Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་སློང་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ།

Posted on 2012-02-172012-02-17 By ཤར་ཕྱོགས་ཁུག་རྟ། 19 Comments on དགེ་སློང་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ།


དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦ ཙམ་ལ། མདོ་སྨད་མཚོ་སྔོན་ཐེམ་ཆེན་རྫོང་སེང་གེ་ཞང་རུ་ཁག་གཉིས་པའི་གྲྭ་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། ཁོང་ནི་བོང་སྟག་དགོན་པའི་དགེ་བསྐོས་ཟུར་པ་དང་དགོན་པའི་དཔེ་ཁྲིད་དགེ་རྒན་དང་། དགོན་པ་དེའི་ཆོས་ལུགས་དོ་དམ་ཚོགས་པའི་འཐུས་མི་ཡང་ཡིན་འདུག ད་ལྟ་བོང་སྟག་དགོན་པར་རྒྱ་ནག་ཉེན་རྟོགས་དམག་མིའི་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་པ་དང་། ལམ་མདོ་ཁག་ཏུ་དམག་མིས་བཀག་སྡོམ་བྱས་ཏེ་མང་ཚོགས་ཡར་དགོན་པའི་ནང་འགྲོ་བསྐྱོད་བྱེད་འཇུག་གི་མེད་པ་མ་ཟད། ས་ཁུལ་དེའི་ནང་ཁ་པར་སོགས་བརྡ་འཕྲིན་བརྒྱུད་ལམ་ཆ་ཚང་བཀག་སྡོམ་བྱས་ཡོད་འདུག

ཉེ་སྔོན་བོད་ཀྱི་ས་ཁུལ་མང་པོའི་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བསྟུད་མར་བྱུང་བར་བརྟེན། དཔྱིད་ལུགས་ལོ་སར་སྐབས་ནས་བཟུང་བོང་སྟག་ས་ཆར་རྒྱ་གཞུང་ཉེན་རྟོག་དམག་མིས་དམ་དྲག་བྱས་ཡོད་པ་དང་། ལྷག་པར་དུ་བོང་སྟག་དགོན་དུ་སྨོན་ལམ་འཚོགས་མི་ཆོག་པའི་བཀའ་རྒྱ་རིམ་པར་བཏང་ཡོད་སྟབས། གྲྭ་དམ་ཆོས་ལགས་ཀྱིས་དམ་དྲག་བྱེད་མཁན་རྒྱ་གཞུང་མི་སྣ་ཚོར་བོང་སྟག་དགོན་པའི་ནང་གི་དམག་མི་དང་ཉེན་རྟོག་པ་རྣམས་ཕྱིར་འཐེན་དགོས་པའི་རེ་སྐུལ་བྱས་ཡོད་པ་མ་ཟད། གལ་སྲིད་རྒྱ་གཞུང་གིས་དགོན་པར་མུ་མཐུད་དུ་འདི་ལྟར་དམ་དྲག་བྱས་ཚེ། རྗེས་ཕྱོགས་དགོན་པའི་ནང་དོན་དག་ཅི་ཞིག་བྱུང་ཡང་འགན་ཆ་ཚང་རྒྱ་གཞུང་གིས་ཁུར་དགོས་པའི་སྐོར་ས་གནས་ཉེན་རྟོག་དམག་མི་ཚོར་བརྗོད་ཡོད་འདུག

གྲྭ་དམ་ཆོས་ལགས་ནི་ད་ལྟ་ལོ་ ༤༠ ཙམ་ཡིན་ལ། ཁོང་གི་ཕའི་མིང་ལ་སྟག་ལྷ་ཟེར་བ་དང་། སྐྱེས་ཡུལ་མཚོ་སྔོན་ཐེམ་ཆེན་རྫོང་སེང་གེ་རུ་ཁག་གཉིས་པ་ཡིན་འདུག ཁོང་ཚང་ལ་མིང་སྲིང་དགུ་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན་པ་དང་། ༡༩༩༢ ལོར་བོང་སྟག་དགོན་པའི་ཆོས་སྒོར་ཞུགས་ཤིང་། ༡༩༩༥ ལོར་རྒྱ་གར་དུ་འབྱོར་ཏེ་ལྷོ་ཕྱོགས་འབྲས་སྤུང་སྒོ་མང་ནས་སློབ་གཉེར་གནང་མྱོང་ཡོད་འདུག

བོང་སྟག་དགོན་བཤད་སྒྲུབ་རྣམ་རྒྱལ་གླིང་ནི་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་མཆོག་གིས་ཕྱག་བཏབས་པ་དང་། དེང་སྐབས་དགོན་པ་དེར་གྲྭ་བ་ ༨༠ ལྷག་ཡོད་ལ། བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་སྤྱི་དགོན་ཆགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ། དུས་བབ་ལས་དྲངས།

གསར་འགྱུར།

Post navigation

Previous Post: གདུག་རྩུབ་ཀྱི་སོ་ཁ་ནས་འཁྲུངས་པའི་རང་རྟོགས་རང་ཞེན།
Next Post: བོད་དང་ཞིས་ཅིན་ཕིན་གཉིས་སུའི་ཁ་ལ་ཉན་རྒྱུ་རེད།

Comments (19) on “དགེ་སློང་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ།”

  1. དྲི་མེད་ལྷག་བསམ། says:
    2012-02-17 at 10:06 am

    ཕྱོགས་བཅུ་ན་བཞུགས་པའི་སྐྱབས་གནས་དཀོན་མཆོག་གསུམ་དང་། འཁོར་རྣམ་པ་བཞི་ལ་གསོལ་བ་འདེབས་པ། ཚེ་འདས་རྣམས་ཐུགས་ལས་མི་འདོར་བར་བསྔོ་སྨོན་གནང་བར་ཞུ། རྒྱལ་བ་སྲས་བཅས་ཐུགས་དམ་བདེན་པའི་མཐུས། །ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །བདེ་བ་ཅན་སོགས་དག་པའི་ཞིང་ཁམས་སུ། །འགྲོ་བའི་འདྲེན་པ་མཆོག་ཏུ་འགྱུར་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ

  2. གངས་སྤྲེལ་ཚ། says:
    2012-02-17 at 10:53 am

    །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ

  3. རིག་པ་རང་གྲོལ། says:
    2012-02-17 at 11:00 am

    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃམ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ

  4. ཨ་རིག་དགེ་མཐོང་། says:
    2012-02-17 at 11:31 am

    ཁོང་གཙོས་དཔའ་བོ་དཔའ་མོ་དག་གིས་རང་ལུས་མེ་བསྲེགས་བཏང་བ་དང་། རང་ཉིད་ཀྱིས་མི་རིགས་ཀྱི་བདེ་སྡུག་གླེང་སྟེ་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་ཡོངས་ཀྱི་བསམ་པའི་དོན་དེ་མྱུར་འགྲུབ་ཡོང་རྒྱུ་དང་། ཁོ་ཚོ་འདས་ཟིན་པ་རྣམས་ལ་དད་ལྡན་གྱི་མི་ལུས་ཁྱད་པར་བ་རེ་ཐོབ་རྒྱུ་དང་།མནར་གཅོད་མྱོང་མཁན་དག་གི་སྡུག་བསྔལ་གང་མྱུར་སེལ་བར་ལྷ་བླ་མ་དང་རྒྱལ་སྤྱིའི་དབང་ཆ་ཅན་དང་རང་དབང་ལ་དོན་གཉེར་ཅན་དག་གིས་མགོན་སྐྱབས་གནང་རོགས་ཞུ་ཞུ།

  5. ཆུ་སྐྱེས་སྒྲོལ་མ་ says:
    2012-02-17 at 11:46 am

    རྒྱལ་གཅེས་དཔའ་བོ་ཁོང་གི་ཐུགས་འདུན་གང་མགྱོགས་འགྲུབ་པར་ཤོག

    མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃམ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ

  6. རྩམ་དགའ། says:
    2012-02-17 at 11:47 am

    ཨ་ཁ་ཁ་་་་དེ་རིང་ཡང་སྤུན་ཟླ་ཞིག་གིས་གཅེས་པའི་ལུས་སྲོག་་་་་ལས་ངན་ཁ་བའི་དོན་ལ་འཕུལ་ཚར་འདུག་
    སྲས་བཅས་རྒྱལ་བ་ཁྱེད་རྣམ་པར། །
    བྱམས་བརྩེའི་སྤྱན་ཞིག་ཡོད་ན། །
    བཙུམས་ནས་འདུག་ཚོད་མ་རེད། །
    ཁ་བའི་ལྗོངས་སུ་གཟིགས་རོགས། །

    མི་རིགས་ལ་རྒྱལ་ཆེ་བའི། །
    ཕུ་ནུ་མིང་སྲིང་རྣམ་པ། །
    ཤི་བ་གཟི་བརྗིད་ལྡན་ཡང་། །
    འཚོ་རྒྱུ་དེ་ལས་རླབས་ཆེ། །

    དཔའ་བོ་སྤུན་ཟླ་རྣམ་པ། །
    མེ་ལྕེའི་དཀྱིལ་ལ་མ་ཕེབས། །
    ཕྱི་ལྷག་སྡར་མ་ང་ཚོར། །
    འཐབ་གྲོགས་ཁྱེད་ཅག་མཁོ་གི །

  7. ཆོས་འཕེལ says:
    2012-02-17 at 11:48 am

    བོད་ཀྱི་དཔའ་བོ་རྒྱལ། བོད་ཀྱི་དཔའ་བོ་རྒྱལ

  8. འདོད་ལྷ་ཁམས་པ། says:
    2012-02-17 at 12:06 pm

    ཀྱེ ས་ཆུ་མེ་རླུང་།
    སྙིང་ཉེ་བའི་ངའི་སྤུན་ཟླ་མི་རིགས་དག་གཅིག་རིམ་འཕྲོད་གཅིག་བྱས་ནས་འདི་ལྟར་རང་དབང་གི་ཆེད་དུ་རང་སྲོག་ཀྱང་ཁྱེད་མེ་ལྷར་མཆོད་པ་འབུལ་བ་ལགས་ན།
    འཇིག་རྟེན་ན་ལས་རྒྱུ་འབྲས་ཟེར་བ་དེ་ཡོད་ན་བླ་མ་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་ཀླུ་གཞི་བདག་རྣམས་ཀྱིས་མྱུར་བར་མྱུར་དུ་ཁོང་རྣམས་ཀྱི་འདོད་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པར་གྲོགས་དང་འཕྲིན་ལས་བསྩོལ་ཅིག དེ་མིད་ན་ད་ནས་བཟུང་ལྷ་ཆོས་སྐྱོང་སྲུང་མ་ཟེར་བ་ཁྱེད་རྣམས་ཡོད་ན་ཡོད་ཐག་ཆོད་དང་། མེད་ན་མེད་ཐག་ཆོད་བྱེད་རྒྱུ་ཡིན།

  9. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-17 at 12:10 pm

    http://www.tibettimes.net/blogs.php?id=55&post_id=19183

    སྤུན་ཟླ་ཚོ། ལོངས་ཤོག སྐྱིད་སྡུག་མཉམ་མྱོང་བྱེད་དུ་ལོངས་ཤོག ང་ཚོས་འདི་ལྟར་རིགས་ཀྱི་སྙིང་སྟོབས་དང་ཤེས་རབ་མེ་ལྕེ་འབར་བའི་ནུས་པ་ཞིག་ཡོད་པར་འཐབ་རྩོད་ཀྱི་ལམ་དུ་མ་ཞུགས་པ་ཡིན་ན། མི་རིང་བར་ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ་འདི་ཉིད་ཞེ་སྡང་གི་མེ་ལྕེ་རུ་འགྱུར་མི་སྲིད་པའི་ངེས་པ་མེད་དུས། སྤུན་ཟླ་ཚོ། སྐྱིད་སྡུག་མཉམ་མྱོང་བྱེད་རན་རེད་འདུག

  10. གངས་སྨྱུག says:
    2012-02-17 at 1:10 pm

    བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག

  11. བོད་ལ་ཞེན། says:
    2012-02-17 at 1:13 pm

    བོད་ནས་མི་མང་པོ་དེ་ཙམ་གྱིས་རང་སྲོག་བློས་བཏང་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་དེ་མཚུངས་ཀྱི་ཁྱབ་བསྒྲགས་འགྲོ་ཐུབ་ཀྱི་མེད་པ་ནི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་ལ་ཞིབ་འཇུག་ཅིག་བྱེས་བསྡོད་བོད་མིས་བྱེད་དགོས་པ་ལས་འགན་རེད་སྙམ། བོད་ནང་གི་བོད་མི་ཚོས་སྐུ་སྲོག་བཏང་བ་དེ་ང་ཚོས་ཕྱི་ཕྱོགས་ལ་དེ་མཚུངས་ཀྱི་ཁྱབ་བསྒྲགས་བྱེད་མ་ཐུབ་ན་ངོ་མ་ངོ་ཚ་པོ་དང་ངོ་ནོངས་དགོས་པ་རེད། འདས་པོ་རྣམས་ལ་རྗེས་འཇུག་གི་ཆོས་ལོས་དགོས་ཏེ་ཁོང་རྣམས་ལ་དགོས་པ་ནི་དེ་ག་ལ་ཡིན། དེས་ན་སྲོག་བཏང་བའི་སྙིང་སྟོབས་མེད་ན་ཡང་ཁོང་རྣམས་པས་བཏང་བ་དེ་ཁྱབ་བསྒྲགས་ལེགས་པོ་ཞིག་གཏོང་ཐུབ་པ་ཞིག་་་་་་་་་་་་

  12. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-17 at 1:36 pm

    བོད་ལ་ལེན་ལགས། རྒྱུ་མཚན་ནི་བོད་བྱེས་བསྡོད་པ་དག་གིས་ལས་འགུལ་མ་གཏོགས། མི་རིགས་ཀྱི་འཐབ་རྩོད་བྱེད་ཀྱི་མེད་པས་རེད་ལགས། སྟབས་བདེ་བའི་སྒོ་ནས་ལན་བརྒྱབས་པ་ཡིན།

  13. ཀླུ་སྨྱོན། says:
    2012-02-17 at 2:06 pm

    ངས་ཁོང་ངོ་ཤེས། བདེ་བ་ཅན་དུ་སྐྱེ་བར་ཤོག

  14. ཁྱུང་དཀར says:
    2012-02-17 at 3:53 pm

    ཨ་ཧ་བོ། ད་ེརིང་ཡང་རྒྱལ་གཅེས་སྙིང་སྟོབས་ཀྱི་ཕྱུག་པའི་དཔའ་རྒོད་ཞིག་མེ་ཕུང་དང་མཉམ་དུ་བཞུད་སོང་། ད་དངོས་གནས་མཚམས་འཇོག་རན་རེད། རབ་ཡིན་ན་བཙན་བྱོལ་གཞུང་གིས་དགོས་འདུན་ག་རེ་འདོན་ཀི་ཡོད་མེད་བོད་ནང་ནས་ཤེས་རྟོག་བྱ་རྒྱུ་གལ་ཆེ་ཀི མ་ཟད་ཁ་གསལ་གཏིང་གསལ་་སྒོས་རྒྱའི་མངའ་ཁོངས་སུ་བསྡད་ནས་རང་སྐྱོང་གཙང་མ་ཞིག་རྩོད་ལེན་བྱེད་ཀྱི་ཡོད་སྐོར་རླུང་འཕྲིན་དང་བརྙན་འཕྲིན་རྒྱུད་ནས་བཀའ་ཁྲི་མཆོག་གིས་འགྲེལ་བཤད་གསལ་བོ་རྒྱག་ཐུབ་ན་ལས་འགུལ་གྱི་ངོ་བོ་ཏོག་ཙམ་བསྒྱུར་མི་ཡོང་ངམ་སྙམ་པའི་བསམ་བློ་རེ་འཁོར་ཀི

  15. མིག་བརྒྱད་པ། says:
    2012-02-17 at 4:09 pm

    སྐུ་གཤེགས་ཁོང་ལ་མྱ་ངན་གུས་འདུད་ཞུ། ། ངེད་ཅག་གི་དྲན་ངོགས་ན་ཡོད་པ་ནི་དཔག་དཀའ་བའི་ཁྱེད་ཅག་གི་སྡུག་བསྔལ་རེད། གང་དུ་དམ་བསྒྲགས་ཡོད་ན་དེ་རུ་མེ་ལྕེ་འབར་བས། གཅིག་རྗེས་གཉིས་མཐུད་དུ་འདི་ལྟར་མེ་ལྕེ་སྦར་ནས་ངོ་རྒོལ་བྱེད་ན་རྒྱ་གཞུང་གིས་བསམ་གཞིགས་བྱེད་རྒྱུའི་ཚབ་ཏུ་ད་དུང་དམ་བསྒྲགས་ཆེ་རུ་འགྲོ་རྒྱུ་ཡིན་པ་སྨོས་མེད་རེད། ཇི་འདྲའི་བཟོད་དཀའ་བའི་སྐྱོ་སྡུག་རེད་ཨང་། ད་ཅི་དྲག །

  16. རྡ་སའི་གླུ་བ། says:
    2012-02-17 at 11:16 pm

    རྒྱལ་གཅེས་དཔའ་བོ་རྣམས་ལ་མྱ་ངན་གུས་འདུད་ཞུ། ཡིན་ཡང་། འདི་ནི་བོད་ཕྱི་ལོག་ནས་ཁ་ཙམ་གྱི་མྱ་ངན་ལས་དོན་དམ་པའི་མྱ་ངན་ཚད་དང་ལྡན་ལ་གཞི་རྒྱ་ཆེ་བ་ཞིག་ཀྱང་བྱེད་ཐུབ་ཀྱི་མེད། དེ་བས་ཀྱང་རང་གཞུང་གིས་འདི་ལ་དོ་ནན་ག་འདྲ་ཞིག་གནང་གི་ཡོད་མེད་ཀྱང་ཐེ་ཚོམ་གྱི་ཡུལ་རེད། གང་ཡིན་ཟེར་ན། གོ་ཐོས་སུ་རང་གཞུང་ལ་སྐུ་ལུས་མེར་བསྲེགས་གནང་མཁན་དག་གི་ལོ་རྒྱུས་ཆ་ཚང་བ་ཞིག་ཀྱང་མེད་རབས་སྐད། འདི་ནི་དངོས་གནས་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་རེད། རང་གཞུང་གིས་དོ་ནན་གྱིས་ཁོང་མཚན་དང་ལོ་རྒྱུས་གསེར་ཡིག་གིས་བོད་རྒྱལ་ཁབ་ཆེན་པའི་ལོ་རྒྱུས་ཡིག་ཚགས་སུ་གསལ་གསལ་ཐིང་ཐིང་གིས་འགོད་ཐུབ་པ་དགོས་པ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་ཞིག་རེད།

  17. མིག says:
    2012-02-19 at 1:55 am

    ངས་ཁོང་ལ་ཐོས་གྲོལ་ཚར་གསུམa་ཀློག་པ་ཡིན། འོད་དཔག་མེད་ཀྱི་ཞིང་ལ་སྐྱོ་བ་ཤོག

  18. མིག says:
    2012-02-19 at 2:00 am

    ཨ་ལགས་ཀླུ་ཚང་ངས་ཁོང་ངོ་མི་ཤེས་ཏེ་ཁོང་བདེ་བར་ཅན་ལ་སྐྱེ་བར་ཤོག

  19. ཤར་ཕྱོགས་ཀྱི་འོད་སྣང་། says:
    2012-02-19 at 4:13 am

    མེ་ལྕེའི་ཀློང་ནས་རང་ལུས་བསྲེགས་པའི་རྗེས། །རྒྱལ་གཅེས་དཔའ་བོའི་ཐུགས་འདུན་གྲུབ་ཚར་རེད། །ཨ་ཚ་ཚ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme