Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་བཤེས་ལྷ་རམས་པས་ཟླ་སྒྲོན་ཤར་གླིང་ལ་བརྐྱང་ཕྱག་འཚལ་བ།

Posted on 2018-12-272018-12-27 By ཁ་བརྡ 11 Comments on དགེ་བཤེས་ལྷ་རམས་པས་ཟླ་སྒྲོན་ཤར་གླིང་ལ་བརྐྱང་ཕྱག་འཚལ་བ།

ཁང་གསར་འོག་པ།
 
དེང་སང་གངས་ཅན་སྐྱིད་གཤོང་གི་ཁོར་ཡུག་ནང་སྐད་ཆ་སྙན་པོ་ཞིག་གོ་རྒྱུ་ཡོད་པ་ནི་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཞིག་གིས་ཉེ་ཆར་རྩ་དགོངས་ཞུས་ཟིན་པའི་དྲིལ་བསྒྲགས་དྲུང་ཆེ་མཚན་མཉམ་ཞིག་ལ་བརྐྱང་ཕྱག་འཚལ་བ་རེད་ཟེར་བའི་སྐད་ཆ་དེ་རེད། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཞིག་གི་ངོས་ནས་བཤད་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང། ཡང་སྒོས་སུ་རི་བོ་དགེ་ལུགས་པའི་བསྟན་པའི་དོན་དུ་མཆོག་དམན་སུ་ལ་ཕྱག་འཚལ་ནའང་དེ་ནི་འོས་ཤིང་འཚམས་པ་ཞིག་དང་། སྤོབས་པ་བྱེད་དགོས་པ་ཞིག་ཅིས་མ་ཡིན། ཡིན་ནའང་དེ་རིང་ཁོང་གིས་སྒོ་གསུམ་གུས་པ་ཆེན་པོས་འཚལ་བའི་བརྐྱང་ཕྱག་དེ་ནི་སྤྱིར་སངས་རྒྱས་བསྟན་པ་དང་། སྒོས་རི་བོ་དགེ་ལུགས་པའི་བསྟན་པའི་དོན་དུ་མ་ཡིན་པར་དེ་རིང་སང་ཉིན་འགྲོ་བཞིན་པའི་ཁ་མཆུ་ཨང་ ༢༠ པའི་ཆེད་དུ་རེད་ཟེར། འདི་ལྟར་གོ་སྐབས་མི་མང་པོ་ཞིག་ཡ་མཚན་སྐྱེས་ཏེ་ཨ་མཆུ་ཨང་ ༢༠ པ་དང་དགེ་ལུགས་སྤྱི་འཐུས་བར་འབྲེལ་བ་གང་ཞིག་ཡོད་དམ་མཉམ་སྲིད་པ་རེད། ཨ་མཆུ་ཨང་ ༢༠ པའི་ཐོག་མའི་འབྱུང་ཁུངས་ནི་དགེ་ལུགས་སྤྱི་འཐུས་ལྷ་རམས་པ་ཁོང་དང་ཤར་གླིང་ཟླ་སྒྲོན་གཉིས་ནས་འགོ་ཚུགས་པ་རེད།

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་དགོས་ཀྱི་གསལ་བཤད་དོན་ཚན་བཅུ་ཅན་ཞིག་གནང་ཡོད་པའི་ནང་གསེས་དོན་ཚན་ ༩ དང་གོང་གསལ་བརྐྱང་ཕྱག་འཚལ་མཁན་དང་འཚལ་ཡུལ་གཉིས་ཀ་འབྲེལ་བ་ཡོད། དེ་ཡང་དོན་ཚན་དགུ་པའི་ནང་འཁོད་ “བསྐོ་གཞག་ཟིན་པའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་རྒྱལ་སྤྱིའི་འབྲེལ་མཐུད་ཀྱི་གཞུང་འབྲེལ་ཟབ་སྦྱོང་སྐབས་བཀའ་བློན་འོས་མི་བུད་མེད་ཅིག་ལ་ཁྱེད་རང་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱས་ན་ཁྱེད་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཡོད་པ་སོགས་ཚོུད་ ༤ ཙམ་རིང་སྲིད་སྐྱོང་ལ་དམའ་འབེབས་སྣ་ཚོགས་བྱས་ཏེ་ཁོ་མོའི་བློ་སྣ་འགྱུར་ཐབས་ངན་བསླབ་སྣ་ཚོགས་བྱས་ཡོད་པ་མ་ཟད།” ཅེས་པའི་སྐད་ཆ་དེ་ཐོག་མར་ཟླ་སྒྲོན་ཤར་གླིང་གིས་རང་གི་སྙིང་ཉེ་བའི་གྲོགས་པོ་དགེ་བཤེས་ལྷ་རམས་པར་བཤད་པ་དང་། དགེ་བཤེས་ལྷ་རམས་པས་དངོས་གྲུབ་ཆེན་པོ་ཞིག་རག་མདོག་གིས་རང་གི་ཕ་ཡུལ་གཅིག་པ་སྲིད་སྐྱོང་ལ་ལན་ཕུལ་བ་ཡིན་འདུག སྲིད་སྐྱོང་ནས་ལམ་སེང་དོན་གཅོད་འཕོ་འགྱུར་གྱི་གསལ་བཤད་དོན་ཚན་ ༨ ནང་གསལ་བ་བཞིན། སྲིད་སྐྱོང་བློ་བཟང་སེང་གེ་དང་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་གཉིས་སྦེལ་ལྗམ་རྒྱལ་ས་སྦར་སིལ་དུ་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུའི་སྐབས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་པའི་ཐོག་ཤོད་རེས་མང་པོ་ཐུག་པའི་སྙིང་ནད་སངས་ཆེད་དུ་བེད་སྤྱོད་བཏང་ཡོད་པ་རེད།
དོན་གཅོད་ཟུར་པ་སྤེན་ཚེས་བཀའ་ཤག་ནས་དོན་གཅོད་འཕོ་འགྱུར་གནང་བར་བཤད་རྒྱུ་གང་ཡང་མེད་ཀྱང་། འཕོ་འགྱུར་གཏོང་དགོས་ཀྱི་རྒྱུ་མཚན་དོན་ཚན་བཅུ་པོ་དེ་མ་ཉེས་ཁ་ཡོག་ཡིན་པ་ཆེས་མཐོའི་ཁྲིམ་ཞིབ་ཁང་ལ་ཁ་མཆུ་བཙུགས་ཤིང་། ཁྲིམས་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམ་ཁང་གི་ཁ་མཆུ་ཨང་ ༢༠ པར་ངོས་བཞེས་གནང་ཡོད་པ་རེད། ཞུ་སྦྱོར་བ་སྤེན་ཚེའི་ཁ་མཆུར་རྩོད་ལེན་པ་སྲིད་སྐྱོང་ནས་དག་ཕུད་བྱེད་དགོས་ཀྱང་། དོན་ཚན་རེ་རེ་བཞིན་རྩོད་ལེན་དག་ཕུད་ཀྱི་དཔང་རྟགས་ཚད་ལྡན་གཞི་ནས་གྲ་སྒྲིག་བྱེད་རྒྱུར་སོང་ཁ་མཆུ་ཕྱིར་འགྱངས་དུས་རིམ་གཉིས་སོང་བ་དང་། དེ་རྗེས་ཁྲིམས་ཞིབ་ཁང་གི་བརྡ་དེད་བཞིན་དག་ཕུད་ཀྱི་ལན་འདེབས་གནང་བ་རྣམས་བཅའ་ཁྲིམས་རིན་པོ་ཆེའི་ནང་ཡོད་པའི་༸གོང་ས་མཆོག་གི་སྐུ་དབང་ལ་ཁག་འདོགས་ཡར་དཀྲི་བྱས་པ་ལས་དོན་གྱི་དཔང་རྟགས་བསྟན་རྒྱུ་མེད་འདྲའི་རྣམ་པ་ཐོན་པས་བྱ་ཐབས་མེད་པར་གྱུར་པ་རེད། སྤྱི་ཚོགས་ནང་ཁ་མཆུ་ཨང་ ༢༠ པའི་སྐོར་ཁྲིམས་ཁང་ནས་རྩོད་ལེན་པར་བཏང་བའི་ཡི་གེ་ཕྱི་གྱར་གྱིས་མང་ཚོགས་ནང་ཁ་མཆུའི་གནས་བབས་ཁ་གསལ་བྱུང་བས་སྐད་ཆ་ལབ་གླིང་མང་པོར་གྱུར་པ་རེད།

སྲིད་སྐྱོང་གིས་ཟླ་སྒྲོན་ཤར་གླིང་ལ་དོན་ཚན་ ༩ པའི་དཔང་མིར་ཡོང་དགོས་ཀྱི་ཚ་འདེད་ཐེངས་མང་བྱས་ཀྱང་ཟླ་སྒྲོན་གྱིས་རང་གི་མ་འོངས་པའི་གཟུགས་བརྙན་ཆེད་བེད་སྤྱོད་ཐེངས་གཉིས་པ་གཏང་རྒྱུར་འདོད་པ་མ་བྱས་པར་གཡོལ་གང་ཐུབ་བྱེད་ཀྱི་ཡོད་འདུག དེའི་བར་ཟླ་སྒྲོན་དང་སྲིད་སྐྱོང་གཉིས་ཀྱི་འབྲེལ་བར་གས་ཆག་ཤོར་བའི་གནས་ཚུལ་མང་པོ་ཐོན་པས་ཟླ་སྒྲོན་གྱིས་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བ་རེད། རྣམ་འགྱུར་འདིས་སྲིད་སྐྱོང་ལ་འཕོག་ཐུག་ཆེན་པོ་བྱུང་བ་མ་ཟད། སྤྱི་ཚོགས་ཐོག་ལབ་གླེང་གསར་པ་ཞིག་ཐོན་པར་དངངས་སྐྲག་ཀྱང་ལང་གི་ཡོད་ཚོད། ཡིན་ནའང་མཐར་ཟླ་སྒྲོན་རྩ་དགོངས་ཕྱིན་པ་དེ་ཟློག་ཐུབ་མེད་པ་རེད། སྲིད་སྐྱོང་གིས་འཇམ་རྩུབ་ཐབས་ཤེས་གང་དྲག་གི་ཐོག་ནས་ཟླ་སྒྲོན་ཁྲིམས་ཁང་གི་དཔང་མིར་འགུགས་ཐབས་བྱེད་ཀྱི་ཡོད་ཀྱང་ཐབས་ཤེས་མེད་པ་ཤེས་སྐབས་དགེ་བཤེས་ལྷ་རམས་པ་དང་ཟླ་སྒྲོན་ཤར་གླིང་གི་དམིགས་བསལ་འབྲེལ་བ་ཡང་བསྐྱར་བེད་སྤྱོད་བཏང་སྟེ་ཟླ་སྒྲོན་མ་ཐོན་གོང་མ་མཐར་ཡང་ཁྲིམས་ལ་འཁྱེར་རྒྱུ་ཡོད་པའི་ཡི་གེ་ཞིག་རག་ཐབས་བྱེད་དགོས་པའི་བཀའ་བཏང་ཡོད་འདུག དགེ་བཤེས་ལྷ་རམས་པས་ཟླ་སྒྲོན་དང་ཕེབས་སྐྱེལ་འཛོམས་དུས་མང་པོ་བཟོས་ཏེ་མདོ་རྒྱུད་ཀྱི་གཞུང་ལུགས་གང་དུ་ཡང་མ་གསལ་བའི་ཁ་མཁས་ཚིག་སྙན་ངོ་སྲུང་གི་སྐད་ཆ་དང་རྣམ་འགྱུར་མང་པོ་བསྟན་ཏེ་བརྐྱང་ཕྱག་སྐུམ་ཕྱག་འཚལ་ནས་ཡི་གེ་ཞིག་རག་ཐབས་མང་པོ་བྱས་མཐར་ཟླ་སྒྲོན་གྱི་ལག་ནས་ཡི་གེ་ཞིག་རག་ཡོད་འདུག ཟླ་སྒྲོན་ཤར་གླིང་ཟེར་བའི་བུད་མེད་དེ་ནི་དངོས་གནས་རང་ཚུགས་ཟེར་བ་རྩ་བ་ནས་མེད་པ་ཞིག་ཡིན་འདུག་པས་མོས་ཡི་གེ་དེ་སྤྲད་ཚར་རྗེས་རང་གི་བློ་ཉེ་བའི་འབྲེལ་ཡོད་མང་པོའི་མདུན་དུ་ངུས་ཏེ་ངས་མཐར་དེ་འདྲ་ཞིག་བྱེད་དགོས་བྱུང་སོང་ཟེར་ནས་བཤད་འདུག ཡིད་སྐྱོ་བ་ཞིག་ལ་ཟླ་སྒྲོན་ཤར་གླིང་ཟེར་བའི་བུད་མེད་དེས་རང་ཉིད་བཙན་བྱོལ་བོད་མིའི་མཐོ་རིམ་རྐུབ་སྟེགས་སྟེང་ནས་ཇི་ལྟར་ལྷུང་མེད་ཤེས་ཀྱི་ཨེ་ཡོད། ཁོ་མོར་དེ་སྔོན་སྤེན་པ་ཚེ་རིང་གིས་ “ཁྱེད་རང་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱས་ན་ཁྱེད་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཡོད་” ཅེས་ལུང་བསྟན་བརྒྱབ་པ་དེ་དངོས་ནས་མོའི་མི་ཚེའི་ནང་མངོན་འགྱུར་བྱུང་སོང་།།

བསམ་ཚུལ།

Post navigation

Previous Post: ༄༄།།གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེའི་ཞབས་དྲུང་ནས་སྔ་འགྱུར་ཡབ་ཆོས་སྙིང་ཐིག་ཡ་བཞིའི་དབང་ལུང་ཟབ་མོ་ཞུས་པའི་གཏམ་སྙན་རིག་འཛིན་ངག་གི་མཆོད་ཕྲེང་།
Next Post: དྲང་ངེས་བགྲོ་གླེང་ལས་འཕྲོས་པའི་གཏམ།

Comments (11) on “དགེ་བཤེས་ལྷ་རམས་པས་ཟླ་སྒྲོན་ཤར་གླིང་ལ་བརྐྱང་ཕྱག་འཚལ་བ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-27 at 11:03 pm

    ཧཧཧ་ད་ཁྲོམས་བསྟན་ཡོང་གི་འདའ།

  2. jigwang Abhar says:
    2018-12-28 at 12:23 am

    ༄༅། དགེ་བཤེས་ལྷ་རབས་པས་རྐྱང་ཕྱག་འཚལ་བ་ཞེས་པའི་ངན་གཏམ་འདི་དངོས་
    བདེན་གང་ཡིན་གཞུང་འབྲེལ་ཐོག་ནས་ར་འཕྲོད་གསལ་བསྒྲགས་བྱེད་དགོས་པ་ཡིན་།
    དེ་མིན་རྒྱལ་རབས་ལོ་རྒྱུས་ནང་སྔོན་བྱུང་མ་མྱོང་བ་དུས་རབྶ་ཉེར་གཅིག་ནང་ཐོན་པ་
    ཞབས་འདྲེན་མ་ཡིན་ནམ།

  3. ཇོ་སྲས་ངག་དབང་། says:
    2018-12-28 at 5:33 am

    སྲིད་སྐྱོངགིས་ཁག་འདོགས་ཡར་དཀྲི་བྱས་པ་ལས་དོན་གྱི་དཔང་རྟགས་བསྟན་རྒྱུ་མེད་འདྲའི་རྣམ་པ་ཐོན་པས་བྱ་ཐབས་མེད་པར་གྱུར་པ་དང་། ཨ་ཀྲུག་ཚེ་བརྟན་གྱིས་ཤར་གླིང་ཟླ་སྒྲོན་ལ་ཕྱག་འཚལ་བའི་གཏམ་རྒྱུད་རིང་མོ་མི་ཚེ་ལས་རིང་བ་ཆགས་པ་དང་།
    སྲིད་སྐྱོང་གིས་ཟླ་སྒྲོན་ཤར་གླིང་ལ་དོན་ཚན་ ༩ པའི་དཔང་མིར་ཡོང་དགོས་ཀྱི་ཚ་འདེད་ཐེངས་མང་བྱས་ཀྱང་ཟླ་སྒྲོན་གྱིས་རང་གི་མ་འོངས་པའི་གཟུགས་བརྙན་ཆེད་བེད་སྤྱོད་ཐེངས་གཉིས་པ་གཏང་རྒྱུར་འདོད་པ་མ་བྱས་པར་གཡོལ་གང་ཐུབ་བྱེད་ཀྱི་ཡོད་འདུག དེའི་བར་ཟླ་སྒྲོན་དང་སྲིད་སྐྱོང་གཉིས་ཀྱི་འབྲེལ་བར་གས་ཆག་ཤོར་བའི་གནས་ཚུལ་མང་པོ་ཐོན་པས་ཟླ་སྒྲོན་གྱིས་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བ་རེད། རྣམ་འགྱུར་འདིས་སྲིད་སྐྱོང་ལ་འཕོག་ཐུག་ཆེན་པོ་བྱུང་བ་མ་ཟད། སྤྱི་ཚོགས་ཐོག་ལབ་གླེང་གསར་པ་ཞིག་ཐོན་པར་དངངས་སྐྲག་ཀྱང་ལང་གི་ཡོད་པས་ལི་ཐང་དཔུང་བསྒྲིགས་གིས་ལས་འགུལ་བརྩམས་པ་པ་དང་། ཤར་གླིང་ཟླ་སྒྲོན་ཡང་བསྐྱར་བེད་སྤྱོད་བཏང་དེ་ཁྲིམས་ཁང་ལ་དཔང་པོར་ཡོང་དགོས་པའི་རེ་འདུན་ལ་ལམ་འགྲོ་མ་རྒྱུགས་ཚུལ་གངས་ཅན་སྐྱིད་གཤོངས་གི་ལས་བྱེད་ཀུན་གྱི་ཁ་ན་རླུང་ལྟར་གྲགས་བཞིན་པའོ།།

  4. དགོན་པ་ཚང་ དར་རྒྱས་ says:
    2018-12-29 at 2:08 pm

    ཟླ་སྒྲོན་ཟླ་སྒྲོན་ཟླ་སྒྲོན་་་་ད་དབུ་ཚོད་པ་གནང་དང་། ཁྱེད་གྲོགས་ངན་བསྟན་པ་མ་གནང་། གཏམ་ངན་ཚེ་ལས་རིང་། བློ་སང་ནི་ཅི་འདྲའི་མི་ཞིག་ཡིན་ཁྱེད་ཀྱི་ཤེས་ཚོད་ཡིན། དཔེར་ན་༧རྒྱལ་དབང་བོད་ལ་གདན་ཞུ། བོད་མི་ཡོངས་རྫོགས་གཅིག་བསྒྲིལ། རང་ཁ་རང་གསོ། གསར་སྟོད། བོད་ནང་ལ་རིགས་གཅིག་རྐང་འཛིན་འབུམ་གཅིག གཙན་བྱོལ་ནང་ལ་ཁྲི་གཅིག དེ་ལྟ་བུའི་ཧམ་པས་བོད་དང་བོད་མིའི་རྩ་དོན་རྣམས་སྡིག་པ་མིག་གཙུམ་གྱིས་རྩེད་མོ་ནང་བཞིན་བརྩེ་ནས་མགོ་བསྐོར་གཏང་ནས་རང་དོན་འབའ་ཞིག་འགྲུབ་ཐབས་བྱས། གད་སྲིད་རང་དོན་བསྒྲུབ་པར་བྱུང་ནའང་རང་ཉིད་ཀྱི་རིན་ཐང་ཡོངས་་རྫོགས་ལི་ཐང་ཨ་ཐར་ནང་བཞིན་ཆུ་ལ་བཀུར། གཏམ་ངན་མི་ཚེ་ལས་རིང་བ་བཞགས། ་མདོ་སྟོད་པ་རེ་ཟུང་ཞིག་གི་བརྒྱབ་་བསྐྱོར་ཡིན་ཁུལ་བྱེད་པ་དེ་ཚོ་ནི་དོན་དངོས་སོ་སོའི་རྐང་པ་འཐེན་མཁན་ལས་བརྒྱབ་བསྐྱོར་ནི་ག་ནས་འཕན། ་མདོ་སྟོད་པ་དེ་ཚོའི་རིགས་ནི་དུས་དང་རྣམ་པ་ཀུན་ཏུ་དཀྲོག་གཏམ་དང་ཧམ་པ་བཤད་རྒྱུར་ཤིན་ཏུ་ནས་དགའ་བས་མ་ཚད་དེ་ཚོ་ཁོང་ཚོའི་འཇོན་ཐང་ལ་བརྩི་། ཡིན་ནའི་མི་ཚང་མ་ལྐུག་པ་མིན་པས་རིམ་བཞིན་མི་དེ་ཚོའི་རང་གཟུགས་ངོ་མ་དེ་མཐོང་རྗེས་མི་དེ་ཚོ་འང་བོད་པའི་སྤྱི་ཚོགས་ནང་ཁག་པོ་ཆགས། དེ་ནས་ཁོ་ཚོས་རྒྱ་ནག་གཞུང་ལ་མགོ་གཏག་ནས་རྒྱ་མིས་ཁོ་ཚོ་དོད་རྒྱལ་བ་ནང་བཞིན་བེང་སྤྱོད་གཏང་། དུད་ཚོད་གང་ཙམ་རྗེས་རྒྱ་མིས་ཀྱང་ཁོ་ཚོར་ཡ་མ་ིབྱེད་པ་དང་མཐའ་ན་ལྐོག་གསོད་གཏོང་ངེས་རེད། ཟླ་སྒྲོན་ ཟླ་སྒ྄ོན་་་་་་་་ཁྱིད་ཀྱི་དམའ་ཐ་སར་དེ་ཚོ་ཙམས་ཤིག་ཤེས་ཀྱི་མི་འདུག་གམ? གལ་ཏེ་ཕྲན་བུ་ཞིག་ཤེས་ནས་རང་གིས་ནོར་བ་མགོ་ཚོད་ཀྱི་འདུག་ན་མི་དམངས་ལ་དགོང་དགས་ལབ། ་དགོང་དགས་ཟེ་བའི་ཚིགས་དེས་ཁྱེད་ལ་འཕན་པ་ལས་གནོད་པ་རྩ་བ་ནས་མེད། ཤ་ཚའིགཏམ་ཡིན་ཁྱེད་ད་ལྟ་ལོ་ཆུང་ཆུང་རེད་མི་ཚེ་རིང་པོ་དགོས་ན་ཕ་བཟང་བུ་མོ་དགོང་པ་བཞེས།།

  5. གྲགས་པ། says:
    2018-12-29 at 6:19 pm

    ཧཧཧ་ད་གོ་རྒྱུ་ཇེ་མང་རེད།

  6. ཇ་མ་ says:
    2018-12-29 at 10:31 pm

    ཧ་ཧ་ཉན་ཡ་འདུག

  7. ཇ་མ་ says:
    2018-12-29 at 10:44 pm

    ཆུ་ཁར་ཐོན་དུས་རྟ་ཁ་འཐེན་རྒྱུ་གང་ཡོད། ཨ་མའི་བུ་ཡིན་ན་ཁྲིམས་ཁང་ནས་དཀར་པོ་ཆགས་ན་དཀར་པོ་རང་ཡིན།

  8. ཇོ་སྲས་ངག་དབང་། says:
    2018-12-31 at 4:01 am

    མགོ་བདེ་བོ་འཁྲབས་ནས་ཞྭ་མོ་བརླགས་ཟེར་བ་ཟླ་སྒྲོན་ལ་གོ་ན་ག་འདྲ་འདུག

  9. གྲགས་པ། says:
    2018-12-31 at 4:06 am

    རྩོམ་པ་པོ་མཆོག་གིས་དགེ་བཤེས་ལྷ་རམས་པ་དེའི་མཚན་དངོས་སུ་བཏོན་ན་ཧ་ཅང་ལེགས་སྙམ།

  10. ཇོ་སྲས་ངག་དབང་། says:
    2018-12-31 at 5:17 am

    ཁོང་གི་མཚན་ལ་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ཟེར།

  11. ཆོས་དབྱིངས་བསྟན་འཛིན། says:
    2019-01-04 at 11:20 am

    ཤར་གླིང་ཟླ་སྒྲོན་ནི་སྨད་བཙོང་མ་རེད་་་་་་
    བློ་སེང་མཇེ་ལ་ནི་བདག་པོ་ཡོད་ནི་མ་རེད།
    ཨ་འབྲུག་ཚེ་བརྟན་ཙ་ཡོད་མཁན་དང་།
    དངུལ་ལ་དགའ་མཁན་ཞིག་རེད་ཡ་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme