Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དད་པ་དངོས་གླེང་བ།

Posted on 2011-07-26 By ཁ་བརྡ་ 1 Comment on དད་པ་དངོས་གླེང་བ།

སེར་ཤུལ་རིན་ཆེན་དོན་གྲུབ།

སྐུ་ཞབས་ཞོགས་དུང་གི་(དོགས་སློང་སྙིང་སྟོབས)་སུ་དད་པ་གླེང་བ་ཞེས་པའི་རྩོམ་ཡིག་ཅིག་བཀོད་ཡོད།
རྩོམ་ཡིག་དེར། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པའི་ཆོས་ལས་ཡོངས་མི་འདའ། །དེ་ལ་དད་པ་ཅན་ཞེས་བྱ། །ཞེས་པའི་མགོན་པོ་ཀླུ་སྒྲུབ་ཀྱི་རིནཆེན་ཕྲེང་བའི་ལུང་འདི་དྲངས་ནས་བོད་མི་རྣམས་ལ་དད་པ་རྣམ་དག་ཅིག་ཡོད་མ་མྱོང་ཞིང་། ཡང་མ་དག་པའི་དད་པ་དེས་བོད་གངས་ཅན་པ་རྒུད་པའི་གནས་སུ་འདྲུད་བཞིན་པ་དང་དྲུད་སོང་བར་འགྲེལ་ཡོད། འདི་ལྟར་འགྲེལ་བའི་གཞི་རྩ་ནི་གོང་དུ་བསྟན་པའི་དད་པ་དེ་དད་པའི་ཚད་གཞི་རུ་བཞག་ཅིང་དེ་ཡོད་མེད་ཀྱིས་དད་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་གནས་ལུགས་གཞིར་བཞག་གིས་བཤད་པ་ཞིག་རེད། གནས་ལུགས་འདིར་བདེན་ཁ་སྦྱིན་ཆེད་དུ་ཁོང་གིས་འོག་གི་ཚིག་རྐང་གཅིག་འདྲེན་བཀོད་བྱས་མེད། དེ་འདྲེན་བཀོད་མ་བྱས་པ་དང་བརྗོད་བྱ་ཆ་ཚང་མི་སྟོན་པའི་ཚིག་ཅིག་གིས་རང་གི་བཤད་པའི་གནས་ལུགས་ལ་བདེན་དཔང་བྱེད་དུ་འཇུག་པའི་བྱ་སྤྱོད་འདིའི་ཐོག་ནས་སྐུ་ཞབས་ཞོགས་དུང་གི་རང་ཚུགས་དང་། དྲང་བདེན། ལྗིད་ཁོག་སོགས་ལ་འགྲེལ་བཤད་གསལ་བོ་ཞིག་བརྒྱབས་ཡོད། བརྗོད་བྱ་ཆ་ཚང་སྟོན་པའི་ཚིག་ཡོངས་རྫོགས་དྲངས་ན་འདི་ལྟར། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པའི་ཆོས་ལས་ཡོངས་མི་འདའ། །དེ་ལ་དད་པ་ཅན་ཞེས་བྱ། །ངེས་པ་ལེགས་པའི་སྣོད་མཆོག་ཡིན། །ཚིག་རྐང་ཐ་མ་དེས་ནི་གོང་གི་དད་པ་དེ་དང་ལྡན་པའི་གང་ཟག་དེ་ངེས་ལེགས་ཐར་བའི་གོ་འཕང་གི་སྣོད་མཆོག་ཏུ་གྱུར་བ་ཞིག་ཡིན་པར་བསྟན་པ་ལས་སྤྱིར་དད་པའི་ཚད་གཞི་དང་། དད་པ་དེ་ལྡན་མི་ལྡན་གྱིས་སྤྱིར་དད་པ་ཡོད་མེད་ཀྱི་ཚད་ཐིག་ཏུ་འཇོག་རིགས་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་གསུང་མེད་བཞིན་དུ་ལུང་འདི་བོད་མི་ཚོར་དད་པ་མེད་པ་དང་བོད་མིའི་རྒྱུད་ཀྱི་དད་པ་དེས་བོད་མི་རིགས་རྒུད་མཐར་འཁྲིད་པའི་གནས་ལུགས་ཀྱི་རྒྱབ་རྟེན་དུ་དྲངས་པ་ནི་རྩོམ་པ་པོ་ཁོང་གི་བོད་ཀྱི་ནང་ཆོས་ཀྱི་ཤེས་ཚད་དང་། ཁོང་ཉིད་ཀྱིས་རྟག་ཏུ་གསུང་བཞིན་པའི་དྲང་བདེན་དང་། དཔྱོད་ཤེས་ལའང་གུས་བརྩི་མ་བྱས་པ་ལྟ་བུར་མངོན། ནང་བསྟན་རིག་པའི་གཞུང་ལུགས་ཀྱི་བསྟན་དོན་དུ་གྱུར་བའི་དད་པ་ནི་དཀོན་མཆོག་གསུམ་དང་ལས་འབྲས་སོགས་ལ་ཡིད་ཆེས་དང་། མངོན་འདོད། དང་པའི་དད་པ་སོགས་ཡིན་ཞིང་དད་པ་དེ་ལྟ་བུ་ཞིག་ཡོད་པ་ལ་ཞེ་སྡང་གི་དབང་གིས་དང་། རྨོངས་པའི་དབང་གིས་དང་། འཇིགས་པ་སོགས་ཀྱི་དབང་གིས་ཡུལ་དེ་ལས་ཡོངས་སུ་མི་འདའ་བ་ཞིག་མེད་ཀྱང་ཆོག བོད་མི་ཚོས་དཀོན་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་ཞིང་ཡིད་ཡིད་དགའ་ལྷང་ལྷང་གི་དང་བ་ཡོད་ལ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་ཀྱང་ཡོད། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་དཀོན་མཆོག་དེའི་གོ་འཕང་ཐོབ་འདོད་ཀྱང་ཡོད་པས་བོད་མི་ཚོར་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ལྟར་གྱི་དད་པ་རྣམ་དག་ཅིག་ཡོད་པ་སུས་ཀྱང་བསྙོན་ཐབས་མེད། འདིར་གནད་འགག་ཅན་གྱི་དབྱེ་ཞིབ་རང་བཞིན་གྱི་འགག་རྩ་ནི་བོད་མིའི་རྒྱུད་ཀྱི་དད་པ་དེའི་དགེ་སྐྱོན་གྱི་སྐོར་ཡིན། བོད་མིའི་རྒྱུད་ཀྱི་དད་པ་འདིས་༸གོང་ས་ཡབ་སྲས་རྣམ་གཉིས་ཀྱི་གཙོས་པའི་ཆོས་ཀྱི་དབུ་འཁྲིད་ཚོར་ཡིད་ཆེས་བླ་མེད་བསྐྲུན་ཅིང་ཁོང་ཅག་གི་ལམ་སྟོན་འོག་བོད་མིའི་མཐུན་སྒྲིལ་གྱི་ནུས་པ་གོང་དུ་བཏེགས་ཡོད་པ་དང་། དད་པ་དང་ཡིད་ཆེས་ཀྱིས་བཀུར་བའི་བོད་ཀྱི་ནང་བསྟན་རིག་པའི་གཞུང་ལུགས་ཀྱིས་བོད་མིའི་ཆེ་མཐོང་རྒྱལ་སྤྱིའི་ཁྱོན་དུ་གཟི་བརྗིད་ཀྱིས་ངོམ་ཡོད། བོད་མིའི་རྒྱུད་ཀྱི་དད་པ་དེ་རྨོངས་དད་དང་འདྲེས་ཆ་ཆེ་བ་དང་སྐབས་འགར་དད་པ་ལ་རྟེན་ཚབ་ཆེ་བའི་དབང་གིས་འཐུས་ཤོར་སོང་བ་ཏན་ཏན་ཡོད་སྲིད་མོད། དེ་ཙམ་གྱི་དད་པ་མི་དགོས་ཞེས་བཤད་ན་དྲང་བདེན་དང་རང་ཚུགས་ཅན་གྱི་བྱེད་སྟངས་ཤིག་གཏན་ནས་མིན། ཆོས་གང་ཞིག་དགེ་སྐྱོན་གཉིས་ཀྱི་ཆ་ནས་དབྱེ་ཞིབ་ཡང་དག་པ་ཞིག་བྱས་ཏེ་གང་ཞིག་གི་དགེ་ཕན་མང་བ་དང་སྤྱི་ཚོགས་ལ་ཕན་པའི་ཕྱོགས་ནས་བལྟས་ཏེ་རིན་ཐང་འཇོག་པ་ནི་ད་གཟོད་དྲང་བདེན་གྱི་ཕྱོགས་སུ་བསྐྱོད་ཅེས་བརྗོད་ཆོག་པ་ལས་དགེ་མཚན་དང་རིན་ཐང་ཚང་མ་རྒྱབ་ཏུ་གཡུག་ནས་ཉེས་ཕྱོགས་རྐྱང་བས་ཐུར་དུ་གཡུག་པ་ནི་དྲང་བདེན་ཞིག་ག་ལ་ཡིན། དད་པ་ནི་སྒྲ་ཡངས་པོར་བྱས་ཏེ་བཤད་ན་ཡུལ་གང་ཞིག་ལ་ཡིད་དགའ་ལྷང་ལྷང་གི་དང་བ་དང་། ཡང་ན་དེ་ཉིད་མངོན་པར་འདོད་པ་སྟེ་དེ་ཉིད་ཐོབ་འདོད་དམ། ཡུལ་དེར་ཡིད་ཆེས་བྱེད་པ་དེ་རེད། དེའི་བྱེད་ལས་གཙོ་བོ་ནི་བརྩོན་འགྲུས་འདྲེན་ཞིང་བརྩོན་འགྲུས་ཡོད་པའི་མི་སུས་ཀྱང་འདི་དང་ཕྱི་མ་འཇིག་རྟེན་བཅས་ཀྱི་བྱ་བ་རླབས་ཆེན་སྣ་ཚོགས་ཞིག་བསྒྲུབ་ཐུབ་ངེས་ཡིན། སྒྲ་ཟོར་ཡངས་པར་བྱས་ཏེ་བཤད་ན་དད་པ་ནི་སངས་རྒྱས་ཀྱི་གོ་འཕང་དང་ཐར་བའི་མཛེས་སྡུག་ཙམ་མིན་པར་འཇིག་རྟེན་གྱི་མངོན་འདོད་མང་པོ་ཞིག་གི་འབྱུང་རྩ་ཡང་ཡིན། བསླབ་གཞི་ལ་དད་པ་ཡོད་ན་བརྩོན་འགྲུས་བསྐྱེད་དེ་འབད་བརྩོན་བྱེད་ངེས་ཤིང་། དཔལ་འབྱོར་ལ་དད་པ་ཡོད་ན་ནུས་ཤུགས་བསྟན་ནས་འཚོལ་བསྒྲུབ་བྱ་ངེས་ཡིན། ཁྲིམས་ལུགས་ལ་དད་པ་ཡོད་ན་ཁྲིམས་རང་སྲུང་བྱེད་ངེས་ཤིང་། ཞི་བདེ་ལ་དད་པ་ཡོད་ན་འཚོ་བ་ཞི་འཇམ་གྱི་ཕྱོགས་སུ་ཁ་ཕྱོགས་ངེས་ཡིན། མདོར་ན་འགྲོ་བ་མི་རྣམས་རང་ཉིད་གང་ལ་དད་པ་དང་དགའ་ཞེན། མངོན་འདོད། ཡིད་ཆེས་ཡོད་ས་དེར་ཁ་ཕྱོགས་ཤིང་གོམས་འགྲོས་འདོར་ཏེ་འགྲོ་བཞིན་པའི་དངོས་མཐོང་གི་གནས་ལུགས་འདིས་མདུན་སྐྱོད་དང་ཡར་སེམས་ཅན་གྱི་མི་བུ་སུ་ཡིན་ཡང་དད་པ་དང་ཁ་འབྲལ་ཐབས་མེད་པའི་གཏན་ཚིགས་བརྒྱ་ཕྲག་གི་རུང་དཔུང་སྟོང་དུ་བརྩེགས་ཡོད། དེས་ན་ང་ཚོར་དད་པ་དགོས་མི་དགོས་ནི་འབད་བརྩོན་དགོས་མི་དགོས་ལ་ཐུག་ཡོད་ཅིང་འབད་བརྩོན་དགོས་མི་དགོས་ནི་གྲུབ་འབྲས་དགོས་མི་དགོས་ལ་ཐུག་ཡོད་པའི་གནས་ལུགས་འདིས་ང་ཚོར་དད་པ་དགོས་པའི་རྒྱུ་མཚན་ཅི་ཞིག་བགྲང་གི་འདུག་བསམ་དགོས།། །།
༢༠༡༡/༧/༢༦

སྣ་ཚོགས།

Post navigation

Previous Post: ཚ་བ་མདའ་སྨྱུག་གླེང་བའི་ལེའུ།
Next Post: བཙན་བྱོལ་གྱི་ཆེས་ཐོག་མའི་མཇེ་དང་སྟུའི་ཚགས་ཤོག

Comments (1) on “དད་པ་དངོས་གླེང་བ།”

  1. བོན says:
    2011-07-26 at 8:54 pm

    – -ཧ་ཧ། ཁྱོད་རང་གིས་གིས་དད་པ་ངོས་ཟིན་མི་འདུག་ན་ཞོགས་དུང་ལ་ཅི་ཞིག་བཤད། བོད་མི་ཕལ་ཆེ་བས་དཀོན་མཆོག་དངོས་དེ་གོ་མི་འདུག་གྰ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme