Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་འཁྲུལ་སེལ་གྱི་ལན་དུ།

Posted on 2015-02-282015-03-01 By ཁ་བརྡ་ 2 Comments on དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་འཁྲུལ་སེལ་གྱི་ལན་དུ།

ཚངས་དབང་དགེ་འདུན་བསྟན་པ།

དེ་རིང་ཁ་སང་གི་སྐད་འཕྲིན་རེ་གཉིས་ལས་དེ་སྔོན་ངེད་ཀྱིས་བྲིས་པའི་༼ཚིག་གཏེར་རྒྱ་མཚོ་བཀླགས་རྗེས་ཀྱི་བསམ་ཚུལ༽་བྱ་བ་དེར་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་ལན་ཞིག་བཏབ་འདུག་པ་མཐོང་སོང་། ཁ་བྱང་ལ་༼དགེ་འདུན་བསྟན་པའི་འཁྲུལ་སེལ༽ ཞེས་འཁོད་འདུག གཤམ་དུ་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་བྲིས་པའི་འཁྲུལ་སེལ་དེར་སྟབས་བདེར་འབོད་ཆེད་༼འཁྲུལ་སེལ༽ ཞེས་བྲི་རྒྱུ་ཡིན།
འཁྲུལ་སེལ་དུ། མགོ་འབུས་པ་ཙམ་ནས་ང་ལ་གཤེ་གཤེ་འདྲ་ཞིག་གཏོང་གིན་འདུག་ཀྱང་། རིག་གཞུང་གི་གནད་དོན་ལ་འབྲེལ་བ་ཆེར་མེད་པས་དེའི་སྐོར་བཤད་འདོད་མེད།
འཁྲུལ་སེལ་དུ། ངས་བྲིས་པའི་༼ཚིག་གཏེར་རྒྱ་མཚོ་བཀླགས་རྗེས་ཀྱི་བསམ་ཚུལ༽་བྱ་བ་ནི། ང་”བློ་ཁོག་གུ་དོག་པའི་རྐྱེན་གྱིས་ཡུལ་ལུང་ཕྱོགས་རིས་ཀྱི་ཟུག་རྔུ་མ་བཟོད་པའི་ཀུ་ཅོ་ཙམ་དུ་ཡིན་”ཚུལ་བཤད་ཡོད། དེའི་སྒྲུབ་བྱེད་དུ། དག་ཡིག་ཐོན་མིའི་དགོངས་རྒྱན་དང་། དག་ཡིག་གསར་བསྒྲིགས་གཉིས་ལ་ངས་བསྟོད་བསྔགས་བྱས་ཡོད་པ་དེར་བལྟས་ན་ཤེས་ཐུབ་ཟེར།

སྤྱིར་བཤད་ན། ཕན་ཚུན་ལ་བསམ་ཚུལ་བཤད་རེས་དང་ཉམས་མྱོང་བརྗེ་རེས་བྱེད་པ་ནི་ཡོངས་ཁྱབ་ཀྱི་རིག་གཞུང་བགྲོ་གླེང་གི་གནས་ཚུལ་ཙམ་ཡིན་པས། ཅིས་ཀྱང་ཡུལ་ལུང་གི་ཕྱོགས་རེས་སུ་འཐེན་འཁྱེར་བྱ་དགོས་དོན་མི་འདུག་སྙམ་ཡང་། བློ་ཕམ་པ་ཞིག་ལ་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་ངའི་བསམ་ཚུལ་དེ་ནི་ཡུལ་ལུང་གི་ཕྱོགས་རེས་ཡིན་ཚུལ་ཐག་བཅད་ནས་བཤད་ཡོད།
དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་གལ་སྲིད་ང་ནི་གུ་དོག་ཡིན་ཚུལ་དང་། ཡུལ་ལུང་གི་ཕྱོགས་རེས་ཡོད་ཚུལ་བཤད་འདོད་ནའང་། དོན་ལ་བབས་པ་ཞིག་བཤད་ན་མི་ཆོག་གམ།

ངེད་ཀྱིས་བྲིས་པའི་༼ཚིག་གཏེར་གྱི་བསམ་ཚུལ༽་དུ། དག་ཡིག་ཐོན་མིའི་དགོངས་རྒྱན་དང་། བརྡ་དཀྲོལ་གསེར་གྱི་མེ་ལོང་། ཆོས་རྣམ་ཀུན་བཏུས། དག་ཡིག་གསར་བསྒྲིགས་སོགས་ལ། ལྟོས་འཇོག་གིས་ཁྱད་ཆོས་མང་པོ་འདུག་ཟེར་བ་བདེན། འོན་ཏེ། འཁྲུལ་སེལ་དུ། དག་ཡིག་ཐོན་མིའི་དགོངས་རྒྱན་དང་། དག་ཡིག་གསར་བསྒྲིགས་གཉིས་བཤད་པ་ལས། གཞན་གཉིས་མི་གླེང་བ་ནི། དག་ཡིག་དེ་གཉིས་ཀྱི་རྩོམ་པ་པོ་ནི་མཚོ་སྔོན་གྱི་མི་ཡིན་པས་ངས་མཚོ་སྔོན་གྱི་ཕྱོགས་རེས་བཤད་པ་རེད་ཟེར་བ་དེ་མིན་ནམ། དེས་ན་དག་ཡིག་གཞན་གཉིས་ཀྱི་རྩོམ་པ་པོ་ནི་དབུས་གཙང་པ་དང་རྒྱལ་རོང་པ་གཉིས་ཡིན་པས་ཁྱེད་ལ་སྒྲུབ་བྱེད་དུ་མི་འགྲོ་བ་མ་ཟད་གནོད་བྱེད་དུ་འགྲོ་བར་ཤེས་ནས། བསམ་གཟས་ནས་འཁྱོག་བཤད་བྱས་པ་དེ་ཡང་འུ་ཐུག་ཐབས་ཟད་ཀྱི་ལས་ཤིག་ཏུ་མི་འགྲོ་བའི་སྨོན་ལམ།

དགོན་པའི་མཚན་གཅིག་པ་དེ་འདྲ་བོད་ལ་མང་དུ་ཡོད་པ་ཨ་ཉོག་ཚུན་ཆད་ཀྱིས་ཤེས་པས། དེ་ཡོང་མི་ཆོག་པ་ཞིག་ངས་བཤད་ག་ལ་ཕོད། གཡེར་གཤོང་དགོན་པའི་སྐོར་ལ། ཁྱེད་ཀྱི་ཚིག་གཏེར་དུ། “གཡེར་གཤོང་དགོན། རབ་བྱུང་བཅུ་གཉིས་པའི་མེ་བྱི་སྤྱི་ལོ་1696་ལོར་འཇམ་དབྱངས་བློ་གྲོས་ཀྱིས་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་ཡིན། ད་ལྟ་རེབ་གོང་རྫོང་དུ་ཡོད།” ཅེས་པ་དང་།
ཡང་། “གཡེར་གཤོང་བསམ་གཏན་ཆོས་གླིང་། སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་ཕྱག་བཏབ། ད་ལྟ་མཚོ་ཤར་ཡ་རྫི་རྫོང་ཁོངས་སུ་ཡོད། ” ཅེས་པའི་ཚིག་དུམ་དེ་གཉིས་ནི་ཁྱེད་ཀྱི་ཚིག་གཏེར་ནང་གི་སྐད་ཆ་རེད། དེས་ན་ཁྱེད་ཀྱིས་འཇམ་དབྱངས་བློ་གྲོས་ཀྱིས་བཏབ་པའི་གཡེར་གཤོང་དགོན་ཟེར་བ་ཞིག་རེབ་གོང་རྫོང་དང་ཡ་རྫི་རྫོང་གཉིས་ལ་སོ་སོར་ཡོད་པར་བཤད་ཡོད་པ་མ་ཡིན་ནམ། དེ་ལ་ལན་དུ་ངེད་ཀྱིས་འཇམ་དབྱངས་བློ་གྲོས་ཀྱིས་ཕྱག་བཏབ་པའི་གཡེར་གཤོང་དགོན་ཟེར་བ་ཞིག་རེབ་གོང་བློན་ཆོས་ཞང་གི་མངའ་ཁོངས་སུ་ཡོད་པ་ལས། ཡ་རྫི་རྫོང་གི་མངའ་ཁོངས་སུ་རྩ་བ་ནས་མེད་ཅེས་པ་དེ་ཡིན། གལ་ཏེ་མིང་འདྲ་བའི་དགོན་པ་གཞན་ཡོད་ནའང་། སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་ཕྱག་བཏབ་པ་མིན་ཟེར་བ་དེ་ཡིན་ནོ།།

ཡང་ཚིག་གཏེར་ལས། ” སྒོ་དམར་དགོན་པའི་སྐོར་ལ། སྟོད་ཆའི་ཤོག་གྲངས་512སྟེང་། སྒོ་དམར་དགོན། མིང་གཞན་ལ་སྒར་དགའ་ལྡན་ཕུན་ཚོགས་གླིང་ཟེར། རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་སྤྱི་ལོ་1741ལོར་ཡེ་ཧྲི་ཅང་གིས་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་ཡིན། ད་ལྟ་རྨ་ལྷོ་རེབ་གོང་རྫོང་ཁོངས་སུ་ཡོད། ”
ཅེས་པ་ནི་ཁྱེད་ཀྱི་ཚིག་གཏེར་ནང་གི་སྐད་ཆ་རེད། འདིར་སྒོ་དམར་དགོན་1741ལོར་ཡེ་ཧྲི་ཅང་གིས་ཕྱག་བཏབ་ཅེས་བཤད་ཡོད་པ་མིན་ནམ། ངས་ཁྱེད་ལ་བསྙོན་འཛུགས་བྱས་ནས་ཧམ་བཤད་བྱས་པ་ཟུར་ཙམ་ཡང་མེད་པ་དེ་རེད། འདི་ལ་ལན་དུ་ངེད་ཀྱིས་སྒོ་དམར་དགོན་པ་ཕྱག་བཏབ་པའི་ཡེ་ཧྲི་ཅང་ཟེར་བ་ཞིག་བོད་ཀྱི་ཡིག་ཚང་ཁག་ཏུ་མ་མཐོང་ཡང་། པེ་ཏུའུ་སོགས་སུ་རྒྱ་ཡིག་ཏུ་叶什姜་ཟེར་བ་ནི་གཡེར་གཤོང་ཚང་བྱ་བའི་དོན་རེད། ཁོང་གིས་དགོན་འདིར་བྱམས་ཁང་སུམ་ཐོག་ཅན་ཞིག་བཞེངས་པ་དང་། ཆོ་འཕྲུལ་སྨོན་ལམ་སོགས་བཙུགས་ནས་དགོན་པ་རྒྱ་བསྐྱེད་དུ་བཏང་བ་ལས། ཕྱག་འདེབས་མཁན་ནི་ཁོང་མ་རེད་ཟེར་བ་ཡིན།
ལར་བཤད་ན། དགོན་པ་འདེབས་མཁན་དང་དགོན་པ་རྒྱ་བསྐྱེད་གཏོང་མཁན་གཉིས་ལ་ང་ལྷ་བཟོ་ཞིག་གིས་བལྟས་ན་གནམ་སའི་ཁྱད་པར་ཡོད་ཀྱང་། དགེ་རྒན་ཆེན་མོ་ཁྱེད་ལ་གཅིག་ཏུ་སྣང་གིན་ཡོད་འདུག་པ་མིན་འགྲོ་སྙམ་སྟེ། ཉིད་ཀྱི་འཁྲུལ་སེལ་དུ།
”དེ་ལ་གསལ་བཤད་གནང་འདོད་ཡོད་ན་ཐོག་མར་《ཀན་མཚོའི་བོད་བརྒྱུད་ནང་བསྟན་དགོན་པ།》 ཞེས་པའི་དེབ་འདིར་ཞིབ་གཟིགས་གནང་རོགས། དེབ་འདིའི་ཤོག་ངོས་༤༣༧པའི་ངོས་སུ། མ་དཔེ། 《安多政教史》记载 ‘藏历铁鸡年(疑为1741), 叶什姜活佛于该寺建三层楼式弥勒殿1座,首创正月 祈愿法会,成为该寺依怙。”
ཞེས་འཁོད་ཡོད་པ་དེ་ནི། ཁྱེད་ཀྱིས་ང་ལ་སྒོ་དམར་དགོན་འདི་ཡེ་ཧྲི་ཅང་གིས་ཕྱག་བཏབ་པའི་ཁུངས་ལུང་དུ་དྲངས་པ་རེད། རྒྱ་བོད་ལོ་ཙཱའི་རྨང་གཞི་ཡོད་མཁན་སུས་ཀྱང་འདིར་བཤད་པའི་དོན་ནི། ངས་གོང་དུ་བཤད་པ་ལྟར། གཡེར་གཤོང་སྤྲུལ་སྐུས་སྤྱི་ལོ་1741ལོར་དགོན་འདིར་བྱམས་ཁང་སུམ་ཐོག་ཅན་ཞིག་བཞེངས་ཏེ། སྨོན་ལམ་ཆེན་མོ་ཐོག་མར་བཙུགས་པ་སོགས་ཀྱི་གནས་ཚུལ་ཡིན་པ་ལས། གཡེར་གཤོང་ཚང་གིས་དགོན་འདི་ཕྱག་བཏབ་པའི་གནས་ཚུལ་གང་དུ་འདུག ཁྱེད་རང་དགེ་རྒན་ཆེན་མོ་ཞིག་ཡིན་པས་རྒྱ་ཡིག་གི་ཆུ་ཚད་འདི་ཙམ་ཡང་གོ་བ་ལེན་མི་ཐུབ་ཟེར་ན་ང་རྩ་བ་ནས་ཡིད་ཆེས་དཀའ་འོ།།
ཡང་འཁྲུལ་སེལ་དུ། ” མདོ་བ་བོན་རྒྱ་དགོན་པ། དགོན་དེ་ད་ལྟ་གྲུབ་མཐའ་གང་ཡིན་ཁོ་བོས་དངོས་གནས་གསལ་པོར་མི་ཤེས། འོན་ཀྱང་དགོན་དེ་གྲུབ་མཐའ་དགེ་ལུགས་པ་ཡིན་པའི་དཔྱད་གཞི་ཡོང་ཁུངས《ཀན་མཚོའི་བོད་བརྒྱུད་ནང་བསྟན་དགོན་པ》 ཞེས་པའི་དེབ་འདིའི་ཤོག་ངོས་༤༥༤པར། མ་ཡིག 多哇完加寺, 位于县治南偏西15公里处,在今曲库乎乡政府所在地多哇村北侧。 相传建于明代万历年间,为隆务属寺,初为静房,后发展成一座小寺。 ཞེས་སོགས་མདོ་བ་བོན་རྒྱ་དགོན་པའི་ལོ་རྒྱུས་ནང་དུ། དགོན་འདི་ཏཱ་མིང་ཝང་ལི་སྐབས་བཏབ་པ་དང་། ཐོག་མར་རོང་པོ་དགོན་ཆེན་པའི་མཚམས་ཁང་ཡིན་པ། དེ་རྗེས་དགོན་ཆུང་ཞིག་ཏུ་གྱུར་ཚུལ་སོགས་གསལ་པོ་བྲིས་འདུག “ཅེས་པ་ནི་ཉིད་ཀྱིས་ང་ལ་བྲིས་པའི་འཁྲུལ་སེལ་ནང་གི་སྐད་ཆ་རེད། ཉིད་ཀྱིས་གཟིགས་དང་། རྒྱ་ཡིག་འདི་ནང་དུ་ཅི་བཤད་ཡོད་པ་རེད། མདོ་བ་བོན་བརྒྱ་དགོན་པ་དགེ་ལུགས་པ་ཡིན་ཚུལ་གྱི་ནང་དོན་ཞིག་དངོས་གནས་མཆིས་སམ། 为隆务属寺,初为静房,ཟེར་ན། ཁྱེད་ཀྱིས་རོང་པོ་དགོན་ཆེན་པའི་མཚམས་ཁང་། ཞེས་བསྒྱུར་འདུག དེ་ལྟར་རེད་དམ། དགེ་རྒན་ལགས། ཁྱེད་ལ་དགོད་བྲོ་བ་བྱུང་བ་ཁག་མི་འདུག རོང་པོ་དང་རོང་པོ་དགོན་ཆེན་གཉིས་ཀྱི་ཁྱད་པར་ཙམ་ཡང་འབྱེད་མ་ཤེས་ན་ང་ལའང་དགོད་ཀྱི་ཡོང་གིན་འདུག

གོང་གི་ནང་དོན་ནི་མདོ་བ་བོན་བརྒྱ་དགོན་འདི་རོང་པོའི་ཁོངས་གཏོགས་ཀྱི་དགོན་པ་ཡིན་ཟེར་བ་ལས། རོང་པོ་དགོན་ཆེན་གྱི་མཚམས་ཁང་ཡིན་ཞེས་གང་དུ་བཤད་འདུག ཁྱེད་རང་དགེ་རྒན་ཆེན་མོ་ཡིན་པས་དམིགས་བསལ་གྱི་གོ་བ་ལེན་སྟངས་ཡོད་ན་མ་གཏོགས་ང་”འཁོར་བའི་གྲོང་ན་གྱི་ནར་འཁྱལ་བའི་”ལྷ་བཟོ་ཞིག་གིས་བལྟས་ན་དེ་འདྲ་ཞིག་མཐོང་གིན་མི་འདུག་ལགས།
གཞན་འཁྲུལ་སེལ་དུ། ང་ནི་སྦྱོར་ཀློག་ཙམ་ཡང་མི་ཤེས་པ་ཞིག་དང་། བལ་པོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།། ཞེས་པ་ལྟ་བུའི་ཚིག་གིས་ཟུར་ཟ་མང་དུ་བྱས་འདུག དེ་ནི་ངས་ཚིག་གཏེར་ནང་གི་གནད་དོན་རེ་གཉིས་ལ་ཞུ་དག་བྱས་པར་ལེ་ལན་འཁོར་བ་མིན་ནམ། ལར་ཡིན་ན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ང་ལ་བཀའ་དྲིན་ཞུ་དགོས་པ་རེད་འདོད་ཀྱིན་ཡོད།ད་བསམས་ན་ངའི་འཁྲུལ་སྣང་ཡིན་ས་རེད།

ད་ནི་དོན་གཞན་ཞིག་སྟེ། འཁྲུལ་སེལ་དུ། ཚིག་གཏེར་ལ་ཞུ་དག་གི་ལས་ཀ་བྱ་ནུས་ན་དེའི་འགྲོ་སོང་ཡོད་ཚད་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གཏོང་གི་ཡིན་ཚུལ་བཤད་ཡོད། སྤྱིར་ན་ང་ནི་རྩོམ་ཡོན་དང་གཞུང་བཀོད་ལ་བརྟེན་ནས་རྩོམ་བྲིས་པ་སོགས་ད་ལྟའི་བར་བྱས་མ་མྱོང་བས། དེའི་ལས་གཞི་ཇི་འདྲ་ཞིག་ཡིན་མིན་མི་ཤེས་ཀྱང་། གལ་ཏེ་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བཤད་པ་དངོས་གནས་བདེན་པ་ཡིན་ན། ང་དངོས་གནས་ཚིག་གཏེར་ལ་ཞུ་དག་བྱེད་པའི་ལས་མིའི་གྲས་སུ་ཞུགས་འདོད་ཡོད།
དེ་ཅི་ཡིན་ཞེ་ན། ངས་དེ་སྔོན་ཚིག་གཏེར་གྱི་བསམ་ཚུལ་དུ་བཤད་པ་ལྟར། འདིར་སྨྲས་པ་དག་ནི་ཡུལ་ལུང་གཅིག་གམ་སྤྱི་ལེ་སུམ་ཅུ་ཡས་མས་ཀྱི་ཁོངས་སུ་ཡོད་པའི་དགོན་པ་རེ་གཉིས་ཀྱི་གནད་དོན་ཙམ་ལས། ཚིག་གཏེར་ནང་གི་གནད་དོན་རེ་རེར་ཐེར་འདོན་དང་ཡང་ན་ཞུ་དག་བྱས་པ་ལྟ་བུ་གང་ཡང་མ་རེད། དཔེར་ན། ཚིག་གཏེར་ནང་གི་མངའ་རིས་ས་ཁུལ་གྱི་དགོན་པའི་སྐོར་གྱི་གནད་དོན་དང་། དབུས་གཙང་ས་ཁུལ་གྱི་གནད་དོན་དང་། ཁམས་ཕྱོགས་ཀྱི་གནད་དོན་དང་། ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དང་། སྐུ་འབུམ་བྱམས་པ་གླིང་དང་འབྲེལ་བའི་གནད་དོན་དང་། དཔའ་རིས་མཆོད་རྟེན་ཐང་དགོན་པ་སོགས་དང་འབྲེལ་བའི་གནད་དོན་བཅས་བགྲང་གིས་མི་ལང་བ་ཡོད་པ་དེ་དག་རེ་རེ་ནས་གསལ་བཤད་དང་ཞུ་དག་བྱ་དགོས་པས་སོ།།

འདིར་དཔེ་མཚོན་ཙམ་ཞིག་བཤད་ན། ༼ཚིག་གཏེར་དུ། ཀུན་མཁྱེན་འཇམ་དབྱངས་བཞད་པ་ཚང་གིས་བཏབ་པའི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ནི་རེབ་གོང་རྫོང་གི་ཁོངས་སུ་ཡོད་ཅེས་བཤད་པ་ལྟ་བུ་རེད། ཆོས་སྡེ་ཆེན་པོ་འདི་ལྟ་བུ་ཡང་གང་དུ་ཡོད་པ་མི་ཤེས་པ་ནི་དངོས་གནས་ཡིད་སྐྱོ་བའི་གནས་སོ།།༽

སྨྲས་པ།

བདེན་པར་སྨྲ་ན་གཞན་ལ་ཕོག་ཐུག་གཏོང་།།
མ་སྨྲས་ན་ནི་ཡིག་ནོར་གཏེར་ཁ་བརྡོལ།།
ཅི་བྱེད་མི་ཤེས་འཇིག་རྟེན་མི་ཡུལ་འདིར།།
ད་དུང་མི་འདོད་ལས་དེ་རྫོགས་མཐའ་མེད།།

ཅེས་པ་འདི་ནི། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བྲིས་པའི་༼དགེ་འདུན་བསྟན་པའི་འཁྲུལ་སེལ༽ བྱ་བ་དེའི་ལན་དུ། ཨ་མདོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྷ་རིས་པའི་མིང་ཙམ་འཛིན་མཁན་ཚངས་དབང་དགེ་འདུན་བསྟན་པ་ཞེས་འབོད་པ་དེས་2014 ལོའི་ཟླ་བ་12 ཚེས་31 ཉིན་བྲིས་པ་དགེའོ།།

བགྲོ་གླེང་།

Post navigation

Previous Post: ༼ཚིག་གཏེར་རྒྱ་མཚོ་༽བཀླགས་རྗེས་ཀྱི་བསམ་ཚུལ།
Next Post: ཕྱེ་མ་ལེབ།

Comments (2) on “དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་འཁྲུལ་སེལ་གྱི་ལན་དུ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2015-03-01 at 1:22 am

    ང་རང་ལ་མཚོན་ན། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་དང་ལྷ་བཟོ་ཆེན་མོ་ཚངས་དབང་བསྟན་པ་གཉིས་ཀར་གུས་བརྩི་ཡོད་མཁན་ཞིག་དང་། ཁོང་རྣམ་གཉིས་ཀྱི་ཀློག་པ་པོའི་གྲས་ཀྱི་གཅིག་ཡིན། དེ་བས། དྲི་བ་གཉིས་འདུག
    ཚངས་དབང་ལགས་ཀྱི་རྩོམ་སྔ་མ་ལྟར་ན། ཁོང་རྣམ་གཉིས་གྲོགས་པོ་ཡིན་པ་འདྲ། དེ་ན་ཚངས་དབང་ལགས་ཀྱིས་དོགས་སློང་རྩོམ་ཡིག་འདི་ཕྱི་ལ་མ་བསྒྲགས་གོང་དུ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ལ་བསམ་ཚུལ་ཞུས་ཡོད་དམ།
    གལ་སྲིད་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ལ་བསམ་ཚུལ་ཞུས་ཀྱང་དང་ལེན་མ་གནང་བར་བརྟེན་ནས་དོགས་སློང་རྩོམ་ཡིག་འདི་བཞིན་ཕྱི་ལ་སྤེལ་བ་ཡིན་ནམ།

    སྤྱིར་ཆེན་པོའི་ཐུགས་མཉེས་སླད་དང་གྲོགས་ཀྱི་ངོ་བསྲུང་སླད་ཀྱི་བྱ་སྤྱོད་ནི་དོར་བྱ་རེད་དེ། ཐོག་མར་ཕ་རོལ་བོར་ཀློག་མཁན་གྱི་བསམ་ཚུལ་དང་ལེན་གནང་བའི་འདུན་པ་ཡོད་མེད་ནི་དོགས་སློང་ཡོངས་གྲགས་ཅན་ལ་བསྒྱུར་དགོས་མིན་གྱི་གནད་འགག་རེད་འདོད། གང་ལྟར་ཕྲན་གྱི་དྲི་བ་གཉིས་ལ་ལན་ཞིག་ཡོང་བར་རེ་བ་ཡོད།

  2. ཚེ་བཀྲ། says:
    2015-03-01 at 12:27 pm

    དགེ་རྒན་ཆེན་མོ་མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་ནས་མཁས་ཉམས་བཟུང་ནས་མ་བཞུགས་པར་སྤྱི་ཚོགས་དྲ་ཐག་མང་པོ་དོ་སྣང་ཞིག་གནང་བ་དང་། རིག་གཞུང་སྐོར་གྱི་གནད་དོན་མང་པོར་དཔེ་དེབ་རིན་ཐང་ཅན་མང་པོ་རྩོམ་སྒྲིག་གནང་བ་སོགས་ནི་ཡི་རངས་ཀྱི་གནས་ཡིན།
    ཉེ་ཆར་རྩིས་གཞུང་སྐོར་གྱི་བགྲོ་གླེང་ཞིག་གནང་བ་དང་། ད་རེས་ཡང་བསྐྱར་བོད་ཡིག་ཀློག་པ་པོ་རྨོངས་གཉིས་བསད་པའི་འཁྲུལ་སེལ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme