Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགོན་པའི་གཅར་རྡུང་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་དེབ་ཐོན་ལ་ཉེ་བའི་གཏམ་བཟང༌།

Posted on 2008-07-24 By དགེ་རབ་ 4 Comments on དགོན་པའི་གཅར་རྡུང་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་དེབ་ཐོན་ལ་ཉེ་བའི་གཏམ་བཟང༌།

སྤོབས་པ་མཐའ་ཡས།
རྩོམ་པ་པོ་གྲགས་ཅན་ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོས་དགའ་འབྲས་སེ་གསུམ་གཙོས་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་ཤུགས་ཆེར་དར་བའི་སྒྲིག་ཁྲིམས་ལྕག་གིས་འཚོ་བ་ཞེས་སྒྲིག་ཁྲིམས་ཆུང་ཚག་འགལ་རིགས་ལ་གཅར་རྡུང་དྲག་པོ་བྱེད་སྲོལ་འདི་མཚམས་འཇོག་དགོས་སྐོར་རྩོམ་ཡིག་ཉི་ཤུ་ཡས་མས་ཤིག་ཕྱོགས་བསྡེབས་གྱི་དེབ་ཅིག་དཔར་སྐྲུན་བྱེད་འཆར་ཡོད་ཚུལ་ཐོས། གསན་ཚུལ་འཁོད་གསལ་ལ་དེབ་དེ་རང་རེའི་དགོན་སྡེ་ཆེ་གྲས་ཁག་གཅིག་ཆགས་ཡུལ་རྒྱ་གར་ལྷོ་ཕྱོགས་ནས་དཔར་སྐྲུན་བྱེད་རྒྱུ་ཡིན་ཞིང་རིང་མིན་དཔར་འགྲེམས་བྱ་རྒྱུ་རེད། གནད་དོན་འདི་ལྟ་བུ་ནི་སྤྱིར་ཆོས་ལུགས་གཞན་མེད་པའི་གདུག་རྩུབ་གཉའ་གནོན་གྱི་ལོག་སྤྱོད་ཡ་ང་བ་ཞིག་ཡིན་ལ་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཀྱི་ཐེག་པ་གང་དང་ཡང་མི་མཐུན། རང་རེའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་གནོན་ཤུགས་ཆེ་དྲགས་པས་གནད་དོན་དེར་གཞུང་ཁྲིམས་ཀྱི་སྟངས་འཛིན་དང་མང་ཚོགས་ཀྱི་ཁ་རྡུང་ཆེ་བ་ཕོག་མ་ཐུབ་པར་ད་དུང་ཡང་ལག་བསྟར་བྱེད་བཞིན་ཡོད། གནད་དོན་དེ་མི་རིགས་གཞན་གྱི་མཇལ་སྐོར་བས་ལྟ་ཉན་མེད་ཐོག་རང་རེའི་གྲྭ་རྐྱང་དཀྱུས་མ་དང་མང་ཚོགས་ཁྲོད་དུ་ཡང་སྔར་ནས་གླེང་གཞི་ཆེ། གཉའ་གནོན་ཡོད་སར་ངོ་རྒོལ་ཡོང་བ་ཆོས་ཉིད་ཡིན་སྟབས་ལོ་ཤས་སྔོན་གོང་སྨྲོས་རྩོམ་པ་པོ་མཆོག་གིས་དེའི་སྐོར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཡིན་སྐོར་རྩོམ་ཡིག་ཅིག་བོད་ཀྱི་དུས་བབབ་གསར་ཤོག་ཏུ་ཆེས་ཐོག་མར་སྤེལ། དེ་ལ་མང་ཚོགས་སྤྱི་དང་གྲྭ་བ་དཀྱུས་མ་མང་པོས་དོ་སྣང་དང་གདེངས་འཇོག་མཐོན་པོ་བྱེད་བཞིན་པ་མཐོང༌། འོན་ཀྱང་ཆོས་ཟབ་ས་ན་བདུད་ཟབ་པའི་དཔེ་བཞིན་མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་ངམ་ནག་བཞིན་གྱི་གཉེར་མ་མི་གཏོང་མཁན་ཞིག་གིས་ལན་འདི་ལྟར་བཏབ་བྱུང༌། དྲག་རྡུང་མངར་གཅོད་བྱེད་པའི་ལམ་སྲོལ་དེ་ནི་རང་རེའི་ཆོས་ཁྲིམས་དར་གྱི་མདུད་པ་ཡིན་སྟབས་དེ་ལ་ནུབ་ཕྱོགས་པས་གླེང་བའི་འགྲོ་བ་ཐོབ་ཐང་སོགས་མེད་ཀྱང་ཆོག་ཅེས་བརྗོད། ད་དུང་ཆོས་ལ་མི་རྟོན་གང་ཟག་རྟོན་པ་སྟེ་གླེང་གཞི་ལས་མི་གླེང་བར་རྩོམ་པ་པོ་ལ་སྒྲོ་སྐུར་ཉག་ཉོག་མང་དུ་གླེང་བའི་ཨ་ཆད་ཨུ་ཐུག་གི་རྩོམ་ཡིག་ཅིག་སྤེལ་བར་ཡང་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་མཆོག་གིས་དེ་མ་ཐག་གི་འདོན་ཐེངས་ལས་རྣག་ཐོག་གཙགས་ཁེལ་གྱི་ལན་སྤེལ་བས་ཕ་རོལ་པོའི་ཁ་ལ་སྨྲ་བཅད་ཀྱི་རྒྱ་བཏབ།
ལེགས་བཤད་དུ། གཞན་ལ་ལྟ་བའི་མིག་ཡོད་ཀྱང༌། །རང་ཉིད་ལྟ་ན་མེ་ལོང་དགོས། །གསུངས་པ་བཞིན་རང་རེའི་མི་ལས་འཕགས་པའི་ལྷ་སྡེ་སྟེ་དགོན་སྡེ་ཁག་གི་ནང་དུ་མགོ་རུལ་བ་སྣ་ཡིས་མ་ཚོར་བར་གནད་དོན་དེ་ཚོར་ལན་མི་བྱེད་པར་ད་དུང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་འཛམ་གླིང་ཞི་བདེ་སྣེ་ཁྲིད་མཁན་སོགས་སུ་རློམ་པ་ཡ་ཆ། རང་རེའི་དགོན་སྡེ་ཁག་གི་ནང་དུ་ཡང་སྔོན་དུས་སུ་སྲོལ་ངན་དེ་མེད་པ་འདྲ། གཞུང་ཐོག་ནས་དེ་ལྟར་བྱེད་ཆོག་པའི་ཁྲིམས་སྲོལ་བཟོས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ལ་འཁོད་པ་ལས་སྔ་བ་ཁོ་བོས་མ་མཐོང༌། ཁྲིམས་ཡིག་དེ་ལས་འཚངས་ཁ་རྒྱག་མཁན་སོགས་ལ་དབང་པོར་སྣད་ཡར་མི་ཡོང་བའི་རྡུང་བརྡེགས་སེམས་ངོ་འཕྲོད་པ་གཏོང་ཆོག་ཅེས་བྲིས་འདུག སྤྱིར་སྡེ་སྲིད་སངས་རྒྱམ་པས་དབང་པོ་སྣད་ཡར་བྱས་མ་བྱས་ཀྱི་ས་མཚམས་གང་ཞིག་ལ་འཛིན་མི་ཤེས་ཀྱང་རང་རེའི་དགོན་སྡེ་ཁག་གི་ནང་དུ་དབང་པོ་སྣད་ཡར་ཙམ་དུ་མ་ཟད་བསད་པའི་ལོ་རྒྱུས་ཀྱང་ཐོས་མྱོང༌། སྡེ་སྲིད་སངས་རྒྱམ་པ་ཆོས་སྲིད་ཟུང་འབྲེལ་གྱི་བླ་དཔོན་ཅིག་ཡིན་པ་དང་སྔོན་དུས་སུ་ཡུལ་ལུང་མང་པོར་ཉེས་ཆད་ལུས་སྟེང་ནས་གཅོད་སྲོལ་ཡོད་པས་དེ་ལྟར་ཡོང་སྲིད་པ་ཞིག་ཡིན་ཡང༌། དེང་དུས་སུ་ཡུལ་ལུང་ཕལ་མོ་ཆེར་ཡང་ཆད་པ་ལུས་སྟེང་ལ་གཅོད་སྲོལ་འགོག་བཞིན་ཡོད་ན་དགོན་སྡེ་ཆོས་ཚོགས་ཚོས་དེ་ལྟར་བྱེད་མི་རུང་བ་ལྟ་ཅི་སྨྲོས།
སངས་རྒྱས་ཀྱི་བསྟན་པ་ནི། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པ་སྟེ་སྲིན་བུ་ཕྲ་མོ་ཚུན་ཆད་ཀྱི་བ་སྤུའི་ཁུངས་བུ་ཙམ་ལ་གནོད་པའི་སྦྱོར་བ་ཚུན་སྡིག་པའི་ལས་སུ་གསུངས་ཡོད་ན་བསྟན་རྩ་དགེ་འདུན་གྱི་སྡེ་ལ་རྡུང་བརྡེགས་ཀྱི་ལས་བརྩམས་ན་ལས་ངན་ཚབ་པོ་ཆེ་གསོག་པར་འགྱུར་བར་ཐེ་ཚོམ་ག་ལ་དགོས། བསྟན་པའི་རྩ་བ་འདུལ་ལུང་སྡེ་བཞི་པོ་གང་ན་ཡང་ཉེས་པ་ཕྱིར་བཅོས་ཐབས་སུ་རྡུང་བརྡེགས་གཏོང་དགོས་པ་ཚིག་འབྲུ་གཅིག་ཀྱང་མེད་ལ། བྱང་སེམས་ཀྱི་ཐེག་པ་ལས་ནི་བྱང་ཆུབ་སེམས་དཔའ་ལ་ངན་སེམས་གཅིག་སྐྱེས་ན་ཡང་ངན་སེམས་སྐྱེས་པའི་སྐད་ཅིག་མའི་གྲངས་བཞིན་དམྱལ་བར་གནས་པར་འགྱུར་བར་གསུངས། རྡོ་རྗེ་ཐེག་པ་ལས་ནི་དེ་ལས་ཀྱང་རྡོ་རྗེའི་སྤུན་ལ་ཁྲོས་པ་ཙམ་ཡང་མི་རུང་ན་བརྡེགས་པ་ལྟ་ཅི་སྨྲོས། དེ་བཞིན་རང་གི་རྡོ་རྗེའི་ལུས་ལ་དཀའ་ཐུབ་ཀྱི་གདུང་བ་སོགས་ཀྱང་བཀག་ཡོད་ཀྱང་རྒྱས་པར་རེ་ཞིག་གླེང་བར་མི་བྱ། དེ་ལྟར་ལྷ་ཆོས་དང་མི་ཆོས། ཆོས་ཁྲིམས་དང་ཡུལ་ཁྲིམས་གང་ལ་བལྟས་ཀྱང་སྲོལ་ངན་དེ་འགོག་དགོས་པ་སྨྲོས་སུ་མེད་ཀྱང་སྐྱེས་བུ་སྙིང་སྟོབས་ཀྱི་བདག་པོ་རེ་ཟུང་ཙམ་ལས་དེ་ལྟར་གླེང་བ་ཙམ་ཡང་རྔོ་ག་ལ་ཐོགས། མདོར་ན་སྤྱོད་ངན་འདི་ནི་སངས་རྒྱས་ཀྱི་ཆོས་དང་མི་མཐུན་པའི་ཚུལ་མཁས་པ་སྟོང་གི་དབུས་སུ་བླུན་པོ་བདག་ལྟ་བུས་ཀྱང་བསྒྲུབ་ནུས་སོ། །
འདི་དང་འདི་ལྟ་བུའི་བྱ་བཞག་དག་ནི་ཆོས་སྲིད་ཀྱི་ཚོགས་སྡེ་བྱེ་བྲག་པའི་ནོར་འཁྲུལ་ཅན་གྱི་སྲོལ་རྒྱུན་ཙམ་ལས་རིང་དུ་བརྒལ་ཏེ་འགྲོ་བ་མིའི་རིགས་ཀྱི་མངོན་འདོད་དང་མཐུན་པའི་ཕན་བདེ་བཙས་སུ་འགྱུར་བས་ན་རྗེས་སུ་ཡི་རང་གི་གནས་བླ་ན་མེད་པ་ལགས་སོ། །

རྩོམ་རིག

Post navigation

Previous Post: མི་རབས་གསུམ་པ།
Next Post: ཨོ་ལིམ་པིག ༼བཞི་པ༽

Comments (4) on “དགོན་པའི་གཅར་རྡུང་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་དེབ་ཐོན་ལ་ཉེ་བའི་གཏམ་བཟང༌།”

  1. པ་སངས། says:
    2008-07-25 at 1:23 am

    རྩོམ་པ་པོ་གྲགས་ཅན་ཁོང་གི་རྩམ་ཆོས་འཛམ་གླིང་ཐོག་སྐད་གྲགས་ཆེ་ཤོས་གང་བྱུང་ཡོད་དམ།

  2. སྤོབས་པ། says:
    2008-07-25 at 7:00 pm

    འཛམ་གླིང་ཐོག་ཚོ་གང་ཤེས་ཀྱང་བོད་ཕྱི་ནང་གི་སྤྱི་ཚོགས་འདི་ལ་མཚོན་ན་ཁོང་དང་ཁོང་ལྟ་བུ་ཁ་ཤས་ཤིག་ལས་གྲགས་ཆེ་བ་སུ་ཞིག་ཁྱོད་ལ་སྟོན་རྒྱུ་ཡོད། དགོན་པའི་གཅར་རྡུང་ལམ་ལུགས་ལྟ་བུའི་གདུག་རྩུབ་ཆེ་ཞིང་སྲོལ་རྒྱུན་ྋཐྲྤཀླད་རྙིང་གི་རྒྱབ་རྟེན་རི་ལྟར་བརྟན་པའི་ལུགས་ངན་དགག་ཕོད་མཁན་ཁོང་ཁོ་ན་ལས་མེད་སྟབས་ཁོང་ནི་རྩོམ་པ་པོ་མཁས་པ་ཡིན་པ་མ་ཟད་དཔའ་བོ་ཞེས་པའི་མཚན་བྱང་ཀྱང་མ་འོངས་པའི་མི་རབས་ཀྱིས་འདོགས་པར་ཐེ་ཚོམ་མེད་དོ།

  3. པ་སངས། says:
    2008-07-25 at 8:44 pm

    དྲ་དེབ་འདིར་ཞུགས་ནས་ཉིན་མ་གཉིས་ལས་མ་སོང་ཡང་། ཁ་བརྡ་འདིའི་ནང་བྲིས་པ་ཕལ་ཆེ་བར་གོ་རྒྱུ་མེད་ལ། ཐ་ན་ཁ་ཤས་ལ་ཀློག་རྒྱུ་ཡང་མི་འདུག་པས་རྩ་དགོངས་ཞུས་པ་ཡིན། འོན་ཀྱང་ཁྱེད་རང་ཚོས་མུ་མཐུན་ནས་གང་བསམ་ཕྲིས་དང་ཡར་རྒྱུས་ཡོང་གི་རེད། ང་ཚོའི་ཨ་རིའི་ནང་དངོས་གནས་གལ་ཆེན་ཞིག་མིན་ན་དོ་སྣང་བྱེད་མཁོ་ཡོད་པ་མ་རེད། bye bye……………………………………………………………..

  4. སྤོབས་པ། says:
    2008-07-27 at 5:25 am

    ཁྱོད་ལ་ཡར་རྒྱས་མི་དགོས་སམ། ཨ་རིའི་ནང་གི་མི་ཁོམ་པ་དེ་ཙམ་ངོམ་འོས་པ་ཞིག་ཨེ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme