Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགུ་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།

Posted on 2012-10-04 By ཤར་ཕྱོགས་ཁུག་རྟ། 23 Comments on དགུ་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།


༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་དགུ་འགྲུབ་ལགས་ཀྱིས་བོད་ལ་རང་དབང་དགོས་ཞེས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེ་འདས་གྲོངས་སུ་གྱུར་ཡོད། འོན་ཀྱང་སྐབས་དེར་རྒྱ་མིའི་ཉེན་རྟོག་མི་སྣས་ཕུང་པོ་ཁོང་གི་ནང་མིར་རྩིས་སྤྲད་མེད་པའི་གནས་ཚུལ་འདུག དགུ་གྲུབ་ལགས་ནི་ཁམས་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་གྲོང་ཚོ་ཉི་ཤུ་ཡུངས་དཀར་ལྷའི་གྲོང་ནས་ནས་ ཡིན་ཞིང་ད་ལྟ་ཁོང་རང་ལོ་ ༤༣ ཡིན་འདུག དེ་ཡང་དགུ་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས། ང་ཚོ་གང་དུ་སོང་ཡང་རང་དབང་མི་འདུག བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་ཡོད། དེ་བཞིན་ཁོང་གིས་མེར་སྲེག་མ་བཏང་གོང་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་པའི་གནས་ཚུལ་ཐོན་ཡོད། ཁོང་སྔོན་མ་རྒྱ་གར་དུ་ཡོང་ནས་གསོག་སྒར་སློབ་གྲྭར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་ཕྱིར་བོད་ལ་ལོགས་སྐབས་རྒྱ་ཡི་བཙོན་འོག་ལ་སྡོད་དགོས་བྱུང་འདུག་པ་བཅས།

གསར་འགྱུར།

Post navigation

Previous Post: བོད་ཀྱི་བླ་ཆེན་ཚོ་ལ་ཕུལ་བ།
Next Post: འབྲོག་མིའི་ཁ་བརྡ།།

Comments (23) on “དགུ་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།”

  1. རྔ་བ་ཀུན་བཟང་སྒྲོལ་མ། says:
    2012-10-04 at 12:28 pm

    ངོ་མ་ངེད་ཚང་རྫོགས་འགྲོ་རྒྱུའི་ཉེན་ཁ་འདུག བོད་མི་གཅིག་འགྲོ་གཉིས་འགྲོ ལྷག་ཡ་ཉུང་རུ་ཉུང་རུ་

  2. ཨོ་རྒྱན་ཉི་མ། says:
    2012-10-04 at 12:41 pm

    བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །

  3. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 12:55 pm

    དགུ་འགྲུབ་ལགས་ནི་དེ་སྔ་རྒྱ་གར་ནང་ཡོང་སྟེ་སློབ་གཉེར་གནང་མྱོང་ཡོད་འདུག་པ་མ་ཟད། བོད་ནང་གི་དུས་དེབ་དང་ཚགས་པར་རེ་འགའི་ཐོག་བོད་པའི་ལ་རྒྱའི་སྐོར་གྱི་རྩོམ་ཡིག་ཀྱང་འགའ་རེ་སྤེལ་ཡོད་འདུག ཟེར།
    དགུ་འགྲུབ་འདས་པོའི་ཆེད་དུ་མཆོད་མེ་འགའ་ཕུལ་ནས་སྨོན་ལམ་འདེབས་རྒྱུ་ལས་ལྷག་མི་འདུག ཨ་ཁ་ཁ། གང་དྲག

  4. མཁན་པོ་ཉི་མ། says:
    2012-10-04 at 1:13 pm

    ས་གནས་རང་ནས་དངོས་སུ་མཐོང་བའི་མི་ཞིག་གིས་བཤད་དོན། དགུ་གྲུབ་ཀྱིས་ཐོག་ས་སྣུམ་ཧ་ཅང་མང་བོ་ཌྷཐུང་ཟིན་པ་འདྲ་དུས་ཚོད་རིང་བོར་མ་འགོར་བར་ཐང་དུ་འགྱེལ་སོང་ཟེར། སྐར་ཆ་ཁ་ཤས་དེའི་རིང་དུ་སྐད་འབོད་བྱས་ནས་བོད་རང་དབང་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་ནི་ཡིན། ༧གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་དགོས་སོག་ལབ་སོང་ཟེར།

    ཁ་ཆེམས་ཡི་གེའི་སྐོར་སོགས་སུ་ལ་ཡང་གསལ་བོ་མི་འདུག་ཟེར། ཁ་པར་བཏང་ནས་བཤུས།

  5. རྣ་བ་བརྒྱདཔ་ says:
    2012-10-04 at 1:47 pm

    འདི་ནུབ་གྱིས་ཕྱོགས་རོལ་ན།་ འོད་དཔག་མེད་པའི་ཞིང་ཁམས་ཡོད། ་སུ་ཞིག་དེ་ཡི་མཚན་འཛིན་པ། ཞིང་མཆོག་དེ་རུ་སྐྱེ་བུར་འགྱུར། པདྨོ་འདམ་གྱིས་མ་གོས་པ། སྲིད་གསུམ་དྲི་མའི་མ་གོས་པ། སྲིད་པའི་པདྨོ་ལས་བྱུང་བའི། བདེ་བ་ཅན་དུ་སྐྱེ་བུར་ཤོག། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབ། རྣམས་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས།

  6. མེ་ཏོག་དཀར་པོ། says:
    2012-10-04 at 2:07 pm

    མྱ་ངན་གུས་འདུད་ཞུ།

  7. ཉི་འོད་གྲོངས says:
    2012-10-04 at 2:29 pm

    ཤག་ཆུ་ཞེས་བྱ་འབྲི་རུ་རྫོང་་གི་་ཁུང་།
    ཁམས་དང་ཨ་ཕོ་གང་ཡིན་མི་ཤེས་ཀྱང་།
    ངོ་མཚར་བློ་སྤོབ་འགྲན་ཟླ་བྲལ་བ་ཡི།
    དཔའ་རྒོད་དུང་ཟླ་གང་ཕྲུག་ངོ་མ་ཁྱོད།
    གཅེས་པའི་རང་ལུས་འདོམ་གང་གྲུ་བཞི་དེ།
    ས་ཡ་དྲུག་གི་ཆོས་དང་རིག་གཞུང་དང་།
    རང་དབང་བདེན་པའིདོན་དུ་གཏོང་བ་དག།
    ལེགས་སྐྱེས་འགྲན་མེད་ཕུལ་བྱུང་བསམ་འཕེལ་ནོར།
    ཁྱོད་ནི་བོད་མིའི་མགོན་ཡིན་བོད་མིའི་སྐྱབས།
    ཁྱོད་ནི་བོད་མིའི་ནོར་ཡིན་བོད་མིའི་སྙིང་།
    ཁྱོད་ནི་བོད་མིའི་གཉེན་ཡིན་བོད་མིའི་གྲོགས
    ཁྱོད་ནི་བོད་མིའི་མིག་ཡིན་བོད་མིའི་སྲོག།
    ཁྱོད་ནི་བོད་མིའི་ཕ་་ཡིན་བོད་མིའི་མ།
    དེའི་ཕྱིར་དཔའ་རྒོད་དགུ་འགྲུབ་དར་མ་ལ།
    དགོས་འཁོའི་བསྟན་དོན་ལ་རྒྱ་ལྷད་མེད་དོན།
    བདག་འདྲ་བློ་དམན་ནུས་ཤུགས་མེད་པ་ཡིས།
    སྒྲུབ་པར་དཀའ་མོད་ཁྱེད་ཀྱིས་མཛད་རྗེས་ལ།
    སྙིང་ནས་ཡིད་རང་ལག་གཉིས་ཐལ་་སྦྱར་ཏེ།
    ཕྱི་མ་སླརཡང་རང་རིག་བོད་པའི་རྒྱུད།
    སྐྱེས་ནས་༧གོངས་ས་མཆོག་དབུས་བྱེས་པའི་བོད་།
    ལྷན་དུ་འཛོམས་ནས་རྫོགས་ལྡན་དགའ་བའི་དཔལ།
    སྤྱོད་པའི་བསྐལ་བཟང་འབྲས་བཟང་སྨིན་གྱུར་ཅིག།

    རྗེས་དྲན་དུ་ཕུལ

  8. ཀརྨ་ཡེ་ཤེས says:
    2012-10-04 at 2:36 pm

    བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །

  9. Dickey says:
    2012-10-04 at 3:00 pm

    བོད་མི་ ས་ཡ་དྲུག་ གི་ བསྟཎ་ སྲིད་ ཀྱི་ ཁྱེད་ དུ་ འདས་ དྲོང་སུ་ གྱུར་ བ་ རྣམས་ རྣམ་ མཁྱེན ་རྒྱ་ བའི་ གོ་ འཕང་ ཋོབ་ པར་ ཤོག་ ཁྱེད་ རྣམ་ ལ་ བདག་ གི་ ལག་་གཉིས་ ཋལ་ མོ་ སྦྱར ་ཏེ་ གུས་ འདུད་ཞུ་ ཞུ་ཞུ་།

  10. ཁྱུང་དཀར says:
    2012-10-04 at 3:09 pm

    ཁོང་ཅག་གིས་དམངས་དོན་ཆེད་དུ་ཚེ་སྲོག་མེ་རུ་སྤར་པས།
    དམངས་མི་ཚོའི་སེམས་པར་གཅིག་བསྒྲིལ་གྱི་འདུ་ཤེས་བསྐྲུན་ཡང་།
    ཡིག་འབྲི་བ་དང་ཤེས་ཡོན་པ་ཚོའི་ལག་པ་འཁྱག་ལ་འབྱར་ཞིང་།
    གྲལ་མགོ་ན་འགྱིང་བའི་བླ་དཔོན་ཚོ་སྒོར་མོའི་ཀློང་ན་བག་ལ་ཉལ།
    འདི་ཚོས་མདུན་ནས་འཐེན་མི་ཐུབ་ལ་རྒྱབ་ནས་སྐྱོར་ཡང་མི་ཐུབ།
    གང་ལྟར་ཀྱང་སྤྱི་མཐུན་གྱི་བསམ་བློ་མོད་པའི་མི་བུའི་ཚོགས་ཀྱིས།
    ཚེ་སྲོག་ལ་བདག་གཅེས་བྱས་ཏེ་རང་ཉིད་རང་གིས་སྐྱོབས་རོགས།

  11. ཐུ་བ་རྒྱ་མཚོ། says:
    2012-10-04 at 3:21 pm

    བོད་མི་ས་ཡ་དྲུག་གི་བསྟན་སྲིད་ཀྱི་ཆེད་དུ་འདས་གྲོངས་སུ་གྱུར་པ་རྣམས་རྣམ་མཁྱེན་རྒྱལ་པའི་གོ་འཕང་ཐོབ་པར་ཤོག ཁྱེད་རྣམས་ལ་བདག་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་གུས་འདུད་ཞུ་ཞུ་ཞུ།

  12. མིའུ་ཕྲུག says:
    2012-10-04 at 4:55 pm

    གནས་ཚུལ་དངོས་གནས་མཁྱེན་རྟོགས་ཡོད་མཁན་དག་གིས་ཁ་པར་ནས་འབྲེལ་བརྗོད་སྐབས་ཁོང་གིས་མེ་ལྕེ་འབར་བཞིན་པའི་སྐབས་སུ་ཡང་བོད་རང་དབང་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས་ཞེས་སྐད་འབོད་གནང་ཡང་དེ་རིང་ཤར་ཁུག་གིས་བོད་རང་དབང་རང་བཙན་གཙང་མ་ཡིན་ཟེར་བ་བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་བའི་འབོད་ཚིག་འདི་གཉིས་ཆེད་དུ་མེད་པ་བྱས་འདུག་པ་འདིར་དམ་པ་གང་གི་རྣམ་ཤེས་ཀྱིས་ཁྲེལ་དགོད་བྱེད་བཞིན་ཡོད་པ་ལྟ་ཅི་སྨོས།

  13. གནམ says:
    2012-10-04 at 6:10 pm

    “བོད་རྒྱལ་ཁབ་སླར་གསོའི་ཆེད་དུ། དགྲ་ནག་པོར་ངོ་རྒོལ་བྱས་ནས། ཤི་སོང་ན་འགྱོད་པ་ངར་མེད། བོད་གཞིས་བྱེས་འཛམ་གླིང་ཡོངས་ལ། བོད་སྐྱོབས་པའི་རེ་བ་བཅོལ་ཡོད”ཟེར་ནས་དཔའ་བོ་འདི་མཆོང་ལོས་ཡོད་བསམ་ན་ངའི་བསམ་པ་ལ་ཨ་ཁ། དབུ་ཁྲིད་ཞིག་གིས་དབུ་ཞིག་ཁྲིད་ནས། རྡོག་རྩ་ཅན་གྱི་བོད་འདི་སྐུལ་ན། མི་རིགས་འདི་ལ་རེ་བ་ལོས་ཡོད་འདོད་བཞིན་ཤུགས་རིང་ཞིག་གི་འཕྲོ་ནས་མ་ཎི་འགའ་བལྡབས་ཡོད།

  14. དབུས་ལྗོངས་དགའ་བ་ says:
    2012-10-04 at 6:29 pm

    གོང་དུ་དབྱིན་མིང་བདེ་སྐྱིད་ཞུ་བའི་ཆན་དེ་རྩ་བ་ནས་ཀློག་ཤེས་ཀྱི་མི་འདུག་པས་སྐུ་མཁྱེན་ང་ཚོའི་ཕ་མེས་ནས་རྒྱུད་པའི་རྩ་ཆེན་གྱི་ཁྱད་ནོར་དེ་ལ་རིག་གནས་གསར་བརྗེ་གཉིས་པ་ཞིག་མ་བྱེད་རོགས་ཞེས་རེ་བ་ཞུ་བཞིན་ཡོད།

  15. ཆུ་བོ་རྒྱལ་མོ་དངུལ་ཆུ says:
    2012-10-04 at 6:32 pm

    དཔའ་བོ་རྣམས་ཀྱིས་ཆེད་དུ་བླ་མ་ཡིད་དམ་སངས་རྒྱས་བྱང་སེམས་དགེ་འདུན་དང་རང་གཞན་སེམས་ཅན་ཀུན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཕྱོགས་ཅིག་ཏུ་སྡོམས་པའི་དཔའ་བོ་རྣམས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕོངས་རིན་པོ་ཆེ་མྱུར་དུ་ཐོབ་པར་ཤོག།།

  16. དབུས་ལྗོངས་དགའ་བ་ says:
    2012-10-04 at 7:51 pm

    གོང་དུ་ Dickey ཞུ་བའི་ཆན་དེ་རྩ་བ་ནས་ཀློག་ཤེས་ཀྱི་མི་འདུག་པས་སྐུ་མཁྱེན་ང་ཚོའི་ཕ་མེས་ནས་རྒྱུད་པའི་རྩ་ཆེན་གྱི་ཁྱད་ནོར་དེ་ལ་རིག་གནས་གསར་བརྗེ་གཉིས་པ་ཞིག་མ་བྱེད་རོགས་ཞེས་རེ་བ་ཞུ་བཞིན་ཡོད།

  17. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 9:28 pm

    ༩༽ Dickey ནས།
    བོད་མི་ ས་ཡ་དྲུག་ གི་ བསྟཎ་ སྲིད་ ཀྱི་ ཁྱེད་ དུ་ འདས་ དྲོང་སུ་ གྱུར་ བ་ རྣམས་ རྣམ་ མཁྱེན ་རྒྱ་ བའི་ གོ་ འཕང་ ཋོབ་ པར་ ཤོག་ ཁྱེད་ རྣམ་ ལ་ བདག་ གི་ ལག་་གཉིས་ ཋལ་ མོ་ སྦྱར ་ཏེ་ གུས་ འདུད་ཞུ་ ཞུ་ཞུ་།
    ཞེས་པ་འདི།
    ༩༽ བདེ་སྐྱིད་ནས།
    བོད་མི་ ས་ཡ་ དྲུག་གི་ བསྟན་སྲིད་ཀྱི་ ཆེད་ དུ་ འདས་གྲོངས་སུ་ གྱུར་བ་རྣམས་ རྣམ་མཁྱེན་ རྒྱལ་བའི་ གོ་འཕང་ ཐོབ་པར་ཤོག ཁྱེད་རྣམས་ལ་ བདག་གིས་ ལག་གཉིས་ཐལ་མོ་ སྦྱར་ཏེ་ གུས་འདུད་ ཞུའོ། །
    ཞེས་འབྲི་འདོད་པ་འདྲ།

  18. ཉི་མ་ལྷ་མོ་ says:
    2012-10-05 at 1:37 am

    དཀོན་མཆོག་མཁྱེན། ད་ཡིན་ན་རང་ལུས་མེར་བསྲེག་མ་བྱེད་རོགས་ཞེས་སྙིང་ཐག་པ་ནས་རེ་བ་ཞུ་བ་ཡིན།
    ང་བོ་མི་འབོར་ཉུང་བའི་སྟེང་ལ་དཔའ་རྒོད་རྣམས་དེ་ལྟར་གཤེགས་སོང་ན་ངོ་མས་སེམས་ནང་གྲི་གཙུག་པ་ལྟར་གྱི་ན་ཟུགས འདུག་པས་དེ་ལྟར་མ་གནང་རོགས།མ

  19. ལོག་སྨྲ་ཚར་གཅོད། says:
    2012-10-05 at 2:07 am

    གསར་འགོད་པ་ཡོངས་དང་དྲྭ་ཉུལ་བ་ཚང་མར་ཞུ་རྒྱུ། གནས་ཚུལ་འདི་ཁ་སང་མེར་སྲེག་བཏང་བཞིན་པའི་སྐབས་སུ་གུས་པར་གནས་ཚུལ་འབྱོར་སོང་བས་སྐབས་དེ་ཀ་རང་དུ་ངས་ཀུན་གླེང་གཙོ་སྐྱོང་བ་པ་སངས་དབྱངས་སྐྱིད་དང་ནོར་བུ་བཟང་པོ་སོགས་རྒྱུད་ལམ་ཁག་གི་ལས་བྱེད་རྣམས་དང་རྡ་སར་ཡོད་པའི་ལས་ཁུང་ཆེ་ཕྲ་མང་པོ་ཞིག་ལ་བཏང་ནས་གང་མགྱོགས་གསལ་བསྒྲགས་བྱེད་རོགས་ཞུས་ཀྱང་སུས་ཀྱང་ཁ་སང་ནས་བཤད་པ་དང་གསར་འགྱུར་ལ་འགོད་མཁན་མེད་པ་དེ་རིང་གཞི་ནས་གནས་ཚུལ་འགོད་ཁུལ་བྱས་པ་འདི་ནི་གྱང་ན་ནིང་ལོག ཐལ་རྡུལ་ད་ལོར་འཁྱིལ་ཟེར་བའི་དཔེ་ལྟར་ཆ་འཕྲིན་གྱི་དུས་རབས་འདི་སྐད་ཅིག་གཅིག་གི་ནང་ཚུད་ལ་གོ་ལའི་ཁྱོན་ལ་ཁྱབ་ཐུབ་པའི་ཆ་རྐྱེན་ཡོད་བཞིན་དུ་ཞག་པོ་གཅིག་ཕྱིས་སུ་ལུས་པ་འདི་ནི་ངོ་མ་བོད་མི་འདི་ད་དུང་རྗེས་ལུས་ཀྱི་རྣམ་པ་ཆེན་པོ་འདུག་ལ། གནས་ཚུལ་ཛ་དྲག་རྣམས་ཇི་ཙམ་གྱིས་མགྱོགས་པ་དེ་ཙམ་གྱིས་རྒྱ་མིས་སྦས་གསང་བྱས་པ་དེ་དོན་གོ་མ་ཆོད་པ་དང་བོད་ཀྱི་གནས་ཚུལ་སྦས་གསང་བྱེད་ཐབས་མེད་པ་སྐད་ཅིག་གཅིག་ནང་འཛམ་གང་སར་ཤོར་འགྲོ་ཡི་ཡོད་པ་ལན་བརྡ་གསལ་པོ་ཞིག་ང་ཚོས་སྤྲོད་དགོས་པ་ལས་འགན་ཡིན།

  20. ལོག་སྨྲ་ཚར་གཅོད། says:
    2012-10-05 at 2:57 am

    འདི་གར་བལ་ཡུལ་དགུ་འགྲུབ་དང་གྲོང་ཚོ་གཅིག་པའི་བུ་ཁ་ཤས་ཀྱིས་དགུ་འགྲུབ་མེར་སྲེག་མ་བྱས་སྔོན་ཙམ་ནས་ཁོང་དང་wechatཐོག་ནས་གཏམ་གླེང་སྣ་ཚོགས་བྱས་འདུག གཏམ་གླེང་བྱས་སྐབས་དགུ་འགྲུབ་ནས་གོང་གི་པར་དེ་བཏང་པ་ཞིག་རེད་འདུག་ལ། བུ་རྣམས་ཀྱིས་ཁོང་ལ་པར་དེ་གང་བྱེད་ཡ་ཡིན་པ་དང་དེ་བཏང་དགོས་པ་ཅི་ཡིན་ཞེས་དྲིས་དུས་ཁོང་གིས་པར་དེ་ནི་ངས་ལུས་ངག་ཡིད་གསུམ་པོ་བོད་མི་རིགས་ལ་ཕུལ་བའི་མཚོན་རྟགས་ཡིན་ཞེས་བཤད་འདུག་པའི་ངག་སྒྲ་རྗེན་པ་བུ་རྣམས་ཀྱི་ལག་ཐོག་ཁ་པར་ནས་གོ་རྒྱུ་འདུག

    གཤམ་གྱི་ཚིག་འདི་དག་ཁོང་གི་ཞལ་ཆེམས་སུ་བརྩི་ན་ཆོག

    པར་དེ་ནི་ངས་ལུས་ངག་ཡིད་གསུམ་པོ་བོད་མི་རིགས་ལ་ཕུལ་བའི་མཚོན་རྟགས་ཡིན།

  21. འཇམ་གཅེས says:
    2012-10-05 at 10:11 am

    ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༠།༠༠ ཡས་མས་སུ་ཁམས་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ཉི་ཤུ་ཡུངས་དཀར་ལྷའི་གྲོང་ཚོའི་རང་ལོ་ ༤༣ ཡིན་པའི་དགུ་འགྲུབ་ལགས་ཀྱིས། རང་ལུས་མེར་བསྲེཊ་གཏོང་བཞིན། “ ང་ཚོ་གང་དུ་སོང་ཡང་རང་དབང་མི་འདུག བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས།” ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་ཉིན་དེར་སྐུ་གྲོངས་ཡོད་པ་ལྟར། ཁོང་གིས་རང་ལུས་མེར་བསྲེཊ་མ་བཏང་གོང་སྔ་ཕྱིར་ཞལ་ཆེམས་ཡི་གེ་གཉིས་ཁེའུ་ཁེའུ་དྲ་ལམ་དུ་བཞག་ཡོད་པ་ལག་སོན་བྱུང་ཡོད།

    ཁོང་གིས་དྲ་ལམ་དུ་བཞག་པའི་ཞལ་ཆེམས་དང་པོའི་ཁ་བྱང་ལ “ ཚེ་སྲོག་གི་རྡུང་བའི་རྒྱལ་རྔ” ཞེས་བཀོད་ཡོད་འདུག་ལ། དེའི་ནང་། སྐྱིད་སྡུག་དང་ལས་དབང་གཅིག་པའི་གངས་ཅན་པའི་དམིཊ་ཡུལ་ནི། རང་བཙན་གཙང་མའི་སྒོ་ནས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ནི་ང་ཚོའི་མངོན་འདོད་ཡིན། འོན་ཀྱང་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྟེ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ལ་འབད་བརྩོན་གནང་བ་ལ། བོད་མི་ས་ཡ་དྲུག་གིས་ཁོང་གི་བཀའ་དགོངས་སྤྱི་བོར་བཀུར་ཏེ་ཡུན་རིང་རེ་སྒུག་བྱས་ཀྱང་། རྒྱ་གཞུང་གིས་དེའི་ཕྱོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཕུད། བོད་པའི་བདེ་སྡུག་གླེང་བ་ཙམ་གྱིས་འཛིན་བཟུང་དང་མནར་གཅོད་ཚད་ལས་རྒལ་བ་གཏོང་བས་མ་ཚད། ༸གོང་ས་མཆོག་ལ་མཚན་སྨད་དང་བོད་འདི་ཀྲུང་གོའི་ཆ་ཤས་ཡིན་པའི་དམ་བཅའ་བརྟན་པོ་མེད་ཚེ། ལྐོག་གསོད་བཏང་སྟེ་གར་སོང་ཆ་མེད་དུ་འགྲོ་བ་ལས། བོད་མིའི་བདེ་སྡུག་ལ་དོ་སྣང་དང་དྲིལ་བསྒྲཊ་ཅི་ཡང་མེད་སྟབས། ང་ཚོས་ཞི་བའི་འཐབ་རྩོད་འདི་རྣོ་ངར་ཆེ་རུ་བཏང་སྟེ། བོད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་དྲིལ་བསྒྲཊ་དང་བདེན་དཔང་གི་ཆེད་དུ་། རང་ལུས་མེ་རུ་མཆོད་དེ་བོད་རང་བཙན་གྱི་འབོད་སྒྲ་སྒྲོག་དོན། ཀྱེ་ནམ་མཁའི་ལྷ་ཆེན་པོ་ཁྱེད་ཀྱིས་སྤྱན་ཟུང་བོད་ལ་གཟིཊ་དང་། མ་ཡུམ་གྱི་ས་ཆེན་པོ་ཁྱེད་ཀྱི་བྱམས་བརྩེ་བོད་ལ་དགོངས་དང་། བར་གནས་ཀྱི་འཛམ་གླིང་ཡོངས་ཀྱིས་དྲང་བདེན་ལ་མཐོང་ཆེན་གནང་རོགས། དྭངས་གཙང་ཁ་བའི་ལྗོངས་འདིར་དམར་པོ་ཁྲག་ལ་བསྒྱུར་བས་མ་ཚད། དྲག་པོ་དམག་གིས་ས་གཞི་བཀང་སྟེ་བར་མི་ཆད་པའི་དྲག་གནོན་རྒོད་ཀྱང་། དཔའ་ངར་ཞུམ་པ་མེད་པའི་གངས་ཕྲུག་རྣམས་ཀྱིས་བློ་གྲོས་ཀྱི་གཞུ་མོ་བཀུག ཚེ་སྲོག་གི་མདའ་མོ་འཕེན་ཏེ། དྲང་བདེན་ཀྱི་གཡུལ་ངོ་ཟློག་རྒྱུ་ཡིན། མཇུག་ཏུ་ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོས། འདྲ་མཉམ་དང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཕྱིར་། གངས་ཅན་པའི་སྤྱི་དོན་ལ་གཙོ་བོ་དང་། སྒེར་དོན་ལ་ཕལ་པ་བྱེད་དེ། རྡོག་རྩ་ཆིག་སྒྲིལ་གྱི་མདུན་དུ་སྐྱོད་རྒྱུ་ནི་ངའི་རེ་བ་ཡིན། འབྲི་རུ་བ་དགུ་འགྲུབ་ནས། ༢༠༡༢ ཟླ་ ༣ ཚེས་ ༡༤ ” ཞེས་འཁོད་འདུག

    ཡང་ཁོང་གི་ཞལ་ཆེམས་གཉིས་པའི་ཁ་བྱང་ “སྤུན་ཟླའི་བརྩེ་སེམས ” ཞེས་བཀོད་ཡོད་པའི་ནང་། ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོ་ང་ཚོས་འདས་སོང་ལ་ཕྱིར་མིག་ཅིག་བལྟས་ཚེ། ཕངས་སེམས་དང་ཁོང་ཁྲོ། སྐྱོ་གདུང་དང་མིག་ཆུ་ཞིག་ལས་དགའ་སྤྲོའི་རྣམ་པ་མ་མཐོང་ཡང་། མདུན་ནས་བསུ་བའི་ཆུ་འབྲུག་གནམ་ལོ་གསར་ཚེས་འདིའི་ནང་ནས་ཁྱེད་རྣམས་སྐུ་ཁམས་བདེ་ཐང་དང། བྱ་བ་ལམ་འགྲོ རེ་སྒུག་མངོན་འགྱུར་ཡོང་པའི་སྨོན་འདུན་ཡང་ཡང་ཞུ་བ་དང་ཆབས་ཅིག་ཁྱེད་རྣམས་ ཀྱིས་རང་རིགས་ཀྱི་སྤོབས་པ་གཟེངས་སུ་བསྟོད་དེ། རང་ཕྱོགས་སུ་ཕམ་ཁ་དང་གྱོང་གུད་ཅི་ཙམ་བྱུང་ཡང་བློ་སྟོབས་མ་ཉམས་པའི་སྒོ་ནས་ ཆིག་སྒྲིལ་ལ་འབད་འབུངས་དམ་ཟབ་ཡོང་བའི་རེ་བ་ཤིན་ཏུ་ཆེ། འབྲི་རུ་བ་དགུ་འགྲུབ་ནས། ” ཞེས་འཁོད་ཡོད་འདུག

    རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ལགས་ནི། སྔོན་མ་རྒྱ་གར་དུ་ཡོང་སྟེ་གསོག་སྒར་སློབ་གྲྭར་བསྡད་མྱོང་མཁན་ཞིག་ཡིན་འདུག་ལ། ༢༠༠༥ ལོར་ཕྱིར་ལོག་རྗེས་གངས་ཁྲོད་ཀྱི་ན་གཞོན་ཞེས་པའི་རྗེས་སྨྱུག་མིང་འོག་རྩོམ་ཡིག་གང་མང་ཞིག་སྤེལ་མྱོང་ཡོད་འདུག ཁོང་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། རྟག་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀློག་རྒྱུར་དགའ་པོ་ཡོད་མཁན་ཞིག་ཡིན་འདུག

  22. འཇམ་གཅེས says:
    2012-10-05 at 10:12 am

    དུས་བབ་ནས་བཤུས་པ་ཡིན་་་

  23. ཟླ་སྒྲོན། says:
    2012-10-05 at 12:02 pm

    གདུང་སེམས་མཉམ་བསྐྱེད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme