Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་སྨད་ཀྱི་ལོ་རྒྱུས་འབྲི་བའི་འཆར་གཞི་ངོ་སྤྲོད།

Posted on 2013-07-142013-07-14 By ཡེ་ཤེས་ 35 Comments on དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་སྨད་ཀྱི་ལོ་རྒྱུས་འབྲི་བའི་འཆར་གཞི་ངོ་སྤྲོད།


ཀླུ་སྨྱོན་ཧེ་རུ་ཀ

དང་པོ། སྐུ་བསྙུང་ལས་ཐར་ཆེད་རྒྱ་ནག་ཏུ་ཕེབས་པ།
གཉིས་པ། སྙུང་གཞི་ལས་གྲོལ་ནས་རྒྱ་ནག་ཏུ་གནས་མཇལ་ལ་ཕེབས་པ།
གསུམ་པ། ཁྱུག་ཙམ་རིང་འཇར་པན་དུ་ཕེབས་པ།
བཞི་པ། ཉིད་ཀྱི་འཁྲུངས་གཞིས་སུ་ཕེབས་པ།
ལྔ་པ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་པ།
དྲུག་པ། ལྷ་སར་ཕེབས་པ།
བདུན་པ། དཔེ་ཁྲིད་གནང་བ།
བརྒྱད་པ། བཙོན་དུ་ཚུད་པ།
དགུ་པ། ངལ་རྩོལ་སྒྱུར་བཀོལ་གྱི་འཚོ་བ།
བཅུ་པ། དཀར་འདོན་བྱས་ནས་རེབ་གོང་དུ་ཕེབས་པ།
བཅུ་གཅིག་པ། གཡའ་མ་བཀྲ་ཤིས་འཁྱིལ་དུ་སྐུ་མཚམས་ལ་བཞུགས་པ།
བཅུ་གཉིས་པ། ཁམས་ཕྱོགས་སུ་གནས་སྐོར་ལ་ཕེབས་པ།
བཅུ་གསུམ་པ། པེ་ཅིན་དུ་ཚོགས་འདུར་ཕེབས་པ།
བཅུ་བཞི་པ། ཡང་སྐྱར་ལྷ་སར་ཕེབས་པ།
བཅོ་ལྔ་པ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཕེབས་པ།
བཅུ་དྲུག་པ། པེ་ཅིན་གྲངས་ཉུང་མི་རིགས་སློབ་གྲྭ་ཆེན་མོར་དཔེ་ཁྲིད་གནང་བ།
བཅུ་བདུན་པ། རྒྱ་གར་དང་བལ་ཡུལ་དུ་ཕེབས་པ།
བཅུ་དགུ་པ། རྡ་རམ་ས་ལར་ཕེབས་པ།
ཉི་ཤུ་བ། ཡང་སྐྱར་ཤྲྰི་ལིངྐར་ཕེབས་པ།
ཉེར་གཅིག་པ། ཀ་རྡོར་སྒང་གསུམ་པ་ལ་ཕེབས་པ།
ཉེར་གཉིས་པ། ལྷ་སར་ཕེབས་པ།
ཉེར་གསུམ་པ། བསམ་ཡས་མཆིམ་ཕུར་སྐུ་མཚམས་ལ་བཞུགས་པ།
ཉེར་བཞི་པ། ཨ་མདོར་ཕེབས་པ།
ཉེར་ལྔ་པ། ཨ་མེ་རི་ཀར་ཕེབས་པ་།
ཉེར་དྲུག་པ། ཡོ་རོབ་གླིང་ཆེན་དུ་ཕེབས་པ།
ཉེར་བདུན་པ། ཨིན་རྡུ་ཉི་ཤི་ཡའི་སྦ་རོ་སྦ་རྡུར་མཇལ་དུ་ཕེབས་པ།
ཉེར་བརྒྱད་པ། ཁོང་གི་བརྩམས་ཆོས་”ནགས་ཀྱི་རི་བོའི་སྙན་ཚིག”ལ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་པ།
ཉེར་དགུ་པ། ཡབ་ཀྱི་ཡང་སྲིད་མཇལ་བ།
སུམ་ཅུ་པ། རེབ་གོང་གི་སྔགས་འཆང་ཀུན་གྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ཞུས་པ།
སོ་གཅིག་པ། སྐུ་འཇའ་ལུས་སུ་དེངས་པ།
སོ་གཉིས་པ། ཁོང་གི་བརྩམས་ཆོས་དག་ཡིག་རིགས་འདྲ་མིན་ཉི་ཤུ་རྩ་བདུན་ནང་བསྒྱུར་པའི་ལས་གཞི་མགོ་བརྩམས་པ།
སོ་གསུམ་པ། མཇུག་གི་གཏམ།

རྩོམ་རིག

Post navigation

Previous Post: བོད་མིས་རྒྱ་གཞུང་ལ་སྐྱོན་འགེབས་བྱེད་འོས་སམ།
Next Post: བརྩེ་བ་གོ་ལོག

Comments (35) on “དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་སྨད་ཀྱི་ལོ་རྒྱུས་འབྲི་བའི་འཆར་གཞི་ངོ་སྤྲོད།”

  1. ཁྱི་རྒན། says:
    2013-07-14 at 1:20 pm

    ཀླུ་སྨྱོན་གྱིས་ཅི་བཤད་སྙིང་འདོད་དམ།

  2. སྤོབས་པ་མཐའ་ཡས། says:
    2013-07-14 at 1:41 pm

    དགེ་ཆོས་ཀྱིས་མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་བཅས་ནས་བུ་མོ་བཞི་བླངས་ཚུལ་ཞིག་སྣོན་རོགས།

  3. རིགས་ཞེན་དཀར་པོ། says:
    2013-07-14 at 2:00 pm

    སྨྱོན་པ་ནི་སྨྱོན་པ་རང་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-07-14 at 5:53 pm

    ཀླུ་སྨྱོན་ལགས། འདི་བཅོས་སྒྲུང་རེད་དམ། དགེ་ཆོས་ལགས་ཀྱི་ལོ་རྒྱུས་རེད། ལགས།

  5. ཀླུ་སྨྱོན། says:
    2013-07-14 at 6:15 pm

    གཉིས་ཀ་ཡིན། དཔེར་ན་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་བཞིན།

  6. ཀློང་ཆུང་ says:
    2013-07-14 at 6:51 pm

    འདིའི་ནང་ལ་བཀའ་བློན་སྦུག་ལ་ཏང་གསར་པ་བཙུགས་པ་ལུས་འདུག་

  7. རོང་བཙན། says:
    2013-07-14 at 8:11 pm

    དགེ་ཆོས་ལགས་ཀྱིས་ཆག་སྤྱོད་སྐོར་གྱི་བཅོསསྒྲུང་མང་ཙམ་ཞིག་ཀླུ་སྨྱོན་ལགས་ཀྱིས་འབྲི་རྒྱུར་རེ་བ་ཡོད། དེ་མིན་དགེ་ཆོས་ཀྱི་མཛད་པ་འབྲི་རྒྱུ་ཅང་ལྷག་ཡོད་པ་མེད།

  8. ཐབས་ཇུས་ཅན says:
    2013-07-14 at 9:04 pm

    དགེ་ཆོས་ཀྱིས་བུ་མོ་ག་ཚད་ལ་རྒྱོབ་བརྒྱབ་ཡོད་མེད་འབྲི་རྒྱུ་མ་བརྗེད་པ་གནང་རོགས།
    ད་དུང་ཐ་མ་ནག་པོ་འཐེན་ཡོད་མེད་སོགས་འབྲི་ངེས་རེད།

  9. མེ་ཏོག་དཀར་པོ says:
    2013-07-14 at 9:20 pm

    ཁ་སྣོན།
    དིལླིར་གཞང་ཁང་དུ་སྐོར་སྲུང་པས་འཇུས་པ།
    རྒྱོ་མང་ནས་ཕོ་མཚན་ལ་སེ་མོག་གི་ན་ཚས་ཟིན་ཏེ་སྨན་ཁང་དུ་ལུས་པ།
    ཀླུ་སྒྲུབ་དགོངས་རྒྱན་གྱི་རང་འགྲེལ་རྡོ་རྗེའི་མེ་འཆར་གྱི་དཔར་འགྲེམ་གྱིས་མཛད་སྒོ་གཟབ་རྒྱས་ཚུགས་པ།
    ༧གོང་ས་མཆོག་རྒྱ་གར་དུ་ཕེབས་དུས་ཕེབས་བསུའི་ཐུགས་འགན་དང་སྐུའི་གསུང་བསྒྱུར་ཞུས་པ།
    གནས་མཆོག་རྡོ་རྗེ་གདན་དུ་ཆོས་ལུགས་ཀྱི་ཚོགས་ཆེན་ཐེངས་དང་པོར་གྲྭ་པ་དང་རབ་བྱུང་གི་ན་བཟའ་སོ་སོར་དགོས་པའི་བསམ་ཚུལ་ནན་བཤད་གནང་བ།

  10. གཡག says:
    2013-07-14 at 11:58 pm

    འོ་་་་་་་་་་་་་་་་ད་རུང་སྐུ་དྲག་ཚོས་མ་ཉེས་ཁ་གཡོག་གནང་རབས་སོགས་གལ་ཆེ་་་་་་་་་་་་་་

  11. ཉེར་གཅིག་པའི་ཅོང་བརྡ། says:
    2013-07-15 at 12:02 am

    དགེ་ཆོས་ཀྱི་མཇེ་ཡི་རིང་ཚད་དང་། ཐེངས་ག་ཚོད་ལ་རྒྱོ་རྒྱག་ཐུབ་མིན། བོད་པའི་བུ་མོ་མ་གཏོགས་ཕྱི་རྒྱལ་པའི་བུ་མོ་ག་ཚོད་ལས་ཉམས་མྱོང་བླངས་མཐར་འདོད་པའི་བསྟན་བཅོས་བྲིས་ཡོད་མེད་སོགས་གང་མང་མང་འབྲི་རོགས།

  12. རྒྱ་གར་རྨ་བྱ། says:
    2013-07-15 at 12:31 am

    ཡཡཡ སྙིང་རྗེ་པོ་དང་སྙན་པོ་འདུག་ལོ།

  13. ཀླུ་སྨྱོན། says:
    2013-07-15 at 1:12 am

    ང་རང་ཉིད་ལ་བརྩམས་སྒྲུང་དང་སྙན་ངག་ག་རེ་འབྲི་དགོས་ན་གློག་འཁྱུག་པ་ལྟ་བུའི་ཤེས་རབ་ཅིག་ཡོད་མ་གཏོགས། ཁྱོད་ཚོའི་ཁ་ལ་ཉན་དགོས་དུས་ད་ཚར་འདུག ཁྱོད་ཚོས་དྲ་འབུའི་སྐྱེ་བ་བླངས་ནས་མི་ཚེ་རྫོགས་ཀི་མ་འཇུག་པར་རང་རང་ས་ནས་རང་རང་གི་མི་ཚེའི་ལོ་རྒྱུས་རེ་ཕྲིས་དང་བོད་ཡིག་གི་ཞབས་འདེགས་ངོ་མ་དེ་རེད།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-07-15 at 1:29 am

    ༤༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ གི་ཆུ་ཚོད་ ༡༧ སྐར་མ་ ༥༣
    ཀླུ་སྨྱོན་ལགས། འདི་བཅོས་སྒྲུང་རེད་དམ། དགེ་ཆོས་ལགས་ཀྱི་ལོ་རྒྱུས་རེད། ལགས།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ༥༽ ཀླུ་སྨྱོན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ གི་ཆུ་ཚོད་ ༡༨ སྐར་མ་ ༡༥
    གཉིས་ཀ་ཡིན། དཔེར་ན་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་བཞིན།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-07-15 at 1:55 am

    ཀླུ་སྨྱོན་ལགས།
    དགེ་ཆོས་གསང་རྣམ་ལ་རེ་སྒྲུག་བྱས་ནས་བསྡད་ཡོད་དོ། ལེགས་སོ། ལེགས་སོ། རིགས་ཀྱི་བུ། ཡང་དེའི་རྗེས་ལ་རཀ་རའི་གསང་རྣམ་ཅིག་ཀྱང་བྱུང་ན་ཨང་།

  16. པདྨ says:
    2013-07-15 at 2:37 am

    ལེགས་སོ། སེམས་དཔའ་ཆེན་པོས་མུ་འཐུད་རོགས། ལེགས་བརྩོམ་མཐར་ཕྱིན་སྨོན་ནོ། །

  17. བདག says:
    2013-07-15 at 3:06 am

    རྟོག་བཟོ་དང་བཅོས་སྒྲུང་གིས་རླབས་ཆེན་གྱི་མི་སྣའི་རིན་ཐང་གཅོག་ལ། བྱུང་རྒྱལ་དང་བབ་ཅོལ་གྱིས་རྩོམ་གཤིས་ཀྱི་བྲོ་བ་ཡོངས་སུ་བརླག་འགྲོ། ཨེ་གོ གྲོགས་པོ་ལགས། བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས།། སྨད་ཤེས་མཁན་ཞིག་གིས་སྨད་ན་བཟང་།། ཟེར་བ།

  18. ངག་དབང་། says:
    2013-07-15 at 3:41 am

    ཡག་པོ་ཞེ་དྲག་བྲིས་ཤག་ཐུགས་རྗེ་ཆེ་གནང་།

  19. གནམ says:
    2013-07-15 at 5:12 am

    ང་ལ་ཡང་རྒྱོ་རྒྱབ་རབས་ཀྱི་སྐོར་ཨོ་ཙམ་ཡོད། རྒན་གཞོན་གྱིས་དད་ནས་ཁྱོད་སྔོན་ལ་ཤི་མ་སོང་ན། ངའི་སྐོར་འདི་ཡང་ཁྱོས་འབྲི་རོགས་གནོངས། འེད་ཁ་ཚང་ལ་རྒྱོ་མཇེ་སྟུ་གསུམ་གྱི་ཡིག་རྩ་སྡེབ་སྦྱོར་ལ་ཁྱོའི་དགའ་ཟིག་ཡོད་ས་མ་རེད། ཧ་ཧ།

  20. ལུང་རྟོགས། says:
    2013-07-15 at 10:41 am

    ད་ཡང་ཀླུ་སྨྱོན་གྱིས་དགེ་ཆོས་རྫུན་མ་བཟོ་འདོད་་འདྲ།

  21. རང་བྱུང་རིག་པའི་རྡོ་རྗེ says:
    2013-07-15 at 3:55 pm

    ཀླུ་སྨྱོན་ལགས། ཁྱེད་རང་སྙན་ངག་ལ་ཅི་འདྲའི་གདང་ཞིག་ཡོད་ཀྱང་། ལོ་རྒྱུས་འབྲི་དུས་དངོས་ཡོད་གནས་ཚུལ་འབྲི་རྒྱུ་ངེས་པར་དུ་གལ་ཆེན་རེད། དེ་མིན་སྒྲོ་བཏགས་ཀྱི་ལོ་རྒྱུས་ནི་དོར་བར་བྱ་བའི་ཟག་མ་ནང་བཞིན་ཡིན་པ་ཞུ་ག་ལ་དགོས། །

  22. ཀླུ་སྨྱོན། says:
    2013-07-15 at 11:18 pm

    ཁྱོད་ཚོས་སུ་སློབ་སྦྱོང་བྱས་པ་ཡིན་ནམ། ཁ་ན་མ་མི་མེད་མིན་མ་གཏོགས་མི་འདུག

  23. བན་དེ་བ། says:
    2013-07-15 at 11:31 pm

    ཁྱོད་ཚོས་སུ་ལས་སློབ་སྦྱོང་བྱས་པ་ཡིན་ནམ་ཞེས་པར་བཅོས་མི་དགོས་སམ

  24. རང་བྱུང་རིག་པའི་རྡོ་རྗེ says:
    2013-07-16 at 1:53 am

    ༥༽ ཀླུ་སྨྱོན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ གི་ཆུ་ཚོད་ ༡༨ སྐར་མ་ ༡༥
    གཉིས་ཀ་ཡིན། དཔེར་ན་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་བཞིན། ཀླུ་སྨྱོན་ལགས། ཚངས་དབྱངས་རྒྱ་མཚོའི་གསང་རྣམ་བདེན་པ་རེད་འདུག བདེན་པ་མ་ཡིན་པའི་སྒྲོ་བཏགས་ཤིག་ཡོད་སྐད་མ་ཐོས།།

  25. ལུང་རྟོགས། says:
    2013-07-16 at 3:49 am

    མི་ཞིག་གི་ལོ་རྒྱུས་རྫུན་མ་འབྲི་བ་ནི་མི་དེ་རྫུན་མ་བཟོས་པ་རང་རེད། རབ་བྱུང་ན་འདི་འདྲ་ཞིག་མི་འབྲི་བའི་རེ་བ་ཡོད། གལ་ཏེ་འབྲི་དགོས་ན་རྫུན་མ་ཡིན་པའི་གསལ་བཤད་ཡག་པོ་ཞིག་གནང་རོག

  26. མེ་ཏོག་དཀར་པོ says:
    2013-07-16 at 4:04 am

    འོ་གཅིག་ཆད་འདུག
    རྡ་སའི་བྷག་སུའི་ཁུག་ཅིག་ན་ཀླུ་སྨྱོན་སོགས་ལ་འདོད་བསྟན་དམར་ཁྲིད་བྱས་པ།

  27. ནུབ་ཕྱོགས་གངས་ཕྲུག་ says:
    2013-07-16 at 11:37 am

    མེ་དཀར་ལགས། དྷ་སའི་བྷག་སུའི་ཁུག་སྐྱོག་གཅིག་ལ་ཀླུ་སྨྱོན་གྱིས། འདོད་པའི་བསྟན་བཅོས་སྨར་འཁྲིད་བྱས་སྐབས། ཉེ་ཁུལ་རྒྱ་གར་གྲོང་གསེབ་གྱི་ཚོར་ནས་བླ་མ་ཀླུ་སྨྱོན་དང་སློབ་མ་མཁའ་འགྲོ་མར་ཉེས་དག་བཏང་བ། ཧ་ཧ་ཧ་ཧ

  28. ཀླུ་སྨྱོན། says:
    2013-07-16 at 11:47 am

    ཁ་བརྡ་དྲ་ཐོག་འདི་ན་ཡོད་པ་དག་གི་ཁྲོད་དུ་རྩོམ་རིག་གི་རིན་ཐང་ཤེས་མཁན་ཞེ་དྲགས་དཀོན་པོ་ཡིན་པ་འདྲ། སྤོབས་པ་དང་སེམས་ཤུགས་སྤར་མཁན་མེད་པའི་ཚབ་ཏུ་དེའི་ལྡོག་ཕྱོགས་སུ་ལངས་མཁན་མང་པོ་ཞིག་མུན་ནག་དང་ཁུག་ཀྱོག་དག་ཏུ་གབ་འདུག་ལ། གོ་སྐབས་ཤར་དུས་ལམ་སེང་མཆེ་བ་གཟེངས་ཤིང་སྡེར་མོ་བགྲད་ནས་ཐོན་ཡོང་གི ཞིབ་ཏུ་བསམས་ན་ཡིན་རྒྱུ་རེད། གྲྭ་པ་མཚན་ཉིད་མ་གཏོགས་མི་ཤེས་པ་དང་གྲོང་པ་ར་ལུག་མ་གཏོགས་མི་ཤེས་པ་དག་གི་ལག་ཏུ་དུས་རབས་གསར་པའི་གློག་ཀླད་རེ་བཞག་ཡོད་པ་རེད། འདི་ཚོས་རྩོམ་རིག་ཟེར་ན་ག་རེ་ཡིན་པ། སྙན་ངག་ཟེར་ན་ག་རེ་ཡིན་པ། རྩོམ་རིག་སྒྱུ་རྩལ་ཟེར་ན་ག་རེ་ཡིན་པ། སྒྱུ་རྩལ་གྱི་མཚོན་ཐབས་ཟེར་ན་ག་རེ་ཡིན་པ། རྟོག་པ་འོག་འགྱུའི་རྩོམ་ཐབས་ཟེར་ན་ག་རེ་ཡིན་པ་སོགས་བཟའ་རྒྱུ་ཞིག་ཡིན་དང་འཐུང་རྒྱུ་ཞིག་རེ་ཞིག་མི་ཤེས་པ་མངོན་གསལ་དོད་པོ་ཡིན་པས། འདི་ཚོའི་ཁ་ལ་ཉན་ན་ངའི་ཁ་ལ་སྒོ་ལྕགས་རྒྱག་པའམ་ཡང་ན་ཁ་བརྡ་དྲ་བ་འདི་སྒོ་བརྒྱབ་སྟེ་བཞག་ན་མ་གཏོགས་ཁོ་ཚོའི་རེ་བ་རྡོག་རྡོག་དེ་འགྲུབ་ཀྱི་ཡོད་བཟོ་མི་འདུག

  29. ནུབ་ཕྱོགས་གངས་ཕྲུག་ says:
    2013-07-16 at 12:36 pm

    དེང་དུས་ཀྱི་བླ་མ་དང་དཔོན་པོ། སྤྱི་ཚོགས་རྙིང་པའི་བླ་མ་དང་དཔོན་གཉིས་ཀར་བསྒྱུར་བ་ད་དུང་ཡང་འགྲོ་མི་འདུག གཉིས་ཀར་བསྟོད་ར་མ་གཏོགས་སྨད་ར་དང་རྩེད་མོ་འགྲོ་ས་མི་འདུག ཀླུ་སྨྱོན་ལགས་ངས་རྩེད་ཚར་གྱི་བྲིས་ཡིན།

  30. བན་དེ་བ། says:
    2013-07-16 at 2:00 pm

    ཀླུ་སྨྱོན་ཁྱོད་བདེན།
    འོན་ཀྱང་ཁྱེད་རང་གི་ཐུགས་མདའ་ཤོང་མདུང་ཤོང་ནམ་མཁའ་ལྟ་བུ་ཡིན་དུས་དེ་ཚོར་སྐྱོན་བརྗོད་དང་རང་གི་སྤོབས་པ་དང་སེམས་ཤུགས་མ་ཆག་པར་མུ་འཐུད་ནས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་སྔར་ཡོད་རྣམས་ལ་གོ་བདེ་ཁ་གསལ་ཙམ་དང་སྔར་ཆད་ལུས་ཐེབས་པར་ཁ་གསབ་བཏང་ནས་འབྲི་རོགས། ཁྱེད་ཀྱི་རྩོམ་དང་དེབ་ཀློག་མཁན་མང་པོ་ཡོད། ངས་ཀྱང་ལྟ་ཀློག་བྱེད་ངེས་ཡིན། མ་གཞི་ནས་དྲ་ང་ལྟ་བུའི་དྲ་འབུ་ཚོས་ཁྱེད་ཀྱི་རྩོམ་ལ་སྐབས་རེར་མི་འདོད་ཚིག་མདའ་འཕངས་ཡོད་མོད། མི་དེ་རིགས་ཁྱེད་ཀྱི་རྩོམ་དང་མཆན་བུར་ཀློག་འདོད་ཆེ་ཤོས་བྱེད་བཞིན་འདུག ལྷག་པར་དུ་ཁྱེད་ཀྱིས་བྲིས་པའི་འདོད་གཏམ་དེ་ཚོར་དྲ་འབུ་ཚོས་དགའ་སྣང་ཆེན་པོ་བྱེད་ཀྱི། སྔར་ཨ་ཁུ་སྟོན་པས་ཤིང་གི་མཇེ་ཚོང་དུས་སུ། བུད་མེད་ཚོས་ཁ་སྣ་བཀབ་ནས་མིག་མདའ་ཡང་ནས་ཡང་དུ་བལྟ་བཞིན་ག་ཚོད་རེད་ཅེས་དྲིས་པ་དང་གཅིག་མཚུངས་རེད། སངས་རྒྱས་ལ་དོས་འཛུག་གི་བདུད་རིགས་རྣམས་ནི་སངས་རྒྱས་ཀྱི་ཆེ་བ་འདོན་མཁན་ཡིན་པར་མདོ་ལས་བཤད་ཡོད་པས། ཁྱེད་ལ་དོས་འཛུག་དང་སྨྱོན་འཛུག་བྱེད་མཁན་རིགས་ཀྱང་དེ་བཞིན་ནོ། ངས་ཁ
    བརྡའི་དྲ་བའི་རྩོམ་དང་མཆན་གྱི་ནང་ནས་ཁྱེད་དང་སྤོབས་མཐའ་གཉིས་ཀྱི་མཆན་རྩོམ་གཉིས་ལ་དོ་སྣང་ཆེ་ཤོས་བྱེད་བཞིན་ཡོད།

  31. བན་དེ་བ། says:
    2013-07-16 at 2:02 pm

    མ་གཞི་ནས་དྲ་་་་ཞེས་པའི་དྲ་དེ་རྩིས་མེད་གཏོང་རོགས

  32. ཀླུ་སྨྱོན། says:
    2013-07-16 at 3:19 pm

    རེད་དེ། སྤྱིར་ན་ང་ཚོར་དྲ་འབུར་སློབ་སྦྱོང་སྤྲོད་ས་མེད་པ་དེ་འགྲིགས་མི་འདུག དྲ་འབུའི་སྐྱེ་བ་ལེན་ན་ཡང་དང་པོར་དྲ་འབུ་བྱེད་སྟངས་ལ་སློབ་སྦྱོང་བྱས་ན་ལེགས་པར་འདོད། དཔེར་ན་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་དྲ་འབུ་གྲགས་ཆེན་དེ་འདྲ་དགེ་རྒན་དུ་བསྟེན་ནས་དྲ་འབུ་ཞིག་གི་འགན་ཁུར་དང་ཤེས་ཡོན་སོགས་ལ་སློབ་སྦྱོང་བྱས་ཚར་རྗེས། གཞི་ནས་ཁ་བརྡ་དྲ་བར་དྲ་འབུ་བྱེད་ཆོག་པའི་ལག་ཁྱེར་ངོ་སྤྲོད་དང་འབྲེལ་ཐོ་འགོད་བྱས་ན་ལེགས།

  33. སྤོབས་པ་མཐའ་ཡས། says:
    2013-07-16 at 8:50 pm

    ཀླུ་སྨྱོན་གྱིས་དེ་འདྲ་འབྲི་ཐུབ་ན་བཟང་། འཆར་སྣང་ནི་བདེན་པ་རྙེད་པའི་སྔོན་འགྲོ་རེད།

  34. ལུང་རྟོགས། says:
    2013-07-17 at 10:09 am

    ངས་རྩོམ་རིག་དང་སྒྱུ་རྩལ་སོགས་གང་ཡང་མི་ཤེས་མོད་དྲང་བདེན་རྩིག་སུ་འཛིན་མཁན་ཞིག་ཡིན། མི་ཞིག་གི་ལོ་རྒྱུས་འབྲི་དུས་དངོས་ཡོད་གནས་ཚུལ་འབྲི་དགོས་པ་ལས་རྫུན་མ་བྲིས་ན་མི་འགྲིག་པ་སུས་ཀྱང་ཤེས་གསལ་རེད། མཁས་དབང་ཉམ་ཆུང་ཁོང་སྐུ་འཚོ་བཞུགས་སྐབས་སུ་སྡེ་པ་གཞུང་གིས་མ་ཉེས་ཁ་གཡོག་གིས་བཙོན་འཇུག་མནར་གཅོད་བཏང་ཡོད། ད་ལྟ་ཁོང་ཕྱི་མའི་ཡུལ་དུ་བཞུད་ཟིན་ཡང་བོད་ཀྱི་རྩོམ་པ་པོ་ཡིན་ཟེར་མཁན་ཚོས་ལོ་རྒྱུས་རྫུན་མ་བྲིས་ནས་ཁོང་གི་རྣམ་ཤེས་ལ་མནར་གཅོད་བཏང་ན་ག་ལ་འགྲིག

  35. ཀརྡོ་གཉེར་ཕྱག་པ་ says:
    2013-07-20 at 2:23 pm

    ༥༽ ཀླུ་སྨྱོན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ གི་ཆུ་ཚོད་ ༡༨ སྐར་མ་ ༡༥
    གཉིས་ཀ་ཡིན། དཔེར་ན་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་བཞིན། གསུངས་དགོས་དོན་གང་ཡིན་ནམ། རྒྱལ་དབང་ཚང་དབྱངས་རྒྱ་མཚོའི་རྣམ་ཐར་ནང་མང་པོ་ཅིག་བཅོས་སྒྲུང་ཡིན་པར་འདོད་དམ། ཀླུ་སྨྱོན་ལགས། ངས་སེང་གེ་དཀར་མོ་སྐོར་ལ་བསམ་ནས་བསམས་ནས་དྲི་བ་འདི་ཕུལ་དགོས་བྱུང་སོང་བས་ལན་ཅིག་ཀྱང་རེ་ནས་བསྒུག་བསྡད་རྒྱུ་ཡིན་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme