Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་སངས་རྒྱས་རྒྱ་མཚོ་དང་འབྲེལ་བའི་གནས་ཚུལ།

Posted on 2012-10-062012-10-06 By ཁ་བརྡ་ 20 Comments on དཔའ་བོ་སངས་རྒྱས་རྒྱ་མཚོ་དང་འབྲེལ་བའི་གནས་ཚུལ།

གནས་ཚུལ་མཁོ་འདོན་པཿ བསོད་ནམས།

དེ་རིང་སྟེ་སྤྱི་ལོ༢༠༡༢ལོའི་ཟླ༡༠བའི་ཚེས་༦ཉིན་ཨ་མདོའི་གཙོས་གྲོང་ཁྱེར་དང་མི་རིང་བའི་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ་ཆུ་ཚོད་༡༢ཡོལ་ཙམ་ལ་ཡུལ་ཚོ་དེའི་རྒྱལ་གཅེས་དཔའ་བོ་ན་གཞོན་སངས་རྒྱས་རྒྱ་མཚོ་ཟེར་བས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་འདུག ཁོང་ད་ལོ་རང་ལོ་༢༧དང་། ཁོའི་ཕ་མིང་ལ་མགོན་པོ་དོན་འགྲུབ་དང་མ་མིང་ལ་མགོན་པོ་འཚོ། གཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད། ཁོང་གཉིས་ལ་བྱིས་པ་བུ་བུ་མོ་གཉིས་ཡོད་པ་ལས། ཆེ་བ་བུའི་མིང་ལ་རྡོ་རྗེ་དོན་འགྲུབ་དང་ད་ལོ་རང་ལོ་བདུན་དང་། ཆུང་བ་བུ་མོའི་མིང་ལ་ཏིང་འཛིན་འཚོ་ཟེར་ཞིང་ད་ལོ་རང་ལོ་ལྔ། སྡེ་བའི་མིང་ལ་རྫེ་རོ། དགོན་པ་དང་སྤྱི་ལེ་གཅིག་ཙམ་གྱི་སར་ཡོད།
ཁོང་གིས་མེར་གཏོང་སྐབས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་གནང་སྟེ་གྲོངས་ཡོད་འདུག སྐབས་དེར་དགོན་པའི་གྲྭ་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་བྱས་ཏེ། བསྔོ་སྨོན་རྒྱ་ཆེར་གནང་བ་དང་། དེའི་རྗེས་དགོན་པ་ནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་སྡེ་བར་གདན་དྲངས་ཏེ་མཆོད་འབུལ་བྱེད་བཞིན་ཡོད།
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལྟར་ན། གཡས་གཡོན་གྱི་གྲོང་སྡེ་མི་མང་དང་། ས་གནས་གཞན་ནས་གོ་ཐོས་བྱུང་མཁན་གང་མང་འཛོམ་དང་འཛོམས་བཞིན་ཡོད་ཟེར། ད་ལྟ་རྡོ་དཀར་ཚོ་བ་གསུམ་གྱིས་ཡུལ་མི་མང་བོ་ཁོང་ཚང་ལ་འཛོམས་ཏེ་ཁོང་རྣམ་པས་ཐེངས་འདིའི་རྒྱལ་གཅེས་དཔའ་བའི་བྱས་རྗེས་ལ་གུས་བཀུར་དང་། རྗེས་ཕྱོགས་ཀྱི་གནས་ཚུལ་གང་ཐད་ལ་ཁོང་ཚོས་འགན་ཁུར་ཏེ་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་ཡིན་ཟེར་ནས་ནང་མིར་བརྗོད་ཡོད་འདུག
ཡང་གསར་དུ་འབྱོར་བ་ལྟར་ན། ད་ལྟ་ཉེན་རྟོག་པ་མང་བོ་དགོན་པ་དང་སྡེ་བར་སླེབས་འདུག་ཟེར།
༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཡང་རྡོ་དཀར་སེར་སྐྱ་མང་ཚོགས་ནས་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། སྔ་གཞུག་ཏུ་དམག་མི་དང་དྲག་སྤྲས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཡོངས་ནས་སྡེ་བ་སོ་སོར་བཙན་འཛུལ་གྱིས་སྒོ་དང་སྒེའུ་ཁུང་སོགས་བཅག་སྟེ་སྦག་སྦག་བརྒྱད་ཅུ་ལྷག་བཙན་འཕྲོག་དང་། གཞན་རྒྱུ་དངོས་རྩ་ཆེན་མང་བོ་བཅོམ་འཕྲོག་བྱས་ཡོད། མི་སྐྱ་བདུན་ཅུ་ལྷག་འཛིན་བཟུང་གཅར་རྡུང་ཚད་མེད་བཏང་མཐར་རྒྱ་སྒོར་སུམ་སྟོང་རེའི་ཉེས་ཆད་བཅད་ནས་བཏང་ཡོད་འདུག དེ་ནས་བཟུང་ད་ལྟའི་བར་དུས་ཚོད་ངེས་མེད་ལ་ལས་དོན་རུ་ཁག་དགོན་ནང་དུ་ཡོང་ནས་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་མུས་སུ་མཆིས། ལོ་འདིའི་ཁོང་ཚོའི་འབོད་སྒྲ་གཙོ་བོ་ནི། ༢༠༠༧ལོར་ཡུལ་དེར་ས་གནས་རྒྱའི་དཔོན་རིགས་ཁག་ཅིག་སླེབས་ཏེ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་མོས་མཐུན་ཡོད་མེད་ཀྱི་བསམ་ཚུལ་མིང་རྟགས་བླངས་སྐབས། མི་དམངས་ཐུན་མོང་གིས་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཀྱང་། ས་གནས་རྒྱའི་ལས་བྱེད་རྣམས་ཀྱིས་ལོག་བསྒྲུབ་བྱས་ཏེ་རྡོ་དཀར་མི་དམངས་ཀྱིས་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་འདོད་མོས་མི་འདུག་ཅེས་གོང་རིམ་ལ་རྫུན་སྙན་ཕུལ་བ་དེ་དྲང་བདེན་མ་ཡིན་པ་དང་། མི་དམངས་ཀྱི་བསམ་འདུན་དང་རྒྱལ་འགལ་ཡིན་པའི་འབོད་སྒྲ་བསྒྲགས་པ་ཞིག་རེད།
རྡོ་དཀར་ཡུལ་ཚོ་ནི་སྔོན་ཆད་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཆོད་གཞིས་དང་། རྡོ་དཀར་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་ཡང་ན༼རྡོ་དཀར་དགོན༽འབྲས་འབུལ་སྡུད་པ་བོད་པ་ཆོས་རྗེས་ཕྱག་བཏབ་པ་ཞིག་རེད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་སྐྱབས་མཆོག་འཇིགས་མེད་དབང་བོའི་སྐུ་རིང་ནས་བླ་བྲང་བཀྲ་ཤིས་འཁྱིལ་བའི་ལྷ་སྡེའི་ནང་མར་གྱུར་ཅིང་དུས་འགྱུར་ཡར་སྔོན་བར་རྡོ་དཀར་དགོན་པའི་གྲྭ་བ་རྣམས་བཀྲ་ཤིས་འཁྱིལ་གྱི་རིགས་གྲྭ་དང་སྨོན་ལམ་སོགས་ལ་ཕེབས་སྲོལ་ཡོད་པ་རེད། ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་སྣ་བུག་ཞང་རྡོ་དཀར་རུ་ཆེན་ཞེས་གཞུང་ཕྱོགས་ནས་བཅད་བགོས་བྱས་ཡོད་ལ། ཉིན་པ་སྡེ་བདུན་དང་སྲིབ་པ་སྡེ་བདུན་བཅས་རྡོ་དཀར་ཉིན་སྲིབ་གཉིས་ཀར་སྡེ་བ་བཅུ་བཞི་ཡོད།
འདིའི་སྐོར་ལ་ད་དུང་དྲིས་པ་ཡོད་ན་ཨང་གྲངས་འདིའི་སྟེང་འབྲེལ་བ་བྱོས་རོགས། ༩༩༠༡༧༧༥༡༩༡

རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས།

ཁོང་གི་བཟའ་ཟླ་རྡོ་རྗེ་སྐྱིད།

ཁོང་གཉིས་ཀྱི་བུ་དང་བུ་མོ་གཉིས།

ཁྱིམ་དུ་འདས་མཆོད་སྒྲུབ་བཞིན་པ།

ཁྱིམ་དུ་འདས་མཆོད་སྒྲུབ་བཞིན་པ།

གསར་འགྱུར།

Post navigation

Previous Post: ནོར་གླིང་དུ་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོའི་ཆེད་བསྔོ་སྨོན་མཆོད་འབུལ།
Next Post: ཁེར་རྐྱང་གི་བོད།

Comments (20) on “དཔའ་བོ་སངས་རྒྱས་རྒྱ་མཚོ་དང་འབྲེལ་བའི་གནས་ཚུལ།”

  1. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-10-06 at 1:53 pm

    མགོན་པོ་སྤྱན་རས་གཟིགས་ཀྱི་ལམ་སྣ་དྲངས་དུ་གསོལ། ཨོ་མ་ཎི་པདྨེ་ཧ྄ཱོཾཿ
    རྒྱལ་གཅེས་པ་ཁོངས་དང་ནང་མི་ཡོངས་ལ་སེམས་གཏིང་ནས་ཐུགས་གསོ་གྲངས་མེད་ཞུ།།

  2. རིགས་ཞེན་དཀར་པོ། says:
    2012-10-06 at 2:37 pm

    དཔའ་བོ་སངས་རྒྱས་རྒྱ་མཚོ་མཆོག་མགོན་པོ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བར་ཤོག་ཅེས་སྙིང་ཐག་པ་ནས་མིག་ཆུ་བཞུར་བཞིན་སྨོན་པའོ།

  3. རིགས་ཞེན་དཀར་པོ། says:
    2012-10-06 at 3:00 pm

    དཔའ་བོ་སངས་རྒྱས་རྒྱ་མཚོ། །མེ་ལྕེའི་ཀློང་དུ་གཤེགས་སོང་། །རྡར་མ་རིགས་ཞེན་དཀར་པོ། །མིག་ཆུ་བཞུར་བཞིན་ལུས་ཐལ། །གཞིས་ལུས་རྒྱ་ཆེའི་མི་མང་། །ལྷག་བསམ་སྙིང་སྟོབས་ཅན་ཚོས། ། སྲོག་གི་གཏའ་མ་བཞགས་ནས། །རང་ཡུལ་རང་བཙན་རྩོད་ཐལ། །བྱེས་འབྱོར་ཀླད་མེད་འདི་ཚོས། །སྤྱི་རྒྱུ་ཟོས་པས་མ་ཚད། །ཁྲག་མདོག་དར་དམར་བསྒྲེངས་ནས། །སེམས་པ་གས་ཆག་བཏངས་སོང་། །ནམ་མཁའི་བླ་མ་དཀོན་མཆོག །ལས་དང་རྒྱུ་འབྲས་བསླུ་མེད། །རྟེན་འབྱུང་ཟབ་མོའི་མཐུ་ཡིས། །རང་ཡུལ་རང་ལ་དབང་ཤོག ། ། ། །

  4. ལེགས་བཤད། says:
    2012-10-06 at 3:15 pm

    ཞི་བདེའི་དེད་དཔོན་མཆོག་གི་བཀའ་དགོངས་ལྟར།།
    བྲིས་པའི་གདོང་དམར་བོད་ཀྱི་མིང་བྱང་འདི།།
    དགུང་དུ་འདེགས་པའི་དཔའ་བོ་དཔའ་མོ་ཚོའི།།
    བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་འདེབས།།

  5. སྤྲུལ་སྐུ་དབང་ཆེན says:
    2012-10-06 at 3:17 pm

    དཔའ་བོ་རེ་རེ་བཞུད་པའི་ཤུལ་ལམ་ནས།
    མ་ཎི་རེ་རེ་བགྲངས་བའི་རྗེས་ལུས་པ།
    སྐྱོ་གདུང་རེ་རེས་བཀག་པའི་ངག་ལྐུག་ནས།
    མཆུ་མ་རེ་རེས་སྙིང་ཆུང་དུམ་བུར་གཏུབ། །

  6. ཡར་ཁམས་ཁྲི་རྒྱལ། says:
    2012-10-06 at 5:08 pm

    ཕམ་བ་ལ། དེ་འདྲའི་ལོ་ཆུང་། དེ་འདྲའི་ཆོད་སེམས། དེ་འདྲའི་་་་་་་་་་་་་་་་་་་་་་་་་།

  7. བསྟན་འཛིན། says:
    2012-10-06 at 5:50 pm

    རྒྱལ་ཞེན་དཔལ་བོ་སངས་རྒྱས་རྒྱ་མཚོ་མཆོག་གི་གཙོས་མི་རིགས་འདི་ལ་ཞེན་པ་དཀར་བའི་ཁྱུ་མཆོག་དྲུག་བཅུར་ཉེར་བ་ཞིག་གིས་རང་གི་ཟླ་བོ་དང་ཟླ་མོ་ནང་མི་བུ་ཕྲུག་དང་བཅས་པ་ངུ་ངག་དང་སྨོན་ངག་གིས་དམྱལ་བཞིན་དུ་ས་སྟེང་འདིར་བཞགས་ནས་མི་རིགས་ཀྱི་ཆེད་དུ་ཁྱོད་རྣམ་པ་རེ་རེ་བཞིན་འདི་ལྟར་མེ་ལྕེ་དང་ལྷན་དུ་བཞུད་འགྲོ་བ་ནི་ང་ལ་མཚོན་ན་བསམ་བརྗོད་ལས་འདས་པའི་བྱ་བཞག་ཞིག་རེད། ཁྱོད་རྣམས་ཀྱི་བློས་བཏང་ནི་རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པ་དང་གཉིས་སུ་མེད་པ་ཞིག་རེད། ངས་ཁྱོད་རྣམས་ལ་དཀའ་དྲིན་ག་འདྲ་ཞིག་ནས་འཇལ་ཐུབ་མིན་ཡང་ངར་གདེང་ཚད་མི་འདུག། འོན་ཀྱང་ང་རང་ནམ་འཚོ་བར་དུ་བོད་མི་རིགས་འདིར་གནོད་པའི་ལས་མི་བྱ་རྒྱུ་ནི་ངས་དམ་བཅའ་ཡིན། དེ་ནི་ཁྱོད་རྣམ་པས་ངར་བཞགས་པའི་སློབ་བྱ་རེད་ལ། ང་བོད་མི་ཞིག་ཡིན་པས་འོས་འགན་ཞིག་ཀྱང་རེད། ངས་འདི་ནས་སེམས་ཚོར་དྲག་པའི་ཐོག་ནས་ཞུ་རྒྱུ་ཞིག་ནི། མི་རིགས་འདི་ལ་ཞེན་དང་ལྷག་བསམ་དཀར་བའི་སྤུན་ཟླ་རྣམས་བོད་མི་རིགས་འདི་དང་གསོན་བྲལ་མི་མཛད་པ་བོད་འདི་འཆི་ལམ་ནས་ཡར་འདེབས་ཀྱིས་མཛད་སྐྱེད་རེ་རེ་བཞིན་སྤྱོད་ནས་ངེད་ཚོ་མཉམ་དུ་གནས་དགོས། ཁྱོད་ཚོ་ལྟ་བུ་མི་བུ་དག་ངེས་པར་དུ་ཞིང་འདིར་གནས་དགོས།

  8. ཀླུ་སྨྱོན། says:
    2012-10-06 at 6:45 pm

    དོ་དགོང་ཡང་ཀྲུང་ནན་ཧེ་རུ་གསོལ་སྟོན་བཤམ་གི་ཡོད་ནི་རེད། རྒྱུ་མཚན་ནི་ཁ་བྲལ་བ་གཅིག་གིས་ཇེ་ཉུང་དུ་ཕྱིན་པ་རེད།

  9. བློ་བཟང་རིག་འཛིན། says:
    2012-10-06 at 8:31 pm

    ཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿ

  10. ཀརྡོ་གཉེར་ཕྱག་པ་ says:
    2012-10-06 at 8:47 pm

    རང་ལུས་མེར་སྲེག་གི ལས་འགུལ་འདི། གནས་སྐབས་རིང་། མཚམས་ཆད་ན་མི་དྲག་གམ། ད་ཅི་མ་རུང་སྙམ་པས་སོ། །

  11. ཀརྡོ་གཉེར་ཕྱག་པ་ says:
    2012-10-06 at 8:53 pm

    ཀརྨ་རྡོ་རྗེ།
    ༢༠༡༢/༡༠/༠༦ ཉིན་འདོན་སྤེལ་བྱས།
    མྱ་ངན་གུས་འདུད་དང་། དལ་འབྱོར་མིའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་འདུན་ཡོད།

  12. རྣ་བ་བརྒྱདཔ་ says:
    2012-10-06 at 10:01 pm

    གང་ཅན་བོད་མིའི་དོན་དུ།
    རང་ལུས་མེ་རི་སྒྲོན་ཀྱང།
    གཞུང་གི་སྐུ་གྲགས་མི་གྲགས།
    ངང་རྒྱུད་ཆུ་ལྟར་རིང་གིས།
    དིང་གི་འགོ་ཁྲིད་མི་སྣ།
    ནང་སྙིང་མེད་པའི་བེམ་པོ།
    རང་དབང་སྐད་ཆ་བཤད་ཀྱང།
    བཤད་དང་མ་བཤད་མི་འདུག།
    མཐུན་བསྒྲིལ་ཁ་གཡང་སྒྲོག་ཀྱང།
    ལས་ངན་ལག་དུ་བསྟར་ནས།
    གཡང་མོ་གཅིག་སོང་གཉིས་སོང།
    ལུག་ར་སྟོང་ལ་ཉེ་འདུག།

  13. རྩ་འགབ་ཚང་། says:
    2012-10-06 at 10:43 pm

    དཔའ་འབོད་པ་ལྷུན་པོའི་ལྟོ་བར་འཁྱིལ། །
    སྤྱན་གྲུ་གར་འོད་ཀྱི་འཇིག་རྟེན་བཏགས། །
    སེམས་ཀྱི་བཀྱེལ་རྒྱ་གནམ་ཕ་མཐར་སྲིངས།
    །རུས་རྐང་མེ་རུ་སྤར་སྟེ་ཕ་ས་བསྲུངས། །

  14. རྩ་འགབ་ཚང་། says:
    2012-10-06 at 10:45 pm

    དཔའ་༼ བོའི་ ༽འབོད་པ་ལྷུན་པོའི་ལྟོ་བར་འཁྱིལ། །

  15. རྩ་འགབ་ཚང་། says:
    2012-10-06 at 10:52 pm

    དཔའ་བོའི་འབོད་པ་ལྷུན་པོའི་ལྟོ་བར་འཁྱིལ། །
    སྤྱན་གྱི་གྲུ་གར་འོད་ཀྱི་འཇིག་རྟེན་བཏགས། །
    སེམས་ཀྱི་བཀྱེལ་རྒྱ་གནམ་གྱི་ཕ་མཐར་བསྲིངས། །
    རུས་རྐང་རུ་སྦར་སྟེ་ཕ་ས་བསྲུངས། །

  16. མཚོ་མོ says:
    2012-10-07 at 5:05 am

    དཔའ་བོར་དགོས་པའི་རྗེས་དྲན་ནི་སྙིང་སྟོབས་ཀྱི་རྒྱབ་སྐྱོར་ཡིན་ངེས་པ་ལས། ནུས་མེད་ཚོས་མིག་ཆུ་ཙམ་ཀ་ལ་ཡིན། གཏན་ནས་ཡིན་མི་སྲིད། ངའང་དཔའ་ཁོང་གི་བུ་ཕྲུག་གཉིས་ཀྱི་ཨ་མ་ཡིན། ཡིན་ཐག་ཆོད་ཡིན། ཕྲུག་འདི་གཉིས་ལ་ཨ་ཕ་གཅིག་གི་ཉུང་རུ་ཕྱིན་ཡང་། ང་ནང་བཞིན་ཨ་མ་ཁྲི་སྟོང་ལྷག་ཞིག་མང་རུ་སོང་ཡོད། ནང་མི་གང་བོས་སེམས་སྡུག་མ་བྱེད། ཉི་མ་སྤྲིན་པའི་འོག་ནས་ཐར་བའི་དུས་ཤིག་ཡོད་ངེས་ཡིན།

  17. དགེ་བསམ says:
    2012-10-07 at 9:05 am

    ནང་མི་སྡུག་ལ་མ་སྦྱར་སྤུན་ཟླ་ཚོ།།
    སྐུ་ལུས་མཆོད་མེར་མ་འབུལ་སྤུན་ཟླ་ཚོ།།
    སྐུ་སྲོག་ཡིན་རིང་བརྟེན་ཞིག་སྤུན་ཟླ་ཚོ།

  18. རིག་པའི་བུ says:
    2012-10-08 at 8:09 am

    རང་སྲེགས་ལས་གནད་ཡོད་རྒྱ་ནག་གི་མི་ངན་ཁ་ཤས་གསོད་ཐུབ་ན་ཕན་ངེས་རེད།

  19. རིག་པའི་བུ says:
    2012-10-08 at 8:11 am

    ལང་ཚོ་གཞོན་པའི་ཞིང་གཤེགས་པ་མོའི་ཆུང་མའི་གདོང་ལའང་ངས་ལྟ་ཕོད་ཀྱི་མི་འདུག མོ་སྙིང་མ་རྗེ། མི་ཚེ་ཁེ་རྐྱང་དུ་ལྷག རྒྱ་འདྲེ་འདིས་བོད་རྩ་མེད་བཟོ་ངེས་རེད།

  20. ཇ་མ་ says:
    2012-10-09 at 12:17 pm

    ང་ཚོ་བོད་ཕྱི་ནང་གཉིས་ནས་ཞི་བའི་སྐད་འབོད་འདི་ཟུར་དུ་བཞག་ནས་གོ་མཚོན་ལ་ལག་ལེན་བྱེད་དགོས། བོད་པ་ཚོ་ཡར་ལོངས་དང་། ང་ཚོའི་ལག་པ་ནང་གི་ཕན་ཐོག་མེད་པའི་ཕྲང་བ་དེ་ཐང་ལ་བཞག་ནས་མདའ་དང་མདུང་དང་ཡང་ན་གྲི་ཅིག་བཟུང་དང་བོད་པ་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme