Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་ཞོགས་དུང་ལ་ཕུལ་བའི་འབེལ་རྩོམ་བཀྲ་ཤིས་དགུ་འཕྱུར།

Posted on 2010-10-16 By དབང་ཕྱུག་ 2 Comments on དཔའ་བོ་ཞོགས་དུང་ལ་ཕུལ་བའི་འབེལ་རྩོམ་བཀྲ་ཤིས་དགུ་འཕྱུར།

(ཞོགས་དུང་གློད་ཙམ་གྱི་གཏམ་བཟང་རྣ་བར་སོན་རྗེས་ཀྱི་ཚོར་བའི་འཕྱུར་སྟངས་ཤིག)

བོན་རྒྱ་བསྟན་འཛིན་རབ་རྒྱས།

ཕྱག་སྟོང་སྤྱན་སྟོང་གོ་དེ་རིང་མཉམ་དུ་བརྡབ་ཞོག།
ཕྱག་མཚན་མེ་ཏོག་དེ་དེ་རིང་མཉམ་དུ་ཁུར་ཞོག།
སྲིད་པ་སྐས་དྲུག་གི་སྲས་མཆོག་རུས་པ་ཅན་པོ།།
སྲིན་པོ་བཙན་རྫོང་ནས་ཐར་ཏེ་དེ་རིང་ཐོན་ཡོད།།

སྲིད་པའི་ལྷ་རྒན་དེ་རྨ་ཆེན་སྦོམ་ར་ཕེབས་ཤོགས། །
སྔོན་ཚེ་ཙོང་ཁ་བའི་རྗེས་སུ་དབུས་ལ་སོང་ཚོད། །
ཁ་སང་ཞོགས་དུང་གི་རྗེས་སུ་བཙོན་ལ་སོང་ངེས། །
སྤྲུལ་བའི་སྐྱེས་ལྷ་ཁྱོད་དམིགས་བསལ་དཔལ་དར་ཡོད་དོ།།

མངའ་རིས་སྐོར་གསུམ་ནས་སྐོར་བྲོ་ཤུགས་ཀྱིས་མཆོང་ཤིགས། །
དབུ་གཙང་རུ་བཞི་ནས་སུག་བཞི་བྲོ་ལ་རོལ་ཞོག །
མདོ་ཁམས་སྒང་དྲུག་ནས་རྒྱུད་དྲུག་སྟོབས་ཀྱིས་བརྡུང་ཞོག །
དེ་རིང་ང་རྒྱལ་གྱི་དབུ་འཕང་དགུང་ལ་ཟུག་ཡོད། །

གནམ་གྱི་ཁྲི་བདུན་གྱིས་འཇའ་ཐག་འཐེན་ལ་ཕེབས་ཤོགས། །
ས་ཡི་ལེགས་དྲུག་གིས་ས་ཆེན་གཤོག་ལ་ཕེབས་ཤོགས། །
དམར་ཡག་སྟག་རྒོད་ཀྱི་སྟག་སྤགས་སྣོམས་ལ་ཕེབས་ཤོགས། །
དཔའ་བོ་སྟག་ལྤགས་ཀིས་གཡོགས་དུས་དེ་རིང་ཡིན་ནོ། །

ཉི་ཟླ་ནམ་མཁའ་ནས་ཤར་ནས་ཤོར་ལ་ཤོགས་ཡ། །
ཁ་འབབ་ཆུ་བོ་བཞི་བྲུག་ནས་འཕྱུར་ལ་ཤོགས་ཡ། །
མེས་པོ་དུར་སྒྲོམ་ནས་དགའ་ནས་དགོད་ལ་ཤོགས་ཡ། །
དེ་རིང་ཤི་གསོན་གཉིས་སྐོར་བྲོ་མཉམ་དུ་མཆོང་དགོས། །

དགའ་དུས་དགོད་སྒྲ་ལ་རོལ་བའི་གྲོགས་ཤིག་དགོས་ཡ། །
སྡུག་དུས་སྐྱོ་བ་དེ་ཐེག་པའི་སྙིང་ཞིག་དགོས་ཡ། །
འཚོ་བ་དོན་ལྡན་ལ་རོལ་སྟངས་འདི་འདྲ་ཡིན་པས། །
དེ་རིང་ས་ཡ་དྲུག་དགོད་ལ་མཆོང་ང་རྩེད་ཡ། །

ད་རུང་ནམ་འཛིན་གྱི་ཚོད་དཔག་ཐུབ་ཚོད་དཀའ་ལ། །
དེ་རིང་གཏན་ཐར་གྱི་དུས་ཚོད་གཏན་ནས་མིན་མོད། །
ལན་གཅིག་གློད་ཙམ་གྱི་དུས་ཚོད་གསེར་མགོ་མ་བོ། །
གསེར་འོད་ལམ་ལེམ་ལེམ་དགའ་བས་སྐྱིད་པོས་རོལ་ཡ། །

ཁབ་མིག་འུ་ཁུང་ནས་ལྟ་བའི་སོ་བ་ཡོད་ལ། །
འགྲོ་འདུག་སྤྱོད་གསུམ་ལ་དཔྱོད་པའི་དམག་མི་ཡོད་པ། །
མ་བཤད་མ་བསམ་ན་ཤེས་པའི་ཉམས་མྱོང་ཡིན་མོད། །
དེ་རིང་དེ་དག་ལ་བསམ་བློ་གཏོང་ཁོམ་མི་འདུག །

ནམ་མཁའ་སྔོན་པོ་ག་སྟོན་ན་མནའ་ཞིག་སྐྱེལ་ཡ། །
གངས་རི་དཀར་པོ་ག་སྟོན་ན་ཚད་ཅིག་འཇོག་ཡ། །
སྐྱེས་ནས་ད་ལྟའི་བར་དགའ་བ་འདི་འདྲ་ཞིག་གི། །
དུས་ཚོད་སྐར་ཆ་གཅིག་བདག་ལ་ཐོབ་མྱོང་མེད་དོ། །

གནངས་སང་གྲོགས་པོ་ཀུན་མཉམ་དུ་འཛོམས་ནས་རྩེད་དགོས། །
སྙན་ངག་གྱེར་འདོན་དང་གླུ་གཞས་རྒྱང་འཐེན་བྱེད་དགོས། །
ཁ་བཏགས་དཀར་ཤར་ཤུར་ཁ་བ་ཅན་ལ་གཡུགས་དགོས། །

བཀྲ་ཤིས་དོན་འགྲུབ་ཀྱི་ཀི་སྒྲ་མཉམ་དུ་སྒྲོག་དགོས། །

_____བོན་རྒྱ་བས་སྤྱི་ལོ 2010 ལོའི་ཟླ་ 10 ཚེས 16 ཉིན།

སྙན་ངག

Post navigation

Previous Post: རྡ་རམ་ས་ལའི་སྨུག་སྤྲིན་གྱི་གསེང་ནས་ གྲོགས་པོ་བོན་རྒྱ་བ་འཚོལ་བ།
Next Post: ཞོགས་དུང་སེམས་ལ་སྦྱར་ཏེ་བྲིས།

Comments (2) on “དཔའ་བོ་ཞོགས་དུང་ལ་ཕུལ་བའི་འབེལ་རྩོམ་བཀྲ་ཤིས་དགུ་འཕྱུར།”

  1. བུ་རམ། says:
    2010-10-16 at 1:56 pm

    ང་ཡི་ཞོགས་དུང་གླེང་ས།
    ཁ་བརྡ་དྲ་བའི་ནགས་ཤོད།
    བཙན་པོ་གུང་བྱ་དམར་པོ།
    རྡོ་ཁ་་སྐྱོན་པ་མ་གནང་།

    ཁོང་གི་ལྷག་བསམ་དཀར་པོ།
    གངས་རིའི་ལྷུན་པོས་མི་ཐུབ།
    དེ་བས་རྣམ་དཔྱོད་གཙང་བ།
    ཆུ་ཤེལ་གཙང་པོས་མི་བཏུབ།

    མདོ་སྨད་རིག་པའི་བང་མཛོད།
    ཞོགས་དུང་རིག་པའི་རྒྱལ་པོ།
    འཁོར་ལ་དཔའ་བོ་དཔའ་མོ།
    ལས་ལ་རྒྱལ་བཞེན་རིགས་བཞེན།

    མདོ་སྨད་རི་རྒྱལ་ལྷུན་པོ།
    མ་འགྱུར་གཏན་ལ་ཞུགས་དང་།
    མདོ་སྟོད་དབུས་གཙང་འཁོར་ཕྱོགས།
    འགྱུར་བ་མེད་པ་ཞུས་ཆོག

    མདོ་སྨད་ཞོགས་དུང་ཆེན་མོ།
    ཁམས་ཀྱི་དཔའ་མོ་འོད་ཟེར།
    དབུས་པའི་བློ་བཟང་བསྟན་འཛིན།
    བོད་ཀྱི་སྐྱེ་ཆེན་ཤ་སྟག

  2. orik says:
    2010-10-16 at 5:38 pm

    welcome back SHOKDUNG!

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme