Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ཨ་མའི་སྙིང་ནས་གདམས་པའི་གླུ༽་དང་མི་ཇུས་ཀྱི་གཏམ།

Posted on 2010-07-312010-07-31 By དབང་ཕྱུག་ 6 Comments on ༼ཨ་མའི་སྙིང་ནས་གདམས་པའི་གླུ༽་དང་མི་ཇུས་ཀྱི་གཏམ།

རས་པ།

༼ཨ་མའི་སྙིང་ནས་གདམས་པའི་གླུ༽ཞེས་པ་འདི་ནི་རྒྱ་ནག་པོའི་ཡུལ་ལ་གྲགས་པ་ཆེར་རྒྱས་པའི་སྙན་ངག་སྨྲ་ བ་ཡི་དམ་ཚེ་རིང་ལགས་དམ་པའི་བརྩམས་གནང་བའི་སྙན་ངག་ཅིག་ལགས་ཤིང་། ཁག་དྲུག་ཅན་གྱི་སྙན་ངག་འདི་ ཉིད་ལས་རྩོམ་པ་པོས་རང་གི་རིགས་རྒྱུད་ཀྱི་འཚོ་བའི་གནས་ལུགས་ལས་ལེགས་པར་བཏུས་པའི་བསླབ་བྱ་དང་། མ་བུའི་བརྩེ་བ། འགན་འཁུར་གྱི་སྣང་བརྙན། ཚོར་འགྱུ་སོགས་རིམ་སྤེལ་བྱས་ཡོད་པ་དང་། སྙན་ངག་གི་མགོ་མཇུག་ བར་གསུམ་དུ་བླ་ན་མཐོ་བའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་བར་མེད་བཞུར་གྱིན་པ་ནི་རྩོམ་པ་པོ་ཁོང་གི་བརྩམས་ཆོས་ ཡོངས་དང་འདྲ་བར་འདུག སྙན་ངག་འདི་ལས་ཁོང་གིས་གྱག་གྱོག་ཅན་གྱི་འཚོ་བའམ་འགལ་འདུའི་སྣང་ཚུལ་ གྱིས་ཡོངས་སུ་བཀང་བའི་འཚོ་བ་ལ་ངོས་འཛིན་གནང་ཡོད་པ་དང་། དེ་ཉིད་དང་གདོང་གཏུགས་པའི་ཐབས་བཏོན་ ཡོད་པ་མ་ཟད། འཚོ་བའི་འདུན་མར་ངོས་འཛིན་དགོས་པ་གལ་ཆེན་དུ་བརྩིས་ཡོད། སྙན་ངག་པ་རང་གི་འཚོ་བར་ འཇུག་ཐབས་ཀྱི་ཐད་ནས་བརྗོད་དོན་”བདག་ནི་མདའ་རྣོན་འཆང་བའི་བུང་བ་གྲོགས་སུ་སྡེབ་པར་འདོད་”ཅེས་ཟེར། སྙན་ངག་འདི་ལས་ཁག་བཞི་བ་ནི་ལོ་ རྒྱུས་ཀྱི་འགྱུར་བའི་ཐད་ངོས་འཛིན་བྱས་པ་ལྟ་བུ་ཞིག་ཏུ་སྣང་ཞིང་། དེ་ལྟ་ནའང་དེ་ཉིད་ནི་སྙན་ངག་པ་རང་གང་དུ་གནས་པའི་ལྟ་ ཚུལ་གྱི་དབང་དུ་བྱེད་པས་མི་རིགས་ཀྱི་ལོ་རྒྱུས་ཀྱི་ འབྱུང་འགྱུར་གང་དུ་གཏོང་བ་སྐབས་དེའི་མི་ཐོག་དེ་ཉིད་ཀྱིས་བྱེད་པ་ལས། འདས་པ་དང་ད་ལྟ་བསྡུར་བ་བྱེད་པ་ ནི་འོས་འཚམས་མ་ཡིན་ཞིང་། མི་རབས་གསར་བའི་འཚོ་བའི་བགྲོད་ལམ་ཡངས་པོར་ཕྱེས་པ་ནི་རིག་གནས་སྣ་མང་ གིས་མི་སེམས་གོང་འཕེལ་དུ་བཏང་བའམ་དུས་ཀྱི་འགྱུར་བར་ངེས་སོ།
སྙན་ངག་འདི་ལས་ཁག་གསུམ་པའི་ནང་དུ་ཆེས་ཐོག་མར་སྤྱི་ཚོགས་འཚོ་བར་ཞུགས་པའི་ སྣང་ཚུལ་ནས་མགོ་བརྩམས་ཏེ་དཀའ་རྙོག་ཆེ་བའི་མི་སྒེར་བ་རེ་རེར་འོང་སྲིད་པའི་ སེམས་ཚོར་བརྗོད་ཡོད་པ་དང་། དཀའ་ངལ་གྱི་ཁྲོད་ནས་མགོ་ བོ་དགྱེ་བའི་རིམ་པ་དེ་རང་ཉིད་གང་ལ་གོམས་པའི་རིག་གནས་ཀྱི་བསླབ་བྱ་ལས་ལེགས་ པར་བཏུ་དགོས་པ་དང་། ལེགས་པར་བཏུས་པའི་བསླབ་བྱའམ་དེ་ཉིད་ཀྱིས་བསྟན་པའི་ཐབས་ལམ་ཉིད་ཀྱིས་འཚོ་བར་ འཇུག་ཚུལ་ངོས་འཛིན་ ཐུབ་པར་བསྟན་ཡོད།
སྙན་ངག་འདི་ཉིད་ལས་བོད་ཀྱི་མི་ཆོས་རིག་གནས་ལ་རྣམ་པ་གསར་བའི་མཛེས་བཟོ་བྱས་ཡོད་པ་དང་། དེ་སྔའི་ རྩོམ་ཡིག་ཁག་ཏུ་བྱུང་བའི་ “བཟོད་བསྲན་”གྱི་ཚབ་ཏུ་”འགོག་རྒོལ་”བརྡ་སྦྱོར་བྱས་ཏེ། ” གཉོམ་ཆུང་འདུག་ཤེས་ན།། བཙན་པོས་རྒུལ་མི་ཐུབ་” ཅེས་པའི་བཤད་རྒྱུན་གྱི་གདོང་དུ་བུད། སྤྱིར་ན་སྙན་ངག་འདི་ཉིད་ནི་རྩོམ་པ་པོ་སྒེར་གྱི་ བསམ་པའི་འཁྱེར་ཕྱོགས་སུ་བསྟན་པར་གོ་བ་སྤྲོད་པའི་ཚིག་ནུས་ཀྱིས་སྤྲས་ཡོད་ནའང་། བྱུང་རབས་ཀྱི་ཆུ་རྒྱུན་བར་ མ་ཆད་པའི་བོད་ཀྱི་རིག་གནས་ཀྱི་ངོས་ནས་བརྗོད་ཚེ་བོད་ཀྱི་མི་ཆོས་རིག་གནས་བསྐྱར་དར་བྱེད་པར་བསྐུལ་བ་ ཞིག་ཏུ་ངེས་ཤིང་། གནའ་བོའི་བོད་ཀྱི་གཏམ་དང་། བསྟན་བཅོས་ཁག་ཏུ་དམ་པ་ཁོང་གི་སྙན་ངག་ལས་ཐོན་པའི་འཚོ་ བར་འཇུག་ཚུལ་གྱི་གདམས་པ་ལྟ་བུ་མང་དུ་ཐོན་ཡོད་པས་ཕྱིར། དེ་ཉིད་ནི་རྩོམ་པ་ཁོང་གིས་གཞི་རིམ་གྱི་འཚོ་བར་ གནས་བའི་མིའི་བཤད་སྒྲོས་དང་། མ་བུའི་བར་བྱུང་བའི་གཏམ་རྒྱུད་ཀྱིས་མཛེས་སྤྲས་བྱས་ཏེ་རིག་རྩལ་འཕར་མའི་ ངོ་བོར་འཁྱེར་ཡོད།
རྫོགས་མཐའ་མེད་པའི་མི་ཚེའི་དགོས་འདུན་དེ་དག་གིས་མིའི་འཚོ་གནས་ལ་རིན་ཐང་ཞིག་སྤྲོད་ཀྱི་ཡོད་པ་དང་། རིན་ཐང་དེ་ཉིད་ཀྱིས་ནི་ད་གཟོད་མི་ཚེ་ཞེས་པའི་དུས་ཚོད་འདི་ཏག་ཏག་ཕར་བསྐྱལ་བའི་ལས་ཀ་ཞིག་ངོ་སྤྲོད་བྱེད་ཀྱི་ཡོད། ཡི་དམ་ཚེ་རིང་ལགས་ཀྱི་སྙན་ངག་འདི་ལས་ཤུགས་ཆེར་བསྟན་པའི་མ་བུའི་བརྩེ་འདང་གི་ཆེད་དུ་”ཨ་མས་ སྙིང་རྩེར་སྦར་བའི་དངུལ་གྱི་ཚེ་འབར་མེར་གྱིས་བཀང་བར་བྱ་”ཞེས་ཡིད་བྱེད་ཀྱི་འདུ་ཤེས་ཤིག་བཏང་ཡོད། འདི་ཉིད་ལས་ང་ཚོས་ཨ་མའི་སེམས་ཀྱི་ཚོར་བ་ཉིད་རྟོགས་པའི་ཐབས་བྱས་ཆོག་སྟེ། མི་རེ་རེའི་ཨ་མ་སུ་ཡིན་ ཡང་རང་གི་བུ་ཕྲུག་གི་འཚོ་བའི་གནས་བབ་ལ་བསམ་བློ་གཏོང་གི་ཡོད་པ་དང་། དེ་ཉིད་ཀྱིས་འཚོ་བའི་འདུན་ པ་དེ་རིམ་བརྒྱུད་སེམས་ཁམས་ཀྱིས་བརྒྱུད་སྤྲོད་ཀྱི་ངོ་བོར་འཁྱེར་ཏེ་ཕ་མ་ནས་བུ་ཕྲུག་གི་བར་དུ་ཡོང་བ་ཞིག་དང་། རིམ་བརྒྱུད་རིག་གནས་འདི་ཉིད་ཀྱི་ཁྲོད་དུ་ཡིད་དུ་འོང་བའི་གཏམ་རྒྱུད་རིག་གནས་སོགས་འཚོ་བར་འཇུག་པའི་ སློབ་གསོའི་རིག་གནས་མང་དུ་འཕེལ་བཞིན་པ་ལགས།
སྐྱེས་པ་ཉིད་ནས་འཚོ་བར་འཇུག་པའི་ལས་འགན་འཁྲི་ཡོད་ནའང་། དེ་ཉིད་ཐབས་སམ་ལམ་མམ། རྣམ་པ་དང་ འགུལ་སྐྱོད་གང་འདྲ་ཞིག་གིས་འཇུག་སྟངས་ནི་ཧ་ཅང་མི་འདྲ་བ་སྟེ། སྣ་མང་པོའི་ལས་རིགས་འདྲ་མིན་ནི་དེ་དག་ གི་དཔེར་མཚོན་དུ་ངེས་པར་འདྲེན་ཆོག་པའོ། བོད་ཀྱི་མི་ཆོས་རིག་པའི་བཤད་རྒྱུན་ལྟར་བྱས་ན་” སེམས་ཐག་མ་ ཆོད་ན་མྱི་མིན།། བྱང་ལམ་མ་ཆོད་ན་རྟ་མིན།།” ཞེས་ཟེར་སྲོལ་ཡོད་པ་དང་། སེམས་ཐག་ཆོད་པ་ནི་སྙིང་སྟོབས་ཀྱི་ འབྲས་བུ་རང་དུ་ངེས་ཕྱིར་འཚོ་བར་འཇུག་པའི་རིག་གནས་ནི་སྙིང་སྟོབས་ཀྱི་རྨང་གཞི་ནས་མགོ་བརྩམས་ཏེ་གླེང་ དགོས་པ་གནད་དུ་མཐོང་། སྙིང་སྟོབས་ནི་མདོར་དྲིལ་ན་སེམས་ཐག་ཆོད་པ་ལ་ཟེར་ དགོས་ཤིང་། སེམས་ཐག་ ཆོད་པ་ཉིད་ཀྱིས་འཚོ་བར་འཇུག་པའི་ལམ་གང་དུའང་བདེ་ལེགས་སུ་བགྲོད་པའི་ངེས་པ་འདྲེན་པར་ནུས།
དེ་ལྟ་ནའང་། འགོག་རྒོལ་གྱིས་ནི་ང་ཚོ་ལ་སྙིང་སྟོབས་ཀྱི་དཀྱིལ་སྙིང་དུ་ཡོད་པའི་གནད་དོན་དེ་འཆད་ཀྱི་ཡོད་པ་ དང་། བྱ་ཚིག་མཉམ་སྦྱོར་གྱི་མིང་ཚིག་འདི་ཉིད་ཀྱིས་མི་རེ་རེས་གང་ལ་གདོང་གཏད་པའི་ལས་སུ་བྱ་བར་སྐབས་བསྟུན་ གྱིས་རྣམ་དཔྱོད་འདོན་པའི་བསླབ་བྱ་གནང་བཞིན་པ་དེ་ལགས། གཞན། འགོག་ནི་གང་ཞིག་གཙོ་གནད་དུ་བཟུང་ བའི་ལས་སུ་བྱ་བ་གང་ཡིན་པ་དེ་ལ་གནོད་པས་མ་གོས་པ་བྱེད་པའམ་གནོད་པར་བྱེད་མཁན་ལས་སྲུང་བ་སྟེ་རང་ གཅེས་ཀྱི་དོན་དང་ལྡན་པའི་བྱ་ཚིག་དང་། རྒོལ་ནི་འཇུག་པའི་དོན་དུ་གོ་བ་ཡོད་ཅིང་། རང་གི་འཚོ་བའི་འདུན་མ་ མཚོན་པའི་ལས་གང་ཞིག་ལ་གནོད་པའི་བྱ་བ་གང་ཡོད་དེ་ དག་ལ་གནོད་པར་བྱེད་པའམ། ལས་དེ་ལ་ཕྱིར་བཤོལ་མེད་ པར་འཇུག་པ་སྟེ་རང་སྲུང་སྙིང་སྟོབས་ཀྱི་གོ་དོན་དང་ལྡན་པ་ལའོ།
མི་ཚེ་ནི་འདི་ལྟར་ལེགས་ཉེས་ཀྱི་རྣམ་དབྱེའི་མིང་དུ་གདགས་སྟངས་ཤིག་གིས་འགྲོ་དགོས་པ་དང་། འགྲོ་བ་ཀུན་པོ་ འཛམ་བུ་གླིང་དུ་ཅི་འདོད་འདོད་དུ་འཚོ་བར་སྟབས་བདེ་བའི་ཀུན་སྤྱོད་ཉམས་པ་ནས་སྲིད་ཀྱི་གནས་ལུགས་དང་། སྲིད་གཞུང་གི་སྒྲོམ་གཞི། དབང་བསྒྱུར། སྒྲིག་ལམ། ཁྲིམས་བཅས་བྱུང་བ་ནི་རྣམ་པར་འགྱུར་བའི་འཚོ་བའི་གནས་ ལུགས་ཀྱི་འཕེལ་རིམ་ཞིག་ཏུ་ངེས། བདེན་པའི་གཏམ་ཞིག་སྨྲས་ན་འདི་ལྟ་སྟེ། མི་ཚེ་ནི་ལེགས་པ་ཞིག་མ་ཡིན་པར་ ལེགས་པར་བཟུང་བ་ཞིག་གོ། ཕྱི་ལོ་༢༠༡༠ ཟླ་༧ཚེས་༩ཉིན།

དཔྱད་རྩོམ།

Post navigation

Previous Post: ང་ལ་ལྟས་ངན་བསྟན་སོང་།
Next Post: ཉིན་གུང་གི་རྨི་ལམ།

Comments (6) on “༼ཨ་མའི་སྙིང་ནས་གདམས་པའི་གླུ༽་དང་མི་ཇུས་ཀྱི་གཏམ།”

  1. བོད་ཀྱི་བུ says:
    2010-08-01 at 8:12 am

    ཡོད་དམ་ཚེ་རིང་གི་སྙན་ངག་ལ་དཔྱད་བརྗོད་ཐུང་ཐུང་དང་བ་འདྲེན་པ་ཞིག་སྤེལ་འདུག
    ཚིག་སྦྱོར་ཡང་ཧ་ཅང་འབྲེལ་ཆགས་པས་མ་ཟད། བབས་ཆགས་པོའང་རེད་འདུག

  2. བོད་ཀྱི་བུ says:
    2010-08-01 at 8:15 am

    རས་པ་ལགས།
    མ་རྩོམ་འདིར་འགོད་རོགས།
    མ་རྩོམ་ལ་བལྟ་བཞིན་དཔྱད་བརྗོད་ཀློག་ན་བྲོ་བ་ཆེ་བ་འདུག་སྙམ།

  3. གཅན་བཟོད་རྒྱམ། says:
    2010-08-01 at 10:01 am

    བོད་ཀྱི་བུ་ལགས། སྙན་ངག་གྲགས་ཅན་༼ཨ་མའི་སྙིང་ནས་གདམས་པའི་གླུ༽ཞེས་པ་འདི་མཆན་དུ་བཀོད་ན་རིང་དྲག་པས་སྐུ་ཉིད་འོད་དཀར་དྲ་བ་སོགས་སུ་ཕེབས་ནས་གཟིགས་ཐུབ། འདོ་དཀར་དྲ་ཐག་འདི་ཡིན།

    http://www.dawakarpo.com/index.php?option=com_content&view=article&id=732:2009-12-13-06-42-14&catid=55:2009-06-25-08-57-32&Itemid=128

  4. བོད་ཀྱི་བུ says:
    2010-08-01 at 10:28 pm

    ཨ་ཀ་བཟོད་རྒྱམ་ལགས་ཐུགས་རྗེ། ཚེ་རིང་རྒྱུ་བོ། གནམ་གིས་ཧྲུང་རྒྱུ་བོ།

  5. ཤ་རུས་གཅིག་པ་ says:
    2010-08-03 at 1:51 am

    དེ་འདྲའི་ལམ་སྟོན་གནང་ན་ངོ་མ་བཀའ་ཆེ་ཀི།

  6. སྦྲ་ནག་གཡག་སྙིང says:
    2010-08-03 at 5:57 pm

    “བན་བུན་གྱི་སྣང་བར་ཨ་མས་ང་ལ།།

    རྒན་མོ་དང་བེའུ་ཁྲའི་གནའ་གཏམ་སྐྱོར་འདྲ།།

    བེའུ་ཁྲ་རིས་བདུད་མོས་ཉིན་ཟས་བརྒྱབ་སྟེ། །

    མཚན་མོ་ཡང་རྒན་མོའི་དོན་སྙིང་བཟར་འོངས།།

    སྐྱ་ཀ་དང་སྦལ་བའི་ལྕི་རློན་རྡོ་རིལ།།

    ཐབས་ཟད་ཀྱི་རྒན་མོའི་གྲོགས་སུ་ཐོབ་ནས།།

    དེ་དག་གིས་བློ་དང་རོགས་རམ་བྱས་ནས།།

    དམུ་རྩུབ་པའི་བདུད་མོ་མགོ་དགུ་བསད་དོ།།”ཞེས་པའི་གཏམ་རྒྱུད་འདི་ཆ་ཚང་ཤེས་མཁན་འདྲ་ཡོད་ན་འདིར་འབྲི་རོགས་ཡོད་པ་ཞུ། བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme