Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་དཔའ་མོའི་སྐོར་གྱི་གཞས་ཚིག་བསྡུ་བ།

Posted on 2012-07-052012-07-09 By ཁ་བརྡ་ 36 Comments on དཔའ་བོ་དཔའ་མོའི་སྐོར་གྱི་གཞས་ཚིག་བསྡུ་བ།

ཁ་བརྡ་དྲ་བ་ལ་འབྲེལ་ཡོད་ཅིག་ནས་ད་བར་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་མཚོན་པའི་གཞས་ཚིག་བསྡུ་རོགས་ཞེས་རེ་སྐུལ་བྱས་བྱུང་བ་ལྟར་འདིར་གསལ་བསྒྲགས་འདི་སྤེལ་བ་ཡིན། གཞས་ཚིག་གི་ནང་དོན་ནི་སྐུ་ལུས་ཞུགས་མེར་ཕུལ་བའི་རྒྱལ་གཅེས་པ་རྣམས་ཡིན་ཞིང་། ཚིག་འབྲུ་དྲུག་མ། ཚིགས་བཅད་བཞི་ནས་ལྔ་ཙམ་ཞིག་དགོས་ཀྱི་ཡོད་འདུག དཔེ་མཚོན་གྱི་གཞས་ཚིག་ཅིག་གཤམ་དུ་བཞག་ཡོད། གཞས་ཚིག་ལེགས་ཤོས་དེ་འདམས་རྒྱུ་རེད་ལགས་ན། རྩོམ་འདིའི་མཆན་གྱི་ཚུལ་དུ་གཞས་ཚིག་འཇོ་གནང་ཡོང་བ་ཞུ། ཁ་བརྡས་ཕུལ།
————————-
དགུ་བཅུ་གོ་བརྒྱད་་ལོ་ལ།
དཔའ་བོ་ཐུབ་བསྟན་དངོས་གྲུབ།།
ཉིས་སྟོང་དགུ་ཡི་ལོ་ལ།
དཔའ་བོ་རྔ་བ་བཀྲ་བྷེ།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
གཤིན་པོའི་རྣམ་ཤེས་དྲོངས་དང་།།

ཆོལ་ཁའི་འཐེན་འཁྱེར་མི་འདུག
སྐྱ་སེར་དབྱེ་བ་མི་འདུག
ཕོ་མོའི་མཐོ་དམན་མི་འདུག
རྒྱལ་གཅེས་དཔའ་བོ་དཔའ་མོ།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
གསོན་པོའི་གདུང་བ་སོལ་དང་།།

ཨ་ནེ་བསྟན་འཛིན་དབང་མོ།།
སྤྲུལ་སྐུ་བསོད་ནམས་དབང་རྒྱལ།།
ཨ་མ་དཔའ་མོ་རིན་ཆེན།།
ཨ་ཕ་བསོད་ནམས་དར་རྒྱས།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
གཤིན་པོའི་རྣམ་ཤེས་དྲོངས་དང་།།

དུས་རབས་ཉེར་གཅིག་ཤར་སོང་།།
བོད་མིས་བདེན་དོན་བརྩད་སོང་།།
དཔའ་བོ་དཔའ་མོའི་རྣམ་ཤེས།།
བཅུ་ཕྲག་ལྔ་ལ་ཉེ་སོང་།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
གསོན་པོའི་གདུང་བ་སོལ་དང་།།

འཛམ་གླིང་ལོ་རྒྱུས་ཐོག་ལ།།
བྱུང་མྱོང་མེད་པའི་ལོ་རྒྱུས།།
དམར་པོ་མེ་ཡིས་བསྲེགས་པའི།།
དུ་བས་གངས་ཅན་གཡོགས་སོང་།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
གཤིན་པོའི་རྣམ་ཤེས་དྲོངས་དང་།།

གླུ་གཞས།

Post navigation

Previous Post: བོད་ཡིག་ཐོན་མིས་བཟོས་པ་ཡིན་ཞེས་བཤད་ན་མགོ་བོ་མགལ་མེ་ལྟར་དུ་འཁོར་འགྲོ་ཟེར།
Next Post: ༧སྐུའི་འཁྲུངས་སྐར་ལ་ཕུལ་བའི་སྙན་ངག་གི་ཚོམས།

Comments (36) on “དཔའ་བོ་དཔའ་མོའི་སྐོར་གྱི་གཞས་ཚིག་བསྡུ་བ།”

  1. འབའ་སྲས། says:
    2012-07-05 at 6:57 pm

    ཚེ་སྲོག་གི་མཆོད་མེ།
    27/10/2011 18:28
     
    བཙན་པོའི་སྙིང་སྟོབས་ལས་འཁྲུངས་པའི།
    ང་ཡི་གཅེན་པོ།
    དམར་བོའི་མེ་དཔུང་གི་དཀྱིལ་ནས།
    རྒྱ་ནག་པའི་སྒོ་དྲུང་བརྡུང་བཞིན།
    ཚེ་སྲོག་མཆོད་མེ་ལ་བསྒྲོན་སོང་།
    ཨོཾ་མ་ཎི་པདྨོའི་ཧོུཾ། ་་་ ་་་

    ཁྱེད་ནི་ལོ་རྒྱུས་ཀྱི་རྡོ་རིང་།
    ཁྱེད་ནི་རྟག་བརྟན་གྱི་ཉི་མ།
    བོད་རྒྱལ་ལོ། ་་་ ་་་

    མི་རིགས་ཀྱི་རྣམ་ཤེས་སྦྲུམ་པའི། 
    ང་ཡི་གཅུང་མོ།
    དམར་བོའི་མེ་དཔུང་གི་དཀྱིལ་ནས།
    བོད་སྐྱོབས་ཀྱི་སྐད་འབོད་སྒྲོག་བཞིན།
    ཚེ་སྲོག་མཆོད་མེ་ལ་བསྒྲོན་སོང་།
    ཨོཾ་མ་ཎི་པདྨོའི་ཧོུཾ། ་་་ ་་་

    ཁྱེད་ནི་བདེན་དོན་གྱི་དཔང་ཡིག 
    ཁྱེད་ནི་ཡལ་མེད་མཆོད་མེ།
    བོད་རྒྱལ་ལོ། ་་་ ་་་

  2. རྒད་པོ། says:
    2012-07-05 at 7:09 pm

    མགོན་སྐྱབས་ཡོད་ན་ཁྲིད་ཤོག

    ༼བོད་འབྱོར་བཙོན་ནས་བླངས་བ།༽

    སྐྱོ་བོའི་མག་མུག་གི་ཡིད་ནས།
    སྡུག་གི་ངུ་སྐད་འཕྱུར་སོང་།
    ནམ་མཁའི་དཀོན་མཆོག་གསུམ་པོ།
    ང་ཡི་སྤུན་ཟླ་སྐྱོབས་རོགས།

    ཉིན་མོ་རང་དབང་མེད་པར།
    བཙོན་ཁང་ནང་ལ་སྐྱལ་སོང་།
    མཚན་མོ་བདེ་ལྷོད་མེད་པར།
    དངངས་སྐྲག་ཁོ་ནས་འདས་སོང་།

    ཕ་ཡུལ་ཕྱོགས་བཞི་ཀུན་ལ།
    དམག་དང་དཔུང་གིས་འཁེངས་སོང་།
    སྟོབས་ཤུགས་ཟད་པའི་སྤུན་ཟླ།
    འུ་ཐུག་ཐབས་ཟད་གྱུར་ནས།

    རང་ལུས་མེ་ལ་བསྲེགས་ནས།
    ནང་གི་སྡུག་བསྔལ་འདོན་བྱུང་།
    རང་སྲོག་འབེན་ལ་བཙུགས་ནས།
    གཞན་སྲོག་སྐྱོབ་པར་བྱོན་སོང་།

    བོདརིགས་ཉིན་མོའི་སྐར་མ།
    རབ་རིབ་ཙམ་ལས་མེད་པར།
    ཁྲི་ཕྲག་རྒྱ་ཡི་དམག་དཔུང་།
    ཇི་ལྟར་གདོང་ལེན་བྱེད་དགོས།

    རེ་བ་ཨེ་ཡོད་བསམ་ནས།
    ལྷ་ལ་གསོལ་བ་འདེབས་རུང་།
    ད་ཆ་ཉིན་རེ་བཞིན་དུ།
    འུ་ཐུག་ཐབས་ཟད་རེད་འདུག

    ཐབས་ཤེས་ཡོད་ན་འདོན་ཤོག
    ཨ་མའི་བུ་ཆུང་ནོར་བཟང་།
    སྐྱབས་འཇུག་ཞུ་ཡུལ་ཡོད་ན།
    ཁྲིད་ཤོག་བུ་མོ་གཡང་འཇོམས།

    མི་ཚེ་རི་ལ་འདས་ཀྱང་།
    རི་དྭགས་ངོ་ཁ་མ་ཤེས།
    ལྷ་དང་་སྲུང་མ་ཟེར་བ།
    འདི་འདྲ་ཤ་སྟག་རེད་འདུག

    ད་ནི་གངས་ཅན་སྐྱོབ་པའི།
    ནུས་པ་སུ་ལ་ཡོད་དམ།
    རྒྱ་དམག་ཕྱིར་བསྐྲོད་ཐུབ་མཁན།
    མགོན་སྐྱབས་ཡོད་ན་ཁྲིད་ཤོག

  3. གངས་རིའི་སེང་གེ says:
    2012-07-05 at 7:30 pm

    རང་གི་དགྲ་བོའི་མདུན་ནས།།
    རང་སྲོག་རང་གིས་གཅོད་པ།།
    སྡར་མ་སྐྲག་ཤོར་ཁྱོད་ཚོ།།
    མི་རིགས་འདི་ཡི་ཞབས་འདྲེན།།

    རང་གི་ཕ་མ་བཞག་ནས།།
    རང་གི་བྱིས་པ་བཞག་ནས།།
    རང་སྲོག་རང་གིས་གཅོད་པ།།
    མི་རིགས་ཚར་གཅོད་ཡིན་འགྲོ།

    རང་ཉིད་འཚོ་བའི་ཐོག་ནས།།
    རང་ཡུལ་བཟུང་པའི་ཐོག་ནས།།
    དགྲ་ལ་འཐབ་རྩོད་བྱེད་པ།།
    དཔའ་བོའི་མཛད་རྗེས་ལོས་ཡིན།།

    གནའ་ནས་ད་ལྟའི་བར་དུ།།
    བོད་ཀྱི་དཔའ་བོ་དཔའ་མོ།།
    དགྲ་དང་གདོང་གཏུགས་རྒྱབ་ནས།།
    རང་ཡུལ་རང་སྲུང་བྱས་ཡོད།།

    ཁ་སང་དེ་རིང་ཞིག་ལ།།
    དགྲ་བོ་མཐོང་པ་ཙམ་གྱིས།།
    རང་སྲོག་རང་གིས་གཅོད་པའི།།
    སྡར་མ་སྐྲག་ཤོར་རྐྱང་རྐྱང་།།

    རང་ས་རང་གིས་སྲུང་ན།།
    རང་མགོན་རང་གིས་བཀུར་ན།།
    རང་ཆོས་རང་གིས་སྤེལ་ན།།
    རང་འཚོ་རང་གིས་བྱེད་དགོས།།

  4. གངས་རིའི་སེང་གེ says:
    2012-07-05 at 7:48 pm

    རྒྱལ་ས་ཁྲང་ཨན་ཕོ་བྲང་།།
    ཁྲག་གིས་འཁོར་ལོ་བསྐོར་བ།།
    རང་ཤི་བརྒྱབ་ནས་མ་ཡིན།།
    དགྲ་འཐབ་བྱས་ནས་བྱུང་ཡོད།།
    ཕྱི་རབས་བོད་པའི་བུ་བརྒྱུད།།
    རང་སྲོག་རང་གིས་མ་གཅོད།།

    སྟོབས་ལྡན་དབྱིན་ཇི་དམག་རྣམས།།
    བོད་ནས་མཐར་དཀྲོལ་བཏང་པ།།
    རང་ཤི་བརྒྱབ་ནས་མ་ཡིན།།
    དགྲ་འཐབ་བྱས་ནས་བྱུང་རེད།།
    ཕྱི་རབས་བོད་པའི་བུ་བརྒྱུད།།
    རང་སྲོག་རང་གིས་མ་གཅོད།།

    འཛམ་གླིང་སུམ་གཉིས་ས་ལ།།
    སྟོབས་ཀྱིས་དབང་བསྒྱུར་བྱས་པ།།
    རང་ཤི་བརྒྱབ་ནས་མ་ཡིན།།
    དགྲ་འཐབ་བྱས་ནས་བྱུང་རེད།།
    ཕྱི་རབས་བོད་པའི་བུ་བརྒྱུད།།
    རང་སྲོག་རང་གིས་མ་གཅོད།།

  5. འདོད་ལྷ་ཁམས་པ། says:
    2012-07-05 at 9:04 pm

    དཔའ་བོ་ཐུབ་བསྟན་དངོས་གྲུབ། །
    དགུ་བཅུ་གོ་བརྒྱད་ལོ་ལ། །་་་་་་་་་་་་་་་ཟིན་བྲིས་པའི་ཐུགས་མཉམ་མ་བཞག་པ་འདྲ།

  6. དོམ་ཁྲ says:
    2012-07-05 at 10:48 pm

    ༄༅། བསམ་གཞིགས་ཀྱི་རློང་ནས་འབར་བའི་མེ་ལྕེ།
    འདས་སོང་གི་ལོ་ཟླའི་ཁྲོད་ཀྱི། །མུག་ཤི་དང་མེ་འགྱོག་འོག་ནས། །གྲངས་མེད་ཀྱི་ཚེ་སྲོག་ཤོར་བའི། །ལོ་རྒྱུས་དེ་སེམས་ན་ཡོད་དུས། །ད་ལྟ་ཡི་སྡུག་གཙུབ་དེ་ཡིས། །ཉེས་མེད་ཀྱི་སྤུན་ཟླ་དུ་མ། །མུན་ཁང་ནས་ཕྱིར་འོང་མེད་པ། །རང་མྱོང་གི་ཚོར་བ་ཡོད་དུས། །མ་འོངས་ལ་བསམ་གཞིག་བྱེད་དུས། །གཡོ་སྒྱུ་ཡི་མུན་ནགས་བཏུག་པོ། །བདེན་པ་ཡི་མེ་ལྕེ་དྲག་པོས། །གསལ་བ་དེ་ཆོས་ཉིད་ཡིན་དུས། །རང་རིགས་ཀྱི་སྤུན་ཟླ་དུ་མས། །རང་རྒྱལ་དེ་སླར་གསོ་ཡོང་ཆེད། །རང་དབང་གི་འབོད་སྒྲ་སྒྲོགས་བཞིན། །རང་ལུས་དེ་མཆོད་མེ་ཕུལ་སོང་། །

  7. གནམ says:
    2012-07-06 at 12:17 am

    ཀི་ཧེ་ཧེ་ཧེ་་་་་་་་་་་་་་་་་་་་་་།
    དཔའ་བོ་གཅིག་གི་རྗེས་ལ
    དཔའ་མོ་གཉིས་རེ་གསུམ་རེ
    དཔའ་མོ་གཉིས་ཡི་རྗེས་ལ
    དཔའ་བོ་གསུམ་རེ་བཞི་རེ
    བོད་་་་་་་་་་བཙན་པོ་གདོང་རྒྱུད་ནམ་ཞིག་རྒྱལ་ངེས་ཡིན། དཔའ་རྒོད་པོ།

    “རྒྱ་དམར་པོའི་གདུག་རྩུབ་ཡ་ངའི་འོག།
    ང་མི་ཤིར་མི་འདུག་ཤི་ཡི་འགྲོ།
    ང་ཤི་སྟངས་འཚེ་མེད་ཞི་བ་ཡིན།
    ལས་ཞི་བར་དགའ་བའི་འགྲོ་བ་རྣམས།།
    འཇིགས་མ་ཞུམ་དཔུང་བ་སྒྲིག་ནས་ནི།
    ཤི་ཚར་བར་རོ་བདག་ཡོད་ནི་གནོངས།།
    སྤྱིར་དགོས་སུ་འཛམ་བུ་གླིང་། ནང་དགོས་སུ་ཆོལ་ཁ་གསུམ།”

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཀི་ཧེ་ཧེ་ཧེ་་་་་་་་་་་་་་་་་་་་་་།
    དཔའ་བོ་གཅིག་གི་རྗེས་ལ
    དཔའ་མོ་གཉིས་རེ་གསུམ་རེ
    དཔའ་མོ་གཉིས་ཡི་རྗེས་ལ
    དཔའ་བོ་གསུམ་རེ་བཞི་རེ
    བོད་་་་་་་་་་བཙན་པོ་གདོང་རྒྱུད་ནམ་ཞིག་རྒྱལ་ངེས་ཡིན། དཔའ་རྒོད་པོ།

    “རྒྱ་ནག་པོའི་ཧམ་པའི་ཧེབ་ཁ་ནས།།
    ང་གསོན་ན་མི་འདོད་ཤི་ན་འདོད།
    ང་ཤུ་དུས་རེ་འབོད་ཚིག་གཅིག་ཡོད།།
    བོད་གངས་ཅན་དགྲ་ཡ་རྒྱའི་ལག་ནས།།
    ཚེ་ཐར་བའི་རོགས་སྐྱོར་ཕྱོགས་བཞི་ལ།།
    ཤུགས་རྒྱབ་ནས་སྤེལ་དང་ཨ་བུ་ཚོ།།
    སྤྱིར་དགོས་སུ་འཛམ་བུ་གླིང་། ནང་དགོས་སུ་ཆོལ་ཁ་གསུམ།”

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཀི་ཧེ་ཧེ་ཧེ་་་་་་་་་་་་་་་་་་་་་་།
    དཔའ་བོ་གཅིག་གི་རྗེས་ལ
    དཔའ་མོ་གཉིས་རེ་གསུམ་རེ
    དཔའ་མོ་གཉིས་ཡི་རྗེས་ལ
    དཔའ་བོ་གསུམ་རེ་བཞི་རེ
    བོད་་་་་་་་་་བཙན་པོ་གདོང་རྒྱུད་ནམ་ཞིག་རྒྱལ་ངེས་ཡིན། དཔའ་རྒོད་པོ།

    “རྒྱ་གདོན་གྱི་ཁྲིམས་མེད་ལུགས་མེད་འདིས།།
    ང་སྡོད་དུ་མ་བཅུག་ཤི་བར་བརྫངས།།
    ལུས་མཆོད་རུང་རྣམ་ཤེས་འཆི་མེད་ཡིན།
    ཤ་རུས་པ་གཅིག་པའི་ང་ཡི་བོད།
    སེམས་བསམ་པ་དྲང་བའི་འགྲོ་བ་མི།།
    བོད་ཆོས་སྲིད་རྒྱལ་ཁབ་སླར་གསོའི་ཕྱིར།།
    ཕྱོགས་ཡོངས་ནས་རྒྱུ་གཏོང་སྟོབས་གཏོང་ཞུ།
    སྤྱིར་དགོས་སུ་འཛམ་བུ་གླིང་། ནང་དགོས་སུ་ཆོལ་ཁ་གསུམ།”

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  8. སྤྲིན་དཀར་གྲོང་གཙོ says:
    2012-07-06 at 6:05 am

    བོད་གངས་ཅན་ཁ་བའི་ཡུལ་ལྗོངས་ན།།
    མེ་དམར་པོཞིག་གི་གཟི་བརྗིད་འཕྲོ།།

  9. ཨ་འདུས་མིག་ཆུ། says:
    2012-07-06 at 7:48 am

    འོད་ལ་ཐིམ་པའི་མི།

    མེ་ལ་བསྒྲོན་པའི་རྒྱལ་གཅེས་པ་ཚོར།

    ལྕགས་ཐག་ཨ་ལོང་དགུ་སྐོར་དམ་པོ་ཞིག།།
    རྒྱལ་གཅེས་དཔའ་བོའི་སྐེ་ལ་བསྐོན་པའི་ཚེ།།
    སེམས་ཀྱིས་མ་བཟོད་ཞུགས་ཆེན་མེ་ཀློང་ནས།།
    རིན་ཆེན་སྐུ་ལུས་བདེན་དོན་སླད་དུ་སྤར།།

    རང་ས་གྲུ་བཞིའི་ཕ་ཁྱིམ་དྲོད་མོ་ནས།།
    མ་ལོ་སྐྱོ་བའི་སྤྱན་ཆབ་བསྙིལ་བ་དང་།།
    ཕ་ལོ་ཁྲོས་པའི་སྙིང་རླུང་འཕར་བའི་ཚེ།།
    བདེན་པའི་ཀི་སྒྲའི་ང་རོ་ཕྱོགས་སུ་ལྡིར།།

    མེ་མདའི་སོ་ཁ་ཀླད་པའི་ཐད་དུ་བཙུགས།།
    ཁྲེལ་དགོད་ངར་མས་རྣ་བའི་བུ་ག་གཤགས།།
    བདེ་བ་མྱོང་བའི་དུས་ཤིག་བསྐལ་བའི་ཚེ།།
    དུས་ཀྱི་མེ་ཆེན་ཀློང་ན་འོད་དུ་འབར།།

    སེམས་ཀྱི་དགོས་པ་ངག་ནས་གསལ་བར་བསྒྲགས།།
    བདེན་པའི་འཐད་རྩོད་རིན་ཆེན་ལུས་ཀྱིས་བརྩད།།
    ཆོལ་གསུམ་སྤུན་ཟླའི་འཛད་མེད་ན་ཟུག་ཀུན།།
    ས་ཆེན་འཛིན་མའི་ཁྱོན་དུ་ཁྱབ་སོང་ཨང་།།

    གཞན་ཀུན་བདེ་བ་མྱོང་བའི་ཐུགས་བསྐྱེད་དང་།།
    རང་གི་དཔའ་གདངས་ཉམས་མེད་སྙིང་སྟོབས་ཀྱིས།།
    གཅེས་པའི་སྐུ་སྲོག་རིན་བྲལ་ནོར་བུ་གང་།།
    བོད་མི་བདེ་བའི་དོན་དུ་སྤར་སོང་ཨང་།།

  10. ལུང་རྟོགས། says:
    2012-07-06 at 9:21 am

    གངས་ཀྱི་སེང་གེ་ཞེས་པའི།།
    མིང་དེ་རྫིག་པ་ཙམ་ལས།།
    དོན་ལ་སེང་སྤགས་འོག་གི།
    ཁྱི་རྒན་རྒྱ་བོ་རེད་འདུག།

    དཔའ་བོ་དཔའ་མོ་དེ་ཚོས།།
    གཞན་ལ་གནོད་འཚེ་སྤངས་ནས།།
    སྤྱི་དོན་རང་སྲོག་བརྗེས་པ།།
    ཞབས་འདྲེན་ཇི་ལྟར་འགྱུར་རམ།།

    སྤྱི་དོན་རེས་སུ་བོར་ནས།།
    རང་དོན་ཁོ་ནའི་ཆེད་དུ།།
    ཉིན་མཚན་ཁོར་ཡུག་རྒྱུག་པ།།
    ཞབས་འདྲེན་ངོ་མ་དེ་རེད།།

  11. ཐུབ་བསྟན་ཡར་འཕེལ། says:
    2012-07-06 at 1:04 pm

    དཔའ་བོའི་སྙིང་སྟོབས།
    ཞུམ་མེད་དཔའ་བོའི་སྙིང་སྟོབས། །འཚེ་མེད་བྱང་སེམས་སྤྱོད་པ། །
    བླ་མེད་རིགས་ཞེན་དཀར་པོ། །འགྲན་མེད་དཔའ་བོའི་ཁྱུ་མཆོག །

    གཅེས་པའི་ཤ་ཁྲག་རུས་གསུམ། དམར་པོའི་མེ་ལ་བསྒྲོན་ནས། །
    བོད་མིའི་བདེན་དོན་སླད་དུ། །སྲོག་གི་མཆོད་པ་ཕུལ་སོང་། །

    བཙན་པོའི་དཔའ་རྟགས་ངོམས་ནས། །ཞི་བའི་འབོད་སྒྲ་བསྒྲགས་སོང་། །
    བསྟན་སྲིད་མི་རིགས་དོན་དུ། །རང་ལུས་ལེགས་སྐྱེས་ཕུལ་སོང་། །

    ཆོད་སེམས་རི་ལྟར་བརྟན་ཅིང། ། ལྷག་བསམ་དུང་ལས་དཀར་བ། །
    ཆོལ་གསུམ་དཔའ་བོའི་ཞལ་ཆེམས། །ང་ཚོའི་སྙིང་དུ་བཅངས་རོགས། །

    རང་ལུས་དཔལ་འབར་གསོན་པོ། །འདྲེན་བྱེད་ལམ་དུ་གྱུར་སོང་། །
    དཔའ་བོའི་མངོན་འདོད་ང་རོ། །འཛམ་གླིང་ཡོངས་ལ་ཁྱབ་སོང་། །

    སྔོན་གཤེགས་དཔའ་བོའི་གཟི་བརྗིད། །རླབས་ཆེན་མཛད་པ་འཕྲིན་ལས། །
    བྱུང་རབས་ལོ་རྒྱུས་ནང་དུ། །གསེར་གྱི་ཡིག་འབྲུར་བཀོད་ཆོག །

    ཆོས་རིག་འཛིན་སྐྱོང་སླད་དུ། །སྐུ་ལུས་མེ་ལ་མ་སྒྲོན། །
    བོད་དང་བོད་མིའི་དོན་དུ། །རང་སྲོག་མེ་ལ་མ་ཕུལ། །

    རང་དབང་བདེ་སྐྱིད་དོན་དུ། །མ་ཤི་གསོན་པོར་བཞུགས་རོགས། །
    གངས་ལྗོངས་རྒྱལ་ཁབ་དོན་དུ། །སྐུ་ཚེ་ཡུན་དུ་བརྟན་ཤོག །

    དཔའ་བོ་དཔའ་མོའི་རྣམ་ཤེས། །བོད་མིའི་རིགས་སུ་ཞུགས་ནས། །
    སྐྱེ་བ་ཚེ་རབས་ཀུན་ཏུ། །འཕགས་པས་རྗེས་སུ་འཛིན་ཤོག །

  12. ཨ་བུ་འབྲོག་ཕྲུག says:
    2012-07-06 at 2:03 pm

    སྤྱི་ལོ་ང་བརྒྱད་ལོ་ནས།།
    སྟོང་ལོ་བཅུ་གཉིས་བར་ཏུ།།
    སྤུན་ཟླའི་ཚེ་སྲོག་འཕྲོག་པ།།
    སེམས་ཀྱིས་བརྗེད་པ་མི་སྲིད།།
    ཁྲག་འཐུང་ཀླ་ཀློའི་ཚོགས་ལ།།
    ཡ་ང་སྙིང་རྗེ་མེད་ན།།
    ཤ་དང་རས་པ་གཅིག་པས།།
    ཆོལ་གསུམ་མཉམ་དུ་ལངས་ཆོག།།
    དམྱལ་བ་ཐག་རིང་མི་དགོས།།
    གངས་ཅན་ཁ་བའི་ཡུལ་ནས།།
    ལུས་སྲོག་གསོན་པོ་བསྲེགས་ན།།
    དམྱལ་བ་མིན་ན་ཅི་རེད།།
    བཞུད་སོང་ཤི་བོའི་རྣམ་ཤེས།།
    བར་དོའི་འཕྲེང་ན་སྒུག་ཡོད།།
    ཤི་བོའི་ཞལ་ཆེམས་རེ་རེ།།
    གསོན་པོའི་སྙིང་ལ་བཅངས་ཡོད།།
    གཅེས་པའི་ཚེ་སྲོག་རེ་རེར།།
    སྐྱེས་པའི་སྐབས་ཞིག་ཡོད་ན།།
    ལྷ་སྐལ་ཕྱག་ན་པདྨོའི།།
    ཐུགས་རྗེ་སྤྱན་གྱིས་ལོས་གཟིགས།།

  13. སྤྱང་ཤོག says:
    2012-07-06 at 4:29 pm

    རྒྱ་མིའི་གཏམ་དཔེ།
    སྟག་འཛུམ་དྲུག་ཉིལ་ལེར་འཆི་བ་ལས།
    ཝ་རྔ་མ་ཤལ་ལེར་གསོན་ན་དགའ་།

    བོད་ཀྱི་གཏམ་དཔེ་།
    ཝ་རྔ་མ་ཤལ་ལེར་གསོན་པ་ལས།
    སྟག་འཛུམ་དྲུག་ཉིལ་ལེར་འཆི་བ་དགའ་།

  14. སྤྲུལ་སྐུ་དབང་ཆེན says:
    2012-07-06 at 4:45 pm

    དཔའ་གླུ་ཚིག་གསུམ་མ། །

    སྐུ་ལུས་མར་མེར་སྒྲོན་འབུལ་ཏེ།
    གསུང་དབྱངས་རང་བཙན་གླུ་ལེན་ཞིང་།
    ཐུགས་བསྐྱེད་སེམས་དཔའི་སྤྱོད་འཆང་བ།
    དཔའ་བོ་དཔའ་མོ་གླིང་བཞིར་གྲགས།

    ལུས་ཡོངས་མཆོད་མེའི་ཀོང་བུར་སྐྲུན།
    ངག་ནས་རང་དབང་འབོད་སྒྲ་བསྒྲགས།
    ཡིད་གཅིག་འགྱུར་མེད་བརྟན་དམ་བཅའ་བ།
    དཔའ་བོ་དཔའ་མོ་གླིང་བཞིར་གྲགས།

    ལྟ་བ་འཚེ་མེད་ཞི་བའི་ལམ།
    སྒོམ་པ་བྱམས་བརྩེའི་ཏིང་འཛིན་ངང་།
    སྤྱོད་པ་རང་སྲོག་བློས་འདོར་མཛད།
    དཔའ་བོ་དཔའ་མོ་གླིང་བཞིར་གྲགས།

  15. ཁ་བརྡ་རྩོམ་སྒྲིག་པ། says:
    2012-07-06 at 7:45 pm

    གཞས་ཚིག་ ཚིག་འབྲུ་དྲུག་མ། ཚིགས་བཅད་བཞི་ནས་ལྔ་ཅན་ཞིག་དགོས་པ་ཐུགས་ལ་འཇགས་འཚལ།

  16. སྣྲོན་ངག་ཁྲི། says:
    2012-07-06 at 10:29 pm

    ༡༽ཀ་ཅིའི་མདོག་ལྟར་དཀར་བའི།།
    ཁ་བ་གངས་ཅན་ལྗོངས་སུ།།
    ག་བཏང་གོ་ཆོད་དཔའ་བོས།།
    ང་ཚོའི་གཟི་བརྗིད་མཚོན་སོང་།།
    ༢༽ཅ་ཅོ་འུར་ཟིང་ཆེ་བའི།།
    ཆ་མེད་གཅིག་སྡུད་གཞུང་གིས།།
    ཇ་ཆང་ཙམ་གྱི་འཚོ་བ།།
    ཉ་ཉུང་བསྲེས་ཏེ་བཅོམ་སོང་།།
    ༣༽༸ཏཱ་ལའི་བླ་མ་མཆོག་གི།།
    ཞབས་ཟུང་རང་ཡུལ་འཁོད་སླད།།
    ཐ་ན་རང་ལུས་ཚུན་ཆད།།
    ད་བར་མང་དག་བསྲེགས་ནས།།
    ན་ཚོད་སྣ་ཚོགས་གྲོངས་སོང་།།
    ༤༽པ་སངས་མདངས་ལ་འགྲན་པའི།།
    ཕ་ལམ་ནོར་ཞིག་ཡོད་ན།།
    བ་ལང་སེམས་པ་དོར་ནས།།
    མ་ལུས་གཟེངས་རྟགས་འབུལ་ངེས།།
    ༥༽ཙ་ཙ་སྒྲ་ཡི་ཁྲོད་ཀྱི།།
    ཚ་གདུང་བཟོད་དཀའི་ལུས་སེམས།
    ཛ་ཡའི་ཆོས་སྲིད་དོན་དུ།།
    ཝ་ལེར་རང་བསྲེགས་འདི་རྨད་བྱུང་།།

  17. སྣྲོན་ངག་ཁྲི། says:
    2012-07-06 at 10:38 pm

    གླུ་གཞས་ཀྱི་མིང་༼ཀ་ཕྲེང་གི་མཆོད་པ་༽ཞེས་འདོགས་རོགས་གནང་།།

    ཚིག་རྐང་མཐའ་མ། ཝ་ལེར་བསྲེགས་རྣམས་རྒྱལ་ལོ། ཞེས་སོགས་གང་བདེར་བཅོས་རོགས་གནང་།།

  18. སྣྲོན་ངག་ཁྲི། says:
    2012-07-06 at 11:27 pm

    ༼འཚེ་མེད་ཀྱི་མེ་མཆོད།།༽
    སྣྲོན་ངག་ཁྲི།
    ༡༽བོད་ཡུལ་ཞི་བདེའི་ལྗོངས་སུ།།
    མ་རབ་ཁྱིམ་མཚེས་རྒྱ་མིས།།
    རིམ་བཞིན་བཙན་འཛུལ་བྱས་ནས།།
    བོད་ཁམས་དམྱལ་བར་བསྒྱུར་སོང།།

    ༢༽དྲག་པོའི་དཔུང་གིས་དེད་ནས།།
    གྲོས་མོལ་མིང་ཞིག་བཏགས་ཏེ།།
    ཆོས་སྲིད་སྟངས་འཛིན་མྱུར་བས།།
    ང་དགུའི་མེ་ལྕེ་འབར་་སོང་།།
    ༣༽སྲོལ་རྒྱུན་ལེགས་བྱང་འཇོམས་ཕྱིར།།
    རིག་གསར་བདུད་རླུང་འཚུབ་པས།།
    བོད་མིའི་ཆོས་རིག་གོམས་གཤིས།།
    མིང་གི་ལྷག་མར་གྱུར་སོང་།།
    ༤༽ཏང་གི་ཚོགས་ཆེན་ཚུགས་ནས།།
    སྲིད་ཇུས་དོན་འཁྱོལ་ཟེར་ཡང་།།
    རྟེན་མཁར་རི་བོས་དབེན་པའི།།
    གྱང་རོ་ཚུར་སློག་ཙམ་རེད།།

    ༥༽གྱ་གསུམ་གྱ་བདུན་ལོ་ལ།།
    མི་རབས་གསར་པས་ལངས་རྣམས།།
    ད་ལྟའི་རང་བསྲེགས་མེ་ལྕེའི།།
    ཉེར་ལེན་མིན་ནམ་སྙམ་བྱུང་།།
    ༦༽མཁྲེགས་འཛིན་སྡུག་རྩུབ་སྲིད་ཇུས།།
    རང་སྲེག་འབྱུང་བའི་རྐྱེན་གཙོ།།
    འདས་གསོན་དཔའ་བོ་དཔའ་མོ།།
    འཚེ་མེད་ཞི་བའི་དཔའ་རྟགས།།།
    འགྲན་

  19. ཆབ་མདོ་ངག་ཕུན། says:
    2012-07-07 at 6:34 am

    རང་རེའི་བཙན་པོ་རྣམས་ཀྱིས།། ངལ་བ་ལྷོད་མེད་གནང་སྟེ།།
    གངས་ལྗོངས་སྲིད་པའི་ཞིང་དུ།། ཤེས་རིག་སྒྲོན་མེ་སྤར་ཡོད།།
    ལྷ་ཆོས་དགེ་བ་བཅུ་དང་།། མི་ཆོས་གཙང་མ་བཅུ་དྲུག།
    ཁྲིམས་ལུགས་གཏན་འབེབས་མཛད་ནས།། ཞི་བདེའི་རང་དབང་བསྐྲུན་ཡོད།།
    ལྷག་བསམ་དུང་ལྟར་དཀར་ཞིང་།། ངག་རྒྱུན་ཆུ་ལས་རིང་བ།།
    ཐུགས་གཤིས་དལ་ལས་འཇམ་པ།། པུར་རྒྱལ་བོད་ཀྱི་རྒྱལ་ཁབ།།
    ཡོངས་རྫོགས་ཆིག་སྒྲིལ་མཛད་ནས།། གྲགས་པ་ཕྱོགས་ཀུན་ཁྱབ་ཡོད།།
    རང་རེའི་མེས་དབོན་དམ་པ།། བཀའ་དྲིན་སྙིང་ནས་དྲན་ཞིང་།།
    རང་རེའི་གངས་ལྗོངས་ཕ་ས།། ཞི་བདེ་རང་དབང་ངང་ནས།།
    ཚོར་བ་ལོངས་སུ་སྤྱོད་སྐབས།། ཤར་ཕྱོགས་དམར་པོའི་རྒྱལ་ཁབ།།
    ཁ་འཛུམ་ཁོག་ནག་ངང་ནས།། གཡོ་སྒར་སྣ་ཚོགས་ཁྲབ་སྟེ།།
    ཧམ་པ་རི་ཙམ་ཤོད་བཞིན།། རིམ་གྱིས་བཙན་འཛུལ་བྱས་ཏེ།།
    སྐྱིད་པའི་ཆོས་ཀྱི་ཞིང་ས།། གངས་རིའི་དཔའ་བོ་དཔའ་བོ།།
    ཉེས་མེད་བཙོན་ལ་སྦྱར་ནས།། སྡུག་སྦྱོང་མནར་གཅོད་བཏང་སོང།།
    ཤེས་རིག་ལོ་འདབ་རྒྱས་པའི།། གངས་ལྗོངས་ཆོས་ཀྱི་ཞིང་ས།།
    ཡོངས་རྫོགས་མེ་ལ་བསྲེགས་སོང།། ད་དུང་ངོ་ཚ་མེད་པའི།།
    བོད་ལ་གནམ་ས་ལྟ་བུ།། འཕེལ་རྒྱས་གོང་འཕེལ་བཏང་བས།།
    འུར་སྒྲོག་ཁོ་ན་བྱེད་ཀྱིན།། རྒྱ་ནག་དམར་པོའི་གཞུང་གིས།།
    ཁ་ནས་མི་རིགས་མཐུན་སྒྲིལ།། དར་ལྟར་འཕྱར་བཞིན་བརྗོད་ཀྱང།།
    ཁོག་ཏུ་གཡོ་སྒྱུ་འཁྲབ་སྟེ།། གངས་ཅན་བོད་མི་རྣམས་པ།།
    དགྲ་བོ་མདངས་མ་འཛིན་ནས།། དམར་བསད་འཁོར་ལོ་སྐོར་སོང་།།
    ཁྲག་དང་མིག་ཆུ་འོག་ནས།། ཡོད་ཚད་མི་རིགས་བདེན་དོན།།
    ཡོད་ཚད་བློས་བཏང་གནང་ནས།། འཇིགས་ཞུམ་སྤུ་ཙམ་མེད་པའི།།
    ཞི་བའི་བདེན་དོན་སྒྲོག་བཞིན།། གཅེས་པའི་ཚེ་སྲོག་དེ་དག།
    རང་དབང་བདེན་དོན་ཆེད་དུ།། སྐུ་ལུས་མཆོད་མེ་སྒྲོན་སོང་།།
    དཔའ་བོ་དཔའ་མོ་ཁོང་རྣམས།། བཀའ་དྲིན་སྙིང་ནས་དྲན་ཞིང་།།
    ལག་གཉིས་སྙིང་ཁར་སྦྱར་ནས།། གསོལ་བ་སྨོན་ལམ་འདེབས་སོ།།
    རང་རེའི་གངས་ཅན་པ་ཡིས།། ཁྱེད་རྣམས་བློས་བཏང་དེ་དག།
    ནམ་ཡང་བརྗེད་ཐབས་མེད་པས།། རྡོ་ལ་རི་མོ་བྲིས་ལྟར།།
    མ་ཉམས་གསོན་པོ་གནས་ཡོད།། གཞིས་བྱེས་བོད་འབངས་ཡོངས་ཀྱིས།།
    བློ་རྩེ་གཅིག་ཏུ་བསྒྲིལ་ནས།། ཁོང་རྣམས་ཐུགས་ཀྱི་བཞེད་དོན།།
    གེགས་མེད་ལྷུན་གྱིས་གྲུབ་པའི།། གསོལ་བ་སྨོན་ལམ་འདེབས་སོ།།

  20. ཁ་བའི་རྡུལ་བརྩེགས། says:
    2012-07-08 at 10:27 pm

    མེ་ལྕེར་སྒྲོན་པའི་དཔའ་བོར་འདུད།
    18-03-2012
    རང་ཉིད་བདེའི་དོན་མ་ལུས་ཡོངས་སྤང་བས།།
    གཅེས་པའི་རང་སྲོག་ནོར་བུ་ཐལ་བར་བསྒྱུར།།
    དལ་འབྱོར་མི་ལུས་རིན་ཆེན་གཞན་དོན་བསྙེགས།།
    ལ་བ་འགྲོ་ཀུན་དོན་དུ་མེས་མཆོད་འབུལ།།

    གཉེར་ཉེ་མཛའ་གཤེས་དུང་བ་ཡོངས་སྤང་བས།།
    གངས་ཅན་མི་རིགས་བདེའི་དོན་སྙིང་ལ་སྐྱོང་།།
    འགྲོ་བ་མི་ཡི་ཐོབ་ཐང་རང་དབང་རྩོད།།
    གཞན་ལ་གནོད་མེད་རང་ལུས་མཆོད་མེར་འབུལ།།

    རང་ཉིད་འབྱུང་ལུས་བསྲེགས་པའི་ཚ་ཟུག་སྤང་།།
    གཞན་ལུས་མནར་གཅོད་སྡང་ཟུག་དང་དུ་ལེན།།
    གཞན་ཕན་བྱམས་བརྩེའི་སྙིང་སྟོབས་རྦ་རླབས་ཀྱིས།།
    གཅེས་པའི་རང་ལུས་མེ་ཡིས་མཆོད་པར་འབུལ།།

    རྐང་གཉིས་མི་ཡིས་འགྲོ་ལམ་ཡོངས་སྤང་བས།།
    མ་ལུས་སེམས་ཅན་དོན་དུ་གཞན་ཡུལ་བསྙེགས།།
    བསླུ་མེད་བདེན་པའི་རྒྱབ་ལ་རབ་སྐྱོར་ནས།།
    རང་ལུས་རིན་ཆེན་ནོར་བུ་མེས་མཆོད་འབུལ།།

    དུག་གསུམ་རང་རྒྱལ་གནས་ལམ་ཡོངས་སྤང་བས།།
    གཞན་ཕན་བྱམས་སྙིང་བརྩེ་གསུམ་མགུལ་ལ་དཀྲིས།།
    བདག་གཞན་མ་ལུས་བརྗེ་བའི་སྙིང་སྟོབས་ཀྱིས།།
    དལ་འབྱོར་མི་ལུས་རིན་ཆེན་མེས་མཆོད་འབུལ།།

    རང་འདོད་བདེ་བའི་ཆོས་ཅན་ཡོངས་སྤང་བས།།
    ཆོལ་གསུམ་མི་རིགས་བདེ་སྡུག་དོན་ལ་བསྙེགས།།
    འགྲོ་བ་མི་ཡི་ཐོབ་ཐང་དབྱངས་བཞིས་སྦྱོར།།
    གཅེས་པའི་རང་ལུས་རིན་ཆེན་མེས་མཆོད་འབུལ།།

    མེ་ཡི་དུ་ངོས་ཚེ་སྲོག་རྣམ་ཤེས་འཁོར།།
    མེ་ཡིས་མཆོད་པར་གཞན་ཕན་རྦ་རླབས་འཕྱོ།།
    མེ་སྟག་རེས་འཕྱོ་བརྩེ་བའི་འབོད་སྒྲས་མངོན།།
    མེ་ཡིས་མཆོད་པ་རི་ལུང་མཐའ་ནས་བཀང་།།

    མེ་ཡིས་དཀྱིལ་དུ་རང་ལུས་མེ་ལ་སྒྲོན།།
    མེ་འབར་གྱེན་དུ་འཕྱོ་བའི་མེ་སྟག་ཁྲོད།།
    མེ་ལྕེ་རེ་ལ་གཞན་ཕན་མེ་སྟག་མངོན།།
    མེས་མཆོད་སྙིང་སྟོབས་དཔའ་བོས་མེ་ལ་འདུད།།

  21. ཁ་བའི་རྡུལ་བརྩེགས། says:
    2012-07-08 at 10:30 pm

    མེ་ལྕེའི་ཁྲོད་ཀྱི་དཔའ་བོ།
    28-03-2012
    འཇམ་དཔལ་ཡེ་ཤེས་སྙིང་སྟོབས་མེ་ལ་བསྲེགས།།
    དཔའ་བོའི་མེ་ལྕེ་རེ་ལ་ཟུངས་ཁྲག་བཅུད།།
    ཟུངས་ཁྲག་མེ་སྟག་འཕྱོ་བའི་བླ་སྲོག་དེར།།
    ཆོལ་གསུམ་མི་རིགས་ཡོངས་ཀྱིས་བདེ་སྡུག་བསྐྲུན།།

    བདེ་སྡུག་དང་དུ་ལེན་པའི་ལྷག་བསམ་ཅན།།
    རང་སྲོག་གཅེས་པར་དོར་བས་གཞན་ཕན་ཅན།།
    འབྱུང་བཞིའི་མེ་ཁྲོད་ལུས་ཟུངས་ཐིག་པ་བཞུར།།
    གངས་རིའི་ལ་རྒྱ་དགོས་པའི་ཞལ་ཆེམས་བཀོད།།

    རེག་འཇམ་ཚེ་སྲོག་གྲུབ་པའི་ཕུང་པོ་དང་།།
    དཔལ་ལྡན་སྙིང་སྟོབས་ཅན་པའི་བླ་སྲོག་སོགས།།
    ཡེ་ཤེས་སྒྲོན་མེ་འབྱུང་བཞིའི་མེ་དཀྱིལ་བསྲེགས།།
    གངས་རིའི་དཔའ་བོ་འཇམ་དཔལ་ཡེ་ཤེས་ཁྱོད།།

    རང་ཉིད་བདེ་སྡུག་ཀུན་གྱི་གད་བཞིན་དོར།།
    ཆོལ་གསུམ་མི་རིགས་བདེ་སྡུག་ལམ་དུ་བསྐྱོད།།
    གཞན་ལ་འཚེ་མེད་སྤང་བའི་བྱམས་སེམས་ངོས།།
    རང་ཉིད་འབྱུང་བཞི་མེ་ཡིས་ཚ་བསྲེགས་སྦྱོར།།

    ལ་བ་གངས་ཅན་སྐད་ཡིག་བསྲུང་པའི་ཆེད།།
    ཕྱག་ན་པད་མོ་གཞིས་ལུས་གདན་འདྲེན་ཆེད།།
    འགྲོ་བ་མི་ཡི་གཅིག་མཚུངས་ཐོབ་ཐང་ཆེད།།
    བཅོས་མེད་དཔའ་འཛོམས་ངོས་ནས་མེ་ལྕེར་སྒྲོན།།

    གཞིས་བྱེས་བོད་རིགས་སྤུན་ཟླ་མཐུན་སྒྲིལ་དགོས།།
    གངས་ཅན་གདོང་དམར་རྒྱལ་ཁམས་སླར་གསོ་དགོས།།
    ཕོ་བྲང་དམར་པོའི་འཁྲིས་སུ་རྒྱལ་གླུ་བསྒྲོགས།།
    དགོས་པ་དེ་གསུམ་དཔའ་བོའི་ཞལ་ཆེམས་ཡིན།།

    མེ་བསྲེགས་དཔའ་བོ་མེ་སྟག་དཀྱིལ་ནས་ལོངས།།
    མེ་ཡི་འབྱུང་བཞིས་མེ་ཡིས་ལུས་མཆོད་འབུལ།།
    མེ་སྟག་གཅིག་གིས་མེའི་ཁྲོད་བླ་སྲོག་གནས།།
    མེ་ལ་འབྱུང་བཞིས་མེའི་མཆོད་དཔའ་བོར་བསྟོད།།

  22. ཁ་བའི་རྡུལ་བརྩེགས། says:
    2012-07-08 at 10:32 pm

    མེའི་ཁྲོད་གནས་པའི་དཔའ་བོ།
    13-04-2012
    མེ་ལྕེ་རེ་རེས་ཁྲོད་ཀྱི་ཚ་བསྲེགས་དེས།།
    མཐོང་ལ་མི་བཟོད་རེག་དུས་ཅི་ལ་བཟོད།།
    བཞུ་དུས་ལྷུ་ཚིགས་རེ་རེར་བསྲེགས་ཀྱིན་དུས།།
    བཟོད་པའི་ཀུན་རྒྱལ་དཔའ་བོ་དཔའ་མོ་རྣམས།།

    མེ་ལྕེའི་རེ་ལ་ཆོལ་གསུམ་བདེན་དོན་གནས།།
    སྒེར་དོན་རྣམ་བྲལ་མེ་ཡིས་མཆོད་པ་འདིར།།
    ཕྱིར་བཞུགས་གདོང་དམར་ཡོངས་ལ་རྐང་རྗེས་བཞག།

    གཞན་འཚེ་མེད་པས་རང་ལུས་བསྲེགས་པ་འདིར།།
    སྙིང་སྟོབས་དཔའ་བོ་རྒྱལ་སྲས་བསླུ་མེད་ཅིག།
    བདག་གཞན་བདེ་སྡུག་བརྗེ་བའི་བློ་སེམས་དེས།།
    ལ་བ་ཆོལ་གསུམ་ཡོངས་ལ་མིག་ཅེར་སྟེར།།

  23. ཀླུ་ཚང་། says:
    2012-07-08 at 11:24 pm

    གོང་དུ་མང་པོ་ཞིག་གིས་གང་བྱུང་འབྲི་གི་འདུག དེ་ཚོ་ཡག་པོ་མི་འདུག གཞས་ཚིག་འབྲི་རོགས་ལབ་དུས་འབྲི་དགོས་པ་རེད། དེ་མིན་རྗེས་ཤིག་ནས་འདི་མ་འགྲིག དེ་མི་འདུག་ཟེར་ན་སྐྱོ་བོ་རེད།
    སྤྱིར་བཏང་དེང་སང་བོད་ཀྱི་གཞས་ཚིག་དྲ་བ་ཞེས་པའི་དམིགས་བསལ་ཚིག་རྐྱང་པ་འགོད་སྤེལ་བྱ་སའི་དྲ་ཚིགས་ཤིག་འདུག དེ་ཚོ་དང་དང་འབྲེལ་བ་བྱས་ན་ཡག་པོ་རག་སྲིད་པ་རེད།

  24. བྲོ་འཚལ། says:
    2012-07-09 at 2:18 am

    མེ་ལྕེ་ལ་འཐིམ་པའི་བོད།

    མཐོ་བ་གནམ་དང་མཉམ་པའི།།
    གངས་ལྗོངས་ཁ་བའི་ཡུལ་འདི།།
    དམར་པོ་དར་ཆས་གཡོགས་ནས།།
    སྡུག་གི་མུན་པ་འཐིབས་སོང་།།

    བྱམས་དང་སྙིང་རྗེའི་བོད་མི།།
    རང་ལུས་རང་ལ་མི་དབང་།།
    ཉིན་མཚན་ལས་ལ་བཀོལ་ནས།།
    གཅེས་སྲོག་ཆད་པ་གྲངས་མེད།།

    རང་ལུས་རིན་ཆེན་ལྗོན་པ།།
    དམར་པོ་མེ་ལ་བསྟུམ་ནས།།
    བདེན་དོན་བདེན་པའི་རི་བོ།།
    གཞན་ཕན་འོད་ཀྱིས་བརྒྱན་སོང་།།

    གཞན་ཕན་སྙིང་རྗེའི་སེམས་པ།།
    མཐོན་པོ་གངས་རི་བརྒལ་ནས།།
    གླིང་དྲུག་ཛམ་བུ་ཚལ་དུ།།
    མ་བཅོས་རྡོ་རིང་ཡིན་སོང་།།

    བོད་མིའི་སེམས་ཀྱི་དཔའ་བོ།།
    དམར་པོ་མེ་ལ་འཐིམ་འཐིམ།།
    གླིང་འདིའི་ཉི་མ་ཡིན་ན།།
    སྤྲིན་པའི་ཁ་དོག་བརྗེ་ཡོང་།།

    མཐོ་བ་ཉི་ཟླ་གཉིས་ཀ།།
    དམའ་བ་བོད་མིའི་དཔའ་བོ།།
    གནས་ས་ཁ་ཁ་ཡིན་རུང་།།
    གཞན་དོན་གཞན་ཕན་གཅིག་ཡིན།།

    སྤྱན་རས་གཡོ་བ་མེད་པར།།
    འགྲོ་དྲུག་མིག་གིས་འཚོ་བའི།།
    ཕྱག་ན་པདྨོའི་ཐུགས་རྗེས།།
    བདེ་ལྡན་ཞིང་དུ་ཁྲིད་རོགས།།

  25. གདོང་དམར་བ་ says:
    2012-07-09 at 5:40 am

    ཁ་བའི་འདབས་མའི་ཁྲོད་ནས།། ཁ་རྗེ་དབང་ཐང་ཡོད་ཚད།། ཁ་བ་བོད་པའི་ཆེད་དུ།། ཁ་སང་མེ་ལ་ཕུལ་སོང་།།
    གདོང་དམར་བཙན་པོའི་རིགས་ལ།། གདོང་མཆོང་ཡ་ལན་མེད་ཀྱང་།། གདོང་འདྲེ་ཀླ་ཀློའི་དཔུང་ལ།། གདོང་གཏུགས་བྱས་ན་མི་ཕན།། དཔའ་བོ་རེ་རེ་འགྲོ་དུས།། དཔའ་བོ་རེ་རེ་ཉུང་འགྲོ།། དཔའ་བོ་བོད་མིའི་རིགས་འདིར།། དཔའ་བོའི་གྲངས་ཀ་མང་དགོས།། དང་པོ་ས་ཡ་དྲུག་ཡིན།། བར་དུ་ས་ཡ་ལྔ་རེད།། ད་ལྟ་ས་ཡ་བཞི་ལྷག། གྲངས་ཉུང་མི་རིགས་འདི་སྐྱོ།། ཉི་མ་དེང་ནས་བཟུང་སྟེ།། མགོ་ནག་བོད་པ་ཡོངས་ཀྱི།། ཕུགས་འདུན་ཡིད་ལ་བཟུང་ནས།། ས་ཡ་བརྒྱ་ལ་བསྒྱུར་དགོས།། འདི་ཡང་གཞས་ཚིག་ཤིག་གི་ཞལ་འདེབས་སུ་ཕུལ་བ་ལགས་སོ།།

  26. གངས་ལྷ་མེ་ཏོག says:
    2012-07-09 at 8:34 am

    སེམས་ཀྱིས་བསྐུར་བའི་འཕྲིན་པ།

    ཉིན་མོའི་འགྲོ་འདུག་སྤྱོད་གསུམ་ལ་དབང་མེད།།
    མཚན་མོའི་གཉིད་སའི་ཉལ་ས་ན་དྲོད་མེད།།
    ཐུན་གསུམ་ཟས་པའི་ཟ་མ་ལ་བཅུད་མེད།།
    སེམས་གཏམ་སྙིང་ནས་བརྡོལ་ས་ཡི་གྲོགས་མེད།།

    རང་རིགས་བསད་པའི་སྙིང་ནད་ལ་མཐའ་མེད།།
    རང་ས་ཤོར་བའི་སྡུག་བསྔལ་ལ་ཚད་མེད།།
    འུ་ཐུག་སྐྱབས་བཅོལ་ཞུ་ས་ན་འཛུམ་མེད།།
    འཁྱམས་པོ་ང་ཚོའི་སེམས་པ་ན་སྐྱིད་མེད།།

    རང་ལུས་མེ་རུ་སྤར་བ་ལ་ཁག་མེད།།
    རང་ས་གཞན་གྱིས་འཕྲོག་པ་ལ་དགའ་མེད།།
    རང་དོན་ཁོ་ན་འབད་པ་ལ་གོམས་མེད།།
    རང་བཙན་རྩོད་ལེན་བྱེད་རྒྱུ་དེ་དོར་མེད།།

    ཕོ་བྲང་དམར་པོའི་གཟི་བརྗིད་དེ་ཉམས་མེད།།
    གངས་སེང་དཀར་མོའི་རྒྱལ་དར་དེ་བརླག་མེད།།
    གདོང་དམར་བོད་པའི་དཔའ་ངར་ལ་ཞུམ་མེད།།
    རང་ས་རང་གིས་ལེན་རྒྱུ་དེ་བརྗེད་མེད།།

  27. བསྟན་འཛིན། says:
    2012-07-09 at 9:59 am

    རང་དབང་དང་། བདེ་སྐྱིད།
    ལྕགས་སྒྲོག་གིས་བཅིངས་པའི་འཇིག་རྟེན་འདིར།
    རེ་ཆད་དང་། སྐྱོ་ཤེས།
    རླུང་ནག་གིས་བརྫེས་པའི་ཉི་མ་དེར།
    ངའི་སྤུན་ཟླ། སྐར་མདའ་བཞིན།
    བདེན་དོན་དང་རང་དབང་གི་མེ་ལྕེའི་ལྷུམས་སུ་ཞུགས།
    སྤུན་ཟླ་ཚོ། ཡར་ལ་ལོངས།
    མི་དམངས་ཀྱིས་མེ་ལྕེ་སྒྲོན། དྲང་བདེན་གྱི་ལོ་རྒྱུས་འཛིན།
    སྤུན་ཟླ་ཚོ། ཡར་ལ་ལོངས། ངའི་མི་རིགས། ངའི་སྤུན་ཟླ།

  28. བསྟན་འཛིན། says:
    2012-07-09 at 10:04 am

    གོང་མི་གཞས་ཚིག་གི་མིང་ལ་་་་་་་་ཚེ་སྲོག་གིས་ལྷིང་བའི་ཨག་སྐད་ཟེར་གྱི་ཡོད།

  29. དྭངས་བླངས་པ says:
    2012-07-09 at 10:22 am

    བོད་ཡུལ་ཆོས་ལྡན་ཞིང་ལ། 
    རང་དབང་སླར་གསོའི་ཆེད་དུ། 
    དམར་པོ་མེ་ཡི་དཀྱིལ་ལ། 
    ཚེ་སྲོག་ཞུམ་མེད་ཕུལ་སོང། 

    མེ་ལྕེ་དམར་པོས་དཀྱིལ་ནས། 
    རང་དབང་ཀི་སྒྲ་སྒྲོག་ཞིང། 
    ཆོལ་གསུམ་བོད་རིགས་སྤུན་ཟླ། 
    རྡོག་རྩ་གཅིག་ཏུ་སྒྲིལ་སོང།

    ཞུམ་མེད་དཔའ་བོའི་སྙན་གྲགས། 
    ནམ་མཁའི་དབྱིངས་སུ་བཞག་སོང། 
    བདེན་པའི་མེ་ལྕེ་རེ་རེས། 
    གོ་ལ་ཧྲིལ་པོ་འགུལ་སོང། 

    བླ་མེད་ལྷག་བསམ་ཆེན་པོས། 
    རང་ལུས་མེར་རུ་སྦར་སོང། 
    ཆོས་ལྡན་བོད་པའི་རང་དབང། 
    ཚེ་སྲོག་དམར་པོས་བརྩོད་སོང། 

    རང་ས་རང་ཡུལ་ཤོར་ཡང། 
    ཕུ་ནུའི་ལ་རྒྱ་མ་ཤོར
    ནམ་ཟླ་དུས་གྱི་འགྱུར་འགྲོས། 
    དགྲ་ཤ་ལོན་པའི་དུས་ཡོང།

  30. མུན་འཇོམས། says:
    2012-07-09 at 11:41 am

    ས་འཛིན་དཀར་པོའི་ཞིང་ཁམས།
    གངས་ཅན་བོད་ཀྱི་ཕ་ཁྱིམ།
    འབྲི་གཡག་ར་ལུག་སེམས་ཅན།
    ཆོས་ལྡན་ཞིང་གི་ཕ་ཟོག

    ན་གཞོན་བོད་རིགས་རྣམ་པ།
    ཆོས་རྒྱལ་མེས་པོའི་གདུང་རྒྱུད།
    བརྒྱ་ཕྲག་བོད་ཀྱི་རིག་གནས།
    ཁ་བ་རི་པའི་ཁྱད་ནོར།

    ཡ་རབས་གུས་ཞབས་ལྡན་པ།
    ཆོས་ལྡན་བོད་ཀྱི་གཤིས་བཟང་།
    བདག་གཞན་བརྗེ་བའི་བྱམས་བརྩེ།
    བོད་པ་ཚང་གི་སྙིང་སྟོབས།

    མ་བོས་གཡོ་ཅན་མགྲོན་པོས།
    མདའ་རྩེ་སྙིང་ལ་སྦྱར་ནས།
    བོད་མིའི་འགྲོ་སྡོད་རང་དབང།
    མི་ལོ་ལྔ་བཅུ་བཀག་སོང་།

    གཏེར་ཁ་རྒྱ་རོས་བསྔོགས་སོང་།
    ཕ་ནོར་རྒྱ་མིས་བཅོམ་སོང་།
    གངས་ཕྲུག་རྒྱ་མིས་བསད་སོང་།
    བཅིངས་བཀྲོལ་བཅིངས་བཀྲོལ་ཟེར་བ།
    སྐྱག་པ་སྐམ་པོའི་བཅིངས་བཀྲོལ།

    མེས་པོའི་ཤུལ་འཛིན་གནང་ནས།
    ཤེས་བྱའི་གནས་ལ་སྦྱོངས་དང་།
    གནས་ཨམ་གཙིགས་བསྡམ་ནས།
    རང་སྲོག་བློས་གཏོང་མ་བྱེད།

    གཞིས་བཞུགས་བོད་རིགས་སྤུན་ཟླ།
    སེམས་ཤུགས་ནམ་ཡང་མི་ཞུམ།
    འཛམ་གླིང་ཞི་བདེའི་དེད་དཔོན།
    ང་ཚོའི་མདུན་དུ་བཞུགས་ཡོད།
    གཞིས་བྱེས་གཅིག་ཏུ་སྒྲིལ་ནས།
    དམ་ཚིག་མཐུན་པར་བཞུགས་དང་།
    དྲང་བདེན་དངོས་ཀྱི་ལོ་རྒྱུས།
    བདེན་པ་ང་ཚོར་ཡོད་དོ།

    རྫུན་ལ་རྫུན་སྒྲིག་བྱེད་མཁན།
    རྒྱ་མི་གུང་ཁྲན་ཡིན་ནོ།
    དམངས་ལ་བཏང་སྙོམས་མེད་པ།
    གུང་ཁྲན་དམར་པོ་ཡིན་ནོ།
    དྭོགས་པ་གཡོ་སྒྱུས་ཁེངས་པ།
    རྒྱ་མི་གུང་ཁྲན་ཡིན་ནོ།
    བོད་མིར་གཉའ་གནོན་གཏོང་མཁན།
    གུང་ཁྲན་ལས་བྱེད་ཡིན་ནོ།
    འཛམ་གླིང་བཙོག་པ་བཟོ་མཁན།
    རྒྱ་རིགས་ཆེན་པོ་ཡིན་ནོ།
    མགྲོན་ཤོག་མེད་པའི་མགྲོན་པོ།
    བོད་དུ་སླེབས་པའི་རྒྱ་སྤྲང་།
    ཆོས་ལ་དད་པའི་བོད་པ།
    རྒྱ་མིར་ཡིད་ཆེས་མ་བྱེད།
    ཇག་པ་རྒྱ་མི་དམར་པོ།
    སོ་སོའི་ལུང་པར་ལོགས་རོགས།
    བཟློག་གསུམ་མཐུ་གསུམ་ལག་རྟགས།
    བོད་པ་ཚང་མས་སྤྲོད་དགོས།

  31. འབའ་སྲས། says:
    2012-07-09 at 12:00 pm

           མེ་ལྕེ་ཡི་རེ་བ།

    ནམ་མཁའ་སེན་མོས་མ་དྲད།།
    ས་གཞི་རྐང་བས་མ་བརྡུངས་།།
    ཞི་བདེའི་མེ་ལྕེ་དམར་པོ།།
    རིན་ཆེན་ལུས་ཀྱིས་བསྒྲོན་སོང་།།

    དགྲ་ལ་རལ་གྲི་མ་གདེངས།།
    རྩུབ་པའི་འཁོར་ལོ་མ་བསྐོར།།
    ཞི་བདེའི་མེ་ཡི་དཀྱིལ་འཁོར།།
    ས་གཞིའི་སྙིང་ལ་བཞེངས་སོང་།།

    དཔའ་བོའི་སྙིང་སྟོབས་རེ་རེ།།
    དམར་པོ་མེ་རུ་བསྒྲོན་སོང་།།
    འཛམ་གླིང་སྟོང་བ་མིན་ན།།
    བོད་ལ་སྤྱན་གྱིས་གཟིགས་རོགས།།

    བོད་ཀྱི་དཔའ་བོ་དཔའ་མོ།།
    ཞི་བདེའི་དེད་དཔོན་རེ་རེ།།
    སྐུ་སྲོག་མེ་ཡི་མཆོད་པ།།
    བོད་སྐྱོབས་གདུངས་དབྱངས་རེ་རེ།།

    བོད་ལ་རང་དབང་མི་འདུག །
    བོད་ལ་དྲང་བདེན་མི་འདུག །
    བོད་ལ་རྒྱབ་སྐྱོར་ཡོད་ན།།
    དེ་རིང་ཡར་ལ་ལོངས་ཤོག །

  32. གངས་སེང་དཀར་མོ། says:
    2012-07-09 at 1:47 pm

    གངས་ཅན་པའི་དཔའ་བོ་དཔའ་མོ།

    མེ་དཔུང་དམར་པོའི་ཀློང་ནས།།
    ཚ་བའི་སྡུག་བསྔལ་མྱོང་གྱིན།།
    ཞི་བདེའི་ཁ་གཡང་སྒྲོག་ཞོར།།
    རྒྱལ་གཅེས་དཔའ་བོ་བཞུད་སོང།།
    ལྷ་དང་བླ་མ་ཡོད་ན།།
    བདེན་པའི་དཔུང་རོགས་མཛོད་ཅིག།

    མེ་ལྕེའི་དུད་སྨིག་ཁྲོད་ནས།།
    ཚ་བའི་ན་ཟུག་སྲན་གྱིན།།
    རང་དབང་འབོད་སྒྲ་བསྒྲགས་ཞོར།།
    གདོང་དམར་དཔའ་མོ་ཆེས་སོང་།།
    ལས་དང་རྒྱུ་འབྲས་ཡོད་ན།།
    མཐུ་དང་ནུས་པ་སྩོལ་ཅིག།

    མེ་ཤུགས་མཆེད་པའི་དཀྱིལ་ནས།།
    བཟོད་པའི་གོ་ཆ་བགོས་ཀྱིན།།
    སྐྱབས་མགོན་གདན་འདྲེན་ཟེར་ཞོར།།
    བཙད་པོའི་གཅེས་ཕྲུག་ཐོན་སོང་།།
    དྲང་པོར་ཡིད་ཆེས་ཡོད་ན།།
    སུ་དང་གང་གིས་གཟིགས་ཤིག།

    མེ་སྟོབས་ཆེན་པོའི་ནང་ནས།།
    སྤོབས་པའི་ང་རྒྱལ་འཆང་གིན།།
    རྡོག་རྩ་གཅིག་སྒྲིལ་གསུང་ཞོར།།
    གངས་རིའི་དཔའ་རྒོད་ཕྱིན་སོང་།།
    ཕྤུན་ཟླའི་རེ་བ་སེམས་ན།།
    ཆོལ་གསུམ་བོད་པ་ལོངས་ཤོག།

  33. མུན་འཇོམས། says:
    2012-07-09 at 5:07 pm

    གནས་སྐབས་ཨམ་གཙིགས་བསྡམ་ནས།

  34. མགར་འཇམ་དབྱངས། says:
    2012-07-10 at 10:01 am

    མེ་དམར་བོའི་གཏམ།
    མེ་སྒྱོགས་ལྡིར་སྒྲ་མེད་པར།། མེ་རྒོལ་ལས་ལ་ཞུགས་པས།། མེ་ལྕེས་བསྲེགས་པའི་གཅེས་སྲོག། མེ་རྡུལ་གྲངས་དང་མཉམ་སོང་།། མེ་ཀློང་ནང་གི་ཚེ་སྲོག། མེ་ཡིས་ཐལ་བར་བཏང་ཡང་།། མེ་ལྕེའི་རྩེ་ཡི་རྣམཤེས།། མེ་ཡིས་འཚིག་པ་མི་སྲིད།། མེ་ལ་དགའ་བ་མིན་ཡང་། ། མེ་དང་འགྲོགས་དགོས་བྱུང་སོང་།།མེ་ཡི་བུད་ཤིང་མིན་ཡང་། ། མེ་ལ་བསྒྲོན་དགོས་བྱུང་སོང་། །མེ་ཡི་གྱེས་ཕྱག་ཁྲོད་དུ།། མེ་རྒོལ་དཔའ་བོ་བཞུད་ཀྱང་།།མེ་ལྕེ་དམར་བོའི་འོག་གི། མེ་ཡི་སྡོམ་ཚིག་བརྗེད་མེད། །མེ་ཡི་སྡང་མིག་འོག་ན།།མེ་སྲེག་ན་ཟུག་མང་ཡང་།།མེ་ལ་ཚོར་བ་མེད་པས།།མེ་དཔུང་སྐྱབས་སུ་མ་འཛིན།། མེ་ཡི་རྒོལ་བ་ཚ་བོའི།།མེ་ལྕེ་ཕྱོགས་སུ་མཆེད་སྐབས།།མེ་འོབས་ནང་གི་བོད་པ།།མེ་ལྷས་གསན་པ་ཨེ་བྱུང་།།

  35. མགར་མི་ནག says:
    2012-07-10 at 10:50 am

    མེ་དམར་བོའི་གླུ། མེ་སྒྱོགས་ལྡིར་སྒྲ་མེད་པར།།མེ་རྒོལ་ལས་ལ་ཞུགས་པས།།མེ་ལྕེས་བསྲེགས་པའི་ཚེ་སྲོག།མེ་རྡུལ་གྲངས་དང་མཉམ་སོང་།།མེ་ཀློང་ནང་གི་ཚེ་སྲོག །མེ་ཡིས་ཐལ་བར་བཏང་ཡང་།།མེ་ལྕེའི་རྩེ་ཡི་རྣམ་ཤེས།།མེ་ཡིས་འཚིག་པ་མི་སྲིད།།མེ་ལ་དགའ་བ་མིན་ཡང་།།མེ་དང་འགྲོགས་དགོས་བྱུང་སོང་།།མེ་ཡི་བུད་ཤིང་མིན་ཡང་།།མེ་ལ་བསྒྲོན་དགོས་བྱུང་སོང་།།མེ་ཡི་གྱེས་ཕྱག་ཁྲོད་དུ།།མེ་རྒོལ་དཔའ་བོ་བཞུད་ཀྱང་།།མེ་ལྕེ་དམར་བོའི་འོག་གི།མེ་ཡི་སྡོམ་ཚིག་བརྗེད་མེད།།མེ་ཡི་སྡང་མིག་འོག་ན།།མེ་སྲེག་ན་ཟུག་མང་ཡང་།།མེ་ལ་ཚོར་བ་མེད་པས། །མེ་དཔུང་སྐྱབས་སུ་མ་འཛིན།།མེ་ཡི་རྒོལ་བ་ཚ་བོའི།།མེ་ལྕེ་ཕྱོགས་སུ་མཆེད་སྐབས།།མེ་འོབས་ནང་གི་བོད་པ།།མེ་ལྷས་གསན་པ་ཨེ་བྱུང་།།

  36. གནམ་ལྕགས་རྡོ་རྗེ says:
    2012-07-26 at 12:29 am

    གོང་གི་འདི་དག་ནང་གཞས་ཚིག་ཡག་པོ་ཞིག་ཁྱོན་ནས་མི་འདུག རྩ་བའི་གཞས་ཚིག་འབྲི་ཤེས་ཀྱི་མེད་པ་འདྲ། ཅི་ཁེག གཞས་ཚིག་འབྲི་རྒྱུ་དེ་ལས་སླ་བོ་ཞིག་གང་ནས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme