Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་བསོད་ནམས་དར་རྒྱས་མཆོག་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག

Posted on 2012-03-19 By ཁ་བརྡ་ 2 Comments on དཔའ་བོ་བསོད་ནམས་དར་རྒྱས་མཆོག་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག


གནས་ཚུལ་གཏོང་མཁན། སྐལ་བཟང་ཉི་མ་ཡིིན།

བོད་མདོ་སྨད་རེབ་གོང་ཤ་སྦྲང་གི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༣པའི་ཚེས་༡༧ཉིན་རེབ་གོང་རྫོང་ཐོག་ཏུ་སྐུ་ལུས་མཆོད་མེར་ཕུལ་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐུ་གྲོངས་བ་དང་། དེ་མ་ཐག་ཁོང་གི་ཕ་ཡུལ་གྱི་ཡུལ་མི་དང་རེབ་གོང་གི་ས་ཕྱོགས་གང་ཡིན་གྱི་མི་ཚོགས་མང་པོས་སྨོན་ལམ་དང་ཁ་གཡང་ཁྲོད་ཁོང་གི་སྐུ་གདུང་རོང་བོ་དགོན་ཆེན་གྱི་ལྟག་རྒྱབ་གདུང་རྒྱལ་ཀླད་ཅེས་པ་རུ་སྦྱིན་བསྲེགས་བྱས་ཤིང་། ཁ་སང་ཕྱི་ཚེས་༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་ཐོག་སླར་ཡང་ཁོང་གི་ཕ་ཡུལ་ཤ་སྦྲང་གི་ཡུལ་མི་དང་གཞན་རེབ་གོང་ཕྱོགས་ཁ་བཅུ་གཉིས་ཀྱི་མི་མང་རླངས་འཁོར་ལྔ་བཅུ་ནས་དྲུག་བཅུ་ཙམ་གྱིས་ཁོང་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག

དེ་བཞིན་ཁ་སང་ཉིན་གང་བོར་ཁོང་གི་ཁྱིམ་དུ་གདུང་ཐལ་ལ་མཇལ་བ་དང་ཁྱིམ་མི་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་དུ་ཡོང་མཁན་རེབ་གོང་གི་ཡུལ་སྡེ་རེ་རེ་དང་དགོན་པ་རེ་རེ། མི་སྒེར་བཅས་མཚམས་མ་ཆད་པར་ཡོང་གིན་པ་དང་། གཅན་ཚ་ཕྱོགས་ནས་ཀྱང་ཡར་ཡོང་གིན་པ་རེད་ལ། དེ་དག་གིས་དཔའ་བོ་ཁོང་གི་མ་འོངས་པའིོ་ཁྱིམ་མིའི་སླད་དངུལ་སྒོར་ཁྲི་ལས་བརྒལ་བ་དང་འབྲུ་རིགས་རླངས་འཁོར་བྱས་ཏེ་དྲུད་ནས་ཡོང་ཡོད་པ་རེད། མདང་ནུབ་ཤ་སྦྲང་གི་ཁྱིམ་ཚང་རེ་རེའི་ཁྱིམ་མི་རེ་རེས་མཆོད་མེ་རེ་འཁྱེར་ནས་ཤ་སྦྲང་དགོན་ཕུན་ཚོགས་ཆོས་གླིང་གི་ཆོས་རའི་ནང་འཛོམས་ཏེ་དཔའ་བོ་ཁོང་ལ་མྱ་ངན་ཞུ་བཞིན་༸གོང་ས་མཆོག་གི་གསོལ་འདེབས་བཏོན་པ་དང་། ཕྱིར་རང་རང་གི་ཁྱིམ་དུ་གྲོལ་ནས་འགྲོ་ཞོར་སྐད་ཤུགས་ཆེན་པོས་རྒྱལ་རིན་པོ་ཆེའི་གསོལ་འདེབས་བཏོན་པ་དང་མཆོད་རྟེན་ལ་སྐོར་བ་བརྒྱབས་འདུག

དེ་རིང་ཕྱི་ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོ་ནས་བཟུང་སྟེ་རྩེ་ཁོག་དང་གཅན་ཚའི་ཕྱོགས་ཡར་མར། རྐང་ཚ། མཚོ་སྔོན་པོ་སོགས་ཡུལ་ལུང་འདྲ་མིན་གྱི་མི་སྣ་མཚམས་མ་ཆད་པར་ཁོང་གི་ཁྱིམ་དུ་མྱན་ངན་ལ་ཆེད་བཅར་ཞུ་བཞིན་ཡོད་འདུག ད་ལྟའི་ཆར་དཔའ་བོ་ཁོང་གི་ཕ་ཡུལ་ཤ་སྦྲང་དུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མི་སོགས་འབྱོར་མི་འདུག་མོད། ཡུལ་མི་ཚོས་ཉིན་ཤས་རྗེས་ནས་ཡོང་རྒྱུ་ཡིན་པར་ཚོད་དཔག་དང་། གྲ་སྒྲིག སེམས་འཁྲལ་བྱེད་ཀྱི་ཡོད་འདུག

གསར་འགྱུར།

Post navigation

Previous Post: བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་རེབ་གོང་ཁུལ་དུ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།
Next Post: རྒྱ་མིའི་གསང་ཉུལ་བའི་གྱ་གྱུ།

Comments (2) on “དཔའ་བོ་བསོད་ནམས་དར་རྒྱས་མཆོག་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག”

  1. རྒྱ་གྲོལ་གངས་རི says:
    2012-03-21 at 9:16 am

    ཤེས་རིག་གི་ཕ་ས་སྙིང་སྟོབས་ཀྱི་རི་གྲོང་རེབ་གོང་གསེར་མོ་ལྗོངས་ཞེས་པ་གངས་ཅན་པའི་མིག་དཔེ་འོས་པའི་མི་བུ་རླབས་ཆེན་འཚོ་སའི་རི་གྲོང་ཞིག་ཡིན་པ་ཕ་མའི་ངག་རྒྱུན་ལས་ཐོས། དེ་རིང་གི་མེ་ལྕེ་དེས་ཕ་མའི་ངག་རྒྱུན་ན་འཕྱུར་བའི་རེབ་གོང་གསེར་མོ་ལྗོངས་སླར་ཡང་དྲན་དུ་བཅུག་སོང་། ནམ་ཡང་བརྗེད་ཐབས་མེད་པའི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་གཙོས་རེབ་གོང་མི་མང་ལ་གུས་འདུད་ཞུ།

  2. གཡུ་སྦྲང says:
    2012-03-22 at 11:40 am

    བསྟན་སྲིད་ཀྱི་དོན་དུ་རང་ལུས་ཕང་པ་མེད་པར་མེ་ཁྲོད་དུ་འགྱིངས་པའི་དཔའ་བོ་དཔའ་བོ་རྣམ་གྱི་སྙིང་སྟོབས་བསམ་ན་རང་དབང་ཡོད་པའི་དོ་ར་ལ་གནས་པའི་བྱེས་ཀྱི་བོད་རིགས་རྣམས་རྣམ་ཤེས་མེད་པའི་རྡོ་ལུ་བཞིན་འཇམ་ཐིམ་མེར་སྡད་ན་ཡ་སོ་མེད་པའི་དུད་འགྲོ་ཁྱད་པར་ཅི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme