Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་རྗེས་དྲན་གྱི་རི་མོ་དང་རྩོམ་ཡིག་འགྲན་བསྡུར་གྱི་གསལ་བརྡ།

Posted on 2011-10-312011-10-31 By ཁ་བརྡ་ 2 Comments on དཔའ་བོ་རྗེས་དྲན་གྱི་རི་མོ་དང་རྩོམ་ཡིག་འགྲན་བསྡུར་གྱི་གསལ་བརྡ།

༄༅།།རིགས་ཞེན་གྱི་ཟུངས་ཁྲག་བཞུར་ཅིང་ཤེས་རིག་གི་འདབ་མ་བཞད་ཀྱིན་པའི་གངས་ཅན་བོད་ཀྱི་ན་གཞོན་སློབ་ཕྲུག་ཡོངས་ཀྱི་སྙན་ལམ་དུ།
འུ་ཅག་གི་ཕ་ས་ཕྱུག་མོར་རྒྱ་དམར་གྱི་བཙན་འཛུལ་སླེབས་པ་ནས་མནར་གཅོད་དང་དྲག་གནོན་རྐྱང་རྐྱང་གི་འོག་བདེན་པ་དང་རང་དབང་གི་སྐད་སྒྲ་ཅུང་ཙམ་ཡང་འབོད་དབང་མི་སྟེར་བར་ལོ་ངོ་དྲུག་ཅུ་ལྷག་འགྲོ་བར་ཉེ་བའི་དུས་ཡུན་འདིའི་རིང།
རྒྱལ་ཞེན་གྱི་མེ་ལྕེ་འབར་བའི་འུ་ཚོ་དང་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་མང་པོས་སྙིང་སྟོབས་ཀྱི་དཔའ་ངར་ཞུམ་མེད་ཀྱིས་བསྐྱེད་དེ་ཁྱོད་དང་ང་། ཁོ་མོ་སོགས་བོད་མི་ཚང་མའི་ཐུན་མོང་གི་བདེ་སྐྱིད་དང་འཚོལ་སྙེགས་ཆེད། དེ་ལྟར་རང་སྲོག་དམར་པོ་འབེན་དུ་བཞག་ནས་བདེན་པའི་དཔང་རྟགས་སུ་གངས་རིའི་ལོ་རྒྱུས་ཀྱི་དར་ཆ་རུ་བསྒྲེངས་འོངས་ན།
རྒྱལ་གཅེས་དཔའ་བོ་དཔའ་མོའི་རླབས་ཆེན་གྱི་མཛད་རྗེས་དང་གཟི་བརྗིད་ལྡན་པའི་ངང་སྐུ་གཤེགས་པར་རྗེས་དྲན་དང་གུས་བརྩི་ཞུ་བ་དང་མཉམ་དུ། འཛམ་གླིང་མི་མང་ལ་དྲང་བདེན་དང་རང་དབང་མེད་པའི་བོད་ཡུལ་གྱི་གནས་སྟངས་ངོ་མར་ནུས་ཤུགས་ཐོན་པའི་རོགས་སྐྱོར་རེ་འཐོབ་སླད།
ངེད་དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་ནས་གཞོན་སྐྱེས་ཕྱི་སྡོད་བོད་ཀྱི་སློབ་མ་ཡོངས་སུ་《བོད་ཀྱི་དཔའ་བོ་རྗེས་དྲན།》ཞེས་པའི་རྩོམ་ཡིག་དང་རིི་མོའི་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྒྲུབ་ཀྱིན་ཡོད་ན། མི་རབས་གསར་པའི་འགན་འཁྲིའི་འདུ་ཤེས་བསམ་ནས་རྩོམ་ཡིག་དང་རི་མོ་གང་མང་འབུལ་བའི་རེ་སྨོན་དང་བཅས།
གཤམ་འཁོད་དོ་སྣང་བྱེད་དགོས་ས་ཁག་གཅིག་ནི།
༡༽རྩོམ་ཡིག་དང་རི་མོ་གང་ཞིག་ཡིན་རུང་ནང་དོན་གཙོ་བོ་གོང་འཁོད་བརྗོད་གཞི་ལ་འབྲེལ་བ་ཡོད་དགོས་པ་ལས་རྩོམ་གྱི་ཁ་བྱང་སོགས་གཅིག་པ་ཡིན་དགོས་པའི་ངེས་པ་མེད།
༢༽ལོ་རིམ་བཅུ་གཉིས་མ་ཐོན་པའི་སློབ་ཕྲུག་སུ་ཡིན་ཡང་འཛུལ་ཞུགས་གནང་བར་དགའ་བསུ་ཡོད།
༣༽ཨང་རིམ་གསུམ་པ་བར་དུ་བྱ་དགའ་གོ་སྒྲིག་ཞུས་ཡོད་ལ་རྩོམ་ཡིག་ལེགས་གྲས་ཁག་གཅིག་རྗེས་མ་ལོའི་ང་ཚོའི་ཆེད་དེབ་༼འགན་འཁྲི་དང་འཚོལ་སྙེགས།༽ཤེས་དེབ་ཕྲེང་གསུམ་པའི་ནང་དུ་འདོན་རྒྱུ་ཡིན། མ་ཟད་རི་མོ་ལེགས་གྲས་ཁག་དྲ་རྒྱ་བརྒྱུད་གང་སར་བཀྲམ་ཐུབ་པ་བྱ་རྒྱུ་ཡིན།
འགྲན་རྩོམ་གྱི་བྱ་དགའ། ཨང་དང་པོར་ཧིན་སྒོར༥༠༠།
ཨང་གཉིས་པར་ཧིན་སྒོར༣༠༠།
ཨང་གསུམ་པར་ཧིན་སྒོར༡༠༠།

རི་མོའི་བྱ་དགའ། ཨང་དང་པོར་ཧིན་སྒོར༣༠༠།
ཨང་གཉིས་པར་ཧིན་སྒོར༢༠༠།
ཨང་གསུམ་པར་ཧིན་སྒོར༡༠༠།
༤༽རྩོམ་ཡིག་རྣམས་རང་མོས་དང་བཅད་རྩོམ་མིན་པའི་རྩོམ་ལུས་གང་ཞིག་ཡིན་ཡང་ཆོག་ལ་ཡིག་འབྲུ་ཉིས་སྟོང་ལས་མ་མང་བ། ཡི་གེ་གཏགས་དུས་སྨོན་ལམ་གསུམ་༼Monlam Uni OuChan༽པའམ་ཧི་གཟུགས་༼Himalaya༽གང་རུང་ཡིན་དགོས།
༥༽༢༠༡༡ལོའི་ཟླ་༡༡པའི་ཚེས༡༠་ཉིན་མ་འགོར་བར་གློག་འཕྲིན་ཁ་བྱང་ druks_84@yahoo.com དང་deng_kunga@yahoo.com གང་རུང་བརྒྱུད་སྤྲོད་ཐུབ་དགོས།
འདི་ནི་དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་ཞེས་བོད་ཡིག་ལ་དུངས་བ་ཟབ་པའི་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ནང་དུ་སློབ་གཉེར་བྱེད་ཀྱིན་པའི་སློབ་མ་བརྒྱད་ཀྱིས་གསར་འཛུགས་བྱས་པའི་ཚོགས་ཆུང་ཞིག་གི་ངོ་བོར་གྲུབ་ཡོད་ལ། བྱ་འགུལ་འདི་སློབ་མ་རང་ནས་འགོ་རྩོམ་བཞིན་ཡོད་དུས་རིགས་ཞེན་དང་ལ་རྒྱ་ཆེ་བའི་སློབ་མ་གང་མང་མཉམ་ཞུགས་གནང་བར་མཁྱེན།
དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་ནས།

གསལ་བསྒྲགས།

Post navigation

Previous Post: རིགས་རྒྱུད་བཙོང་བ་དང་སྤྲོད་པ་ལ་དགེ་མཚན་འདུག་གམ
Next Post: སློབ་དཔོན་ཟམ་གདོང་རིན་པོ་ཆེ་༧གོང་ས་མཆོག་གི་སྐུ་ཚབ་ཏུ་འཛམ་གླིང་ཞི་བདེའི་ཉིན་མོར་ཆེད་ཕེབས་གནང་འདུག

Comments (2) on “དཔའ་བོ་རྗེས་དྲན་གྱི་རི་མོ་དང་རྩོམ་ཡིག་འགྲན་བསྡུར་གྱི་གསལ་བརྡ།”

  1. འབྲོག་ཆོས། says:
    2011-10-31 at 4:17 am

    ཁྱེད་ཚོའི་ལྷག་བསམ་དང་རིགས་ཞེན་ལ་སྙིང་ནས་གུས་འདུད་ཞུ་བཞིན་ཡོད།

  2. མིག says:
    2011-10-31 at 6:11 am

    སོན་རྩ་ཚོའི་ལ་རྒྱ་དང་དུང་བ་ལ་ཡིད་སྨོན་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme