Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལ་སྤྲིངས། 


Posted on 2017-06-012017-06-01 By ཁ་བརྡ 7 Comments on དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལ་སྤྲིངས། 


unnamedདུར་བྱང་།
 

ནམ་ནམ་ཞར་ཞར་དུ་དགྲ་བོའི་རྒྱ་གཞུང་གིས་བོད་པ་ཁ་བྲལ་བ་ཇག་ཚོགས་སྐོར་ཞིག་བཙན་བྱོལ་དུ་འབྱོར་ཡོད་ཅེས་གང་སར་སྒྲོག་བཞིན་པ་ཁྱོད་གསལ་ཆ་ཡོད་ལ་ང་ཡང་ངེས་ཆ་ཡོད། དེའི་ནང་དུ་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་མཆོག་གཙོས་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་སྡེ་བ་གཞུང་གི་སྐུ་དྲག་མི་དྲག་རྣམ་པ། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་དབུ་ཁྲིད་པའི་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོ་འདུས་ཡོད།

དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་ངྷ་རམ་ས་ལ་ནི་རྐུན་མ་དང་ཁྲམ་པའི་ཕ་ཁྱིམ་ལྟ་བུ་ཞིག་གྱུར་ཡོད་ཅེས་པའི་ནང་དུ་གོང་འཁོད་མི་སྣ་དེ་དག་འདུའམ།

མ་གཞི་རང་མྱི་རང་གིས་ཁྱད་གསོད་བྱས་ན་ང་ཚོར་མ་འོངས་པར་རེ་བ་ཡོད་སྲིད་དམ། རྒྱ་གཞུང་གི་བོད་རྩ་མེད་དུ་གཏོང་བའི་སྲིད་ཇུས་གཏིང་རིང་དེ་དག་ལ་རྒྱུས་ལོན་ཏིལ་ཙམ་ཡང་མ་བྱས་པར་བྱུང་རྒྱལ་དུ་སྨྲ་བ་དེ་ཡིས་འཕྲལ་ཕུགས་གང་ཞིག་ལ་རྔོ་ཐོགས་སམ། བྲང་ཁར་ལག་པ་བཞག་ནས་འདང་ཞིབ་མོ་ཞིག་བརྒྱབ་ན་ག་འདྲ་འདུག་གམ། ཁྱེད་ནི་མྱི་ཆེན་ཟེར་བའི་གྲས་སུ་གཏོགས་པ་མ་ཡིན་ནམ།

བཙན་བྱོལ་དུ་བོད་པ་ཆིག་འབུམ་ཡས་མས་ཤིག་ལས་མེད། དེའི་ནང་ནས་བརྒྱ་ཆའི་ཉི་ཤུ་མི་རབས་རྒན་པ་སྟེ་~གོང་ས་མཆོག་དང་ལྷན་དུ་བཙན་བྱོལ་དུ་འབྱོར་བའི་ཆེས་མཐོའི་དཔོན་རིགས་སྐུ་དྲག་དང་སྐུ་སྲུང་དམག་མི་ཚོ་རེད། དེའི་ནང་དུ་རྐུན་མ་དང་ཁྲམ་པ་ག་ཚོད་ཡོད་དམ།

བརྒྱ་ཆའི་ཉི་ཤུ་གོང་འཁོད་དེ་དག་གི་རྒྱུད་པ་དང་དེའི་རྒྱུད་པ་སོགས་ད་ལྟའི་སྲིད་སྐྱོང་ལས་ཐོགས་པ་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་སོགས་བོད་ནང་མིག་གིས་མཐོང་མ་མྱོང་བའི་མ་རབས་གསར་བ་ཚོ་རེད། དེའི་ནང་དུ་རྐུན་མ་དང་ཁྲམ་པ་ག་ཚོད་ཡོད་དམ།

བརྒྱ་ཆའི་ཉི་ཤུ་བསླབ་པ་སློབ་གཉེར་ལ་ཤ་ཟད་རུས་ལ་གཏུག་པའི་བླ་མ་དང་སྤྲུལ་སྐུ། དགེ་འདུན་པ་དང་བཙུན་མ་ཚོ་རེད། དེའི་ནང་དུ་རྐུན་མ་དང་ཁྲམ་པ་ག་ཚོད་ཡོད་དམ།

བརྒྱ་ཆའི་བཅུ 1989 ལོ་དང་ 2008 སོགས་སུ་བསྟུད་མར་དགྲ་བོའི་བཙན་མནོན་ལ་མགོ་མ་སྒུར་བར་ངོ་རྒོལ་དང་བསྒྲགས་གཏམ་སོགས་སྤེལ་ཏེ་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་དཔའ་རྒོད་ཚོ་རེད། དེའི་ནང་དུ་རྐུན་མ་དང་ཁྲམ་པ་ག་ཚོད་ཡོད་དམ།

བརྒྱ་ཆའི་སུམ་ཅུ་ཡས་མས་ཤིག་~གོང་ས་མཆོག་གི་གསེར་ཞལ་མཐོང་བ་དོན་ལྡན་ལ་ཐེངས་གཅིག་མཇལ་སྐལ་ཨེ་ཡོད་སྙམ་པ་དང་། རང་དབང་གི་སློབ་གཉེར་ཚད་ལྡན་ཞིག་བྱ་ཨེ་ཐུབ་སྙམ་པ་སོགས་དམིགས་ཡུལ་སྣ་མང་གི་སྒོ་ནས་བཙན་བྱོལ་ལ་འབྱོར་བ་ཤ་སྟག་རེད། ཁྱོད་ཀྱིས་བཤད་པའི་རྐུན་མ་དང་ཁྲམ་པ་སོགས་སྡེ་ཚན་འདིའི་ནང་དུ་ཡོད་པ་རེད་དམ།
སྐད་ཆ་དྲང་མོ་ཤོད། ཁྱེད་ཀྱི་གཉེན་ཉེ་དང་སློབ་གྲོགས། ཡུལ་མི་ཚོའི་ནང་དུ་རྒྱ་གར་ལ་འགྲོ་མྱོང་བ་དང་། ད་ལྟ་རྒྱ་གར་དུ་ཡོད་པ་ག་ཚོད་ཡོད། དེའི་ནང་ན་རྐུན་མ་དང་ཁྲམ་པ་འདྲ་ཨེ་ཡོད།

ཡང་ན། རྒྱ་གར་དུ་ཡོད་པའི་བོད་མི་ཚོའི་ནང་དུ། ཁྱེད་ཀྱིས་ངོ་ཤེས་པ་དང་གྲོགས་པོ་བརྒྱུད་ནས་གོ་ཐོས་བྱུང་བའི་རྐུན་མ་དང་ཁྲམ་པ་ག་ཚོད་འདུག་གམ། མཛུབ་མོས་ནོན་དང་གྲངས་རྩིས་རྒྱག་ཐུབ་བམ།

འོ་རེད། དེང་སང་བོད་ཁམས་ན་རྐུན་མ་དང་ཁྲམ་པས་སྟོང་བའི་ས་གནས་འདྲ་ཨེ་ཡོད། ག་ཚོད་ཡོད་དམ། རྫོང་དང་ཡུལ་ཚོ་སྡེ་མིང་སོགས་ཤོད་དང་། མ་གཞི་སྐུ་ཉིད་ཀྱི་ཕ་ཡུལ་ན་རྐུན་མ་དང་ཁྲམ་པ་གཅིག་ཀྱང་མེད་པ་ཡིན་ནམ། ངོ་སོ་བསྟོད།གལ་ཏེ། རེ་ཟུང་ཡོད་སྲིད་ན་ཁྱེད་ཚོའི་ཕ་ཡུལ་ཡང་རྐུན་མ་དང་ཁྲམ་པའི་ཕ་ཁྱིམ་དུ་གྱུར་བ་མིན་ནམ། དེ་ནི་དགེ་རྒན་ཆེན་མོ་ཁྱེད་ཀྱི་རིགས་ལམ་རེད། གཏན་ཚིགས་རེད། སྤྱི་སྡོམ་རེད།

བོད་ཀྱི་རྒྱལ་ས་གཉིས་པ་གནས་མཆོག་ངྷརམཤཱལ་ནའང་རྐུན་མ་དང་ཁྲམ་པ་ཡོད་ཆོག་མོད། བྱེ་བྲག་གིས་སྤྱི་ལ་སྡོམ་རྒྱག་པ་ནི་དགེ་རྒན་ཆེན་མོ་ཚོའི་སློབ་ཁྲིད་ཀྱི་ཉམས་མྱོང་ཡིན་སྲིད་པ་ལས། སྤྱི་འགྲོས་དང་མཐུན་ལ་ཡོངས་ཁྱབ་ཀྱིས་ཁས་འཆེ་བ་ཞིག་གང་ནས་ཡིན།

རྒྱ་གཞུང་གིས་བོད་ཕྱི་ནང་བར་ལ་འགལ་ཟླ་བཟོས་ཏེ་ནུས་ཤུགས་ཉམས་མུས་སུ་བཏང་དང་གཏོང་བཞིན་པ་ཡིན། དེ་ནི་ཞེས་ཅེན་ཕེན་གྱིས་བོད་ཐོག་བཟུང་བའི་སྲིད་ཇུས་རེད། དབུ་མ་དང་རང་བཙན་བར་ལའང་གཏོར་བཤིག་བཏང་དང་གཏོང་བཞིན་པ་རེད། དེའང་ཞེས་ཅེན་ཕེན་གྱིས་བོད་ཐོག་བཟུང་བའི་སྲིད་ཇུས་རེད། རྒྱ་གཞུང་གིས་གང་ན་གོ་སྐབས་ཡོད་ན་དེ་ལ་ལག་པ་འཇུས་ཏེ་གོ་སྐབས་དམ་འཛིན་བྱེད་པ་ཡིན། དགེ་རྒན་ཆེན་མོ། ཁྱེད་དེའི་ཕྱོགས་སུ་གཏོགས་ལ་རིགས་སུ་མཐུན་པ་ཡིན་སྲིད་ན་ངལ་བ་འབྲས་མེད་ཡིན་པ་ཁོ་བོས་དེ་སྔ་ནས་ཤེས་ཡོད། གལ་ཏེ། མི་སྒེར་གྱི་ཆགས་སྡང་མངོན་དུ་གྱུར་བ་དང་མ་སྨིན་པའི་བསམ་གཞིག་གིས་བསླུ་བྲིད་ཐེབས་པ་ཡིན་ན་མཛུབ་མོས་རི་སྟོན་གྱི་ཚུལ་དུ་སྤྲིངས་པའི་ཁ་བརྡ་ཐུང་ཐུང་འདི་ལ་གསན་མཛོད་ཞུ།

20117.5.31

བསམ་ཚུལ།

Post navigation

Previous Post: སྐྱོ་བ་རྫ་ཁོག་གང་། (ཞར་བཀོད་གཉིས།)
Next Post: རྒྱ་གར་ནང་བ་གླང་གི་ཆབ་སྲིད་དང་བོད་མི་ཚོས་གཟབ་ནན་བྱེད་དགོས་པའི་ཉེན་ཁ།

Comments (7) on “དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལ་སྤྲིངས། 
”

  1. ལོ་ཡག says:
    2017-06-02 at 7:38 am

    རྒྱ་གཞུང་གིས་མངོན་སུམ་འཛེམས་མེད་སྒོས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་དུ་གཏོང་གི་ཡོད། འོན་ཀྱང་། ཐུབ་ཕུན་དང་ཐུབ་ཕུན་ཚོ་ནི་རང་ཉིད་ལ་གོ་ས་མཐོ་བོ་དང་འཚོ་བ་ཕུན་ཚོགས་བྱུང་ན། གློ་སྙིང་བྲང་གསུམ་ཚིམས་ནས་འདུག་རྒྱུ་རེད། འཇམ་དཔལ་རྒྱ་མཚོ་དང་ཨ་ལགས་དོར་ཞི་ལྟར། རང་གི་མི་རིགས་དང་ཆོས་རིག་གི་ཕྱིར་དུ་ཁ་གཅིག་གྲགས་ན་ཅིས་མ་ཆོག་གམ།

  2. ཨ་འབར་འཇིགས་དབང། says:
    2017-06-03 at 4:30 pm

    ༄༅། ཀྲུང་དབྱངས་མི་རིགས་སློབ་གྲའི་དགེ་རྒན་བོད་རིགས་ཐུབ་བསྟན་ཕུན་ཚོགས་
    ནས་བཙན་བྱོལ་བར་རྐུན་མ་དང། ཇག་ཚོགས་སྐོར་ཞིག་སོགས་དགེ་རྒན་གྱི་ཤེས་ཡོན་གང་ཡང་མེད་པའི་ཚིག་བརྗོད་འདི་ནི་
    ཁོང་རང་གི་བརྗོད་བཞག་པ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་མེད། འདི་ནི་རྒྱ་དམར་པོས་བཟོས་ནས་
    ཁོ་པར་བྲིས་བཅུག་པ་ཞིག་ཡིན་པ་ཤུགས་ཀྱི་ཤེས་པ་ཞིག་རེད། ཁོ་ལ་ཁག་མེད། ད་བར་ལ་རྒྱ་དམར་དཔོན་རིགས་ཚོས་སྡུག་པ་མ་གཏོགས་་་་ཚིག་ཡག་ག་བཤད་རྒྱུའི་ཤེས་ཡོན་
    གཏན་ནས་སྦྱང་མེད་པར་བསམ།
    རྐུན་མ་། ཇག་ཚོགས། ཁྲ་མ་གསུམ་རྒྱ་དམར་པོས་བོད་ལ་ལག་བསྟར་བྱས་ཡོད་པ་རེད།
    བོད་མིར་སྐྱག་རྫུན་ཤ་སྟག་བཤད་དེ་བཙན་གནོན་འབའ་ཞིག་བཏང།
    བོད་ཀྱི་རིན་ཆེན་གཏེར་ཁ་རྣམས་བཏོན་ནས་རྒྱ་ནག་ལ་འཁྱེར་།
    བོད་ཀྱི་སེམས་ཀྱི་བླ་སྲོག་ཆོས་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པ་འདི་
    འཛམ་གླིང་གི་ཤེས་ལྡན་པ་རྣམས་ནས་གསལ་པོ་མཁྱེན་བཞིན་པ་རེད།
    མདོར་བསྡུས་ཏེ་བཤད་ན། རྒྱ་ནག་དམར་པོ་ནི།་་་་
    ༄༅། ཆོས་མེད་སྐྱག་རྫུན་རིག་པའི་གནས་ལ་མཁས།།
    དྲང་མིན་ཁྲིམས་བརྒལ་བོད་མིར་བཙན་གནོན་བཏང།།
    མི་ཡིན་བྱམས་བརྩེའི་སེམས་པ་མེད་པ་སྐྱོ།།
    ནམ་ཞིག་རྒྱ་དེ་དྲང་པོའི་ལམ་ལ་འཇུག།
    མི་ལུས་རིན་ཆེན་གསེར་ལས་དཀོན།། རྒྱ་དམར་མི་ལུས་ཁྱི་ལས་སྡུག་།

  3. ཀརྡོ་རབ་འབྱམས་པ་ says:
    2017-06-04 at 4:16 am

    ང་ཕོད་དང། ཐུབ་ཕུན་ཨེ་་་་་་་་་་་་

  4. ཏི་སི། says:
    2017-06-04 at 7:12 pm

    ཧཧཧཧ། མོའུ་ཚེ་ཏུང་ལ་བསྟོད་གླུ་ལེན་མཁན་དེ་ཡག་པོ་རེད།

  5. ཨ་འབར་འཇིགས་དབང། says:
    2017-06-04 at 8:22 pm

    ༄༅། རྒྱལ་སྲས་ཆེན་པོ་ཞི་བ་ལྷས།
    སྔོན་བྱས་མ་བྱུང་པ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མ་ཡིན།།
    ཞེས་གསུངས་སོ།།
    ལ་དང་ལུང་པ་རྒས་རུང། གཙང་ཆུ་སྔོན་མོ་རྒས་མེད།
    ལམ་དང་ལུགས་སྲོལ་སྒྱུར་ཡང། སྐད་དང་ཡི་གེ་བསྒྱུར་མེད།
    གངས་ཅན་བོད་པའི་བསམ་དོན་། རྒྱལ་ཁམས་བསྐོར་ནས་འགྲུབ་ཡོང།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-06-04 at 10:15 pm

    རང་དབང་མེད་ན་གཞན་དབང་རེད་།
    གཞན་དབང་མེད་ན་རང་དབང་རེད་།
    རང་དབང་འོག་གིས་གཏམ་བརྗོད་དང་།
    གཞན་དབང་འོག་གི་གཏམ་བརྗོད་གཉིས་།
    མ་ནོར་ངོས་འཛིན་མཁས་པའི་བློ་།

  7. ཏི་སི། says:
    2017-06-05 at 1:27 am

    གྲེ་འགྱུར་དབྱངས་ཅན་གཞས་པ་དང་།།རྣམ་དཔྱོད་རྩལ་ཅན་མཁས་པ་ཡིས།།རང་དབང་མེད་ཀྱང་རང་དབང་བཞིན།། ལྷག་པའི་ཆོས་རིག་བསྟོད་བསྔགས་བྱས།།མཁས་པ་ཐུབ་ཕུན་ཅན་དག་ནས།། རྒྱ་རིགས་མི་ལས་ལྷག་ཙམ་གྱིས།།ཊུང་ཤི་མོའུ་ལ་བསྟོད་གླུ་ཕུལ།།བོད་མི་ལས་དབང་འདིར་སྐྱོ་བ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme