Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགྱ་ནག་མ་གཞི་ནས་ནད་ཀྱི་ཕུང་བོ་ཡིན།

Posted on 2020-05-102020-05-10 By ཁ་བརྡ No Comments on དགྱ་ནག་མ་གཞི་ནས་ནད་ཀྱི་ཕུང་བོ་ཡིན།

མགལ་དུམ། (ཨོ་གླིང་།)
 
དགྱ་ནག་དགྱ་ནད་*གཉིས་ངོ་བོ་གཅིག་པ་ཡིན།།
དགྱ་ནད་འགོས་ཡོང་ལ་བློ་དོགས་ཆེ་བ་བཞིན།།
དགྱ་ནག་གང་ཡོད་ལ་སྔོན་འགོག་གྲ་སྒྲིག་དགོས།།
དགྱ་ནད་སྔོན་འགོག་ཀྱང་དེ་ལས་ལྷག་ཅིག་མེད།།

དགྱ་ནག་གར་ཡོང་ལ་སྔོན་ནས་གཟབ་རྒྱུ་ན།།
བོད་པའི་རང་བཙན་ཡང་ད་ལྟ་ཡོད་ཚོད་ཡིན།།
དགྱ་ནད་གང་ཁྱབ་ལ་ཡིད་གཟབ་ཡོད་རྒྱུ་ན།།
ད་ལྟ་འཛམ་གླིང་ཡང་སྐྱིད་ཐོག་བདེ་ཐོག་ཡིན།།

དགྱ་ནད་རྒྱ་གཞུང་གིས་བཟོས་པའི་ཉེར་ལེན་ལས།།
མི་སྲོག་རྫོགས་མེད་ཅིག་དུས་གཅིག་ཤོར་བ་རེད།།
ངོ་ཚ་སྙིང་རྗེ་དང་ཡ་རབས་ཀུན་སྤྱོད་སོགས།།
དགྱ་ལ་གནའ་ནས་མེད་དེང་སང་དེ་ལས་སྡུག།

དགྱ་དངུལ་བསླུ་བྲིད་ལ་རེ་ཟུང་རྔམ་རྔམ་གྱིས།།
འཕྲོད་བསྟེན་ལྷན་ཚོགས་ཀྱང་གཟུར་བ་ཚད་ཅིག་མེད།།
ཕྱུག་བདག་འགའ་རེ་ཡང་གཡོན་ནས་འཛུར་གྲབས་ཡོད།།
དགྱ་ནད་འགོས་ཚད་ལ་འདི་ཚོར་ནག་ཉེས་ཡོད།།

ཨ་རི་ཡོ་རབ་སོགས་རྒྱལ་ཁབ་གང་མང་ལ།།
དཔལ་འབྱོར་ཚོང་ལས་ལ་གྱོང་གུན་ཐེབས་པ་འདི།།
ཚེ་སྲོག་གྲངས་མེད་ལ་མཚོན་ན་ཅི་ཡང་མིན།།
མི་ལུས་རེ་རེ་ལ་གོང་ཚད་ཇི་ལྟར་གཅོད།།

དགྱ་ནག་དགྱ་ནད་ཅེས་སྙིང་ལ་གཟེར་བ་འདི།།
བོད་པ་དམར་གསོད་དང་བསྡུར་ན་ཅི་ཡང་མིན།།
ང་ཚོས་རྒོལ་གཏམ་གྱི་བདེན་པའི་ལས་འགུལ་ཀུན།།
ད་ལྟ་འཛམ་གླིང་གིས་མཐོང་ན་མཐོང་ཚད་ཡིན།།

དགྱ་ནག་མ་གཞི་ནས་ནད་ཀྱི་ཕུང་བོ་ཡིན།།
སྔར་བྱུང་ལོ་རྒྱུས་ན་ཧ་ཅང་གསལ་བོ་ཡིན།།
གཡོ་སྒྱུ་ཁྲམ་གསུམ་ལ་བྱང་བའི་རྒྱ་གཞུང་གིས།།
བསམ་བཞིན་ཚེ་སྲོག་ལ་རྒོལ་བ་ཐེངས་གཅིག་མིན།།

ཤི་གསོན་མ་ཤེས་གོང་དུར་སྦས་བྱས་པ་བཞིན།།
ཤི་བ་རྟོགས་ན་ཡང་ཤི་གྲངས་གསང་བ་ལྟར།།
བོད་མི་ས་ཡ་ལྷག་དེ་ལྟར་བརླགས་པ་རེད།།
འགྲོ་མི་རྩོད་མཁན་ཚོས་ཇི་ལྟར་གླེང་ངམ་ཀྱེ།།

བོད་མི་ཅོལ་ཆུང་ཚོས་ནང་འཁྲུག་བྱེད་བྱེད་ཅིག།
ཆོལ་ཁ་ཆོས་ལུགས་ཞེས་བསྒྲགས་གཏམ་སྤེལ་སྤེལ་ཞིག།
ང་བཟང་ཁྱོད་ངན་ཞེས་ཞྭ་ནག་གཡོག་གཡོག་ཅིག།
༧རྒྱལ་བའི་བཀའ་དགོངས་དེ་སུས་སྒྲུབ་རྩོད་རྩོད་ཅིག།

ལ་རྒྱ་ང་ཡོད་ཅེས་ཞེན་ཁོག་བཤད་བཤད་ཅིག།
མྱུལ་མ་ཁྱོད་རེད་ཅེས་སྤུན་ཟླར་སྨོད་སྨོད་ཅིག།
དགྱ་གཞུང་དགྱ་ནད་གཉིས་དེ་ལྟར་གླེང་རྒྱུ་ན།།
ང་ཚོའི་*རྩ་དོན་ལའང་ཅུང་ཙམ་ཕན་རེ་སྙམ།།

ཡུལ་གྲུ་འདྲ་མིན་ན་བཞུགས་པའི་རྩམ་གཟན་ཚོ།།
དགྱ་མིའི་ཟ་ཁང་ནས་ནག་ལས་བྱེད་པ་ལས།།
ཡུལ་ཁྲིམས་སྲུང་བཞིན་དུ་དགྱ་མིའི་ནག་ཉེས་གླེངས།།
ཡུལ་མི་ཐུག་ཚད་ལ་དགྱ་ནད་དྲན་གསོ་ཐོངས།།

*སྤྱིར་དགྱ་ནད་ལ་རིགས་ཤིན་ཏུ་མང་ནའང་སྐབས་འདིར་གླེང་གིན་པའི་དགྱ་ནད་ནི་coronavirus འམ་COVID 19 ཡིན་ལ། དགྱ་ནད་ཁྱབ་གདལ་མ་སོང་བའི་སྔ་རོལ་ནས་བོད་མི་ཚོས་དགྱ་ནད་འདི་ལ་ཏོག་དབྱིབས་རིམས་ནད་དང་འཇའ་ཡལ་མ། ཡང་ན་པྲོག་ཞུ་སོགས་འབོད་ཀྱིན་པའི་སྐབས་དེ་ཙ་ནས་ཁོ་བོས་ངོ་དེབ་སོགས་སུ་རྒྱ་ནད་ཅེས་ཡང་ཡང་བྲིས་ཤིང་གླེང་བ་བཞིན་ད་རེས་ཀྱང་དེ་བཞིན་དུ་བྲིས་པ་འདི་ཉིད་ཀློག་པོ་དག་གིས་དེ་དོན་དུ་ངེས་པར་གྱིས་ཤིག

*བྱེས་ཀྱི་བོད་མི་མང་དག་གིས་སྟོང་ལོ་བཅུ་དྲུག་ནས་བཟུང་ནང་འཁྲུག་གི་རྣམ་པ་འགྱུར་མྱོང་མེད་པ་མ་ཟད། སྣེ་ཁྲིད་མཁན་གྱི་དཔོན་པོ་དག་གཙོ་བའི་བོད་མི་ཚོས་ཕན་ཚུན་ལ་སྒྲོ་བཏགས་དང་ཉེས་མེད་ཉེས་འགེལ། བཤད་མ་ཤེས་ན་མ་གཏོགས་ཕན་ཚུན་ལ་གླེང་གཞི་འདྲ་མིན་བཟོས་ཏེ་དགྱ་ནག་གཞུང་ལ་ཤིན་ཏུ་མཁོ་བའི་ལས་མང་དག་ཅིག་ལས་པས། ད་ལྟ་བོད་མིའི་མཐུན་སྒྲིལ་གྱི་གནས་སྟངས་དང་འཐབ་རྩོད་ཀྱི་གནས་བབས་ཧ་ཅང་གི་ཉམ་ང་ཉག་ཕྲ་བའི་དུས་སུ་བསྐྱལ་ཡོད། དེ་ལྟ་བུའི་ངལ་བ་དག་དགྱ་ནག་དང་དགྱ་ནད་ལ་གཏད་དེ་རང་ཉིད་གང་དུ་བཞུགས་སའི་ཡུལ་མི་དག་ལ་དགྱ་ནག་གི་གཡོ་སྒྱུ་ཁྲམ་གསུམ་གྱི་བྱེད་ལས་ཅུང་ཙམ་རེ་གླེང་ཐུབ་ནའང་བོད་ཀྱི་འཐབ་རྩོད་ལ་ཅུང་རེ་ཕན་མི་ཡོང་ངམ་སྙམ་པའི་ཚོར་བ་ཡང་ཡང་ཡོང་གིན་འདུག རྒྱུ་མཚན་ནི་སྔ་ཆད་ལས་རོགས་དག་ལ་དགྱ་ནག་གི་སྐོར་ལབ་ན་ཚོར་བ་ཅི་ཡང་མེད་མོད། དེང་སང་འབྲེལ་བ་ཡོད་མེད་ཀྱི་ཁ་བརྡའི་བར་ནས་ཚོད་ཚོད་ལ་
Fucking China ལབ་ན་ཁོ་ཚོས་ཀྱང་ཚོད་ཚོད་ལ་ཁྲོ་ཉམས་དང་བཅས་ fucking Chinaལབ་ཀིན་འདུག དེ་མུར་དགྱ་ནག་གི་བྱེད་ལས་དག་གླེང་ནའང་རྣ་བ་གཟབ་ནས་ཉན་གྱིན་འདུག་པས། བཙན་པོའི་རྣམ་ཤེས་ཀྱིས་སྲུང་བའི་རྩམ་གཟན་བོད་མི་ཞིག་ཡིན་ན་ད་དྲྭ་སྟེང་ནས་རྙོག་གྲ་ལབ་ནས་འདུག་ཚོད་ཅིག་མིན་པ་ཤེས་ན་འཕྱི་དྲགས་མེད་ནའང་སྔ་དྲགས་གཏན་ནས་མི་འདུག་གོ

༢༠༢༠-༠༥-༣ཉིན་བོད་དགའ་Wagga རུ་འབོད་པའི་ཨོ་གླིང་གི་འབྲོག་སྡེ་ཞིག་ནས།

སྙན་ངག

Post navigation

Previous Post: ཨ་རིའི་བོད་པར་ཕུལ་བའི་བསམ་ཚུལ།
Next Post: དགྱ་ནད་ལས་ཀྱང་འཇིགས་སུ་རུང་བ་དེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme