Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་བཤེས་ཤིག་གི་བཀའ་མོལ་ལས་འཕྲོས་པ།

Posted on 2021-12-02 By ཁ་བརྡ No Comments on དགེ་བཤེས་ཤིག་གི་བཀའ་མོལ་ལས་འཕྲོས་པ།

རྫ་ཚེ་རིང་བཀྲ་ཤིས།

སངས་རྒྱས་ལ་ཕྱག་འཚལ་ལོ། དེ་ཡང་ངས་ཉིན་འགའི་ཡར་སྔོན་ཞིག་ལ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་ནང་མི་གྲོངས་པའི་སྐབས་སུ་ནང་མིས་ཆོས་བྱེད་པའི་ཆེད་དུ་འགྲོ་སོང་ཆེན་པོ་གཏོང་དགོས་པ་དེ་ལམ་སྲོལ་ལྟ་བུ་ཞིག་ཏུ་འགྱུར་མི་རུང་བ་དང་། ཁྱད་པར་དུ་དབུལ་པོ་ཚོ་ལ་གནོན་ཤུགས་སུ་མ་གྱུར་པ་ཞིག་དགོས་པ། དེ་ལས་ལྡོག་ན་མཇུག་འབྲས་མི་ལེགས་པ་ཡོང་གིན་ཡོད་པ། དེ་བཞིན་མོ་བཏབ་པའི་རིམ་འགྲོ་སོགས་ཀྱང་ཡོན་བདག་གི་འབྱོར་ཚོད་དང་བསྟུན་ཤེས་དགོས་པ་གལ་ཆེ་བ་བཅས་ཀྱི་ཐད་ལ་བཀའ་མོལ་གནང་བའི་བརྙན་ཞིག་མཇལ་བྱུང་།

ལར་ཁོང་ནི་གནའ་དེང་གི་ཤེས་ཡོན་ཟུང་དུ་འབྲེལ་བ་དང་། སྤྱི་ཚོགས་ཀྱི་གནས་བབ་མཁྱེན་མཁན་ཞིག་རེད་འདུག །ཐེངས་གཅིག་གཉིས་རེར་མཛད་སྒོ་དེ་འདྲའི་ཐོག་ནས་མཇལ་མྱོང་བ་ཙམ་ལས་སྒེར་ངོས་ནས་ཆ་རྒྱུས་གང་ཡང་མེད་ན་ཡང་། བཀའ་མོལ་འདི་ནི་ཡང་དག་དང་། དུས་སུ་བབས་པ་ཞིག་རེད་སྙམ། བོད་ནང་གི་ས་ཁུལ་འགའ་རེ་དང་། ཧི་མ་ལ་ཡའི་རི་ཁུལ་འགའ་རེ་ན་གནད་དོན་འདི་ཡོད་པ་དངོས་ཡོད་རེད། འབྲས་ལྗོངས་ཀྱི་གནད་དོན་འདིའི་སྐོར་ངས་ཀྱང་དད་མོས་ཀྱི་བཙན་འཛུལ་ནི་ཉེན་ཁ་ཡིན་ཞེས་པའི་ཡི་གེར་ཆེད་དུ་གླེང་སློང་བྱེད་མྱོང་།

དགེ་བཤེས་ཁོང་གི་སྐད་ཆ་དེ། ནང་མི་ན་ཚ་ཤི་ཆད་ཀྱི་སྐབས་སུ་འདོན་པ་འདོན་མཁན་དང་། རིམ་གྲོ་བྱེད་པ་ཚང་མ་མ་འགྲིགས་པ་དང་རྨོངས་དད་ཡིན་པར་བཤད་ཀྱི་མི་འདུག དེ་ལྟར་ཤོད་ཐབས་ཀྱང་མེད། སྤྱིར་ཐེག་ཆེན་དང་། ཁྱད་པར་བོད་བརྒྱུད་ནང་པའི་རྗེས་འཇུག་ཅིག་ཡིན་ཕྱིན། བཤིན་པོ་གྲོངས་པའི་སྐབས་སུ་དགེ་བ་བྱས་པའི་ཕན་ཡོན་གསར་མའི་མི་འཁྲུགས་པ་དང་འབྲེལ་བའི་ཆོས་སྐོར་དང་། རྙིང་མའི་བར་དོ་ཐོས་གྲོལ་སོགས་ལས་ཧ་ཅང་ཟབ་རྒྱས་སུ་གསུངས།

བྱང་ཆུབ་ལམ་རིམ་ཆེན་མོ་ལས་ཀྱང་། ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སོ་འགྲོ། །ཞེས་དང་། མཉན་ན་ཚིག་མི་ཟིན།  བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན། ཞེས་སྐྱབས་ཡུལ་དཀོན་མཆོག་གི་མཐུ་ལ་རྟེན་པ་དེ་ཚོགས་བསགས་སྒྲིབ་སྦྱོང་གི་གནད་འགག་ཆེན་པོ་ཡིན་པར་གསུངས་ཡོད། དེ་བཞིན། མི་སྐྱོ་བོ་ལ་རོགས་པ་བྱས་ནས་ནང་པའི་ཆོས་ལ་ཡིད་ཆེས་དང་དད་གུས་མུ་མཐུད་སྲུང་སྐྱོབས་དགོས་པར་གསུངས་པ་དེ་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་བྱེད་སྟངས་དང་དེང་སང་གི་སྐད་ཆ་ཞིག་མ་རེད།

བསྡུ་བ་རྣམ་པ་བཞིའི་ནང་དུའང་། དང་པོ། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །ཞེས་གཞན་ལ་སྦྱིན་པས་ཕན་འདོགས་པ་དང་། གཉིས་པ། སྙན་པར་སྨྲ་བའི་གཏམ་གྱིས་ཡིད་རབ་དྲངས། །ཞེས་སྙན་པར་སྨྲ་བ་བས་ཡིད་འགུགས་པ་སྟེ། འདི་དག་ཐེག་ཆེན་གྱི་གཞུང་དུ་གཞན་དོན་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བསྟན་ཡོད།
ད་དུང་སྦྱིན་བདག་གི་ཆ་རྐྱེན་ཉམས་རྒུད་དུ་ཕྱིན་པའི་སྐབས་སུ་དགེ་འདུན་པ་སོགས་ཀྱིས་བསམ་ཤེས་དང་། འབྱོར་བ་སླར་གསོ་མ་ཡོང་བར་ཐ་ན་སྐུ་ཡོན་མི་ལེན་པ་སོགས་ཀྱི་ཐབས་ལམ་སངས་རྒྱས་རང་གིས་ལག་བསྟར་གནང་བ་དེ་སྦྱིན་བདག་སེངྒེ་དང་འབྲེལ་བའི་བྱུང་བ་ལས་ཤིན་ཏུ་གསལ།

དེང་སང་ཡེ་ཤུ་པ་རྣམས་ཀྱིས་ཐབས་ལམ་འདྲ་མིན་གྱིས་ནང་པ་དག་ཡེ་ཤུར་བསྒྱུར་བཞིན་པའི་སྐབས་སུ། ཁོ་ཚོའི་ལས་ཀའི་གྲོགས་སུ་འགྱུར་བའི་ལས་ཀ་བྱེད་མི་འོས་པ་ནི་དེ་བས་ཀྱང་གལ་ཆེན་ཡིན། དེང་སང་བོད་བརྒྱུད་ནང་བསྟན་གསར་དུ་དར་ས་དག་ཀྱང་འབྱོར་འབྲིང་དང་འབྱོར་ལྡན་གྱི་སྤྱི་ཚོགས་ཉི་ཚ་བ་ཙམ་ལས། གྲོང་གསེབ་དང་ཡུལ་ལུང་སྐྱོ་བོ་སོགས་ལ་ཡེ་དར་གྱི་མེད། ཡེ་ཤུ་བ་ནི་དེ་ལས་ལྡོག་སྟེ་ས་ཆ་སྐྱོ་བོ་དག་ལ་ཡོངས་སུ་ཁྱབ་བཞིན་པའང་ཁོང་དག་གི་འཚོ་བ་དང་བར་ཐག་ཉེ་བའི་ཐབས་ལམ་ཞིག་ལག་ལེན་དུ་བསྟར་བས་རེད། ང་ཚོས་གཞན་གྱི་ས་ནས་ཚུར་ལེན་པ་རང་ཡིན་ཤག་ཤག་བྱས་ནས་འགྲོ་བ་འདིའི་ཐད་དུ། ཡུལ་དུས་གནས་སྐབས་དང་མཐུན་པའི་དགོངས་པ་བཞེས་སྟངས་རེ་དགོས་ཚུལ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་ཡང་དང་ཡང་དུ་གསུངས་ཡོད།

དགེ་བཤེས་ཁོང་གིས་འབྲས་ལྗོངས་དང་སོག་ཡུལ་སོགས་ཀྱི་གནས་སྟངས་དངོས་སུ་དཔེ་མཚོན་ལ་བཀོད་པ་འདིས། བཀའ་མོལ་འདིའི་ཁ་ཕྱོགས་དང་ནང་དོན་གྱི་གོ་བ་ལེན་ཕྱོགས་ཁ་གསལ་བཟོས་ཡོད། དེ་མིན་གྲོང་ཆོག་དང་མོ་རྩིས་སོགས་རང་ལྡོག་ནས་འདོར་དགོས་པ་དེ་ཁོང་གི་སྐད་ཆའི་དོན་མ་རེད། མ་མཐར་ཡང་ངའི་གོ་སྟངས་དེ་ལྟར་ཡིན། ད་ཐེངས་དྲ་ཐོག་ཏུ་བཀྲམ་པའི་ཁོང་གི་བཀའ་མོལ་འདི་ལ་དགའ་མོས་ཞུ་མཁན་མང་ཙམ་བྱུང་འདུག །དེ་དང་མཉམ་དུ་ཁོང་གི་སྐད་ཆ་ལ་གོ་བ་གཞན་ལེན་མཁན་ཡང་རིགས་གཉིས་ཙམ་ཡོང་གིན་འདུག །ངས་བལྟས་ན་དེ་གཉི་ཀ་ནོར་བ་རེད།

གཅིག༽འགའ་ཞིག་གིས་དགེ་བཤེས་ཁོང་གིས་སྲོལ་རྒྱུན་གྱི་གྲོང་ཆོག་དང་འདོན་པ། མོ་འདེབས་པ་སོགས་དགག་གིན་འདུག །དེ་ཡག་པོ་མ་རེད། ཁྱད་པར་དུ་མི་ཤི་བའི་སྐབས་སུ་གཤིན་ཆོག་འདོན་པ་དང་བདུན་ཚིགས་བསྔོ་བ་སོགས་མི་དགོས་པ་དང་དོན་དག་མེད་པར་བཤད་འདུག་ཟེར། དེ་བདེན་པ་མ་རེད། ཤི་བའི་རྗེས་སུ་ཆོས་བྱེད་པ་ལས་ད་ལྟ་རང་གིས་ཆོས་སྒྲུབ་པ་དེ་གལ་ཆེ་བར་རྫ་དཔལ་སྤྲུལ་གྱིས་ཀྱང་། མི་ཚོས་ཤི་ཟིན་པའི་སྐབས་སུ་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ཞེས་ཟེར་གྱི་འདུག་སྟེ། ཡར་འགྲོ་མར་འགྲོའི་ས་མཚམས་དངོས་དེ་སྐྱེ་བ་ད་རེས་ཀྱི་ལུས་རྟེན་འདི་རང་རེད་ཅེས་གསུངས་ཡོད། གང་ལྟར་མི་ཤི་རྗེས་གྲོང་ཆོག་པ་བོས་ནས་འདོན་པ་འདོན་མི་དགོས་ཞེས་པའི་དོན་དུ་གོ་བ་ལེན་མི་རུང་།

ཁོང་གིས་ད་དུང་ཁ་སྣོན་བརྒྱབ་ནས། མོ་འདེབས་པ་དང་། རིམ་འགྲོ་བསྒྲུབས་ན་ཆོག་མོད། ཚད་ཅིག་དགོས་ཀྱི་འདུག་ཅེས་ཁ་གསལ་གཏིང་གསལ་གྱིས་གསུངས་འདུག་པའང་དེ་རེད། ད་དུང་ཁོང་གིས་མོ་བཏབ་ནས་རིམ་གྲོ་འཇོག་སྐབས་ཀྱང་ཕ་རོལ་གྱི་མཁོས་ཀ་ལ་བསམ་ཤེས་དགོས་པ་ནན་བརྗོད་བྱས་འདུག ། རིམ་གྲོས་ཡོད་ཚད་ཐག་གཅོད་མི་ཐུབ་པ་དངོས་ཡོད་ཡིན་ཙང་། ཁྱིམ་ཚང་གི་གནས་བབས་སོགས་ལ་བསམ་བློ་གཏོང་ལོས་དགོས། ཆེ་དཀོན་མཆོག་གི་ཞིང་ས་ལ་ག་ཚད་ཕུལ་ཡང་ཆེ་རྒྱུ་མེད་པ་དང་། ཆུང་ཡོན་བདག་གིས་འབྱོར་ཚད་ཀྱིས་ཆུང་ཆུང་ཞིག་ཕུལ་ཡང་ཚོགས་རྫོགས་ཐུབ་པ་འདི་སངས་རྒྱས་ཀྱི་གསུང་གི་ཁྱད་ཆོས་ཤིག་རེད། དགོན་པ་དང་དགེ་འདུན་པས་རང་འགུལ་གྱིས་འབྱོར་བ་ཞན་པའི་ནང་པའི་དད་འབངས་དག་ལ་དུར་འཇུག་དང་། གནས་ལུང་། འཕོ་བ་སོགས་ཆོས་ཀྱི་སྦྱིན་པ་དགོས་པ་རེད། སྤྱིར་ནང་པའི་མི་ཚང་ཞིག་གི་ངོས་ནས་དེ་ལས་ཕན་ཐོགས་ཆེ་བ་ཞིག་མེད། སྡུག་ཐོག་ནས་ཆོས་སྦྱིན་བྱས་ན་དེས་བཤིན་པོར་ཕན་ཐོགས་པ་ཨ་ཅང་ཅང་། གསོན་པོ་ལའང་སེམས་གསོ་བླ་ན་མེད་པ་ཞིག་ཏུ་འགྱུར་བ་ཡིན། མདོར་ན། གྲོང་ཆོག་འདོན་དགོས། མོ་འདེབས་དགོས། གྲོང་ཆོག་པ་ཧ་ཅང་གལ་ཆེན་རེད། ཡིན་ན་ཡང་། གྲོང་ཆོག་འདོན་མཁན་དེ་དེང་སང་གི་སྨན་པ་དེ་ཚོ་ནང་བཞིན་མ་ཆགས་པ་ཞིག་དགོས།

གཉིས་པ།༽ ཡང་འགའ་ཞིག་གིས། དགེ་བཤེས་ཁོང་གི་བཤད་པ་བདེན་པ་རེད། རྨོངས་དད་འདྲེས་པའི་མོ་རྩིས་དང་ཆོ་ག་རིགས་འདོར་དགོས་ཟེར་མཁན་འདུག །ཁོང་ཚོས་རྨོངས་དད་འདྲེས་ཟེར་བ་དེ་ཡང་། ཧ་ལམ་སྤྱིར་བཏང་གི་འདོན་པ་འདོན་རྒྱུ་དང་། མོ་འདེབས་རྒྱུ། གྲྭ་པ་བླ་མ་ཁྱིམ་ལ་གདན་དྲངས་ནས་གཤིན་གསོན་གྱི་ཆེད་དུ་རིམ་གྲོ་བཏོན་ནས་ཕན་ཐོགས་ཡོང་རེ་བྱེད་པ་ཚང་མ་རྨོངས་དད་ལ་རྩི་གྲབས་བྱེད་ཀྱི་འདུག །དེ་ནི་རྦད་དེ་ནོར་བ་རེད། ཆོ་ག་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། གྲོང་ཆོག་ནི་སློབ་གསོ་ཞིག་རེད། རིག་གནས་ཤིག་རེད། རིག་གཞུང་ཞིག་རེད། གཞི་རིམ་ལ་དགོས་མཁོ་ཡོད་པའི་གསོན་པོའི་རིམ་གྲོ་ཤི་བོའི་བསྔོ་སྨོན་འདི་དག་ཧ་ཅང་ཧ་ཅང་གིས་གལ་ཆེ། འདི་དག་ངེས་པར་དུ་གང་ནུས་ཀྱིས་བསྒྲུབ་དགོས་པ་ཞིག་ཡིན་མོད། མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས།

མཐར་སྡོམ་བརྒྱབ་ནས་ཞུས་ན། བོད་ནང་དུ་རིམ་གྲོ་དང་འདོན་པ་སོགས་ཀྱི་ཆེད་ཁྱིམ་ཚང་གི་འབྱོར་ཚད་ལས་བརྒལ་བ་དང་། ན་བའི་སྐབས་སུའང་སྨན་བཅོས་སོགས་མི་བྱེད་པར་རིམ་གྲོ་ཁོ་ནར་བློས་བཀལ་ནས་འདུག་པ་འདི་མང་ཙམ་ཡོང་གིན་ཡོད་པ་འདྲ། ཡང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་མང་པོས་ཆོ་ག་སོགས་སྲོལ་རྒྱུན་གྱི་ཆོས་དང་རིག་གནས་ལ་སྣང་མེད་བྱེད་རྒྱུ་མང་དྲགས་ཡོད། སྤྱིར་བཏང་གི་ཆོས་དང་འབྲེལ་བའི་ཡུལ་སྲོལ་དང་རིག་གནས་འདི་དག་ཀྱང་འཚོ་བའི་ནང་ནས་ཡལ་བཞིན་ཡོད། འདི་གཉིས་ཆ་ཐལ་མཐའ་ཡིན། དེས་ན། སྦྱིན་བདག་གི་ངོས་ནས་རང་གི་རྒྱུ་འབྱོར་བ་དང་བསྟུན་ནས་གྲོང་ཆོག་དང་རིམ་གྲོ་གང་ནུས་བསྒྲུབ་རྒྱུ་དང་། བླ་མ་གྲྭ་པ་དག་གི་ངོས་ནས་ཉམ་ཐག་དང་དཀའ་ངལ་ཡོད་པ། ནང་ཆོས་ཀྱི་རྨང་གཞིའི་གོ་རྟོགས་ཞན་པ་སོགས་ཀྱི་གནས་སྟངས་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་དགོས། བྱམས་དང་སྙིང་རྗེའི་དམའ་གཟིགས་ཟེར་བ་ལྟར་མི་མང་ལ་ཆོས་ཀྱི་འཚོ་བ་ཡོད་པ་དང་། ཆོས་ཀྱི་འཚོ་བ་དེ་མི་མང་གི་ཁུར་བོར་ཡང་མ་སོང་བ་སྟེ། མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས།

སྤྱིར་དེང་སང་ནི། ཐ་ན་གྲྭ་ཆས་གྱོན་མཁན་དག་གི་ནང་དུའང་མཆོག་གསུམ་དང་ལས་འབྲས་ལ་དགག་པ་རྒྱག་མཁན་ཡོང་གིན་ཡོད་པའི་དུས་ཚོད་ཅིག་ཡིན་པས། དགེ་བཤེས་ཁོང་གིས་གྲོང་ཆོག་སོགས་ལ་རྨོངས་དད་རེད་ཅེས་དགག་གིན་ཡོད་ན་ནི་ངས་དེར་གསལ་བཤད་དགོས་དོན་མེད་ལ་བྱེད་ཡང་མི་སྲིད་མོད། ང་རང་གི་གོ་བ་ལེན་སྟངས་ལ་ཁོང་གི་བཀའ་མོལ་དེ་ཁྱོན་ཡོངས་ཀྱི་གནས་སྟངས་གཟིགས་པ་དང་། བཀའ་མོལ་ཡང་མཐའ་གཉིས་སུ་ལྷུང་བ་ཞིག་གནང་འདུག་སྙམ་ནས་འཕྲོས་དོན་ལྟ་བུའི་བསམ་ཚུལ་འདི་འདྲ་ཞིག་འཕྲལ་བྲིས་པ་ཡིན། རྫོགས་སོ།།

བསམ་ཚུལ།

Post navigation

Previous Post: འདི་ལྟར་བྲིས་ན་དགེ་ཕན་འདུག་གམ་མི་འདུག
Next Post: ཤཱཀྱའི་ཆོས་སྨྲ་བ་ཞིག་གི་མི་ཚེ་བསྐྱལ་ཚུལ་མདོར་བསྡུས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme