཟོས་ཡོད་རེད། བོད་སྐད་དུ་དཔའ་ལུང་རྫོང་ཟེར་བ་དེ་རེད། བྱང་གི་དགོན་ཆེན་བྱ་ཁྱུང་དགོན་པ་ཡང་ས་ཐོག་འདི་ན་ཡོད་རེད། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་ཕྱག་འཁོར་ནང་རྟེན་བྱས་པའི་གཙན་ཚ་མ་ཎི་ཟེར་བའི་ཆུ་སྐོར་མ་ཎི་སྐད་གྲགས་ཅན་དེ་ཡང་ས་འདིར་ཡོད་རེད། 
    གཅན་ཚའི་མིང་ཐོག་སའི་ལྟེ་བ་དེ་ཡང་འདི་ལ་བརྟེན་ནས་བྱུང་བ་རེད། ལོ་རྒྱུས་རྙིང་བ་ལ་ཞིབ་འཇུག་བྱེད་མ་ཐུབ་ན་དུས་ཀྱིས་འགྱུར་བའི་དབང་གིས་བློ་ངོ་ལ་འཆར་བདེ་བོ་ཡོད་མ་རེད། མདོ་སྨད་ཆོས་འབྱུང་ནི་ཕྱོགས་བསྒྲིགས་ཅིག་ཡིན་པས་ཡག་པོ་ཞིག་བཤད་ཤེས་མེད། འདིར་སྣ་དེང་གི་ལོ་རྒྱུས་དང་དུས་ཀྱིས་འགྲོས་ཁྲོད་ཀྱི་འཕེལ་རིམ་ཞིབ་མོར་མ་དཔྱད་ན་མགོ་ལོ་ཆེན་པོ་རྫིས་ཉེན་ཡོད་རེད། 
    གཏམ་དཔེ་ལ་གྲོ་ཚང་དགོན་པའི་ཅོང་བརྡུང་ན་བ་ཡན་ཁོག་ནས་རྟ་འདྲོགས་ཟེར།
    གྲོ་ཚང་དང་བ་ཡན་གྱི་སྐོར་རེ་ཞིག་ཞོག
    ཡག་ནོར་མང་བོ་ཡོད་ངེས་པས་དགོངས་དག་ཞུ། ང་ཁོམ་པོ་མ་བྱུང་ཐལ།

  4. དགེ་འདུན་རྒྱ་མཚོ། says:
    2013-11-09 at 11:45 am

    ཧ་་ཧ་
    ཡིག་ནོར་
    བཅོས་

  5. ལྷ་སྲས་ཐ་ཆུང་། says:
    2013-11-09 at 10:35 pm

    ང་ཚོའི་བཙན་བྱོལ་ནང་དུའང་བོད་ཀྱི་རིག་གཞུང་མཚོན་པའི་གློག་བརྙན་རིགས་མང་དུ་འཁྲབ་སྟོན་བྱས་ཐུབ་ན་ཡག་པོ་ཡོད་པར་མཐོང་། གོང་གི་གནས་ཚུལ་དེ་ནི་ངོ་མ་དགའ་འོས་པ་ཞིག་རེད།

  6. བཀྲ་ཤིས་ཆོས་སྒྲོན། says:
    2013-11-09 at 10:58 pm

    ཞྭ་མོ་དཀར་པོ་གོན་དགོས་པ་ག་རེ་ཡིན་ནམ། ཨ་མདོ་བོད་པ་ཚོས་ཞྭ་མོ་དཀར་པོ་གོན་གི་རེད་དམ། 

  7. ཀ་ཁའི་རྫི་བོ། says:
    2013-11-10 at 6:41 am

    དེང་སང་བོད་ཀྱི་གློག་བརྙན་ཐོན་འགོ་བརྩམས་སོང་། རྟེན་འབྲེལ་ཞུ།

  8. རུ་བ་ says:
    2013-11-10 at 8:13 am

    བོད་ཀྱི་གློག་བརྙན་ཡང་རྒྱལ་སྤྱི་གློག་བརྙན་གར་སྟེགས་སུ་གོམ་པ་སྤོས་སོང་།

  9. དྲི་མེད་ལྷག་བསམ། says:
    2013-11-13 at 6:46 am

    རྒྱ་སྐད་ཧྭ་ལུང་ལ་གོ་རྒྱུ་ཆེར་མེད། བོད་སྐད་དཔའ་ལུང་ལ་གོ་རྒྱུ་ཆེན་པོ་འདུག ས་ཆ་འདིར་དཔའ་བོ་མང་པོ་བྱོན་པས་སོ། །ཡང་དྲི་བ་གཅིག ས་གནས་དེ་དང་ཉེ་བ་ཞོན་ཧྭ་ཟེར་བའི་ས་ཆ་ལ་བོད་མིང་དུ་ཅི་ཟེར། དེ་ཡང་བོད་ནས་ཕར་འགྱུར་བ་འདྲ།

  10. བསྟན་འཛིན་ཆོས་འཛོམས་ says:
    2013-11-13 at 7:11 am

    ས་མིང་ཆུ་མིང་ནས་ཕ་མེས་ཀྱི་ལོ་རྒྱུས་གང་ཡིན་ན།ཁུངས་དེ་ཡག་སྡུག་གང་ལ་ཐུག་ཡོད་ན་དྲང་བདེན་གྱིས་གཡོ་བཅོས་མེད་པར་བཤད་དགོས་པ་རེད་མ་གཏོགས།ཡག་པོ་ཅིག་ལ་བཅོས་ཐབས་སུ་བཟོ་བཅོས་རྐྱང་རྐྱང་བརྒྱབས་བསྡད་ན་མགོ་འཁྲུག་གཞི་དང་རྙོག་བྲ་རེད།དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་སྟོད་ཆར།ས་མིང་མན་ལུང་ལྟ་བུ་སྨོན་ལུང་དུ་བསྒྱུར་བ་དང་།གཡའ་མ་ལུང་ལྟ་བུར་ཡིད་སྨོན་ལུང་ལྟ་བུ་གོ་རྒྱུ་ཡོད་པ་ཅིག་གི་ཆེད་བཟོ་བཅོས་རྐྱང་བྱས་ན།ནམ་ཞིག་སུས་ཀྱང་ས་ངོ་མ་གང་ཡིན་ངོ་མི་འཕྲོད་པའི་དགོས་མེད་ཀྱི་རྙོག་བྲ་ཆེན་པོ་མ་གཏོགས་སྙིང་པོ་གང་ཡང་མེད་ཅེས་གསུངས་པ་འདི་འདྲའི་རིགས་ལ་གསུངས་པ་རེད།
    རྒྱ་མིའི་སྐད་ཧྭ་ལུང་ཟེར་བ་ས་འདིར་རྒྱ་རིགས་ཁ་ཆེ་བོད་མི་ལས་ལྡབ་སུམ་འགྱུར་ལས་ཀྱང་མང་བ་དང་།ལྷག་པར་མཱ་པུ་ཧྥང་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་ས་ཆ་དབང་བསྒྱུར་ནས་བཟུང་ས་མིང་འདི་འདྲ་མང་པོ་བཟོས་འདུག་མ་གཏོགས།ས་ཆ་འདིར་བོད་མིང་དུ་དཔའ་ལུང་ཟེར་བ་ཅིག་རྒྱལ་རབས་ཆོས་འབྱུང་དང་དགོན་པའི་གདན་རབས་སོགས་གང་དུའང་མེད་པ་རེད།གལ་ཏེ་ཡོད་ན་མིང་དེ་ག་དུས་བྱུང་བ་དང་།སུས་བཏགས་པ།རྗེས་གྲུབ་ཀྱི་མིང་དེ་རྒྱུ་རྐྱེན་གང་འདྲར་བརྟེན་ནས་བྱུང་བ།རྣམ་ཐར་དང་ལོ་རྒྱུས།ཆོས་འབྱུང་སོགས་གང་ཞིག་ཏུ་འཁོད་ཐུབ་ཡོད་པ་བཅས་ཁུངས་སྐྱེལ་བྱེད་ཐུབ་དགོས་པ་རེད།ཐ་ན་ས་ཁྱོན་འདི་འདྲ་ཆེན་པོ་ཅིག་གི་མིང་དེ་ངག་རྒྱུན་ཙམ་ཡིན་དབང་དུ་བཏང་རུང་རྣམ་ཐར་ལོ་རྒྱུས་དང་གདན་རབས་ལྟ་བུར་ད་སྔ་ཟུར་ཙམ་ཅིག་འཐོན་མེད་མི་སྲིད་པ་རེད།འོན་ཀྱང་དེ་འདྲ་ཟུར་ཙམ་ཡང་མེད་པ་ནི་མིང་དེ་བཟོ་བཅོས་དང་སྔར་མེད་གསར་སྤྲོས་ཀྱི་རྟགས་རེད།

  11. གཅན་ཚ བཟོད་རྒྱམ། says:
    2013-11-13 at 7:37 am

    དེང་སང་ཧྭ་ལུང་དུ་འབྲི་ཚུལ་འདི་དཔལ་བོི་ལུང་པ་ཡིན་རབས་མཁས་པའི་དབང་པོ་རྗེ་དམུ་དགེ་བསམ་གཏན་ཚང་གིས་འབྲེལ་བཤད་དང་བཅས་དཔེ་ཁྲིད་ཀྱི་སྐབས་སུ་གསུངས་པ་སྒྲ་འཇུག་ལ་ཡོད་ཀི དཔའ་ལུང་ཟེར་བ་འདི་ལ་ཧྭ་ལུང་འབྲི་ཚུལ་ཐ་སྙད་འདིའི་བྱུང་རབས་ལ་དབྱེ་ཞིབ་རེ་བྱས་ན་ད་གཟོད་ཁུངས་ཡོད་མེད་དང་ལོ་རྒྱུས་དང་ཤ་གནས་ཡུལ་ལུང་ལ་མཐུན་དང་མི་མཐུན་གསལ་བོར་ཤེས་ཐུབ་བསམ་གི
    སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ཀྱིས་མདོ་སྨད་ཡུལ་སྤྱི་དང་སྐུ་འབུམ་གཡས་གཡོན་གྱི་ཧེ་ཧེ་དེ་ཚོ་ནམ་ཞིག་གནས་དེ་དག་ཏུ་གཞིས་ཆགས་པའི་སྐོར་བཅས་འདྲིར་དེར་ཉན་ན། དེ་ཚོ་དེ་འདྲའི་སྔ་མོ་ཞིག་རེད་མི་འདུག
    རྗེ་དམུ་དགེ་ཚང་གིས་འབྲེལ་བཤད་དེ་བོད་བཙན་པོའི་སྐབས་ཀྱི་མིང་ཞིག་ཡིན་རབས་འདུག་སྙམ། ཐག་ཆོད་པོ་ཞིག་ཞུ་རྒྱུ་མེད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme