Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགོན་སྟེང་གི་སྐར་ལྔའི་དར་དམར།

Posted on 2012-02-07 By ཁ་བརྡ་ 1 Comment on དགོན་སྟེང་གི་སྐར་ལྔའི་དར་དམར།

ནམ་མཁའ་ནས་བྲིས།

འོད་ཟེར་གྱི་ངོ་དེབ་སྟེང་ལྷ་སར་དགོན་པ་གང་ཡིན་གསལ་བོ་མ་ཤེས་ཀྱང་།དགོན་ཐོག་ཏུ་རྒྱ་གཞུང་གི་དར་དམར་བསྒྲེངས་འདུག་པ་ཞིག་མཐོང་སོང་།བོད་མི་མང་པོ་ཞིག་སེམས་སྐྱོ་བཞིན་མགོ་བོ་སྨད་འདུག ངས་པར་འདི་མཐོང་མ་ཐག་སེམས་སུ་དྲི་བ་འགའ་དབང་མེད་དུ་འཆར། རྒྱ་གཞུང་གིས་གསལ་བོ་ཤེས་བ་ཞིག་ནི།བོད་མི་ས་ཡ་དྲུག་གི་མཐོང་ན་མི་འདོད་པ་དང་མཐོང་ན་ཁོང་ཁྲོ་ལངས་ཡོང་བའི་དར་དམར་འདི།ད་ལོ་བསམ་བཞིན་དགོན་པའི་སྟེང་བསྒྲེངས་དོན་ཅི་ཡིན་ནམ། བོད་ཀྱི་མི་རབས་གཉིས་པ་ཚོར་བསམ་བཞིན་ཁོང་ཁྲོ་བསླངས་སྟེ་མེ་མདའི་འོག་ནས་དོན་དག་ཞིག་བཤད་འདོད་ཡོད་པའི་རྣམ་པ་གསལ་བོར་རེད།
དྲི་བ་དང་པོ། བོད་མི་ས་ཡ་དྲུག་གི་བདེ་སྡུག་རྩོད་ལེན་བྱེད་འདོད་ཡོད་ན་དགོན་སྟེང་གི་དར་དམར་འདི་མར་ཕབ་ཏུ་ཤོག་དང་བོད་རྒྱ་གཉིས་ཀྱི་རྙོག་དྲ་འདི་མེ་མདའི་ཁ་ནས་ཐག་གཅོད་བྱེད་ཆོག་ཟེར་བའི་རྣམ་པ་དང་དེ་མིན་དར་དམར་འདིའི་འོག་ནས་མགོ་བོ་སྒུར་ནས་སྡོད་དགོས་བའི་བརྡ་རྟགས་ཞིག་མིན་ནམ་སྙམ་པའི་དྲི་བ་དང་།
གཉིས་པ།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་དེས་བཤད་པའི་ཐོབ་ཐང་ནི་ཚིག་ཙམ་ཞིག་ལས་རྒྱལ་ཁབ་ཡོངས་དང་འགྲོ་བ་མི་ཡོངས་ཁྱབ་ཐུབ་ཀྱི་མེད་པ་མ་ཟད། དེང་སང་འཛམ་གླིང་གི་རྒྱལ་ཁབ་ཨ་རི་དང་ཡོ་རུབ་སོགས་ཀྱིས་ཀྱང་རྒྱ་གཞུང་ལ་དཔལ་འབྱོར་གྱི་དབང་གིས་བསྟུན་དགོས་སྟབས་ཁྱེད་ཚོས་བཤད་པའི་ཐོབ་ཐང་ནི་ཚིག་ཙམ་ཞིག་ལས་དོན་ཐོག་ལག་ལེན་བསྟར་མི་ཐུབ་པས་བསམ་བློ་ཡོད་པ་མཚོན་ཐུབ་པ་མ་ཟད། དཔལ་འབྱོར་ཡོད་པའི་ང་རྒྱལ་ཀྱང་འཛམ་གླིང་ལ་སྟོན་གྱི་མེད་དམ་སྙམ།
གསུམ་པ།
དངུལ་ཡོད་ན་ཅི་ཡང་བྱེད་ཐུབ་ལ་གང་ཞིག་འདོད་པ་སྒྲུབ་པའི་བསམ་ཚུལ་འདི་ནི་རྒྱ་མི་རིགས་ཀྱི་གཤིས་ཀ་དང་སེམས་ཁམས་དངོས་གནས་དེ་ཡིན། རྒྱ་མི་རིགས་འདིའི་སེམས་ཁམས་དངོས་དེ་འཛམ་གླིང་ལ་སྟོན་གྱི་ཡོད་པ་རེད་སྙམ་པའི་དྲི་བ་གསུམ་ངའི་སེམས་སུ་དབང་མེད་དུ་ཤར་ཡོང་།
དེ་རིང་བོད་མི་ས་ཡ་དྲུག་གི་བདེ་སྡུག་འདི་ང་ཚོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་བའི་དུས་ལ་སླེབས་འདུག་པས་ང་ཚོའི་མུ་མཐུད་ནས་ལམ་དབུ་མ་ནས་བསྐྱོད་ཀྱི་ཡིན་ནམ།དེ་མིན་ལམ་གཞན་ཞིག་བཙལ་རྒྱུ་ཡིན་དེ་རེད། གང་ལྟར་བོད་རྒྱ་གཉིས་ཀྱི་གནད་དོན་འདི་རྒྱ་གཞུང་གིས་མེ་མདའི་ཁ་ནས་ཐག་གཅོད་བྱེད་འདོད་པ་འདི་འུ་ཐུག་དང་གླེན་རྟགས་ཡིན་པས་གནས་སྐབས་རྒྱལ་ཁ་ཐོབ་སྲིད་ཀྱང་མཐའ་མའི་རྒྱལ་ཁ་སུ་ལ་ཐོབ་མིན་དང་མུ་མཐུད་འདི་ལྟར་བྱེད་ཐུབ་མིན་སོགས་བཤད་དཀའ་བ་ཞིག་རེད། རྒྱ་གཞུང་འདི་སྔོན་མ་སྤྱི་ཚོགས་རིང་ལུགས་ནས་གུང་ཁྲན་རིང་ལུགས་འགྲོ་འདོད་པའི་རྨི་ལམ་བཏང་མྱོང་བའི་སྲིད་གཞུང་ཞིག་ཡིན།ཡིན་ཡང་དེ་རིང་སྤྱི་ཚོགས་རིང་ལུགས་ནས་བཤུ་གཞོག་རིང་ལུགས་ཀྱི་ལམ་དུ་བསྐྱོད་བཞིན་པའི་སྲིད་གཞུང་ཞིག་ཡིན་པ་གང་ལ་ལྟོས་ཀྱང་ཤེས་ཐུབ། གང་ལྟར་ཡང། འཛམ་གླིང་གི་ཆབ་སྲིད་ཉམས་ཞིབ་པ་དག་གིས་རྒྱ་མི་རིགས་ཀྱི་སེམས་ཁམས་མ་ཤེས་བས་སྐྱོན་གྱིས་ཆབ་སྲིད་ལ་ཉམས་ཞིབ་བྱས་ཀྱང་ནོར་འཁྲུལ་བྱུང་ཡོད།དེང་སང་ཕལ་ཆེར་ཆབ་སྲིད་ཉམས་ཞིབ་པ་ཚོས་རྟོགས་ཡོད་པའི་རེ་བ་ཡོད། རྒྱུ་མཚན་ནི་འགྲོ་བ་མིའི་ཐོབ་ཐང་མི་དགོས་བའི་རྒྱལ་ཁབ་ཞིག་གིས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཚུར་བཀོད་འདོན་བྱེད་ཀྱི་ཡོད། གལ་སྲིད་ད་རུང་རྒྱ་ནག་འདི་དཔལ་འབྱོར་གྱི་དཀའ་ངལ་ནང་ལྷུང་ཡོད་ན་འདི་འདྲའི་སྤོབས་པ་སྐྱེས་མི་སྲིད། བོད་པའི་མདུན་ནས་ཀྱང་འདི་འདྲའི་བསམ་བཞིན་གདུགས་རྩུབ་དང་འགྲོ་འདུག་སྡོད་གསུམ་ལ་རང་དབང་མི་སྤྲོད་པ་ཞིག་ཨེ་ཡིན་སྙམ།མཐར་ཐུག་གི་རེ་བ་ནི་རྒྱ་གཞུང་ཕམ་དགོས་ན་དཔལ་འབྱོར་ཉམས་ཆགས་སུ་འགྲོ་རྒྱུ་འདི་རེད།

སྣ་ཚོགས།

Post navigation

Previous Post: བདག་གི་ལམ།
Next Post: བོད་ནང་གི་མེ་ལྕེ་དེ་དག་མུ་མཐུད་ནས་འབར་དགོས།

Comments (1) on “དགོན་སྟེང་གི་སྐར་ལྔའི་དར་དམར།”

  1. རིག་པའི་བུ says:
    2012-02-07 at 6:55 pm

    རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་བཏང་དགོས་ན་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་འབར་རྫས་བཞག་ནས་འཇིགས་སྐུལ་དྲག་སྤྱོད་པའི་ལམ་དུ་ཞུགས་རྒྱུ་དེ་རེད། དེ་ལྟར་བྱས་ན་ཕྱི་རྒྱལ་གྱི་མ་རྩ་འཇོག་མཁན་གྱི་ཚོང་པ་ཚོས་རང་གི་རྒྱུ་རྫས་རྒྱ་ནག་ནས་བཞག་ན་བདེ་འཇགས་མེད་པས་ཉན་ཁ་མཐོང་ནས་ཕྱིར་འཐེན་བྱེད་ངེས་རེད། དེ་མཚུངས་རྒྱ་ནག་དང་ཚོང་རྒྱག་མཁན་ཉུང་དུ་འགྲོ་ལ་ཡུལ་སྐོར་སྤྲོ་འཾཁྱམ་པ་ཡང་ཉུང་དུ་འགྲོ། སྐབས་དེ་ཐོན་དུས་གུང་ཁྲན་ཏང་ངུ་རྒོད་ཀྱི་གནས་སུ་འགྲོ་ངེས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme