Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགུན་དུས་ཀྱི་ཉི་འོད་དྲོན་པོ།

Posted on 2014-07-162014-07-16 By ཁ་བརྡ་ 2 Comments on དགུན་དུས་ཀྱི་ཉི་འོད་དྲོན་པོ།

འབའ་སྲས།
—-རྭ་རྒྱའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་བར་ཕུལ་བ།

“འཇིགས་མེད་”རིགས་ཞེན་གཤོག་པ་མཁའ་རུ་ལྡིང་།།
ལྷག་བསམ་དར་དཀར་”རྒྱལ་མཚན་”ཏོག་ཏུ་བཞེངས།།
གདོང་དམར་བོད་ཀྱི་ཤེད་བུ་ངོ་མ་ཁྱོད།།
ལག་ཟུང་ཁ་སྦྱོར་མཛེས་པའི་མེ་ཏོག་གཏོར།།

མི་འཇིགས་”བཛྲ”་ཤེས་རིག་སྲོག་གི་སྙིང་།།
“ཚུལ་ཁྲིམས”རབ་གཙང་འདུལ་བའི་ལུང་གི་རྒྱན།།
གཙུག་ལག་”རྒྱ་མཚོར”་བརྒལ་ལ་སྙེ་བའི་རྟེན།།
སློབ་དཔོན་གང་དེར་དད་པའི་སྤུ་ལོང་གཡོ།།

རྨོངས་པའི་མིག་”ལྡོང་”ཅན་ལ་དམིགས་ཀྱི་བུ།།
སྣ་མང་རིག་པའི་གཏེར་གྱི་”ཡོན་”འཛིན་མཁན།།
ནན་”ཏན་”བློ་ཡི་རིག་པར་བསྒྲིན་མེད་པ།།
“རྒྱ་”ཆེན་ཤེས་བྱའི་”མཚོ་”ཡི་གྲུ་བར་བཀུར།།

དེ་ཡང་ཁ་ཡག་ངོ་བསྟོད་གྲགས་པའི་ལུགས།།
རྒྱང་དུ་དོར་ཏེ་དངོས་བདེན་གཏམ་འདི་ཞུ།།
མཚན་མོ་ཉིན་མོར་བསྒྱུར་པ་མ་ཡིན་ཡང་།།
ཉིན་མོ་ཉིན་བཞིན་བྱས་པའི་ཚུལ་འདི་རྨད།།

སྨད་ཕྱོགས་རྒྱ་ཡི་འབྱོར་བས་མ་བསླུས་ཤིང་།།
སྟོད་ཕྱོགས་རྒྱ་གར་བཀའ་ཡིས་མ་བསྐུལ་བར།།
བར་མ་བོད་ཡུལ་སྲོག་གི་དར་ཆ་རུ།།
གཅེས་སེམས་རླུང་གིས་བསྒྲེངས་པའི་མཛད་པ་མཐོ།།

མདོ་སྨད་ཡུལ་གྱི་འབྲོག་པའི་རི་གསེབ་ན།།
ཤེས་རིག་འོད་ཟེར་འབྱེད་པའི་སྐར་མ་འབུམ།།
ཉི་མའི་འོད་དང་བསྡོངས་ཞེས་མགུ་བའི་གཏམ།།
ནུབ་ཕྱོགས་རྒྱལ་ཁབ་དག་ན་སྙན་པར་སྒྲོགས།།

ཟང་ཟིང་འབྱོར་བས་དཀྱིལ་འཁོར་མ་བཞེངས་ཤིང་།།
ལུང་བསྟན་བརྗིད་པོས་ཁྲི་ལ་མ་བསྐོས་ཀྱང་།།
མཁས་བཙུན་རིགས་གཅེས་མངའ་བའི་ཡོན་ཏན་གྱིས།།
ཕྱོགས་ཀྱི་རྐང་གཉིས་སེམས་ཀྱི་བརྟན་པ་འཕྲོག །

བོད་ཀྱི་མཁས་པ་མི་གསུམ་གྲགས་པ་ཡིས།།
བསྟན་པ་སླར་ཡང་མདོ་ཁམས་སྨད་ནས་གསོས།།
དེ་ལྟར་བོད་ཀྱི་ཤེས་རིག་གསོན་པའི་ཤུགས།།
རྭ་རྒྱའི་ཡུལ་ནས་བསྐྱེད་པའི་ཚུལ་འདི་འདྲ།།

མཚམས་སྤྲིན་དམར་བའི་བླ་གོས་སྐུ་ན་མཛེས།།
ཤེས་བྱའི་བདུད་རྩི་གསུང་གི་བུམ་པར་འཕྱོ།།
གདོང་དམར་བོད་ཀྱི་ལ་རྒྱ་ཐུགས་སུ་བརྟན།།
སྐུ་གསུང་ཐུགས་ཀྱི་མཛད་པ་ཉམས་མེད་ཤོག།

སློབ་གླིང་དེ་ཡི་སློབ་མ་མ་ཡིན་ལ།།
རྣམ་པ་གསུམ་གྱི་སློབ་ཁྲིད་མ་འཐོབ་མཁན།།
སྙན་ངག་སྨྲ་བ་རྣམས་ཀྱི་གྲལ་མཐའ་བ།།
འབའ་སྲས་འབོད་པས་ཧྥ་རན་སི་ནས་ཕུལ།།

༡༤/༠༧/༡༤ མཚན་གུང་དུ།

སྙན་ངག

Post navigation

Previous Post: ཉི་ཐིག་དང་ང་ཚོའི་ངོ་གདོང་།
Next Post: པེ་ཅིན་གྱི་རང་ཤི་ངོ་རྒོལ།

Comments (2) on “དགུན་དུས་ཀྱི་ཉི་འོད་དྲོན་པོ།”

  1. གནམ says:
    2014-07-16 at 11:55 am

    ཤེས་ནས་བཀུར་ན་དོན་གྱིས་བརྩིས་ནི་ཡིན།
    མ་ཤེར་བསྟོད་ན་བརྫུན་གྱིས་གཡོག་ནི་ཡིན།
    གྲལ་མཐའ་གང་ཅན་པ་ཚོ་སུའི་ཡིན་ཡང་།།
    གྲལ་དེར་མེད་ན་འབའ་ཁོ་སྨྱོ་ས་རེད།

    ཧ་ཧ་ཧ། རྩེད་མོ་ཡིན། མཐོལ་ལོ་བཤགས་སོ། བཤགས་སོ།

  2. ཆུ་ཐིགས་སྔོན་མོ says:
    2014-07-16 at 4:41 pm

    དཀར་ནག་འབྱོར་བའི་ཤུགས་དང་ལྗིད་པོའི་བཀའ།།
    གང་ལ་མ་བརྟེན་ཅི་ཡང་མ་བརྩིས་པ།།
    ལེགས་ཀྱང་བར་མའི་རྨོངས་པའི་སྤྱི་ཚོགས་ཀྱི།།
    བསགས་དངུལ་ཤུགས་ཀྱིས་བསྡུས་པའི་ཚུལ་འདི་སྐྱོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme