Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་འདུན་ཆོས་འཕེལ་གྱི་དཔེ་དེབ་གསར་པའི་དབུ་འབྱེད་མཛད་སྒོ།

Posted on 2014-05-202014-05-20 By རྣམ་རྒྱལ 1 Comment on དགེ་འདུན་ཆོས་འཕེལ་གྱི་དཔེ་དེབ་གསར་པའི་དབུ་འབྱེད་མཛད་སྒོ།

 

“དགེ་འདུན་ཆོས་འཕེལ། བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་བ་དང་པོ། ༼དབྱིན་ཡིག་དཔར་མ།༽

དགེ་འདུན་ཆོས་འཕེལ་གྱི་རྣམ་དཔྱོད་དང་ངག་རྩལ་གྱིས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་དང་འཕྲོག་བཞིན་ཡོད།  ད་དུང་ཁོང་ནི་རི་མོའི་སྒྱུ་རྩལ་པ་ཞིག་ཡིན་པའི་གྲགས་པ་འབར་ན་ཡང་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་ཁོང་གི་རི་མོའི་བརྩམས་ཆོས་ཉུང་ཤས་ཤིག་མ་གཏོགས་སྨིན་མེད།

ད་རེས་དབུ་འབྱེད་གནང་རྒྱུའི་དཔེ་དེབ་འདིའི་ནང་ལ་བཀོད་པའི་ཆུ་ཚོན་གྱི་རི་མོ་དང་སྐྱ་རིས་ཀྱི་རི་མོ་ཁག་གཉིས་ཡོད་པ་ནི། ༢༠༠༣ ལོར་ཨ་རི་ནེའུ་ཡོག་ན་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གིས་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་རྗེས་དྲན་ཚོགས་འདུ་བརྗེད་དུ་ཕངས་པ་ཞིག་སྐོང་ཚོགས་བྱས་པའི་སྐབས་སུ་ཐེངས་དང་པོར་འགྲེམ་སྟོན་བྱས་པ་དེ་རྣམས་ཡིན་ཞིང་།  དཔེ་དེབ་འདིའི་ནང་ལ་ཐེངས་དང་པོར་ལོ་མང་གི་རིང་ལ་ཁ་ཐོར་བའི་རི་མོའི་ཚོགས་དེ་གཉིས་གདན་འཛོམས་གྱིས་དཔེ་སྐྲུན་བྱེད་ཐུབ་པར་གྱུར།

རི་མོ་ཁག་དེ་གཉིས་ཀྱི་ལྷན་ཐབས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཉམས་ཞིབ་གནང་མཁན་སྐུ་ཞབས་རྡོ་ནོལ་ ལོ་པེ་སི་(Donald Lopez)གྱིས་དཔེ་དེབ་འདིའི་ཆེད་དུ་བརྩམས་པའི་དགེ་ཆོས་ཀྱི་སྐུ་ཚེ་དང་གསུང་རྩོམ་སྤྱི་ལ་སྐྱར་ཞིབ་ཀྱི་རྩོམ་ཡིག་ཅིག་དང་།  དགེ་ཆོས་ཀྱི་རི་མོའི་སྐོར་ལ་དབྱེ་ཞིབ་ཀྱི་རྩོམ་ཡིག་གཅིག་ཀྱང་བཀོད་ཡོད།  རྩོམ་ཡིག་དེ་གཉིས་ནི་ད་ཕན་དགེ་ཆོས་ཀྱི་གསུང་རྩོམ་དང་རི་མོ་གང་མང་དང་།  དགེ་ཆོས་སྐོར་ལ་ཞིབ་འཇུག་གི་འབྲས་བུ་སྣ་མང་ལ་གཞི་བཅོལ་ནས་ནས་བྲིས་པ་ཡིན།  རྡོ་ནོལ་ ལོ་པེ་སི་ནི་ཨ་རིའི་མེ་ཞི་སྒན་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་སྐད་ཡིག་དང་རིག་གནས་སྡེ་ཚན་གྱི་ནང་ཆོས་དང་བོད་རིག་པའི་དགེ་རྒན་ཆེན་མོ་ཡིན་ལ་རྒྱལ་སྤྱིའི་སྟེང་ལ་དགེ་ཆོས་ཞིབ་འཇུག་གི་འབྲས་བུས་ཧ་ཅང་ཕྱུག་པའི་མཁས་པ་ཞིག་ཀྱང་ཡིན།  ཁོང་གིས་དགེ་ཆོས་སྙན་རྩོམ་གྲངས་བརྒྱ་དང་བཞི་དབྱིན་བསྒྱུར་གནང་ནས་དབྱིན་བོད་ཤན་སྦྱར་གྱིས་དཔེ་སྐྲུན་གནང་ཡོད་པ་དང་།  ཀླུ་སྒྲུབ་དགོངས་རྒྱན་ཡང་དབྱིན་སྒྱུར་གྱིས་དཔེ་སྐྲུན་གནང་ཚར་བ་མ་ཟད།  ཟླ་ཤས་ཀྱི་སྔོན་ལ་གཏམ་རྒྱུད་གསེར་གྱི་ཐང་མ་ཡང་དབྱིན་སྒྱུར་གྱིས་དཔེ་སྐྲུན་གྲུབ་ཡོད།

 

དཔེ་དེབ་དེའི་སྒོ་འབྱེད་དང་མཉམ་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་རྒྱའི་ཐོག་ནས་དགེ་ཆོས་སྐོར་གྱི་ཡིག་མཛོད་ཅིག་ཀྱང་སྒོ་འབྱེད་བྱེད་ཀྱི་ཡོད།  ཡིག་མཛོད་དེའི་ནང་ལ་ ༡། ༢༠༠༣ ལོའི་ཚོགས་འདུའི་ཐོག་གི་གཏམ་བཤད་རྣམས་དང་།  ༢།  ཚོགས་འདུ་དེའི་འདྲ་པར་རྣམས།  ༣།  དགེ་ཆོས་ཆོས་འཁྲུངས་གཞིས་དང་།  འཁྲུངས་སའི་སྡེ་བ།  འཁྲུངས་གཞིས་སུ་ཉར་ཡོད་པའི་དགེ་ཆོས་ཀྱི་སྐུ་ཆས་དང་།  དཔེ་དེབ།  ཕྱག་བྲིས་ཁག་ཅིག་གི་འདྲ་པར།  ༤།  སུའེ་སི་ཡི་གློག་བརྙན་བཟོ་མཁན་བཟོ་མཁན་ལུའུ་ཁི་ཧྲད་ལིར་ནས་དགེ་ཆོས་སྐོར་གྱི་དངོས་བྱུང་གློག་བརྙན་ “སུན་ཕྱུང་བའི་གྲྭ་པ།”ཞེས་པ་བཟོ་ཆེད་བྱས་པའི་བཅར་འདྲི་སུམ་ཅུ་སོ་གཉིས་བོད་ཡིག་དང་དབྱིན་ཡིག་གཉིས་སོགས་ཡོད། www.trace.org/latse-library/special-collections/gendun-chopel

”དགེ་འདུན་ཆོས་འཕེལ། བོད་ཀྱི་རི་མོའི་སྒྱུ་རྩལ་བ་དང་པོ།” ཞེས་པའི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་འདི་ནི་ཀུན་ཕན་ཐེབས་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༢༠འཁོར་བའི་དགའ་སྟོན་གྱི་དུས་ཆེན་སྲུང་བརྩི་ཞུ་བའི་ལས་རིམ་གྱི་ཐོག་མ་ཡིན་ལ། སྤྱི་ལོ་༢༠༡༤ལོའི་ཟླ་བ་༥ཚེས་༢༢རེས་གཟའ་ཕུར་བུའི་ཉིན་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀར་ཨ་རིའི་ནེའུ་ཡོག་གི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ལ་འཚོག་རྒྱུ་ཡིན་པས། དེའི་སྐབས་སུ་ང་ཚོས་ཆང་དང་ཞལ་ཏོག་དྲང་ནས་རྩོམ་པ་པོ་དང་དངོས་སུ་ཁ་བརྡ་བྱ་རྒྱུའི་གོ་སྐབས་སྐྲུན་རྒྱུ་ཡིན་པས་སྐུ་ཉིད་ངེས་པར་དུ་ཕེབས་རྒྱུའི་གདན་ཞུ་འབུལ་བཞིན་པ་ལགས།

ཀུན་ཕན་ཐེབས་རྩ་ཚོགས་པ་ནས།

གསལ་བསྒྲགས།

Post navigation

Previous Post: ༸རྒྱལ་བ་རིན་པོ་ཆེ་བདེ་འཇགས་ཨེ་ཡིན་ནམ།
Next Post: འོད་ཀྱི་རྒྱལ་སྲས།

Comment (1) on “དགེ་འདུན་ཆོས་འཕེལ་གྱི་དཔེ་དེབ་གསར་པའི་དབུ་འབྱེད་མཛད་སྒོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 12:13 am

    དགེ་ཆོས་ལགས་ཀྱི།
    ་་་་་་་དཔེ་དེབ་འདིའི་ནང་ལ་བཀོད་པའི་ཆུ་ཚོན་གྱི་རི་མོ་དང་སྐྱ་རིས་ཀྱི་རི་མོ་ཁག་གཉིས་ཡོད་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme