Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་ལུགས་རྒྱུགས་སྤྲོད་ཀྱི་སྐོར་ཡང་བསྐྱར་གླེང་བ།

Posted on 2014-09-042014-09-04 By ཁ་བརྡ་ 49 Comments on དགེ་ལུགས་རྒྱུགས་སྤྲོད་ཀྱི་སྐོར་ཡང་བསྐྱར་གླེང་བ།

ཚེ་རིང་།

 
2014-8-31-ཉིན་ནས་བཟུང་མཉམ་མེད་རི་བོ་དགེ་ལྡན་པའི་གདན་ས་སྤྱིའི་རྒྱུགས་སྤྲོད་དངོས་སུ་མགོ་བཙུགས་བྱས་སོང་། ཉིན་མ་འདི་ཚོ་ནི་རྒྱུགས་སྤྲོད་པ་རྣམས་ཀྱིས་ཉིན་མོའི་ཟས་ཀྱི་བྲོ་བ་མི་ཚོར་ཞིང་། མཚན་མོར་གཉིད་ཀྱི་དུངས་ཀ་ཡོངས་སུ་བྲལ་བའི་དུས་སྐབས་ཧ་ཅང་གི་ཛ་དྲག་པོ་ཞིག་རེད། དེ་ཡང་ལོས་ཡིན་ཏེ་རྒྱུགས་སྤྲོད་སྣ་གཅིག་གི་གཞུང་ཚན་ལའང་ཧ་ལམ་པོ་ཏི་གཅིག་རེ་ཡོད་པས། སང་ཉིན་ཁྱོད་ཀྱིས་རྒྱུགས་སྤྲོད་གང་ཞིག་གཏོང་བ་དེར་དེ་རིང་ཁྱོད་ཀྱིས་སྔོན་ཆད་བལྟས་ཟིན་པ་རྣམས་ལ་དྲན་གསོ་དང་ཕྱོགས་བསྡོམས་ཤིག་བྱེད་དགོས་ལ། དེ་ལ་དགོས་པ་ནི་ཁུ་སིམ་སིམ་གྱི་ཆུ་ཚོད་ཁོ་ན་རེད། གསེར་ཕྲེང་ལྟ་བུའི་གཞུང་ཆེན་པོ་ཞིག་ལ་ཉིན་རེ་གཉིས་ནང་ངེས་ཆ་གཏོང་རྒྱུ་ཧ་ཅང་དཀའ་ནའང་། ལོ་གཅིག་གི་གྲྭ་སྒྲིག་དང་སྦྱོང་བརྡར་ལས་ས་བཅད་རེ་རེའི་མགོར་སླེབས་དུས་ས་ཁོངས་དེའི་བརྗོད་དོན་རྣམས་ཧ་ལམ་སེམས་སུ་འཆར་ཐུབ་པ་ལྟ་བུ་ཡིན།

unnamed

དེའི་ཕྱིར་རྒྱུགས་སྤྲོད་འདིར་ཞུགས་པའི་མི་ཞིག་ཡིན་ན་ལོ་གཅིག་གི་རིང་དུ་ཁྱོད་ལ་སོས་དལ་དལ་གྱི་རྣམ་གཡེང་གི་ཆུ་ཚོད་རིང་བོ་ཞིག་མེད་ཅེས་བཤད་ཆོག དེ་ལྟར་ལོ་གཅིག་གི་རིང་ཉིན་མཚན་ཁོར་མོ་ཡུག་ཏུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་དཀའ་སྡུག་བསྟེན་དྲག་པ་དང་། མཚན་རེར་ཆུ་ཚོད་བཞིའམ་ལྔ་ཙམ་ལས་གཉིད་མ་ཁུག་པའི་དབང་གིས་ལུས་ལ་ན་ཚ་འདྲ་མིན་བྱུང་སྟེ་རྒྱུགས་སྤྲོད་ཕྱིར་འཐེན་བྱེད་མཁན་ཡང་ལོ་རེར་སུམ་ཅུ་ནས་བཞི་བཅུ་ཙམ་ལོ་རྟག་པར་འབྱུང་གི་ཡོད་ལ། གདན་སའི་ཁྲོད་འདི་ནི་ཧ་ཅང་གི་རྒྱུན་ལྡན་ཞིག་ཏུའང་གྱུར་ཡོད།

གདན་ས་སོ་སོར་ལོ་ངོ་བཅུ་བདུན་རིང་སོ་སོའི་ཡིག་ཆའི་སློབ་ཚན་གཙོ་བོར་བྱས་ཏེ་སྦྱངས་པ་རྣམས་ཀྱིས་ལྡེ་མིག་བྱས་ཏེ། སྐབས་འདིར་ནི་རྗེ་ཙོང་ཁ་བ་ཡབ་སྲས་དང་དཔལ་ནལེནྡྲའི་པཎ་གྲུབ་དག་གི་གསུང་ལ་ཁུངས་གཏུགས་ཏེ་གཞུང་པོ་ཏི་ལྔའི་རྩ་བ་ལ་རྒྱ་བོད་ཀྱི་འགྲེལ་བ་འགྲེལ་བཤད་མི་འདྲ་བ་དུ་མའི་སྟེང་ནས་ལོ་དྲུག་གི་རིང་དུ་བསྐོར་བ་ཐེངས་གསུམ་བྱེད་དགོས་པ་ཡིན། གྲྭ་སའི་དཔེ་ཁྲིད་ཀྱི་ཞལ་རྒྱུན་དུ་འགྲེལ་བ་རྩ་བའི་སྟེང་དུ་བླངས། རྩ་བ་བློ་ཐོག་ཏུ་བླངས། ཞེས་གསུངས་པ་ལྟར་རྩ་བ་གང་ཞིག་ཡིད་སྐྱོར་བྱེད་དུས་དེའི་འགྲེལ་བ་འགྲེལ་རྣམས་ཀྱིས་བཤད་སྲོལ་མི་འདྲ་བ་རྣམས་རྩ་བ་རང་གི་སྟེང་ནས་མ་འདྲེས་པར་དྲན་གསོ་ཐུབ་པ་ཞིག་དགོས་ལ། ནང་བསྟན་སློབ་སྦྱོང་གི་རིམ་པ་འདི་རིག་གནས་གཞན་གྱི་སློབ་སྦྱོང་གི་རིམ་པ་དང་མི་འདྲ་བ་ནི། ཤེས་པ་ཙམ་གྱིས་མི་ཆོག་པར་ཐོས་བསམ་སྒོམ་གསུམ་གྱི་བསླབ་པའི་རིམ་པ་རིམ་གྱིས་བརྒྱུད་དགོས་པ་འདི་ཡིན་ལ། དགེ་ལུགས་རྒྱུགས་སྤྲོད་ཀྱི་གོ་རིམ་འདིས་ནི་ཁྱེད་རང་རིམ་པ་དེ་ལས་ཁྲིད་ཀྱིན་ཡོད།

དེ་ཡང་བཀའ་རམས་འཛིན་གྲྭ་གཉིས་དང་སློབ་དཔོན་འཛིན་གྲྭ་གཉིས། ལྷ་རམས་འཛིན་གྲྭ་གཉིས་བཅས་ལ་གདན་ས་གསུམ་དང་སྟག་ཚ་རྭ་སྟོད་པ་བཀྲ་ཤིས་ལྷུན་པོ་བཅས་ཀྱི་རྒྱུགས་སྤྲོད་བྱེད་པོ་དགེ་འདུན་པ་དྲུག་བརྒྱ་ལྷག་ཅིག་ཡོད་ལ། རང་ལ་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ཚང་ན་ངེས་པར་དུ་དགེ་ལུགས་པའི་ཁྲོད་ནས་ཡིན་མི་དགོས་ལ། ཐ་ན་དགེ་འདུན་པ་ཡང་ཡིན་མི་དགོས་པར་ཆོས་བརྒྱུད་དང་སྐྱ་སེར་ལ་དབྱེ་བ་མེད་པར་སུ་ཡིན་ཡང་ཞུགས་ཆོག་པ་ཞིག་ཡིན། དེ་ཡང་བཀའ་རམས་འཛིན་གྲྭ་གཉིས་ལ་ཕར་ཕྱིན་ལ་ཟུར་བཀོད་དང་བཅས་པས་གཉིས་སུ་ཕྱེ་བས་བཀའ་པོད་ལྔ་དང་། རིག་གནས། ཆོས་འབྱུང་། ལོ་རྒྱུས་བཅས་ཀྱི་འབྲི་རྒྱུགས་སྣ་དགུ་དང་། རྩོད་རྒྱུགས་སྣ་ལྔ་བཅས་བསྡོམས་པས་ལོ་རེར་རྒྱུགས་སྤྲོད་སྣ་ཁ་བཅུ་བཞི་དང་། སློབ་དཔོན་འཛིན་གྲྭ་གཉིས་ལ་རིག་གནས་ཀྱི་སྐོར་མེད་པས་འབྲི་རྒྱུགས་དྲུག་དང་རྩོད་རྒྱུགས་ལྔ་བཅས་རྒྱུགས་སྤྲོད་སྣ་བཅུ་གཅིག་དང་། ལྷ་རམས་འཛིན་གྲྭ་གཉིས་ལ་འབྲི་རྒྱུགས་མེད་པས་རྩོད་རྒྱུགས་སྣ་ཁ་ལྔ་རེ་བཅས་ཡིན་ལ། འཛིན་གྲྭ་རེའི་ལོ་དང་བོར་པོད་ལྔའི་སྟོད་ཆ་དང་ལོ་གཉིས་པར་སྨད་ཆ། དེ་ཡང་གཞུང་སོ་སོ་སྟེ་བཀའ་རམས་སྐབས་སུ་ཕར་ཕྱིན་ལྟ་བུར་མཚོན་ན་རྣམ་བཤད་སྙིང་བོ་རྒྱན་དང་། སློབ་དཔོན་སྐབས་སུ་གསེར་ཕྲེང་སྟོོད་སྨད་བྱས་ཏེ་སློབ་ཚན་དུ་བསྒོས་ཡོད།

ལྷ་རམས་གཉིས་ལ་ནི་སྔར་གྱི་གཞུང་ཆ་ཚང་ལས་ཁྱབ་མགོ་ཡོང་བས་སྟོད་སྨད་ཙམ་ལས་གཞུང་ངེས་བཟུང་དམིགས་བསལ་མེད། འཛིན་གྲྭ་གང་ཡིན་ཡང་རྟགས་གསལ་རང་མོས་ཀྱིས་གཏོང་ཆོག་པ་མིན་པར་རྒྱུགས་ཞིབ་པའི་མདུན་དུ་ཤོག་དྲིལ་བྱས་ཏེ་ཁྱབ་མགོ་རྣམས་བཞག་ཡོད་ལ། དེ་ལས་གཅིག་བླངས་ཏེ་ཤོག་དྲིལ་དེར་གདེམས་གསེས་བྱེད་ཆོག་པའི་རྟགས་གསལ་གྱི་མགོ་གསུམ་ཡོད་པ་ལས་གཅིག་ལ་བགྲོ་གླེང་བྱེད་དགོས། ཁྱབ་མགོ་རང་གི་ལག་ཏུ་བླངས་པ་ནས་ཁྱོད་ལ་སྐར་མ་ལྔའི་རིང་བསམ་བློ་གཏོང་བའི་གོ་སྐབས་ཡོད། དུས་ཡུན་བཀའ་རམས་དང་སློབ་དཔོན་གཉིས་སྐར་མ་བཅོ་ལྔ་དང་ལྷ་རམས་ཆུ་ཚོད་ཕྱེད་ཀའི་རིང་ཡིན། དེ་ཡང་རང་གིས་མགོ་འཛུགས་ས་དེ་ལས་མ་བཏང་བར་རྟགས་གསལ་གཞན་ལ་འཕྲོས་ན་རྒྱུགས་ཞིབ་པས་འགོག་ངེས་ལ་བརྒྱ་ཆའི་སྐར་མ་ཡང་གཅོག་ངེས་པ་ཡིན།

མ་གཞི་རྒྱུགས་སྤྲོད་འདིར་ཞུགས་པའི་མི་རྣམས་ནི་གདན་ས་སོར་ཤེས་ཡོན་དང་ཀུན་སྤྱོད་ཀྱི་སློབ་སྦྱོང་སྔོན་དུ་སོང་བ་ཤ་སྟག་ཡིན་པས་སྒྲིག་འགལ་གྱི་རིགས་ནི་ཧ་ལམ་མི་སྲིད་པ་ལྟ་བུ་ཞིག་ཡིན་ལ། འབྲི་རྒྱུགས་ཀྱི་སྐབས་སུ་འདུ་ཁང་དུ་རྒྱུགས་སྤྲོད་པས་བཀང་ཡོད་ནའང་ཤོག་བུའི་ཧྲོག་སྒྲ་ཙམ་ལས་ཕྱི་ལོགས་ནས་ཉན་ན་ཧ་ལམ་འདུ་ཁང་དུ་མི་ཞིག་ཨེ་ཡོད་དམ་སྙམ་པའི་ཐེ་ཚོམ་སྐྱེ་སྲིད། དེ་ལྟར་རྒྱུགས་སྤྲོད་ཡོངས་སུ་རྫོགས་ཏེ་ཟླ་གཅིག་དང་ཕྱེད་ཀའི་རྗེས་སུ་དུས་མཚུངས་སུ་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་རྣམས་གདན་ས་སོ་སོར་གསལ་བསྒྲགས་བྱེད་ངེས་རེད་ལ།དགེ་ལུགས་པའི་དྲ་རྒྱའི་སྟེང་དུའང་ཐོན་ཡོང་།

བཀའ་རམས་ལས་ཁྱོད་རང་གཞུང་ཚན་གང་རུང་གཅིག་ལ་སྐར་མ་ཕྱེད་ཀས་རྒྱུགས་ཚད་མ་ལོངས་ན་རྒྱུན་ལས་ཀྱིས་ཁ་སྣོན་བྱེད་པའི་ཐོབ་ཐང་ཡོད་ལ། གཞུང་གཅིག་ལ་སྐར་མ་གཅིག་གིས་མ་ལོངས་ལ་ཁྱོད་ལ་བསྐྱར་རྒྱུགས་གཏོང་རྒྱུའི་ཐོབ་ཐང་ཡང་ཡོད། སློབ་དཔོན་གྱི་སྐབས་སུ་སྐར་མ་གཅིག་གི་མ་ལོངས་ན་ཁྱེད་ཀྱི་དྲིས་ལན་ལ་བསྐྱར་ཞིབ་བྱེད་པའི་ཐོབ་ཐང་ཡོད་ཀྱང་ཁྱོད་ལ་བསྐྱར་རྒྱུགས་ཀྱི་གོ་སྐབས་མེད། དེ་ལའང་ཐོག་མར་གྲྭ་ཚང་དྲུག་གི་མཁན་པོ་རྣམས་ཀྱིས་མང་མོས་ཀྱིས་འོས་ཤོག་ཐོབ་དགོས། ལྷ་རམས་ཀྱི་སྐབས་སུ་ནི་བསྐྱར་རྒྱུགས་དང་བསྐྱར་ཞིབ་གཉིས་ཀ་མེད། འཛིན་གྲྭ་འོག་མའི་སྐབས་སུ་འཛིན་གྲྭ་གཅིག་ཏུ་ཐེངས་གཉིས་ལ་རྒྱུགས་མ་འཕྲོད་ན་ཁྱོད་ཀྱི་རྒྱུགས་སྤྲོད་ཀྱི་གོ་སྐབས་ཡོངས་སུ་ཤོར་བ་ཡིན།

དེ་ལྟར་ཐབས་ལམ་གྱི་སྒོ་མོ་རིམ་གྱིས་དོག་ཏུ་བཏང་སྟེ་གདན་ས་ཁག་གིས་ཁྱེད་ལ་ཆེས་མཐོ་བའི་ཤེས་ཡོན་གྱི་སློབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་ལ། འདི་ཕྱི་གཉིས་ཕན་གྱི་མི་ཚེའི་ལམ་ཁ་ཞིག་ཀྱང་སྟོན་གྱིན་ཡོད།

2014-9-3–མཚན་མོ།

རྩོམ་རིག

Post navigation

Previous Post: དྲིན་ཅན་གྱི་དགེ་རྒན་ལགས།
Next Post: བསུ་བ་ཞུ།

Comments (49) on “དགེ་ལུགས་རྒྱུགས་སྤྲོད་ཀྱི་སྐོར་ཡང་བསྐྱར་གླེང་བ།”

  1. ཡ་མ་ཚེ་རིང says:
    2014-09-04 at 3:34 pm

    དྲ་གྲོགས་ཚེ་རིང་ལགས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཀྱི་སྐོར་ལ་གླེང་སློང་གནང་པ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག དེ་འབྲེལ་གྱི་དཀའ་ངལ་ཁག་ཅིག་ཁ་སྣོན་གྱི་ཚུལ་དུ་ཞུ་རྒྱུ སྤྱིར་གཏང་དགེ་ལུགས་རྒྱུགས་སྤྲོད་ནི་གདན་ས་གྲྭ་ཚང་ཁག་དང་དགེ་ལུགས་པ་སྤྱིའི་གཞུང་ཐོག་ནས་བསྒྲུབ་པའི་སློབ་སྦྱོང་ལ་བསྐུལ་འདེད་ཀྱི་བྱ་འགུལ་གལ་ཆེ་ཤོས་དེ་ཡིན་པས་འདི་ལ་འགྲིག་ལམ་ཚགས་ཚུད་དང་རྟིིང་སྐུལ་ནན་པོ་བྱེད་དགོས་པ་སྨོས་མ་དགོས་ཀྱང་། དགོས་མེད་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ནི་གྲྭ་ཚང་ཆེན་པོ་ཁག་ལ་ལོ་རེར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་རྒྱུའི་ཆ་རྐྱེན་ཡོངས་སུ་ཚང་ཞིང་། སློབ་སྦྱོང་མཐར་སོན་པ་བཞི་བཅུ་ནས་ལྔ་བཅུ་ཡས་མས་ཐོན་དང་ཐོན་བཞིན་ཡོད་ཀྱང་། དངོས་ཡོད་ཀྱི་གྲྭ་འབོར་མང་ཉུང་ལ་མི་བལྟ་བར་གྲྭ་ཚང་རེ་ནས་ལོ་རེར་”མི་ཉེར་ལྔ་ལས”བརྒལ་མི་ཆོག་པའི་ཕན་མེད་ཀྱི་སྒྲིགས་གཞི་རྙིང་གོག་ཅིག་ལ་ཁག་དཀྲིས་ནས། ཀླད་རྙིང་མཁྲེགས་འཛིན་མཁན་གདན་སའི་མཁན་པོ་རེ་ཟུང་གིས་ཕྱོགས་རིས་དང་གུ་དོག་གིས་བསམ་སྦྱོར་རྩིབ་མོས་ཉམ་ཆུང་བའི་གྲྭ་རྐྱང་གང་མང་ཞིག་གི་མི་ཚེའི་དམིགས་འདུན་དང་རྩ་ཆེའི་སློབ་སྦྱོང་གི་གོ་སྐབས་རྨེག་མེད་དུ་འཇོམས་བཞིན་པ་ལགས་ན། བརྩེ་བའི་དྲ་གྲོགས་རྣམས་ཀྱིས་འདིའི་སྐོར་ལ་ཁ་ཚ་དགོས་གཏུགས་དང་དངོས་ཐོག་འདེན་འཚོལ་གྱི་གླེང་སློང་དང་བདེན་རྒྱབ་ཡོང་བའི་རེ་བ་ནན་པོ་ཞུ།།

  2. རྒྱལ་རོང་། says:
    2014-09-04 at 5:40 pm

    དགེ་ལུགས་རྒྱུགས་སྤྲོད་ཀྱིས་མཚན་པའི་དགའ་ལྡན་པའི་གཞུང་ལུགས་ཁག་ལ་མཆོད་རྩོད་སློབ་གཉེར་གནང་བར་ཡག་པོ་རེད། འོན་ཀྱང་དེང་སྐབས་བྱེས་ཀྱི་ལྡན་ས་ཁག་ཏུ་ནང་ཆོས་ལ་སློབ་གཉེར་ཇི་ཙམ་མཛད་ཀྱང་རང་རྒྱུད་དུ་ཉམས་རྟོགས་ཞིག་སྐྱེ་རྒྱུ་ཁག་པོ་རེད། ཕྱི་ཚུལ་གྱི་སྐད་ཡིག་རིག་གནས་སློབ་གཉེར་ལྟར་འཇིག་རྟེན་ཚུལ་ལུགས་ཀྱི་ཤེས་བྱ་དང་འབྲེལ་བློ་རིག་གསལ་བའི་མཐུན་རྐྱེན་ཙམ་ནི་ལོས་ཡོང་། སློབ་པ་འཐོས་བསམ་དང་སྤོང་བ་བསམ་གཏན་གྱིས་ཉོན་མོངས་མགོ་གནན་ལ་འབོད་མཁན་ནི་ཉིན་སྐད་ཙམ་དང་དགེ་བཤེས་མིང་བཞགས་རྗེས་གནམ་ལམ་རྒྱུད་ནས་འཕུར་འགྲོ་བསམ་མཁན་ནི་མཚན་མོའི་རྒྱུ་སྐར་ལྟར་རེད། ཆོས་སྒོར་ཞུགས་ནས་སློབ་གཉེར་མཛད་པས་དགོས་དོན་ནི་འཐོས་བསམ་སྒོམས་གསུམ་ཡ་མ་བྲལ་བའི་ཐོག་ནས་མཆོད་རྩོད་རྩོམ་གསུམ་གྱིས་རྒྱུན་སྐྱོངས་དགོས་རྒྱུ་ནི་ནང་ཆོས་སློབ་བྱེད་པའི་དགོས་ཆེད་ངོ་མ་དེ་རེད། སྒྲུབ་པ་ཉམས་ལེན་གྱི་སྐོར་ལ་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་ནང་དུ་ཟུར་ཙམ་ཡང་ཡོད་ཚད་མི་འདུག་ལ། དེའི་སྐོར་གླེང་མཁན་ཙམ་ཡང་ཁག་པོ་ཡིན་པའི་ཁར་འཇིག་རྟེན་ཚུར་ལུགས་ཀྱི་སློབ་ཚན་སོགས་མང་ནས་མང་དུ་སྒྱུར་ནས་དེར་དང་འདོད་ཆེ་ཆེ་གནང་བཞིན་ཡོད་པའི་གནས་ཚུལ་འགའ་གོ་རྒྱུ་འདུག། སྤྱིར་མི་ཆོས་དང་ལྷ་ཆོས་སོགས་ཤེས་བྱའི་གནས་ཚང་མ་ཤེས་དགོས་རྒྱུ་གལ་ཆེ་ཡང་རང་གིས་ཆེད་གཉེར་སློབ་གཞིར་དམིགས་གསལ་ཡར་འདེབས་དགོས་པ་ནི་རིག་ཅིག་རྐང་འཛིན་གྱི་སློབ་གཉེར་པའི་འོས་འགན་རེད།

  3. གནམ says:
    2014-09-04 at 8:05 pm

    དགེ་ལུགས་རྒྱུགས་སྤྲོད་པ་ཡོངས་ལ་བཀྲ་ཤིས་བདེ་ལགས་དང་ཆབ་དུ་འཆད་པ་དང་རྩོད་པ་ཙམ་གྱིས་མྱི་ཚེ་མི་ཟད་པར། བཀོར་རིན་ལ་རྩོམ་དཔེ་རེ་དཔེ་མཛོད་ཁང་དུ་འཇོག་རྒྱུ་ཡོད་པར་མཛོད། དེ་འདྲ་མེད་པའི་རིག་པ་དང་ཤེས་རབ་ནི་སྦྱིན་པའི་ཕ་རོལ་ལ་ཕྱིན་མི་ཐུབ་པའི་བཀོར་རྐྱལ་ཞིག་ལས་མ་མཐོང་ངོ་།
    འཕགས་པའི་དགེ་མདུན་ལ་སྐྱབས་སུ་མཆིའོ།

  4. བསམ་ཤེས། says:
    2014-09-04 at 8:42 pm

    རྒྱལ་རོང་ལགས་སུ།

    སྐུ་ཉིད་ཀྱིས་གུས་པར་དགེ་ལུགས་ཡིག་རྒྱུགས་ནང་ལ་གང་ཡོད་པའི་བསླབ་གཞི་དང་། གཞུང་། རྩ་བ་དང་འགྲེལ་བ་དེ་དག་གཅིག་གསུངས་དང་། གཞི་ནས་ང་ཚོས་དེའི་ནང་ལ་སྒྲུབ་པ་ཉམས་ལེན་ཡོད་མེད་བརྩོད་ཆོག

    ངས་བལྟས་ན། རིས་མེད་ཀྱི་གདན་ས་ཁག་ལ་བཞུགས་པའི་སློབ་གཉེར་བ་རྣམས་ནི་བོད་རྒྱུད་ནང་བསྟན་གྱི་རྒྱུད་འཛིན་པ་དང་རེ་བ་བརྒྱབ་ཡུལ་ངོ་མ་རེད། སྤྲུལ་གོག་ཕ་རྒྱུད་བུ་འཛིན་དང་། སྲང་ལམ་ཡོད་ཚད་ལ་ཆོས་རྫུན་མ་ཁ་ནས་གང་ཐོན་བཤད་མཁན་རྒྱ་བླ་དག དེ་བཞིན་བླ་མིང་དང་སྤྲུལ་མིང་འཛིན་པ་ཚོས་དབང་དང་རྫུན་ཤ་སྟག་བཙོང་ནས་གངས་ལྗོངས་བསྟན་པའི་མཛོད་འཛིན་པའི་མིང་བརྐུ་བ་ནི། བསྟན་པ་ཉིད་ཀྱི་དགྲ་ངོ་མ་ལགས།

    ད་ཆ་ང་ཚོ་ནུབ་ཕྱོགས་ཡུལ་གྲུ་ག་གེ་མོ་ལ་གཞན་གྱི་རྐུབ་གཡོག་རྒྱུག་ནས་སྒོར་མོ་ཏོག་ཙམ་བཟོས། དུས་ཚོད་སྟོང་པ་ཡོད་ཚད་ཁ་བརྡར་ཡོང་ནས། ལོ་དང་ལོ་བསྟུད་ནས་སློབ་གཉེར་གནང་མཁན་གྱི་རིས་མེད་བཤད་གྲྭ་ཁག་གི་དགེ་འདུན་པ་རྣམས་ལ་བཀོད་པ་གཏོང་བ་འདི་སུས་བལྟས་ཀྱང་མི་མཛེས་པའི་བྱ་བ་ཞིག་རེད་སྙམ།

  5. མྱི་དཀར། says:
    2014-09-04 at 11:14 pm

    རྒྱུགས་སྤྲོད་བྱེད་སྟངས་འདི་ནི་དངོས་གནས་ཧ་ལས་དགོས་པའི་མིག་དཔེ་བཟང་པོ་ཞིག་རེད། འོན་ཀྱང་མི་ལོ་ཉི་ཤུ་སུམ་ཅུའི་གྲངས་ལ་གཞུང་ལུགས་ཀྱི་གོ་རིམ་སྒྲིག་པ་དང་། རྟགས་གསལ་གཏོང་བ། བཤད་རྒྱུར་སྦྱོང་བ་ཙམ་གྱིས་རང་རྒྱུད་འདུལ་མི་ཐུབ་ལ། རང་རྒྱུད་འདུལ་བ་ལ་ངེས་པར་དུ་སྒོམ་བྱེད་དགོས། རྟགས་གསལ་རྐྱེན་པོ་མ་རིག་པའི་གཉེན་པོ་མི་འགྲོ། གཞུང་ལུགས་པོ་ཏི་བརྒྱ་ཕྲག་བློ་ལ་བླངས་ཏེ་འགྲེལ་བཤད་ཆུ་རྒྱུག་རྒྱུག་རྒྱག་ཐུབ་ཀྱང་ཉམས་སུ་མ་བླངས་ན་ཐ་ན་སེམས་བསྐྱེད་རྗེས་མཐུན་ཙམ་ཡང་སྐྱེ་བར་དཀའ། མ་འོངས་པར་བཤད་པ་དང་སྒོམ་པ་ཟུང་དུ་སྦྲེལ་ཐུབ་ན་གྲྭ་པའི་སྤུས་ཚད་ལེགས་སུ་འགྲོ་བ་དང་། བསྟན་པ་སྔར་ལས་དར་འཕེལ་ཡོང་བར་ཕན་ཐོགས་ངེས་སོ། །

  6. ནུབ་ཕྱོགས་གངས་ཕྲུག says:
    2014-09-05 at 12:00 am

    དགེ་ལུགས་རྒྱུགས་སྤྲོད་ལེགས་པོ་འདུག་ ཐུགས་རྗེ་ཆེ། ཡིན་ནའང་རིགས་གནས་ལ་དོ་སྣང་གནང་རོགས། དེ་སྔོན་ཝར་ཎ་མཐོ་སློབ་ཏུ་དུས་ཕྱིས་ཐོན་པའི་གདན་སའི་དགེ་བཤེས་ཤིག་གིས་ཕྱི་རོལ་པའི་གྲུབ་མཐའ་འཆད་སྐབས། མེ་ལྔ་བསྟེན་པ་ཞེས་པ་དེར་ཁོ་རང་གི་མན་ངག་བསྟེན་པ་ཞེས་འགྲེལ་བརྗོད་གནང་འདུག དེ་གར་ཡོད་པའི་དགེ་ཕྲུག་ཚོས་དེ་འདྲ་མ་རེད་བརྗོད་སྐབས། དགེ་བཤེས་ལགས་ཨུ་ཚུགས་གྱིས་ད་དུང་མན་ངག་བསྟེན་པ་རེད་ཟེར། སྐད་ཆ་དེ་ཚོ་ངའི་གྲོགས་པོ་ཝར་ཎ་ནས་ཐོན་པ་ཞིག་ནས་ཐོས་སོ།

  7. ཚེ་རིང་། says:
    2014-09-05 at 12:42 am

    ལོ་རེར་གྲྭ་ཚང་རེ་ནས་མི་ཉེར་ལྔ་ལས་འགྲོ་མི་ཆོག་པ་དངོས་གནས་རེད། འོན་ཀྱང་འདི་ནིམཁན་པོ་རྣམས་་མང་མོས་ཀྱིས་གཏན་འབབ་མཛད་པ་ཞིག་པ་ཞིག་ཡིན་པས་ང་ཚོས་འདི་ནས་གླེང་ཡང་ཕན་ཐོག་གང་ཡང་མེད། མ་གཞི་ལོ་དྲུག་གི་ཡུན་ཚད་ཀྱང་རིང་བར་འདོད་པའི་བསམ་ཚུལ་ཡོང་གི་ཡོད་ནའང་བསྒྱུར་བཅོས་གང་ཡང་གཏོང་ཐུབ་མེད། ཡིན་ནའང་གྲྭ་བ་འདུག་ས་གྲྭ་ས་ཡིན་པས་མི་ཚེ་ཐོས་བསམ་སྒོམ་གསུམ་ལ་སྐྱེལ་འདོད་པ་ཞིག་ཡིན་ན་འཆི་ཁའི་བར་ཐོས་པ་བྱེད་པས་བྲེལ་བ་ཅི་ཡང་མེད་སྙམ། དེ་མིན་པའི་བསམ་ཚུལ་ལ་ལན་འདེབས་འདོད་མ་བྱུང་ལ་། དེང་སྐབས་ཆུ་ཚོད་ཀྱང་མེད།

  8. ཡ་མ་ཚེ་རིང says:
    2014-09-05 at 1:22 am

    གདན་སའི་མཁན་པོ་རེ་ཟུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་གིས་”ཁྲིམས་དང་སྒྲིགས་གཞི་མིས་བཟོས་བ་རེད།
    དེ་ཡིས་མིའི་སྤྱི་ཚོགས་ལ་ཕན་ཐོག་རྒྱུ་ལས་ལྡོག་སྟེ་བཀག་རྡོ་ཆགས་སོང་ན་བསྒྱུར་བཅོས་གཏང་དགོས་པ་རེད”ཅེས་རྩ་ཆེའི་བཀའ་སློབ་ཁག་ལ་མ་གོ་མ་ཐོས་པའི་ཟོལ་གྱིས་རྒྱུ་མཚན་ལྟར་སྣང་རེ་འདི་ལྟར་འགོད་བཞིན་འདུག མི་མང་དྲག་ན་རྒྱུགས་སྤྲོད་སླ་པོ་ཆགས་འགྲོ་གི་རེད་ཟེར། ཡང་གྲྭ་ཚང་ཁག་ལ་ཆ་སྙོམས་ཡོང་གི་མི་འདུག་ཟེར་བ་སོགས་ཀ་ཀོར་སྣ་ཚོགས་བཤད་དེ་གྲྭ་རྐྱང་གང་མང་ཞིག་གི་མདུན་ལམ་བཙན་གྱིས་བཀག་སོང་།
    ད་ལོ་མཚོན་ན་མི་༦༦༦ཙམ་རེད་ག་ཚོད་མང་ན་མི་གཅིག་སྟོང་ཡས་མས་ལས་ཡོང་་མི་སྲིད། རྒྱལ་སྤྱིའི་གྲགས་ཅན་མཐོ་སློབ་ཁག་ལ་མི་ཁྲི་ཕྲག་གིས་རྒྱུགས་ཞུགས་བྱེད་མཁན་ཡོད་པ་མ་ཟད་རང་རེའི་གྲྭ་ཚང་ཆེ་ཁག་དག་ལའང་ལོ་རེར་མི་ཉིས་སྟོང་ཡས་མས་རྒྱུགས་ལ་ཞུགས་བཞིན་ཡོད་ན་འང་རྒྱུགས་སྤྲོད་སླ་པོ་ཆགས་པའི་གནས་ཚུལ་མི་འདུག གྲྭ་པ་སུམ་སྟོང་ནས་བཞི་སྟོང་ཟིན་པའི་གྲྭ་ཚང་དག་དང་གྲྭ་པ་གཅིག་སྟོང་ཟིན་མིན་ཙམ་གྱི་གྲྭ་ཚང་དག་ལ་ག་རེ་བྱས་ནས་རྒྱུགས་ཞུགས་ཀྱི་གྲངས་ཆ་སྙོམས་བྱེད་དགོས་པ་རེད

  9. ཀླུ་སྨྱོན། says:
    2014-09-05 at 1:30 am

    དགེ་ལུགས་པར་མང་པོ་མ་ལབ་མ་གཏོགས་དམ་ཅན་ཆོས་རྒྱལ་གྱིས་དབྱུག་ཏོ་གཞུས་ཡོང་།

  10. རྒྱལ་རོང་། says:
    2014-09-05 at 1:56 am

    དགེ་ལུགས་རྒྱུ་སྤྲོད་ལ་དཀའ་ཁག་འགའ་བཤད་མ་འདུག། སྐུ་སྒེར་ཡིག་ཚང་ལ་ཁས་ལེན་འགའ་ཞུ་དང་རྒྱུགས་སྤྲོད་དང་ལོ་དུས་གང་ཡང་རྒྱུད་མི་དགོས་པའི་ལམ་སང་དགེ་བཤེས་ལྷ་རམ་པའི་མཚན་གནས་ཐོབ་ནི་རེད། དེ་འདྲ་བའི་དགེ་བཤེས་ལྷ་རམ་པའི་མིང་ཡོད་མཁན་མང་པོ་རེད། མིང་ཙམ་གྱི་དགེ་བཤེས་ནམ་མཁའི་མེ་ཏོག་དོན་གཉེར་བྱེད་མཁན་ཚོར་ཞུ་ཡིན།

  11. མེ་ཏོག་དཀར་པོ says:
    2014-09-05 at 4:43 am

    མཆན་༤ བསམ་ཤེས་ཀྱི་མཆན་བུ་ལ་རྒྱབ་སྐྱོར་ཞུ།

  12. བྱ་མདོ་སྐལ་རྒྱམ། says:
    2014-09-05 at 4:56 am

    ཡ་མ་ཚེ་རིང་ལགས་ཀྱིས་བཤད་པ་བདེན་པ་རེད།

  13. བྱ་མདོ་སྐལ་རྒྱམ། says:
    2014-09-05 at 5:04 am

    ལོ་རེར་ཉེར་ལྔ་ལས་མི་གཏོང་བ་དེར་དགོས་པ་གཉིས་ཡོད་རེད། དང་བོ། འཛིན་གྲ་དེའི་ནང་གི་རྩེ་ཏོག་བྱས་ཏེ་ཉེར་ལྔ་ཙམ་འཛུལ་ཞུགས་བྱས་ན་རྒྱུགས་མི་འཕྲོད་པ་ཉུང་ཞིང་། སློབ་གཉེར་ཡང་ཡར་རྒྱས་ཆེན་པོ་འགྲོ་ལ། དེ་ལས་ལྷ་རམས་པ་ཡང་སྤུ་ཚད་བཟང་དུ་འགྲོ་བ་རེད། གཉིས་པ། གྲྭ་ཚང་གྲ་བ་ཉུང་བ་རྣམས་ལ་ལྷ་རམས་ཐོན་པ་ཉུང་བར་འགྲོ་ལ་དེ་ལས་ཤར་བྱང་གི་ཆོས་རྗེ་དང་དགལ་ལྡན་ཁྲི་བའི་བང་རིམ་དུ་སྒྲིག་མཁན་ཡང་ཉུང་བར་འགྲོ་བའི་རྒྱུ་མཚན་གྱིས་རེད། སྤྱིར་ན་དགེ་ལུགས་རྒྱུགས་སྤྲོད་ནི་ཁོངས་སོ་སོའི་དཔེ་ཆ་བ་བཟང་རབས་རྣམས་ཞུགས་ས་ཡིན་པས་ངེས་བར་དུ་བསྡེབས་ལངས་བྱེད་དགོས་ས་ཞིག་མ་རེད།

  14. ཅོ་རི་ཉི་མ། says:
    2014-09-05 at 6:15 am

    ༡་་་དགེ་བཤེས་ལྷ་རམས་པ་མཆོག་ལ་་་་རྣམ་དཔྱོད་ཡོད། རྣམ་དཔྱོད་ལྡན་པའི་སྐྱེ་བོ་ཞིག་མིན་ན་དགེ་ལུགས་རྒྱུགས་སྤྲོད་འགྲོ་མི་ཐུབ།
    ༢་་་དགེ་བཤེས་ལྷ་རབས་པ་ལ་་་བརྩོན་འགྲུབ་ཡོད། བརྩོན་འགྲུབ་ཡོད་པའི་སྐྱེ་བོ་ཞིག་མིན་ན་ལོ་ནས་ལོ་མཐུད་ཏེ་སློབ་སྦྱོང་བྱེད་མི་ཐུབ།
    ༣་་་དགེ་བཤེས་ལྷ་རམས་པ་ལ་་་་བསམ་གཏན་ཡོད། བསམ་བློ་རྩེ་གཅིག་ཏུ་གཏོད་ཐུབ་མཁན་གྱི་སྐྱེ་བོ་ཞིག་མིན་ན་གཞུང་པོ་ཏི་ལྔ་བློ་ལ་བཞག་མི་ཐུབ།
    ༤་་་དགེ་བཤེས་ལྷ་རམས་པ་ལ་་་་སྙིང་སྟོབས་ཡོད། སྙིང་སྟོབས་ཡོད་པའི་བུ་ཞིག་མིན་ན་དཀའ་ངལ་ལ་ལོ་མང་རིང་དུ་གདོང་ལེན་བྱེད་མི་ཐུབ།

    ང་ཅོ་རིས་འཛམ་གླིང་ཆུང་ཆུང་འདིའི་ནང་གི་སློབ་སྦྱོང་བྱེད་མཁན་རྣམས་ཀྱི་ཤེས་ཀྱི་ཡོད། ཁྱད་ལས་པ་རྣམས་ཤེས་ཀྱི་ཡོད། མཁས་དབང་ཡིན་ཟེར་མཁན་ཚོ་ཤེས་ཀྱི་ཡོད། དགེ་བཤེས་ལྷ་རབས་ལ་ནང་བཞིན་སློབ་སྦྱོང་ལོ་མང་བྱེད་མཁན་སུ་ཡང་མེད། གནམ་གྲུ་དང་མེ་འཁོར་གཏོང་ཡ་གི་ཁྱད་ལས་སློབ་སྦྱོང་ལོ་བཞི་ནས་ལྔ་རེད། ཁྱད་ལས་སློབ་སྦྱོང་མང་ཆེ་བ་ལོ་གསུམ་ནས་ལྔ་དྲུག་བར་དུ་རེད། ལྷ་རམས་པའི་སློབ་སྦྱོང་ཉུང་མཐའ་ལོ་བཅུ་བདུན་བྱེད་དགོས།

    ལྷ་རམས་སྔགས་རམས་བཀའ་རམས་གསུམ།
    འདི་ནི་སྐྱེ་བོ་ཆེན་པོ་གསུམ།
    སྐྱེ་བོ་འདི་ཚོའི་ཡོན་ཏན་ལ།
    ཅོ་རིས་རྟག་ཏུ་གུས་བཀུར་ཡོད།

    བླ་གོག་སྤྲུལ་གོག་ལྷ་གོག་གསུམ།
    འདི་ནི་སྐྱེ་བོ་རྫུན་མ་གསུམ།
    སྐྱེ་བོ་འདི་ཚོའི་གཡོ་སྒྱུ་ལ།
    ཅོ་རིས་རྟག་ཏུ་དགག་པ་ཡོད།།

  15. ཤར་པ་ says:
    2014-09-05 at 6:20 am

    རི་བོ་དགེ་ལུགས་པའི་སློབ་གཉེར་སྤུས་ཀ་དག་པོ་འདི་ནང་བཞིན་འཛམ་གླིང་ཡོངས་ལ་མེད། གུས་པ་ཆོས་རྒྱུད་བཀའ་རྒྱུད་པ་དང་། ཨ་ཕ་རྙིང་མ་ཡིན་ཡང་དངོས་གནས་དགེ་ལུགས་པ་དད་པ་ཤིན་ཏུ་ཆེ། ཚན་རིག་པ་དང་མཉམ་དུ་སྐྱོད་ཐུབ་པ་དགེ་ལུག་པ་མ་ཏོག་ཁ་པོ་རེད།

  16. ཡ་མ་ཚེ་རིང says:
    2014-09-05 at 6:42 am

    ཕན་མེད་གནོད་སྐྱེལ་གྱི་ཆོལ་ཁ་ཆོས་ལུགས་དག་གི་རྩོད་རྙོག་དག་དྲ་ཐོག་ཏུ་འགོ་འབུས་ཙམ་གྱིས། དྲ་འབུ་དག་བྱ་རྒོད་ཤ་ལ་རུབ་པ་ལྟར་འཚང་ཀ་ཤིག་ཤིག་གིས་འོང་ན་ཡང་། འདི་ལྟ་བུའི་གླེང་རིན་ཡོད་ལ་གླེང་དགོས་ངེས་ཀྱི་གནས་ཚུལ་དག་ལ་འབྲེལ་མེད་ཀྱི་མཆན་ཉོག་ཁ་ཤས་ལས་ཚད་ལྡན་གྱིས་བགྲོ་གླེང་མེད་པར་བློ་ཕམ་བྱུང་། མ་གཞི་འདི་མི་ཚེ་ཐོས་བསམ་ལ་བསྐྱལ་བའི་གྲ་རྐྱང་རྣམས་ལ་མཚོན་ན་འདི་ནི་དཀའ་ངལ་ཆེ་ཤོས་དང་མི་ཚེའི་དོན་ཆེན་ཞིག་ཡིན་ནའང་། རང་རེའི་དབུ་ལ་བཞུགས་མཁན་རྣམས་ཀྱིས་བསམ་ཤེས་ཅུང་གནང་ན་འདིའི་དཀའ་ངལ་ནི་བདེ་ལེགས་ངང་སེལ་ནུས། འོན་ཀྱང་དེ་སྔོན་བརྒྱུད་ལམ་འདྲ་མིན་ནས་རེ་བསྐུལ་དང་ཡར་ཞུ་བྱས་ཅིང་ཁག་གཡས་དཀྲི་གཡོན་དཀྲི་བྱས་ནས་ད་དུང་ལོ་རེ་ནས་ལོ་རེར་དཀའ་ངལ་ཆེ་ནས་ཆེ་རུ་འགྲོོ་གི་ཡོད། དཔེ་མཚོན་ཙམ་ཞུས་ན་ད་ལོ་གཅིག་བུ་ལའང་སེར་བྱེས་དང་བློ་གླིང་སྒོ་མང་གྲྭ་ཚང་བཅས་ལ་སློབ་ཐོན་པ་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་ཐུབ་ངེས་ཉུང་མཐའ་བཞི་བཅུ་ནས་ལྔ་བཅུ་རྩ་གྲངས་པར་ཐོན་ཡོད་ཀྱང་། གོང་གི་སྒྲིགས་གཞི་རྙིང་གོག་དེ་ལ་ཁག་དཀྲིས་ནས་མི་གང་མང་ཞིག་གི་འདུན་ལམ་ཆུ་ལ་གཡུག་ཡོད།

  17. ཅོ་རི་ཉི་མ། says:
    2014-09-05 at 6:53 am

    རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དྲང་བདེན་གྱི་ཐོག་ནས་སྤྲད་ཀྱི་མེད་པ་ནི་མྱོང་བ་དངོས་འགྲུབ་ཡིན། ང་ཅོ་རི་དགེ་ལུགས་རྒྱུགས་འགྲོ་ཐུབ་པའི་ཆ་རྐྱེན་མ་ཚང་ཀྱང་འཛིན་གྲྭའི་རྒྱུགས་སྤྲོད་འགྲོ་མྱངས་ཡོད། སྐབས་དེ་དུས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དྲང་བདེན་ཐོག་ནས་སྤྲད་ཀྱི་མི་འདུག

    ང་ཚོའི་འཛིན་གྲྭའི་ནང་དུ་ཉི་མ་དང་ཟླ་བ་གཉིས་ཟེར་དུས་འཛིན་གྲྭའི་ཉི་ཟླ་གཉིས་དོན་དངོས་པོའི་ཐོག་ནས་ཡིན། ཡིན་ཀྱང་འཛིན་གྲྭའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཨང་དང་པོའི་དང་པོ་ཉི་ཟླ་གཉིས་གང་རུ་ལ་མ་སྤྲད་པར་སྤྲུལ་གོག་ཞིག་ལ་སྤྲད། དུས་དེ་ནས་བཟུང་ང་ཅོ་རི་གྲྭ་ས་གྲྭ་ཚང་ལ་ཡིད་ཆེས་བརླགས་པ་དང་། རྒྱ་འབྲས་དྲང་བདེན་མི་སྲུང་མཁན་ཞིག་ཡིན་པར་ཤེས་བྱུང་།

    གྲྭ་རྐྱང་ཞིག་གིས་མྱི་ཚེ་སྡུག་ལ་སྦྱར་ནས་སློབ་སྦྱོང་བྱས་པའི་གྲུབ་འབྲས་དྲང་པོ་མི་སྤྲོད་པ་འདི་ནི་ཤཀྱའི་རྒྱལ་པོའི་བཀའ་དང་འགལ་ཡོད་ལ་ལས་འབྲས་རྡོག་རོལ་བཏང་བ་རེད། དཀའ་ལས་རྒྱག་རྒྱག་གིས་མཐའ་མ་རྒྱུགས་སྤྲོད་ཕྱིན། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དྲང་པོ་མི་སྤྲད་པ་འདི་ནི་ཡ་ང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན།

  18. ཅོ་རི་ཉི་མ། says:
    2014-09-05 at 6:59 am

    རྒྱུགས་སྤྲོད་ཐུབ་མཁན་ཡོད་བཞིན་དུ་རྒྱུགས་སྤྲོད་མ་བཅུག་ན་ངོ་རྒོལ་སྐད་འབོད་བྱེད་དགོས་རེད། མ་ཁྱད་འཚར་རེད། ཤེས་ཡོན་ཅན་དང་རྒྱུགས་སྤྲོད་ཐུབ་མཁན་ག་ཚོད་མང་མང་ཡོད་ན་དགའ་བསུ་མི་ཞུ་པར་དགག་བྱ་བྱེད་ན་གནད་ལུགས་དང་མཐུན་པ་ཞིག་མ་རེད། ངོ་རྒོལ་བྱོས། ང་ཚོས་ཡང་རྒྱབ་སྐྱོར་ཡོད།

  19. ཡ་མ་ཚེ་རིང says:
    2014-09-05 at 9:57 am

    ལྷ་རམས་པ་སྤུས་དག་མིན་གཙོ་པོ་རྒྱུགས་སྤྲོད་ཚགས་ཚུད་མིན་ལ་རག་ལས་པ་ལས་རྒྱུགས་ཞུགས་པའི་མང་ཉུང་ལ་རག་ལས་མེད། གཙོ་པོ་ཆ་རྐྱེན་ཚང་མཁན་མང་པོ་ཞིག་ལ་གོ་སྐབས་མི་རག་པའི་དཀའ་ངལ་བཤད་པ་ལས་ཆ་ཚང་ཉ་ཉུང་མཉམ་བསྲེས་ཀྱིས་གཏང་དགོས་ཟེར་པ་མིན

  20. འཇམ་གཅེས། says:
    2014-09-05 at 2:49 pm

    དོལ་ཚོགས་རྗེས་རྒྱུགས་པ་རྒྱལ་རོང་མིང་ཅན་དང་། ཁྱི་ཕྲུག་ཅོ་རི་བ་གཉིས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ལ་ཇུས་གཏོགས་དགོས་པ་མ་རེད། ཐོབ་ཐང་ཡང་ཡོད་པ་མ་རེད། སྙིང་ན་རུང་རང་སྡུག་ཡིན་པས་དེ་ལས་རང་ལ་དག་པའི་མུག་ཁ་དེ་བདག་པོ་བྱོས་དང་ཉེས་ཆད་གཅོད་མཁན་ཡོད་ནི་མ་རེད།

  21. ཅོ་རི་ཉི་མ། says:
    2014-09-05 at 3:18 pm

    འཇམ་གཅེས་ཕག་ཕྲུག་ཁྱོད་རང་གིས་ལྐོག་ཟ་རུལ་སུངས་ཀྱི་སྐྱག་ཁུ་ལྡག་ནས་སྡོད།། ཁྱོད་ལ་ཡོད་པའི་ཐོབ་ཐང་དེ་རེད།

  22. རྒྱལ་རོང་། says:
    2014-09-05 at 6:52 pm

    ཕྱི་འཇམ་ནང་རྩུབ་ལགས། ཁྱེད་ཀྱིས་མིག་ཡ་གཅིག་གིས་ལྟ་ཚུལ་དེར་ང་མི་དགའ། དགེ་ལུགས་པའི་སྡེ་དཀྲུགས་དང་དམ་ཉམས་བཟོ་མཁན་རིགས་དང་དགེ་ལུགས་པའི་བསྟན་བཤིག་འཕུངས་རྒན་ཁྱེད་ཚོར་དགེ་ལུགས་པའི་མིང་ཙམ་ལས་དགེ་ལུགས་པར་ཇུས་རྟོགས་ཡོད་་དོན་ཅི་རེད། དགེ་ལུགས་པའི་ལམ་རིམ་བླ་རྒྱུད་དང་བཤད་རྒྱུན་སོགས་ཀྱི་དམ་ཉམས་ཀྱི་སྡིག་ལས་དེ་ཚོས་དགེ་ལུགས་པའི་བྱས་རྗེས་ཡིན་སྣང་མ་ཤར། དགེ་ལུགས་ཀྱི་འདུས་སྡེར་དབྱེན་སྦྱོར་དང་འཁྲུག་སློང་རྒྱུན་དུ་བྱེད་གཏེར་མཁན་དམ་ཉམས་ཚོར་ཆོས་ཀྱི་རྟོགས་པ་ཞིག་ནམ་ཡང་སྐྱེ་མི་སྲིད་པས་གྲྭ་གཟུགས་ཀྱི་འདུས་སྡེར་ནམ་ཡང་མི་གུས་ལ་ནམ་ཡང་མི་སྐུལ། དགེ་འདུན་སྡེ་འཁྲུགས་ཀྱི་དགེ་ལུགས་མིང་འཛིན་པ་གང་ན་སུ་བཞུགས་དག་ལ་ངས་མི་གུས།།

  23. གནམ says:
    2014-09-05 at 7:01 pm

    ཁ་མ་བྲོ་བའི་དོལ་ཁྱི་སླེབས་ས་ན། དཀྲུག་དཀྲུག་ཞིག་མ་གཏོགས། ཉི་མ་གནམ་ཤར་ལ་ཡག་པ་ཞིག་གོ་རྒྱུ་མེད།

  24. སྤྱན་ཆེན་པོ། says:
    2014-09-05 at 11:11 pm

    བཀུར་འོས་སེར་བྱས་དགེ་བཤེས་ཡ་མ་ཚེ་རིང་ལགས། ཁྱོས་རྒྱུ་འབྲས་བློ་མིག་གིས་བལྟ་དགོས་པ་ལས་ཞེག་ཁོག་གཅིག་བུས་རང་ཉིད་ཀྱི་གཡས་གཡོན་ལ་བལྟས་ན་དེ་ནི་རང་ཉིད་ཀྱི་ངོ་གདོང་ལ་རང་ཉིད་ཀྱིས་ཐལ་བ་གཏོར་བ་ལས་ཅི། གྲྭ་ཚང་དྲུག་ནི་བཟང་ངན་དང་ཡག་སྡུག་གི་ལས་ཀ་གང་ཡིན་ཡང་མཉམ་དུ་འཁུར་ནས་མཉམ་དུ་བསྐྱོད་ཡོང་བ་ལས་དེ་་དུས་གྲྭ་ཚང་ཆེ་ཆུང་གི་ཁྱད་པར་འབྱེད་མེད་པཱ། ཁེ་བཟང་ཞིག་ཡོད་ན་སེར་བྱས་གྲྭ་ཚང་སོགས་གྲྭ་ཚང་ཆེན་པོའི་རིགས་ལ་ཐོབ་དགོས་པ་དེ་ཁྱོད་ལྟ་བུའི་དགེ་བཤེས་ཤིག་གིས་བཤད་སྟངས་ཡིན་ནམ།

  25. ས་སྒོ་བསམ་གཏན་སྒྲོལ་མ། says:
    2014-09-05 at 11:13 pm

    ལྷོ་ཕྱོགས་ན་དགེ་ལུགས་རྒྱུགས་སྤྲོད་ཚོགས་ཡོད་རེད་ཟེར། 
    དགེ་ལུགས་རྒྱུགས་སྤྲོད་ལ་ཤ་མང་པོ་བཏང་གི་ཡོད་པ་གོ་ཐོས་བྱུང་། 
    འགའ་ཤས་ཀྱིས་བཤད་ན་གྲྭ་ཚང་སོ་སོའི་བར་ན་འགྲན་རྩོད་ཡོད་རེད། 
    གྲྭ་ཚང་གཅིག་གིས་ཤ་ཡག་པོ་མ་བཏང་ན་ངོ་ཚ་ཡོད་རེད་ཟེར། 
    རྡ་ས་ཁུལདུ་ལས་བྱེད་ཟབ་སྦྱོང་སྐབས་ཐུགས་སྤྲོ་ཡག་པོ་བཏང་གི་ཡོད་ཙང་།
    མི་མང་པོ་ཞིག་གིས་ཟབ་སྦྱོང་མ་རེད། ཟ་སྦྱོང་རེད་ཅེས་ལབ་གི་ཡོད་རེད། 
    མ་འོངས་པའི་དགེ་ལུགས་རྒྱུགས་སྤྲོད་དེ་ཡང་ག་འདྲ་ཞིག་ཏུ་གྱུར་ཡོང་ཆ་མི་འཚལ། 

  26. སྤྱན་ཆེན་པོ། says:
    2014-09-05 at 11:25 pm

    ༧གོང་ས་མཆོག་གི་ཞབས་ནས་འཐེན་མཁན་གྱི་ཡིག་རྨོངས་པ་ཅོ་རི་ཉི་མ་ལགས། འདི་ན་ཆོལ་ཁའི་ཞེན་ཁོག་དང་དོལ་རྒྱལ་ཕྱོགས་ཀྱི་བགྲོ་་གླེང་བྱེད་བཞིན་མེད་པས་ཁྱི་ཕྲུག་ཁྱོད་མར་སོང་།

  27. མིག་བརྒྱད་པ། says:
    2014-09-05 at 11:36 pm

    དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཞེས་པ་ལྟར་བསླབ་པའི་རིམ་པ་འདི་མོ་རེད།།

  28. ཡ་མ་ཚེ་རིང says:
    2014-09-06 at 12:40 am

    དྲ་གྲོགས་སྤྱན་ཆེན་པོ་ལགས་ལ་གསལ་བཤད་ཞུ་རྒྱུར། ང་སེར་བྱེས་དགེ་བཤེས་ཡ་མ་ཚེ་རིང་མིན་ལ་མ་འོངས་པ་དགེ་བཤེས་ཆགས་མིན་ཡང་ད་དུང་མ་ངེས། ལྷག་ཏུ་དགེ་བཤེས་ལྷ་རམས་པར་འགྲོ་པའི་གོ་སྐབས་སྔར་ནས་ཤོར་ཟིན་པས་གུས་པ་རང་ལ་མཚོན་ན་དེའི་ཕྱོགས་ལ་རེ་བ་གང་ཡང་མེད་ཞུ་རྒྱུ་ཡིན། འོན་ཀྱང་མི་ཚེ་ཐོས་བསམ་ལ་གཞོལ་པའི་གྲྭ་རྐྱང་གང་མང་ཞིག་ཚུལ་མིན་གྱི་སྒྲིགས་གཞི་ཞིག་ལ་ཁག་དཀྲིས་ནས་རྩ་ཆེའི་སློབ་སྦྱོང་གི་གོ་སྐབས་ཆུད་ཟོས་སུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་བྱུང་བའི་བློ་མ་བདེ་པར་གླེང་སློང་ཙམ་བྱས་པ་ཡིན། རྩ་བའི་ང་ཚོའི་གྲྭ་ཚང་དྲུག་པོ་གྲྭ་ཚང་ཅིག་ཡིན་པས་ངོས་ནས་ཐོབ་ཐང་འདྲ་མཉམ་ཡིན་ལོས་དགོས་འོན་ཀྱང་རྒྱུགས་སྤྲོད་ལ་མི་ག་ཚོད་ཞུགས་མིན་ནི་རྒྱུགས་ཞུགས་ཀྱི་ཆ་རྐྱེན་ཚང་བའི་གྲྭ་པ་སྒེར་རེ་རེའི་ཐོབ་ཐང་ཡིན་པ་ལས་གྲྭ་ཚང་ཁག་ལ་ཐོབ་ཐང་འདྲ་མཉམ་མི་མཉམ་དང་འབྲེལ་བ་རྩ་བ་ནས་མེད་པ་ངོས་ཟིན་དགོས། མདོར་ན་གྲྭ་ཚང་ཁག་ལ་ཐོབ་ཐང་འདྲ་མཉམ་མི་མཉམ་གྱི་སྐད་ཆ་མེད་པར་ལོ་རེར་རྒྱུགས་ཞུགས་ཀྱི་ཆ་རྐྱེན་ཚང་ལ་ཞུགས་འདོད་ཡོད་མཁན་གྱི་སློབ་ཐོན་པ་ཡོངས་རྫོགས་ཞུགས་ཆོག་པའི་ལམ་སྲོལ་ཅིག་གཏོད་ན་སྤྱི་སྒེར་སུ་ལ་ཕན་པ་ལས་གནོད་པ་གཏན་ནས་མེད་སྙམ་མོ།

  29. ལ་སྟོད་སྟོབས་རྒྱས། says:
    2014-09-06 at 12:45 am

    རྒྱ་གར་ནས་དགེ་ལུགས་རྒྱུགས་སྤྲོད་སོགས་ཧ་ཅང་གིས་སྐད་གྲགས་ཆེན་པོ་རེད་དེ།དགེ་ལུགས་པའི་དགེ་བཤེས་ལྷ་རམས་མང་པོ་ཅིག་ནས་ཐ་ན་བསམ་ཚུལ་མགོ་ལུས་མཚུངས་པ་ཞིག་ཀྱང་བྲིས་ཤེས་ཀྱི་མི་འདུག་པ་མཐོང་སོང་བས།དེ་འདྲ་སྐད་གྲགས་ཆེན་པོའི་རྒྱུགས་སྤྲོད་སྐབས་ག་རེ་བྲིས་བསྡད་ཡོད་ན།ཡ་མཚན།
    གཏམ་བཤད་བྱེད་དགོས་ན་ནི་དགེ་བཤེས་ཚོ་དེ་ལས་ཀྱང་སྐྱོ་བོ་རེད།རྟག་པར་མི་ལ་ཁོང་ཁྲོ་སློང་བྱེད་ཁ་ལོག་ཚིག་ལོག་རྐྱང་རྐྱང་།དེ་ཚོ་ལུང་ཁུག་རེ་ནས་ངར་ནས་འདུག་པ་ལས།དུས་རབས་དང་མཐུན་པའི་སློབ་སྦྱོང་རེ་བྱས་ན།བོད་མི་རིགས་ལ་མ་ཕན་ཀྱང་སོ་སོ་ཕར་ཚུར་འགྲོ་དུས་རི་ལི་ཀྲི་ཀ་སོགས་བཏོག་ཤེས་རྒྱུར་ཕན་ངེས་རེད།

  30. བྱ་མདོ་སྐལ་རྒྱམ། says:
    2014-09-06 at 1:19 am

    གྲ་ཚང་དྲུག་ནི་སྐྱིད་སྡུག་མཉམ་ཁུར་དང་ཐོབ་ཐང་མཉམ་སྤྱོད་ཡིན་པས་གཅིག་གིས་གཅིག་ལ་བསྟུན་ཤེས་ཀྱིས་འགྲོ་དགོས་པ་ནི་གལ་ཆེན་ཡིན་ལ། གྲ་ཚང་ལ་ལ་ནས་དེང་སྐབས་འཛིན་གྲ་མ་རྫོགས་གོང་ལ་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་བཞིན་པའང་ཡོད་པར་ཐོས་པས། ཡོད་མཁན་ཚོས་མང་བོ་བཏང་ན་མེད་མཁན་ཚོར་འདི་འདྲའི་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། གལ་ཏེ་མེད་ཀྱང་མ་བཏང་ན་ཕྱིས་ཀྱི་ཐོབ་ཐང་མང་བོ་ཞིག་ཡལ་འགྲོ་བས་དེ་ལྟར་བྱེད་པ་ཡིན་ལས་ཆེ། དེ་བས་གྲངས་ཉེར་ལྔ་ནི་གྲ་ཚོགས་མང་ཉུང་གཉིས་ཀར་གཏོང་རྒྱུ་ཡོད་པས་ངས་བསམ་ན་འདི་ཆ་མཉམ་རེད་འདོད་བྱུང་།

  31. སྤྱན་ཆེན་པོ། says:
    2014-09-06 at 1:22 am

    ངས་དགེ་བཤེས་ཟེར་བ་ནི་གྲྭ་ས་དག་ན་འབོད་ཀྱིན་པ་ལྟར་སེར་བོ་ཞིག་གྱོན་ཡོད་པ་ཙམ་ལ་ཟེར་བ་མ་ཡིན་པ་ཤེས་པར་གྱིས། ཁྱོས་བཤད་སྟངས་དང་ཐུགས་འཁུར་བཞེས་སྟངས་ལ་བལྟས་ན་དགེ་བཤེས་ཤིག་ལོས་ཡིན་བསམ་ནས་བཤད་པ་ཡིན།

  32. བསམ་ཤེས། says:
    2014-09-06 at 1:43 am

    ཡང་དམག་ཁྲུག་ཤོར་འདུག ད་རྩོམ་གང་གི་ཞབས་ལ་ཕྱིན་ཀྱང་ཆོས་ལུགས་དང་ཆོལ་ཁའི་དམག་ཁྲུག་ཤ་སྟག ལས་ངན་པ་བོད་པ་ཟེར་མཁན་འདི།

    ང་ལ་ཐབས་ཤེས་ཤིག་ཡོད། ཁྱེད་ཚོ་དམག་ལ་དགའ་བ་རྣམས། རང་རང་གི་མིང་དང་ཁ་བྱང་ངོ་མ་སྤྲོད་རེས་བྱས། ཕན་ཚུན་ངོ་མ་གཏུགས་ནས་ཤོད་རེས་དང་རྒྱག་རེས་བྱས་ན་ཇི་འདྲ་རེད། འདིར་ཁ་བརྡའི་ནང་ལ་རྒྱུན་པར་ཕེབས་མཁན་ཚོར་གུ་ཡངས་སྤྲད་ནས་ཁྱོད་ཚོ་ཟུར་ལ་འཐོན་ན་ཇི་འདྲ་རེད།

  33. བསམ་ཤེས། says:
    2014-09-06 at 1:53 am

    ཁ་བརྡའི་རྩོམ་སྒྲིག་པ་ལགས།

    ཁ་བརྡའི་དྲ་ཁང་ནས། དམིགས་གསལ་སྨྱོན་པ་ཚོར་མཆན་རྒྱག་ས་ཞིག་ཟུར་དུ་བཟོ་ཐུབ་ན། འདིས་ང་ཚོར་ཕན་ས་རེད། སྔོན་མ་ཉི་ཧོང་ལ་དམིགས་བསལ་ཆང་ཁང་དེ་འདྲ་འདུག དེའི་ནང་ལ་རྩོད་པ་ལ་དགའ་བ་དང་། རྒྱག་རེས་ལ་དགའ་མཁན་ཚོར་དམིགས་བསལ་རྒྱག་ས་དང་རྩོད་ས་འདུག ད་དུང་སྒོར་མོ་སྤྲད་ནས་སྐྱེས་དམན་བརྡུང་ས་དང་ཁྱོ་ག་བརྡུང་ས་འདུག

    ང་ཚོར་ཡང་དེ་ལྟར་ཡོད་ན། སྤྱི་ཚོགས་ལ་ཞི་བདེ་ཡོང་བར་ཕན།

    ངའི་རེ་བར། ང་ཚོར་དམིགས་བསལ་སྨྱོན་པ་རྣམས་ལ་མཆན་རྒྱག་ས་ཞིག་བཟོས་ན། ཁོང་ཚོ་ཕན་ཚུན་རྩོད་ནས་སྡོད་ཐུབ་ན་ལེགས་ས་རེད། རྒྱས་པོ་མི་དགོས། རྩོད་ར་ཟེར་བའི་རྩོམ་ཞིག་སྤེལ་ནས་དེའི་མཇུག་ལ་མཆན་རྒྱག་ས་བཟོས་ན་འགྲིགས་ས་རེད། ཨ་རིར་དེ་འདྲ་མང་པོ་འདུག Rants and Rage ཟེར་བའི་མཆན་རྒྱག་ས་དེ་འདྲ་རེད།

  34. གསེར་ས་ལེ་སྦྲམ། says:
    2014-09-06 at 1:59 am

    སྤྱན་ཆེན་པོ་ཟེར་བས་ཏོག་ཙམ་ཉོན། མི་གཞན་ལ་ཁྱི་ཕྲུག་ཅེས་སྡིག་དམོད་གཏོང་ཕོད་མཁན་ཞིག་ཡིན་ན། དོན་གྱིས་སྡིག་དམོད་བྱེད་མཁན་ཁོ་རང་ཡང་ཁྱི་ཕྲུག་ཅིག་དང་འདྲ་བོ་ཡིན་པར་ཐེ་ཚོམ་མེད། གཞན་ལ་འཚེ་བ་སྤོང་བའི་ནང་པ་སངས་རྒྱས་པའི་ཆོས་ལ་དད་གུས་བྱེད་མཁན་ཞིག་གི་ངོས་ནས་དང་། ལྷག་པར་དུ་བྱམས་བརྩེའི་བདག་ཉིད་ཆེན་པོ་༧གོང་ས་སྐྱབས་མགོན་མཆོག་གི་ཞབས་རྗེས་འབྲང་མཁན་ཞིག་གི་ངོས་ནས་བཤད་ན། འདི་འདྲའི་ལུས་ངག་གི་སྤྱོད་པ་ཐ་ཤལ་བ་ཞིག་དུས་ནམ་ཡང་ཡོང་མི་སྲིད་པ་ཞིག་དང་། ཡོང་མི་འོས་པ་ཞིག་ཡིན། སྤྱིར་ཁྱེད་རང་གིས་༧གོང་ས་མཆོག་ལ་ཆེ་མཐོང་དང་བརྩི་བཀུར་བྱེད་པ་ནི་རྗེས་སུ་ཡི་རང་པའི་གནས་སུ་མཆིས་མོད། འོན་ཀྱང་། ༧གོང་ས་མཆོག་ལ་དད་གུས་ཆེ་མདོག་དང་། རྒྱབ་རྩར་ཡོད་མདོག་གིས་གཞན་གྱི་མི་གཞི་ལ་དམའ་འབེབ་དང་མཐོང་ཆུང་ཁྱད་གསོད་བྱེད་པ་ནི་༧གོང་ས་མཆོག་གི་ཞབས་ནས་འཐེན་མཁན་ངོ་མ་ཡིན་པ་ཤེས་པར་གྱིས།

  35. གསེར་ས་ལེ་སྦྲམ། says:
    2014-09-06 at 2:05 am

    ངོ་མ་དེ་

  36. སྤྱན་ཆེན་པོ། says:
    2014-09-06 at 2:17 am

    ངས་དོལ་རྒྱལ་ཞབས་ནས་བསྐྱོར་མཁན་དང་དེའི་རྗེས་འབྲང་བ་རྣམས་ལ་ཁྱི་ཕྲུག་ཟེར་ཡཱ། ཁྱོད་ཁོང་ཁྲོ་ལངས་ནས་བཀད་སོང་རུང་ངས་དེ་དག་ལ་ཁྱི་ཕྲུག་ཟེར་རྒྱུ་ཡིན། ད་དུང་འདྲེ་ཕྲུག་མ་ལབ་ནོ་ཁྱོད་དགའ་ནི་བྱོས།

  37. གསེར་ས་ལེ་སྦྲམ། says:
    2014-09-06 at 2:32 am

    ཧོ་ཧོ། ཁྱོད་ཀྱིས་རང་མདོག་ཕྱི་ལ་སྟོན་རྒྱུར་ངོ་མི་ཚ་ན་། ང་དགའ་དང་མི་དགའ་ནི་གནད་དོན་གཞན་ཞིག་རེད་ལོ། ཀླད་པའི་ནང་ན་སྐྱག་པ་མ་གཏོགས་མེད་མཁན་ཚོའི་བསམ་བློའི་དམིགས་རྒྱང་ནི་འདི་འདྲའི་ཐུང་ཐུང་ཞིག་ཡིན་པ་སྔར་ནས་ཤེས་ཡོད།

  38. ཅོ་རི་ཉི་མ། says:
    2014-09-06 at 4:32 am

    གནམ་ཟེར་ནའང་འདྲ། སྤྱན་ཆེན་པོ་ཟེར་ནའང་འདྲ། ཁྱོད་གཉིས་མྱི་གཅིག་རེད། ཁྱོད་དང་ཁྱོད་འདྲ་བ་ཚོས་མྱི་ལོ་ཉི་ཤུ་སུམ་བཅུའི་རིང་དུ་དོལ་ཚོགས་མི་དམངས་ལ་ཁྱི་རྒན། རྒྱ་ཁྱི། གདོན་འདྲེ་ཟེར་ནས་བོད་མི་ཉམ་ཆུང་ཚོའི་མི་གཞི་ལ་མཐོང་དང་ཁྱད་གསོད། དམོད་འབོད་བྱས་བསྡད་པ་རེད།

    ཤུགས་ལྡན་ཚོགས་པའི་མི་དམངས་ཉམ་ཆུང་འདི་དག་གི་ཁང་པ་ལ་རྡོ་བརྒྱབས། རྡུག་རྡེག་བཏང། འགྲོ་བ་མི་ཞིག་གི་རིན་མཐོང་རྩ་བ་ནས་བརྩི་ཡི་མེད་པར་སྐྱེས་ཕོ་རབ་ཚོས་མཐོང་འགྲོ་དུས་རང་བཞིན་གྱི་ཁོང་ཁྲོ་ལངས་འགྲོ་བ་རེད། ཁྱོད་རང་ཚོ་ལ་སྐྱུག་མེར་ལངས་འགྲོ་གི་རེད། དཔེར་ན། གསེར་ས་ལེ་ལགས་ལྟ་བུ། ཁྱོད་ཀྱིས་ང་ཅོ་རི་ལ་ཁྱི་འབོད་དང་འདྲེ་འབོད་འཐེན་བསྡད་ཀྱི་ཡོད་དུས་ཁོའི་སེམས་ན་སོང་བ་རེད། སེམས་ཅད་སྡུག་ངལ་བ་མཐོང་བའི་ཚེ་མིག་ནས་མཆི་མ་ཤོར། ལུས་ཀྱི་བ་སྤུ་འདར་འོང་མཁན་བྱས་ཆུབ་སེམས་དཔའ་ཡོད་པ་རེད།

    ངས་ཀྱང་བཟོད་མ་ཐུབ་པའི་རྒྱུ་མཚན་གཅིག་ནི་ཁྱོད་ཚོས་གྲལ་གྱིས་ཤུགས་ལྡན་ཚོགས་པའི་མི་དམངས་ཉམ་ཆུང་ཚོའི་ཐོག་ཏུ་ཁྱི་འབོད་དང་འདྲེ་འབོད་འཐེན། མཐོང་ཆུང་དང་ཁྱད་གསོད། ཐ་ན་ཁང་པའི་སྒེའུ་ཁུང་ལ་རྡོ་ཞིག་མ་གཏོགས་རྒྱག་མ་ཐུབ་ན་བརྒྱབས་ནས་བརྙས་བཅོས་ཚད་མེད་བྱེད་ཀྱི་ཡོད་པར་མཐོང་དུས་རང་བཞིན་གྱིས་ཁོ་ཁྲོང་ལངས་འོང་གི་འདུག དེ་གཅིག་རེདྲ

    གཉིས་པ། མུ་མཐུད་ནས་༧རྒྱལ་བ་རིན་པོ་ཆེན་གྱི་རྒྱབ་རྩ་ཡིན་མདོག་མདོག་གིས་མི་སེར་ཉམ་ཆུང་ལ་མཐོང་ཆུང་དང་ཁྱད་གསོད། བརྙས་བཅོས་བྱེད་ཀྱི་ཡིན་ན་སྐྱེས་ཕོ་རབ་ཚང་མ་ཁྱོད་ཚོ་ལ་སྐྱུག་མེར་ལང་གི་རེད། མི་སེར་ཉམ་ཆུང་ཚོའི་རྒྱབ་ལངས་བྱེད་མཁན་ཇེ་མང་འགྲོ་གི་རེད། འདི་ནི་ནང་ཆོས་ཀྱི་བསླབ་བྱ་ཡང་རེད། ཐེག་པ་ཆེན་པོ་ཆོས་བྱེད་མཁན་ཚང་མས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

    གསུམ་པ། ཁྱོད་ཚོའི་གྲལ་ལ་ཁྱི་འབོད་འདྲེ་འབོད་ཁོ་ན་མ་གཏོགས་མེད་དུས་ཤུགས་ལྡན་ཚོགས་པའི་མི་དམངས་ལ་དྲང་བདེན་ཡོད་པའི་རྟགས་རེད། གནད་ལུགས་དང་རྒྱུ་མཚན་བཤད་ཀྱི་མེད་མཁན་དེས་ཁྱི་འབོད་འདྲེ་འབོད་འཐེན་གྱི་རེད། ཧཧཧཧ

  39. ཅོ་རི་ཉི་མ། says:
    2014-09-06 at 4:38 am

    གནམ་ཟེར་ནའང་འདྲ། སྤྱན་ཆེན་པོ་ཟེར་ནའང་འདྲ། ཁྱོད་གཉིས་མྱིག་གཅིག་རེད་ཅེས་བཅོས།

  40. ཅོ་རི་ཉི་མ། says:
    2014-09-06 at 4:46 am

    མི་སེར་ཉམ་ཆུང་རྡོག་རོལ་དུ་བཏང་མཁན་གྱི་གང་ཟག་དེ་དག་ལ་ཐེག་པ་ཆེན་པོའི་ཆོས་བཤད་པ་དང་བྱེདང་པའི་ཐོབ་ཐང་མེད། ཐེག་པ་ཆེན་པོའི་ཆོས་ལུགས་འདི་ནི་ཉམ་ཆུང་བའི་སེམས་ཅད་རྣམས་ཀྱི་ཆེད་དུ་ཐུགས་བསམ་བཞེས་མཁན་གྱི་སྐྱེས་ཕོ་རབ་ཚོས་བྱེད་ཆོག་པའི་ལྷ་ཆོས་ཤིག་རེད་མ་གཏོགས་ཉམ་ཆུང་མི་དམངས་རྡོག་རོལ་བཏང་མཁན་གྱི་སྐྱེ་བོ་ཐ་མ་དེ་དག་ལ་ཐོབ་ཐང་མེད། དེར་ཤེས་དགོས།

  41. ཅོ་རི་ཉི་མ། says:
    2014-09-06 at 5:10 am

    མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་ངལ་མེད་པའི་བདེ་བ་དང་ལྡན་པ་གྱུར་ཅིག་་་་ཅེས་སྐྱབས་འགྲོའི་སེམས་བསྐྱེད་འདོན་མཁན་ཞིག་ཡིན་ན་་་ཉམ་ཆུང་མི་དམངས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མི་སྲིད།

    ན་ལེནྡྲ་ཡི་སློབ་དཔོན་ཐོགས་མེད་ཀྱིས།
    མ་དག་ལས་ཀྱིས་བྱམས་མགོན་ཁྱི་མོར་མཐོང།
    ཁྱི་མོ་དམར་པོ་མཐོང་བའི་ལས་ངན་འདི།
    སྤངས་པར་མི་ལོ་བཅུ་གཉིས་ཐམ་པ་འགོར།

    ཡུལ་གྱར་བཙན་བྱོལ་ཡུལ་གྱི་ཕོ་ཐ་ཚོས།
    ཉོན་རྨོངས་དབང་གིས་ཅོ་རི་ཁྱི་མོར་མཐོང་།
    ཅོ་རིར་ཁྱི་མོ་མཐོང་བའི་ལས་ངན་འདི།
    སྤངས་པར་མི་ལོ་བཅུ་གཉིས་འགོར་ངེས་རེད།་་་་་་་་་་་་་ཧཧཧཧ

  42. ཅོ་རི་ཉི་མ། says:
    2014-09-06 at 5:16 am

    མི་ལོ་བཅུ་གཉིས་དཀའ་སྤྱོད་མཛད་ཐུབ་ན།
    ཅོ་རིས་མི་ཆོས་སྡེ་ལྔ་འཆད་ཀྱི་ཡིན།
    གངས་རིའི་འཚོ་གནས་ཡར་རྒྱས་གཏོང་གི་ཡིན།
    རང་དབང་བདེ་སྐྱིད་ཉི་མ་ཤར་ངེས་རེད།་་་་ཧཧཧ

  43. རྒྱལ་རོང་། says:
    2014-09-06 at 6:19 am

    དགའ་ལྡན་བསྟན་སྲིད་རྒྱུན་འཛིན་ལྷ་འདྲེ་རྩོད་མོད་ཀྱང་།
    དགེ་ལུགས་སྡེ་དཀྲུགས་དམ་ཉམས་ས་སྟེང་གང་ཐལ་སོང་།
    གཙོང་ཁ་པ་ཡི་གསུངས་འབུམ་འཆད་ཉན་དགོས་མོད་ཀྱང་།
    བྱང་ཆུབ་ལམ་རིམ་བླ་མར་སྐྱོབ་འགྲོ་སྟོང་ཐལ་སོང་།
    ནང་པའི་ཆོས་ཀྱི་གཞི་རྩ་བླ་མ་དགོས་མོད་ཀྱང་།
    འཇིག་རྟེན་ཆོས་བརྒྱད་དབང་གིས་གཤེས་གཉེན་འགལ་ཐལ་སོང་།
    གསང་བསྔག་རྡོར་རྗེ་ཐེག་པར་ཟབ་ལམ་ལྡན་མོད་ཀྱང་།
    བྱང་སེམས་ཕྱོགས་རིས་དབང་གིས་དམ་ཚིག་ཉམས་ཐལ་སོང་།

  44. དོན་ཡོད། says:
    2014-09-06 at 8:08 am

    དགེ་ལུགས་པའི་རྒྱུགས་སྤྲོད་བཏང་པར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། འོན་ཀྱང་རྒྱུགས་འབྲས་ཀྱི་ཨང་གྲངས་སྤྲོད་ཕྱོགས་ཐད་དྲང་མོ་དྲང་ཤག་ཞིག་མེད་ན་ཡིག་རྒྱུགས་བཏང་པའི་དགོས་པ་བརླག་སོང་བ་རེད། མ་གཞི་དེང་སང་དྲང་ཤག་གནང་མཁན་ནི་ཉིན་སྐར་ཙམ་ཡིནའང། ཡིག་རྒྱུགས་སྐབས་མ་དཔེ་ཁྱེར་མཁན་ཡོད་མིན་དང་ཡིག་ཚད་ཀྱི་གྲུབ་འབྲས་ལ་ལྟ་རྟོགས་ཡག་པོ་ཞིག་དང་དྲང་མོ་དྲང་ཤག་ཞིག་བྱུང་ན་དེ་ནི་ཡིག་ཚད་བཏང་པའི་སྙིང་དགོས་ཤིག་ལོས་ཡིན་སྙམ།

  45. ཡ་མ་ཚེ་རིང says:
    2014-09-06 at 9:08 am

    མཆན་བུ་པ་ཁ་ཅིག་གིས། གོ་ལ་འདིར་སྙན་པའི་གྲགས་པ་ཡོངས་སུ་ཁྱབ་པའི་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་ལོ་ཁོར་མོ་དྲུག་གི་སློབ་ཚན་ནང་དུ་སྒྲུབ་པ་ཉམས་ལེན་གྱི་སྐོར་མི་འདུག དེ་ནས་མཐར་ཕྱིན་པ་དང་ཕྱིན་པར་འགྱུར་བའི་སློབ་གཉེར་བ་ཚོ་ནི། སྒོམ་ཉམས་ལེན་གྱིས་ཕོངས་པ་ཤ་སྟག་རེད་སྡུག་སྐད་འདོན་གྱིན་འདུག སྐད་ཆ་འདིས། རང་ཉིད་རང་རེའི་ཕ་མེས་ཀྱི་ཆོས་ལུགས་ལ་གོ་རྟོགས་དུད་འབྲུ་ཙམ་ཡང་སྐྱེ་མ་མྱོང་བའི་མི་ཞིག་ཡིན། ཞེས་གང་སར་ཁྲོམ་བསྒྲགས་བྱས་པ་ཙམ་ལས་ཅི་ཡང་མེད། གཙུག་ལག་ཁང་འདིའི་བསླབ་གཞི་སྟེ། བརྗོད་བྱེད་ལུང་སྡེ་སྣོད་གསུམ་གྱིས་བསྡུས་པའི་གཞུང་པོ་ཏི་ལྔ་ཡང་ཉམས་ལེན་སྟོན་པའི་གཞུང་མིན་ཟེར་རམ། འདི་ནས་སྒོམ་སྒྲུབ་དང་ཉམས་ལེན་གྱི་ཆོས་སྐོར་མ་བསྟན་ན་གང་ནས་སྟོན། ཤོད་ཅིག གཞུང་མར་ཁུ་མ་འདི་དག་གི་བརྗོད་བྱ་ཡང་། ཚུར་བསྡུས་ན། གཞི་ལམ་འབྲས་གསུམ་དུ་འདུ་ཞིང་། དེ་གསུམ་ལས་ལམ་གྱི་ཆ་སྟེ། དོན་མངོན་པར་རྟོགས་པ་བརྒྱད་དང་། ལམ་ལྔ་གསུམ་བཅོ་དེ་དག་ཀྱང་སྒྲུབ་པ་ཉམས་ལེན་མིན་ཟེར་རམ་ལམ་དང་ཉམས་རྟོགས་མིན་ཟེར། ནང་གི་རིན་པོ་ཆེ་འདི་དག་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་སྤེལ་བའང་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མིན་ཟེར་གྱི་ཡོད་དམ། དེ་ལྟར་སྨྲས་ཚེ་གོ་བ་མེད་པའི་ཆོས་སྐད་དུ་མི་འགྱུར་གྲང་། སྤྱིར་བཏང་། རྒྱ་མཚོ་པོའི་ནང་དུ་སྦྲུལ་དང་སྦལ་བ་གཅིག་ཀྱང་མེད་ཅེས་ཞུ་ཚོད་མི་ཐུག་ཀྱང་། རིག་གནས་ཁང་འདིའི་རྒྱུགས་ཁོངས་སུ་སློབ་གཉེར་བྱེད་བཞིན་པ་དང་བྱེད་པར་འགྱུར་བའི་གྲ་ཚང་གི་འཛིན་གྲྭ་ཐོན་ཟིན་པ་དང་། གཙུག་ལག་ཁང་འདི་ནས་བསླབ་པ་མཐར་སོན་པའི་དགེ་བཤེས་ལྷ་རམས་པ་དག་ཕལ་ཆེ་བ་ནི། ངག་རྒྱུན་དུ « སྐལ་ལྡན་དྭངས་པ་འདྲེན་པའི་མིག་རྒྱན། །འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས།། » ཞེས་ཤོད་སྲོལ་ཡོད་པ་ལྟར། དངོས་གནས་དྭངས་པ་འདྲེན་པ་དང་དད་པའི་སྤུ་ལོང་གཡོ་བ་ཞེ་གཅིག་རེད་ལབ་ན་སྐད་ཆ་འདི་ཐལ་མི་ཆེ་སྙམ། མ་གཞི་མདོ་ལས། « ངའམ་ང་འདྲ་བས་གང་ཟག་གི་ཚོད་བཟུང་གི གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་སྟེ། ཉམས་པར་གྱུར་ཏ་རེ » ཞེས་གདམས་པ་ལྟར། གང་ཟག་འདི་སྐྱོན་འདི་དག་དང་བཅས་སོ། །ཡོན་ཏན་ཅུང་ཟད་ཀྱང་མེད་དོ་ཞེས་སམ་འདི་དང་འདི་ལས་གཞན་མེད་དོ་ཞེས་སོགས་སྨྲ་བའི་སྤོབས་པ་ནི་ཅུང་ཟད་ཀྱང་མེད་མོད། མི་སྐྱ་འམ་ནང་པའི་བསྟན་པ་ལ་ཐོས་བསམ་བྱེད་པའི་སྐལ་མ་ཐོབ་པ་ཚོ་དང་བསྡུར་ན། སློབ་གཉེར་པ་དེ་ཚོ་ནི་འདོད་པ་ཆུང་ལ་ཆོག་ཤེས་པ། ཁོག་ཡངས་ཤིང་འཕྲུལ་ཉུང་བ། སྤྱི་སེམས་ཆེ་ཞིང་གཞན་གཅེས་པ། འདྲེས་སླ་བ་དང་འགྲོགས་བདེ་བ་ཁྱུ་གཅིག་ཏུ་གྲུབ། ད་དུང་ཁྲིམས་སུ་བཅས་པའི་ལུས་ངག་གི་སྤྱོད་པའང་གཞན་ལས་ཁྱད་དུ་འཕགས་པ་བརྩི་མི་ཐོན་པ་ཞིག་འདུག་སྟེ། ཚང་མ་འདིར་བརྗོད་པའི་རྔོ་ག་ལ་ཐོགས།

  46. ཅོ་རི་ཉི་མ། says:
    2014-09-06 at 9:39 am

    རྒྱ་མཚོ་ཆེན་པོའི་ནང་དུ་སྦྲུལ་དང་སྦལ་པ་ཡོད་དང་ཡོད། མགོན་པོ་ཀླུ་སྒྲུབ་ཀྱི་མགོ་ལ་སྦྲུལ་དགུ་ཡོད་པ་དེ་ཡང་རྒྱ་མཚོ་ལས་བྱུང་བ་མ་རེད་པེ་་་་་་་་་་་་་ཧཧཧ་སྐུ་རྩེད་ཡིན་ད།

  47. རྒྱལ་རོང་། says:
    2014-09-06 at 3:17 pm

    ཡ་མ་ལགས། ༡ (བརྗོད་བྱེད་ལུང་སྡེ་སྣོད་གསུམ་གྱིས་བསྡུས་པའི་གཞུང་པོ་ཏི་ལྔ་ཡང་ཉམས་ལེན་སྟོན་པའི་གཞུང་མིན་ཟེར་རམ། འདི་ནས་སྒོམ་སྒྲུབ་དང་ཉམས་ལེན་གྱི་ཆོས་སྐོར་མ་བསྟན་ན་གང་ནས་སྟོན། ཤོད་ཅིག གཞུང་མར་ཁུ་མ་འདི་དག་གི་བརྗོད་བྱ་ཡང་། ཚུར་བསྡུས་ན། གཞི་ལམ་འབྲས་གསུམ་དུ་འདུ་ཞིང་། དེ་གསུམ་ལས་ལམ་གྱི་ཆ་སྟེ། དོན་མངོན་པར་རྟོགས་པ་བརྒྱད་དང་། ལམ་ལྔ་གསུམ་བཅོ་དེ་དག་ཀྱང་སྒྲུབ་པ་ཉམས་ལེན་མིན་ཟེར་རམ་ལམ་དང་ཉམས་རྟོགས་མིན་ཟེར།)
    ཅེས་པར་དགེ་ལུགས་པའི་རྒྱུགས་གཞིར་ས་ལམ་ཉམས་རྟོགས་སྐོར་མེད་ཚུལ་བཤད་ཀྱི་མི་འདུག། དེ་དག་གླེང་བ་དང་རྩོད་པ་ལས་སྒོམ་སྒྲུབ་ཉམས་ལེན་མེད་སྐོར་ཞུས་ཀྱི་འདུག། འཐོས་པ་དང་བསམ་པ། སྒོམ་པ་བཅས་ཟུང་འབྲེལ་བཤད་ཙམ་པ་ལས་དེ་དག་ཟུང་འབྲེལ་མེད་ཚུལ་བཤད་ཀྱི་འདུག།

    ༢ སྔ་སྲོལ་དགེ་ལུགས་པས་སློབ་གཉེར་གནང་ཕྱོགས་དང་དེང་སྐབས་གཉིས་བར་མི་འདྲ་བ་ཁྱད་པར་ཤིན་ཏུ་ཆེ། དཔེར་ན། ཆོས་ཐོག་དང་ཆོས་མཚམས་གཉིས་ཀྱི་བྱེད་སྒོ་མི་འདྲ། སྔ་སྲོལ་ནི་ཆོས་ཐོག་གི་སྐབས་སུ་དཔེ་འཁྲིད་ཞུ་རྒྱུ་དང་དེར་དོགས་དཔྱད་རྩོད་གླེང་སོགས་ཆོས་ར་འཚོགས་རྒྱུ་བཅས་གཙོ་བོ་རེད། ཆོས་མཚམས་ཀྱི་སྐབས་སུ་སློབ་གཉེར་བ་ཚོས་ས་འཁྱག་གཏིངས་རྡོ་འཁྱག་བསྙེན་ནས་འཐོས་པ་དང་དཔྱད་པ་རྣམས་བསམ་དང་སྒོམ་པ་དང་འབྲེལ་དཔེ་མཚམས་ལ་ཕེབས་ནས་འཐོས་བསམ་སྒོམ་གསུམ་ཟུར་དུ་འབྲེལ་བའི་སློབ་གཉེར་སྲོལ་བཟང་དེ་དེང་སང་ནུབ་ཚ་བ་རེད།
    སློབ་པ་ཉམས་ལེན་པ་དེ་ཚོས་དགེ་བཤེས་མིང་ལ་དོ་སྣང་མི་མཛད་ལ། རྒྱུགས་སྤྲོད་ཀྱི་ཨང་རིམས་ལ་ཡང་དོ་གལ་མི་གནང། དེང་སྐབས་རྒྱུགས་སྤྲོད་ཨང་རིམས་དང་དགེ་བཤེས་མིང་ལ་དོ་སྣང་དང་དོན་གཉེར་གཙོ་བོ་ཡོད་པའི་རྣམ་པ་གསལ༌པོ་འདུག། དེ་དག་ནི་འཇིག་རྟེན་ཆོས་ཚུལ་ཙམ་ལས་ནང་ཆོས་གཤའ་མ་ཞིག་མ་རེད།

  48. lobsang199 says:
    2014-09-07 at 1:06 pm

    དགེ་ལུགས་རྒྱུགས་སྤྲོད་ཟེར་བ་དེ་དྲུང་ཡིག་དེ་ཚོས་ག་རེ་བྱེད་བྱེད་རེད། ཁོང་ཚོ་ལ་སུ་གང་ལབ་མཁན་ཡོད་བ་མ་རེད། ལོ་སྔོན་མ་གྲུབ་འབྲས་སྐབས་མི་ཁ་ཤས་ལ་རྒྱུ་བཞེས་པས་གནང་བའི་རྒྱ་ཆའི་སྟེང་ཁོང་ཚོས་ཁ་སྣོན་བྱས་ནས་ཨ་དང་པོ་དྲེད་ཡོད་པ་ཁྱེད་ཚོས་ཤེས་སོང་ངམ། རྒྱུ་མ་ཕྲོད་པ་ཁ་ཤས་ཕྱིས་སུ་རྒྱུགས་ཕྲོད་ཡོད་པ་ཤེས་སོང་། གདན་ས་གྲྭ་ཚང་གི་མཁན་པོ་རྣམས་སྐུ་མཁྱེན་ཁོང་ཚོ་ལས་དོན་ཚགས་ཚུབ་བྱེད་རོགས་ཅེས་སྐུལ་མ་གནང་རོགས། དགེ་ལུགས་པའི་ཞབས་འདྲེན་དེ་འདྲ་དགེ་ལུགས་པའི་དྲ་རྒྱའི་མངོན་མ་ཅུག་རོགས། དགེ་ལུགས་རྒྱུགས་སྤྲོད་དེ་གང་བྱུང་མང་བྱུང་་ལ་སྒྱུར་མ་བཅུག་རོགས། རྡོ་ལག་རྒྱུད་ཆུ་བུམ་པ་གང་ཆོས་ཞེས་པའི་དཔེ་ལྟར་གནས་ན་ཡག་པོ་འདུག མཁན་པོ་རྣམས་པ་རྩ་བའི་རྒྱ་ཆ་ལས་ལྷ་པའི་རྒྱ་ཆ་ལོན་པ་གོ་མྱུང་ངམ། གཟིགས་སམ། ཕྱིན་ཆད་དེ་འདྲ་ཡོང་ན་གང་བྱེད་རྩིས་ཡོད་དམ།

  49. lobsang199 says:
    2014-09-08 at 11:35 am

    ཚེ་རིང་་་་་། ཡ་མ་་་་། ཡ་མ་ཚེ་རིང། ཡང་ན། ཡ་མ་་་་་་།ལགས་དགེ་ལུགས་རྒྱུགས་སྤྲོད་ལ་འགྲོ་མཁན་མང་དུ་གཏོང་དགོས་ཞེས་ཞུ་མཁན་མི་མྱུང་བ་ཞིག་ཡོང་ནས་མཁན་པོ་ཚོ་སྐུ་ངེས་པོ་ཟོ་ཡོ་བ་རེད། སྐབས་གཅིག་ཚོགས་འདུས་ཞིག་ལ་་ཤ་རྩེ་མཁན་པོས་བསམ་ཆར་ཞིག་‚‚ད་ང་ཚོས་དེ་འདྲ་མ་བྱེད། དགེ་ལུགས་རྒྱུགས་སྤྲོད་ལ་ཚུད་རྒྱུགས་ཞིག་ལེན་དེ་ནས་རྒྱ་ཆ་ཚད་ལོང་གི་ཚད་གཅིག་ཟོ་ནས་དེ་ཡན་ཆན་ཚང་མ་བཏང་ཤོག‚‚ ཟེར་དུས་ཁྱེད་ཚོའི་མཁན་པོ་ཕྱི་ཐེན་རྒྱབ་པ་རེད་ད། འདི་ཁྱེད་ཀྱི་ཤེས་ཀྱི་ཡོད་པས། བདེན་མི་བདེན་ཁྱེད་ཚོའི་སྤྲེའུའི་གནས་རྟན་ཁ་ཤས་ལ་སྐད་ཆ་འདྲིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme