Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགོངས་སེལ་ཞིག་དང་ངའི་མཐོང་སྣང་། རས་པ།

Posted on 2012-12-142012-12-14 By ཁ་བརྡ་ 10 Comments on དགོངས་སེལ་ཞིག་དང་ངའི་མཐོང་སྣང་། རས་པ།

—བརྩེ་བའི་བུ་ཆུང་གི་སྐྱེས་སྐར་ལ་ཕུལ་བ།

     ཉིན་ཤས་རིང་སྤྲོ་སྐྱིད་ལྡན་པའི་འཚོ་བ་ཅིག་ལ་བསམ་སྟེ་བརྩེ་བའི་བུ་ཆུང་ལ་ཕུལ་བར་གྲ་སྒྲིག་བྱས། དེ་རིང་བུ་ཆུང་ངའི་འཚོ་བའི་ཁྲོད་ཆེས་གལ་ཆེན་གྱི་གྲུབ་ཆར་གྱུར་ནས་ལོ་གཉིས་ཏག་ཏག་ཟིན་གྱི་ཡོད། ཁོ་རང་སྐྱོ་ངལ་ཆེ་བའི་མིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་སྟེ་བོད་མི་བཙན་བྱོལ་བའི་འཚོ་བའི་ཁྲོད་སྐྱེས་ཤིང་། སྐྱེས་པ་ནས་བོད་ཀྱི་འཐབ་རྩོད་ཀྱི་སྐད་སྒྲ་ཐོས་ཡོད། མི་ལོ་གཉིས་ཟིན་པའི་དེ་རིང་ཨ་ཕ་ཨ་མའི་རྗེས་སུ་ཁོས་བོད་ཀྱི་རྒྱལ་དར་ལ་མཛུབ་གུ་བཙུགས་ནས་ཚ་ཚ་འུར་འུར་དང་ལག་པ་ཡར་ལ་འགྱོགས་དགོས་པ་ཤེས་ཀྱི་བོད།  ཉམས་འགྱུར་འདི་ལྟ་བུ་མཐོང་དུས་ང་ལ་སྨྲ་མི་ཤེས་ཤིང་འཇིགས་ཡེར་བའི་ཚོར་བ་ཞིག་སླེབས་ཀྱི་འདུག  ཡིན་ནའང་། དེ་ལྟ་བུའི་གནས་བབ་ཅིག་ལས་འཚར་ལོངས་མ་བྱུང་ཐབས་མེད་ཡིན་ཏེ།  ཁོ་ལ་ད་ལྟའི་སྐབས་སམ། ཡང་ན། མ་འོངས་པའི་ལོ་ངོ་ཧ་ཅང་མང་པོར་རང་གི་བདག་དབང་ཅན་གྱི་རྒྱལ་ཁོངས་མེད་སྲིད།

       གྲོགས་པོ་བོན་རྒྱ་བསྟན་རབ་པས་ངའི་བུ་ཆུང་ལ་བྲིས་པའི་<<འབེལ་རྩོམ་དོན་གྲུབ་རྒྱལ་པོའི་>>ནང་དུ་”ཁྱོད་ཀྱི་ལྟེ་མཚལ་ཁྲག་གིས་ཟོས་པའི་རྡུལ་དེ་ཁྱོད་ལ་མི་དབང་ཞིང་།། བྱང་ཕྱོགས་ནགས་མའི་རི་ཁུག་འདི་ན་ཁྱོད་ལ་ཅི་ཡང་མེད་པར་སྐད།།”ཅེས་བྲིས་ཡོད། དངོས་གནས་བདེན་དེ། བྱང་ཕྱོགས་ནགས་མིའི་རི་ཁུག་འདིར་ཐ་ན་ངས་བུ་ཆུང་གི་ཆེད་དུ་བསམ་པའི་ཉིན་གཅིག་དེའང་ཅི་ཡིན་འདི་ཡིན་མེད་པར་གྱུར་བ་མ་ཟད།  ངས་རེ་སྒུག་བྱས་པའི་སྤྲོ་སྐྱིད་ཀྱི་ཉིན་མོའང་དྲོད་འཇམ་གྱི་ཉི་མ་ཤར་ཡོད་པ་དེ་གཅིག་པུར་གྱུར།  གང་ཡིན་ཟེར་ན། མདང་ནུབ་ངས་རང་དབང་དང་མིའི་ཐབ་ཐོང་ཆེད་རང་ལུས་མེ་རུ་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་འདས་པོ་རྡོ་རྗེ་ལྷུན་གྲུབ་ཀྱི་བརྙན་པར་ཞིག་ལ་བལྟས་པ་ཡིན། བརྙན་པར་འདི་ནི་ཁོང་གིས་མེར་བསྲེགས་གནང་བའི་བརྒྱུད་རིམ་ཀྱི་ཕྱེད་ཀ་ཞིག་རེད།  དེ་རིང་ད་དུང་ངའི་གཟུགས་པོར་ཤེད་ཤུགས་མེད་པའི་ཚོར་བས་ཁྱབ་འདུག་ཅིང་། ཞོགས་པ་སྔ་བོར་ཀང་རའི་ལུང་གཞུང་རིང་མོ་འདིའང་ནམ་རྒྱུན་དང་མི་འདྲ་བར་སྐྱ་ཤུར་ཤུར་གྱིས་བཟུང་བའི་མཐོང་སྣང་བྱུང་།  ཚོར་བ་འདིས་སྤྲོ་སྐྱིད་ཇི་ལྟར་བསུ་ཐུབ་ཀྱི་རེད་དམ།

    འདས་པོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན་རེབ་གོང་རྒྱལ་ཐང་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང་། མེར་བསྲེགས་སྐབས་སུ་ཁོས་ཧ་ཅང་བཟོད་བསྲན་ཆེན་པོས་དུས་ཡུན་གང་འཚམས་རིང་ཡར་ལངས་ནས་བསྡད་འདུག  ཁོང་ནི་ཇི་འདྲའི་མི་བློ་སྤོབས་ལྡན་ལ་སེམས་ཐག་ཆོད་པོ་ཞིག་རེད་ཨང་། ཁོང་གིས་”བོད་ལ་རང་དབང་དགོས་”པའི་འབོད་སྒྲ་དང་མཉམ་དུ་འཇིག་རྟེན་ལ་གྱེས་ཕྱག་ཕུལ། འོན་ཀྱང་། ངའི་མིག་ལམ་དུ་ད་དུང་ཁོང་འབར་བཞིན་འདུག་པ་མ་ཟད། མི་ཚོགས་ཀྱི་འབོད་སྒྲའང་གྲགས་ཀྱི་འདུག་ལ། སྟོད་གོས་དམར་པོ་གྱོན་པའི་བུད་མེད་ཅིག་གིས་ངུ་འབོད་དང་མཉམ་དུ་ད་དུང་ཕྱག་འཚལ་བཞིན་འདུག

    བརྩེ་བའི་བུ་ཆུང་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༢ ཉིན་འདི་ནི་ང་ལ་མཚོན་ན་ཁྱོད་མི་ལོ་གཉིས་ཧྲིལ་བོར་ལོན་པའི་དམིགས་གསལ་གྱི་ཉིན་མོ་ཞིག་ཡིན་ནའང་། ངས་ཁྱོད་ལ་ཉིན་མོ་འདིར་སྤྲོ་སྐྱིད་ལྡན་པའི་རྩེད་འཇོ་སྤྲོད་མ་ཐུབ་པར་དཔའ་བོ་ཁོང་གི་བློས་གཏོང་བྱས་པའི་སྐོར་གྱི་བརྙན་པར་འཁྱེར་ནས་འགན་འཁྱེར་མཁན་གྱི་མི་སྣ་ཞིག་ལ་ཕུལ་བར་སོང་བ་ཡིན། མ་ཟད། ཚུར་ལོག་དུས་ཀྱང་ཅི་ཡིན་འདི་ཡིན་མེད་པར་ལས་ཁུངས་སུ་འཛུལ་ཡོད། ཡི་གེ་འདི་འབྲི་དུས་ཀྱང་ངའི་སྣང་བ་འཇིག་རྟེན་གྱི་ཕྱིི་རོལ་ཅིག་གམ་རང་གིས་འགྲེལ་བཤད་མི་ཐུབ་པའི་ཚོར་སྣང་གིས་འགུལ་བསྐྱོད་ཡང་ཡང་རྒྱག་གི་འདུག་ལ། ཅི་ཞིག་ཆད་སོང་བ་ལྟར་ང་རང་ཁ་ཁུ་སིམ་མེར་ལུས་ཡོད།

    དེ་ཡིན་ཡང་།  བོད་ནི་རང་དབང་གི་འཚོ་བའི་ཁྲོད་གནས་དགོས། སྐད་ཆ་འདི་མ་བཤད་པའི་སྔོན་དུ་བོད་མིའི་རང་བསྲེགས་ངོ་རྒོལ་གྱི་དགོས་འདུན་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་རུང་ཐད་འཁྱོག་བསྒྱུར་གྱི་གཏམ་བཤད་དང་རྩོམ་ཡིག་སྤེལ་བཞིན་པའི་བོད་མི་དང་། ཕྱི་རྒྱལ་བའི་ལྟ་ཚུལ་ལ་དགག་པ་བྱེད་དགོས། གང་ཡིན་ཟེར་ན། ཆབ་སྲིད་འཐབ་རྩོད་ཀྱི་ལངས་ཕྱོགས་བཤད་པ་ནི་བོད་ཀྱི་གནས་བབ་འདི་ལྟ་བུའི་སྐད་ཆ་མིན་པ་འདྲ། ངས་ཤེས་ཚོད་ལྟར་ན་སྲིད་གཞུང་ལ་གསར་བརྗེ་བྱེད་པ་དང་། སྲིད་གཞུང་ཟུར་འཛུགས་བྱས་མྱོང་བའི་གནས་བབ་གང་དུའང་མི་རིགས་རང་བཞིན་གྱི་ཐོབ་ཐང་མ་རག་པའི་དཀའ་ངལ་འཕྲད་མེད་པ་འདྲ་ལ། བོད་བཞིན་དུ་རང་དབང་གི་ལམ་ཁ་ཅི་ཡང་མེད་པའི་མི་རིགས་ཀྱང་ཕལ་ཆེར་མེད་པར་བཤད་ཆོག ཡིན་ནའང་། ད་ལྟའི་བོད་ནི་མ་མཐའི་སྐད་བརྡའི་ཁྱབ་ཁོངས་ཀྱང་ཧ་ཅང་ཆུང་ཆུང་དུ་འགྱུར་བཞིན་ཡོད།

       ཡང་གཅིག་བཤད་ན། བོད་ཀྱིས་དུས་རབས་གསར་བའི་ནང་དུ་རང་གི་འཚོ་བའི་ལམ་ཕྱོགས་ཐད་གཞི་ནས་གོམ་པ་སྤོ་བར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། གནའ་ནས་བརྒྱུད་འཛིན་བྱས་པའི་བོད་ཀྱི་གོམས་སྲོལ་ཕལ་ཆེ་བས་དེང་གི་སྤྱི་ཚོགས་ལ་མཉམ་ཞུགས་བྱེད་མི་ཐུབ་པའི་རྒྱུ་མཚན་ཡང་གཞི་ནས་རྙེད་ཀྱི་ཡོད།  བོད་མི་རྣམས་ཀྱིས་རང་དབང་གི་དགོས་གལ་མཐོང་བའི་མགོ་བརྩམས་ཤིང་། གོམ་པ་དང་པོ་ཡིན་པའི་ཆ་ནས་འདྲ་མཉམ་མིན་པ་དང་། ཐོབ་ཐང་མེད་པ། རང་དབང་གི་རྣམ་གཞག་མང་པོ་ཞིག་གི་ཐད་དུ་བཀག་རྒྱ་ཡོད་པར་མི་འདོད་པ་བྱེད་ཀྱི་ཡོད། དེའི་རྐྱེན་གྱིས་འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་ངེས་ཤེས་ལྡན་པའི་འཐབ་རྩོད་ཅིག་ལས་གཞན་གང་ཡང་མིན། ཁྱོད་ནི་མི་རིགས་འདིས་རྗེས་རབས་པ་ཞིག་ཡིན་ཞིང་། ཁྱོད་ཀྱི་མི་ཚེ་ནི་འདི་ལྟ་བུའི་དཀའ་རྙོག་ཆེ་བའི་དུས་སྐབས་ནས་འགོ་ཚུགས་ཡོད། འོན་ཀྱང་། གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ནི་རྗེས་ནས་ཡོང་ངེས་ཡིན།  བརྩེ་བའི་བུ་ཆུང་ལགས། ཁྱོད་རང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྨོན།

                                                                               ༢༠༡༢། ༡༢ ། ༡༢ ཉིན་བྲིས།

རྩོམ་རིག

Post navigation

Previous Post: རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས། བསེ་རུ།
Next Post: ཀུ་ཤུ་ལྔ་བ་དང་གློག་རྒྱུག

Comments (10) on “དགོངས་སེལ་ཞིག་དང་ངའི་མཐོང་སྣང་། རས་པ།”

  1. ཡར་ཁམས་ཁྲི་རྒྱལ། says:
    2012-12-14 at 7:25 pm

    མི་རིགས་ཤིག་གི་གནས་སྟངས་དང་ཁྱིམ་ཚང་ཞིག་གི་རེ་སྨོན་གཉིས་གཞི་གཅིག་ཏུ་མཐོང་བའི་སེམས་ཚོར་འདིར་ང་ཡང་བསམ་གཞིགས་ཀྱི་ཀློང་ལ་འཁྲིད་སོང་།།

  2. གྲོང་གསེབ་བུ says:
    2012-12-14 at 11:30 pm

    ཧ་ཅང་སྣང་བ་འགྲོ་བོ་འདུག་་་ངེད་གཉིས་ཕན་ཚུན་གསལ་པོར་མ་ཤེས་པའི་ཐོག་ནས་ངོ་དེབ་ནས་ཀྱང་འཕྲད་མྱོང་་་་རྩོམ་ཡིག་གི་རིན་ཐང་དེ་རྩ་བའི་ཆ་བས་གཞན་ཞིག་གིས་ལེགས་གསོལ་དང་འབྲེལ་བ་མེད་ལ་་་རྩོམ་པ་པོ་རྣམ་དག་གི་སེམས་ཁམས་ཀྱང་གཞན་ཞིག་གི་ངོ་བསྟོད་ལ་གཏན་ནས་རེ་མི་སྲིད་་་་གང་ལྟར་རང་གི་ཚོར་འགྲོས་་དང་་རང་གི་རྩོམ་འགྲོས་འདི་ལྟ་བུ་རྒྱུན་ཏུ་ཉར་རོགས་་་འདི་ལྟར་བྱས་ན་ད་གཟོད་རང་ཉིད་ཀྱི་ཁྱད་ཆོས་ཡོད་པའི་བརྩམས་ཆོས་ཐོན་ཐུབ་ཅིང་་་རྣམ་པ་མ་འདྲ་བའི་རྩོམ་འགྲོས་ཀྱང་མངོན་ཐུབ་་་མ་གཞི་གཞན་ཞིག་ནས་བསྒྱུར་ཡོང་ན་ཡང་དག་ཚད་ལྡན་དུ་འདོད་ཅིང་་་རང་མིས་བརྩམས་པ་དག་ནི་གང་ཡང་མིན་པར་་འདོད་པའི་ལོག་འཁྲུལ་མཉམ་འདུས་བོད་ཀྱི་ཀློག་པོའི་ཁེ་ཆུང་དག་ལ་མིག་ཟུར་གྱིས་ཀྱང་མ་ལྟ་་་འདི་ལྟར་མུ་ནས་མུ་རུ་ཕྲིས་་་ང་ཚོ་ཕྱི་ཡུལ་གྱི་བོད་མི་ཡི་གེ་བ་དག་ལའང་རང་ཉིད་ཀྱི་ངོ་གདོང་དང་སྐད་སྒྲ་གཙང་མ་ངེས་པར་དུ་དགོས་ཀྱི་རེད་་་ཨོ་ད་ངས་ག་རེ་འདྲ་བོ་ཞིག་བཤད་ཀྱི་འདུག་་་ད་ཆོག་ནི་གྱིས་་་ཁྱེད་ཀྱི་གཅེས་པའི་བུ་ཆུང་ནད་མེད་ཚེ་རིང་ཤོག

  3. གྲོང་གསེབ་བུ says:
    2012-12-14 at 11:30 pm

    ཧ་ཅང་སྣང་བ་འགྲོ་བོ་འདུག་་་ངེད་གཉིས་ཕན་ཚུན་གསལ་པོར་མ་ཤེས་པའི་ཐོག་ནས་ངོ་དེབ་ནས་ཀྱང་འཕྲད་མྱོང་་་་རྩོམ་ཡིག་གི་རིན་ཐང་དེ་རྩ་བའི་ཆ་བས་གཞན་ཞིག་གིས་ལེགས་གསོལ་དང་འབྲེལ་བ་མེད་ལ་་་རྩོམ་པ་པོ་རྣམ་དག་གི་སེམས་ཁམས་ཀྱང་གཞན་ཞིག་གི་ངོ་བསྟོད་ལ་གཏན་ནས་རེ་མི་སྲིད་་་་གང་ལྟར་རང་གི་ཚོར་འགྲོས་་དང་་རང་གི་རྩོམ་འགྲོས་འདི་ལྟ་བུ་རྒྱུན་ཏུ་ཉར་རོགས་་་འདི་ལྟར་བྱས་ན་ད་གཟོད་རང་ཉིད་ཀྱི་ཁྱད་ཆོས་ཡོད་པའི་བརྩམས་ཆོས་ཐོན་ཐུབ་ཅིང་་་རྣམ་པ་མ་འདྲ་བའི་རྩོམ་འགྲོས་ཀྱང་མངོན་ཐུབ་་་མ་གཞི་གཞན་ཞིག་ནས་བསྒྱུར་ཡོང་ན་ཡང་དག་ཚད་ལྡན་དུ་འདོད་ཅིང་་་རང་མིས་བརྩམས་པ་དག་ནི་གང་ཡང་མིན་པར་་འདོད་པའི་ལོག་འཁྲུལ་མཉམ་འདུས་བོད་ཀྱི་ཀློག་པོའི་ཁེ་ཆུང་དག་ལ་མིག་ཟུར་གྱིས་ཀྱང་མ་ལྟ་་་འདི་ལྟར་མུ་ནས་མུ་རུ་ཕྲིས་་་ང་ཚོ་ཕྱི་ཡུལ་གྱི་བོད་མི་ཡི་གེ་བ་དག་ལའང་རང་ཉིད་ཀྱི་ངོ་གདོང་དང་སྐད་སྒྲ་གཙང་མ་ངེས་པར་དུ་དགོས་ཀྱི་རེད་་་ཨོ་ད་ངས་ག་རེ་འདྲ་བོ་ཞིག་བཤད་ཀྱི་འདུག་་་ད་ཆོག་ནི་གྱིས་་་ཁྱེད་ཀྱི་གཅེས་པའི་བུ་ཆུང་ནད་མེད་ཚེ་རིང་ཤོག

  4. དམེ་ཤུལ་འཇིགས་མེད་འོད་ལྡན says:
    2012-12-15 at 1:15 am

    བུ་ཆུང་དོན་གྲུབ་རྒྱལ་པོའི་སྐྱེས་སྐར་ལ་ཕུལ།།

    ཤ་དང་ཁྲག་གི་བརྒྱུད་པ་ཐེ་ལ་ཐུག
    ཐེ་རང་བརྒྱུད་པ་སྤོ་བོའོ་ཡུལ་ལ་ཐུག
    སྤུ་བརྒྱུད་བཙན་པོའི་གདུང་བརྒྱུད་འཛིན་པའི་བུ།
    བུ་ཁྱོད་བསམ་པའི་དོན་ཀུན་འགྲུབ་པར་ཤོག

  5. གེ་སར་ནས་ says:
    2012-12-15 at 4:21 am

    བྱིས་པ་དེ་ང་ཚོའི་བོད་གང་ཅན་གྱི་ཤེས་ཡོན་དང་དེང་དུས་གིས་ཤེས་ཡོན་གཉིས་ལྡན་ཞིག་ཆག་ནས་མ་འོང་བོད་གི་སྲིད་སྐྱོང་བྱས་ནས་བོད་ོན་བདེན་མཐའ་གསལ་ནས་་་བོད་གང་ཅན་རང་དབང་རྒྱལ་ཁབ་ལེན་པའི་དཔའ་འོ་ཞིག་ཡུང་བར་སྨོན་འུན་ཞུ་་་

  6. གེ་སར་ནས་ says:
    2012-12-15 at 4:22 am

    བྱིས་པ་དེ་ང་ཚོའི་བོད་གང་ཅན་གྱི་ཤེས་ཡོན་དང་དེང་དུས་གིས་ཤེས་ཡོན་གཉིས་ལྡན་ཞིག་ཆག་ནས་མ་འོང་བོད་གི་སྲིད་སྐྱོང་བྱས་ནས་བོད་དོན་བདེན་མཐའ་གསལ་ནས་་་བོད་གང་ཅན་རང་དབང་རྒྱལ་ཁབ་ལེན་པའི་དཔའ་འོ་ཞིག་ཡུང་བར་སྨོན་འདུན་ཞུ་་་

  7. སྲོད་དུང་མོས་པ། says:
    2012-12-15 at 5:01 am

    བཀྲ་ཤིས་བདེ་ལེགས་ཞུ

  8. བན་དེ་བ། says:
    2012-12-15 at 5:25 am

    ཨ་ཁ་ད་སྐྱེས་སྐར་གྱི་དུས་ཆེན་ལ་དགོངས་སེལ་ཞུ་དགོས་ཡ་ག་རེ་ཡོད་རེད། དགོངས་སེལ་ཞུ་དགོས་ན་རྗེས་སུ་ཞུས་ན་འགྲིག་པ

  9. རས་པ། says:
    2012-12-15 at 7:05 am

    དྲ་གྲོགས་རྣམ་པས་ལྗགས་ཀློག་གནང་བ་ཐུགས་རྗེ་ཆེ། དྲ་གྲོགས་བན་དེ་བ་ལགས་ང་ལ་བུ་ཆུང་གི་སྐྱེས་སྐར་ཧ་ཅང་གལ་ཆེན་པོ་ཡིན། སོང་ཙང་། མ་འགྲུབ་པ་དེ་ལ་དགོངས་སེལ་ཞུ་ལོས་དགོས། ཧུཧུ

  10. joegh says:
    2012-12-16 at 9:27 am

    བཅུ་གཉིས་གསུམ་འཛོམ་ཡིན་པའི་ཉིན་མོ་འདིར། །
    བསམ་པའི་དོན་འགྲུབ་ལྟེ་ཁྲག་འཕོ་བའི་ཉིན། །
    གངས་སེང་རྒྱལ་དར་མཛུག་སྟོན་བྱེད་པའི་ཉིན། །
    གང་རིའི་རྒྱུད་འཛིན་ཁྱེད་ལ་རྟེན་འབྲེལ་ཞུ། །

    གནས་ངེས་ཡིན་པའི་དྲ་ཐོག་ཏུ་ཡོང་ཁོམ་མ་བྱུང་བའི་ཕྱི་སོང་། དགོངས་དག་ཞུ། Joeghནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme