Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་སྟོན་ཚོགས་འཁོར།

Posted on 2014-05-132014-05-13 By ཁ་བརྡ་ 2 Comments on དགའ་སྟོན་ཚོགས་འཁོར།

སྐྱོ་བྲག་དགའ་དབང་།

དགའ་སྟོན་ཚོགས་འཁོར་བཞུགས་སོ། །

ན་མོ་གུ་རུ། ཉམས་རྟོགས་མཁའ་ལས་བྱིན་རློབས་གྲུ་ཆར་གྱིས། །གདུལ་བྱའི་ལོ་ཐོག་ཀུན་ནས་སྨིན་མཛད་པ། །བཀའ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོོའི་རྡུལ། །སྙིང་དབུས་གེ་སར་འཛུམ་པའི་དཔྱིད་དུ་ལེན། །འགྲོ་བའི་མགོན་པོ་ཏི་ཤྲི་རས་པ་ལ། །བརྟེན་པའི་བླ་སྒྲུབ་ཚོགས་འཁོར་ཡིད་བཞིན་ནོར། །བླ་མཆེད་དམ་ཚིག་གཙང་མའི་དགའ་སྟོན་དུ། །ཇི་ལྟར་བླངས་པའི་བྱུང་བ་འདི་ན་གསལ། །
བླ་མཆེད་རྣམ་པའི་བཀའ་ལུང་ལ་བརྟེན་ནས་འགྲོ་མགོན་ཏི་ཤྲི་རས་པའི་མགུར་གྱི་ཊཱིཀ་སྙིང་པོ་གསལ་བ་ཡོངས་སུ་གྲུབ་པ་ན། འཆད་ཉན་དང་ཉམས་ལེན་བྱ་བའི་གང་ཟག་དག་ལ་དགོས་ངེས་པ་འགྲོ་མགོན་ཏི་ཤྲི་རས་པ་ཉིད་ཀྱི་བླ་སྒྲུབ་ཡོད་མེད་འདྲི་རྟོག་བྱས་པར་དིང་གི་དུས་སུ་མཐོང་ཡུལ་དུ་གྱུར་པ་ཡོད་སྐད་མི་བདོག་པ་ཆོས་མཆེད་དམ་པ་མཁན་པོ་དཔའ་བརྟན་ལྷན་གློག་རྡུལ་འཕྲུལ་ཆའི་བརྒྱུད་ལམ་ནས་བཀའ་མོལ་བྱུང་བ་ན།
ཁོ་བོས། མཁས་ཡོན་དང་ཉམས་རྟོགས་མངའ་བའི་འབའ་རོམ་བཀའ་བརྒྱུད་པ་མང་དུ་བཞུགས་པ་གང་རུང་ཞིག་ལ་ཞུ་བ་ལེགས་རབས་བཤད་ནའང་། ཁོང་གིས། ཏི་ཤྲི་རས་པའི་གསུང་རབ་ལ་ཁྱོད་ཉིད་རྒྱུས་མངའ་ཆེ་ཤོས་ཡིན་ཕྱིར། ཁྱོད་ཀྱིས་འབྲི་བར་འོས་ཞེས་ནན་གསུང་གནང་གི་འདུག །ཁོང་གི་ཕྱག་ལས་ཕལ་མོ་ཆེ་རྣམས་ལེགས་གྲུབ་བྱུང་གི་ཡོད་ཅིང་། ལྷག་པར་ཏིང་འཛིན་རྒྱལ་པོའི་མདོ་ལས། རྒྱལ་བ་དེ་དག་ཀུན་གྱི་བསྟན་པ་ལ། །དེ་དག་རབ་བྱུང་ཏིང་འཛིན་འདི་ལ་བསྒོམ། །དེ་དག་ཕྱི་མའི་དུས་ལ་སངས་རྒྱས་གྱུར། །མཐའ་ཡས་བརྩོན་པ་མིང་ནི་དཔའ་བརྟན་ཡིན། །ཞེས་གསུངས་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་འཇུག་པ་དང་། གང་ཟག་གི་རྒྱུད་ཚོད་བསམ་གྱིས་མི་ཁྱབ་པས་ན་ཁོང་ཡང་ཡིན་པ་ལྟ་བུར་ཡོད་པའི་རྟེན་འབྲེལ་ལ་བསམས་ཏེ། འོ་ན་ཞུ་བསྐུལ་བྱ་མཁན་ཁྱོད་ཉིད་དགོས་ཤིང་ང་ལ་ཞུ་རྟེན་ཁུར་ཤོག་ཅེས་བསྙད་པ་ན། ཁོང་གིས་ཡིན་དང་ཡིན་གསུངས་ཏེ་སྐྱེས་བཅས་བསྐུལ་མ་གནང་བ་ལྟར་གྲུབ་པའི་ཆ་ལག་ཏུ་ཆོས་མཆེད་དམ་པ་བསོད་ནམས་ཆོས་དབྱིངས་ཀྱི་ཐུགས་རེ་བཞིན་ཚོགས་འཁོར་སོགས་ཀྱང་ལེགས་གྲུབ་བྱུང་ངོ་། །

སྔ་ཕྱིར་ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གྱིས་ཡུལ་ཐེ་ཝན་དུ་ཡོད་པ་འབའ་རོམ་བཀའ་བརྒྱུད་ཆོས་ཚོགས་དོན་གྲུབ་གླིང་དུ་ཚོགས་འཁོར་བསྐོར་བ་དང་། སྐྱོ་བྲག་ཚོགས་གཉིས་འོད་ཟེར་རིན་པོ་ཆེས་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་ཚོགས་འཁོར་བསྐོར་བ་དང་། མཁན་པོ་ཀརྨ་འགྲོ་འདུལ་གྱིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་ན་ཚོགས་འཁོར་བསྐོར་བ་སོགས་མཛད་མོད། བསྐུལ་མ་གནང་བའི་ཆོས་མཆེད་དམ་པ་མཁན་པོ་དཔའ་བརྟན་དང་བསོད་ནམས་ཆོས་དབྱིངས་ཟུང་གིས་ཀྱང་། གནས་དགོན་དང་བླ་མ་ཆེས་ཡང་རབ་ཏུ་གྱུར་པ་སྐྱོ་བྲག་ཏུ་འགྲོ་མགོན་ཏི་ཤྲི་རས་པའི་བླ་སྒྲུབ་ཀྱི་ཚོགས་འཁོར་ཞིག་བསྐོར་ཐུབ་ན་རྟེན་འབྲེལ་བཟང་བའི་རྟོག་པས། ཆོས་མཆེད་ཟུང་དང་རོགས་པ་གཉིས་བཅས་བཞི་སྡེ་ཞིག་གིས་ཚོགས་འཁོར་བསྐོར་བའི་སྦྱིན་བདག་ནི། ངའི་ཕ་རྒན་འདན་མ་བུ་ཆུང་དང་མ་རྒན་ཨོར་ཆོས་གཉིས་ལ་བྱར་བཅུག་ན་མ་འོངས་པའི་སྐྱེ་བ་རྣམས་སུ་དབུལ་བའི་སྡུག་བསྔལ་ཞི་བའི་ཕན་པ་ཡོད་རབས་ཞུས་པ་ན་ཟུང་གིས་དྭང་ལེན་གནང་སོང་།

འོན་ཏེ་གཅུང་རྩིས་ཆེ་ལེགས་མཐོང་གིས། ང་ཚོའི་ནང་ལ་གང་ཅིའི་འབྱོར་འཁོས་དམན་པས་ཚོགས་འཁོར་གྲ་རྒྱས་ཤིག་དགོས་པ་ཡོང་བར་དཀའ་ཕྱིར། འགན་ཁུར་ཆ་ཚང་མཁན་པོ་དཔའ་བརྟན་རང་ལ་གནང་རོགས་ཞུས་ན་ལེགས་པའི་བློ་སྣ་བསྟན་པ་ལྟར་བསྐྱར་ཞུ་བྱས་པ་ཡིན་ནོ། །ཁོང་གིས་མགུར་འགྲེལ་བླ་སྒྲུབ་ལྷན་ཅིག་པའི་དེབ་གཟུགས་ཟི་ཁྲོན་ཁྲེན་ཏུ་ནས་པར་སྐྲུན་བྱས་པ་རབ་རྒྱན་ཤིང་རྟ་དབོ་ཟླའི་གནམ་གང་ཉིན་སྐྱོ་བྲག་དགོན་པར་འབྱོར་ཞིང་། ནག་ཟླའི་ཚེས་པ་གཅིག་གི་སྔ་དྲོར་ཁོ་བོའི་སྤུན་མཆེད་བཀྲ་ཤིས་ཉི་མ་ཁོང་གི་མདུན་དུ་བཅར་བ་དང་དེབ་སླེབ་པ་དུས་མཉམ་བྱུང་བས། མིང་བཀྲ་ལེགས་པའི་རྟེན་འབྲེལ་གྱིས་དེབ་གྲངས་བརྒྱད་གནང་བ་རང་ཁྱིམ་དུ་འབྱོར་བ་ན་བཟའ་བཏུང་གི་སྟོན་མོ་བྱས། བླ་མ་གསལ་བྱེད་རིན་པོ་ཆེ་དང་། མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་སོགས་བླ་མཆེད་གལ་ཆེ་བ་དག་ལའང་ཕུལ་ཞོར་འགྲོ་མགོན་ཏི་ཤྲི་རས་པའི་མགུར་འགྲེལ་པར་སྐྲུན་ལེགས་གྲུབ་བྱུང་བའི་དགའ་སྟོན་གྱི་ཚོགས་འཁོར་ལ་གདན་འདྲེན་ཞུས། ཁོང་རྣམ་པ་འགྲོ་མགོན་ཏི་ཤྲི་རས་པར་དད་མོས་ཆེ་ཞིང་། མགུར་འགྲེལ་དང་བླ་སྒྲུབ་གསར་དུ་བྱུང་བར་གཟིགས་འདོད་ཡོད་པ་དང་། ནང་མཐུན་གྱི་བླ་མཆེད་མཉམ་དུ་འཛོམས་པ་ཡིན་ཕྱིར་དགའ་སྤྲོའི་ངང་ནས་ཕེབས་པའི་ཞལ་བཞེས་གནང་ངོ་། །

unnamed-1

ཚེས་པ་གཉིས་ཀྱི་སྔ་དྲོར་མགྲོན་དུ་ཡོང་བ་ཁོ་བོའི་ཕ་མའི་རོགས་པར་སྤུན་བཀྲ་ཤིས་ཉི་མ་དང་ཚ་བོ་གསང་སྔགས། ས་གནས་གཞན་ནས་ཚོགས་འཁོར་དུ་ཕེབས་པའི་བླ་སློབ་རྣམ་པ་འཛོམས་པ་ན། སྐྱོ་བྲག་དགོན་པའི་རྒྱབ་ཀྱི་རི་ངོས་སུ་ཆགས་པ་སྒྲུབ་གནས་བསམ་གཏན་ཆོས་གླིང་གི་ཡང་སྟེང་དུ། མགུར་འགྲེལ་གཙོ་བོར་བྱས་པའི་དེབ་གསར་བསྐྲུན་འགའ་ཞིག་བཀོད་བཤམ་དང་། བླ་མ་གསལ་བྱེད་རིན་པོ་ཆེའི་མདུན་ནས་རྣམ་སྲས་ཀྱི་མཛོད་སྒོ་བྱེ་བ་འདྲ་བའི་ཚོགས་རྫས་དང་། མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་དང་མཁན་པོ་དཔའ་བརྟན་ཟུང་གིས་སོ་སོར་བསྣམས་པ་འཛམ་གླིང་ཤར་ནུབ་ནས་དར་བའི་ཟས་རིགས་སྣ་མང་སྤུས་དག་མང་བ་དང་། ཁོ་བོའི་ནང་མི་འདན་མ་བུ་ཆུང་ཚང་གིས་ཁུར་བ་འོ་ཞོ་མར་ཐུད་གྲོ་མ་སོགས་ཕྱུར་བུར་སྤུངས་ཏེ། བླ་མ་གསལ་བྱེད་རིན་པོ་ཆེ་དབུ་བཞུགས། མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་དབུ་མཛད། མཁན་པོ་དཔའ་བརྟན་དང་མཁས་པ་བསོད་ནམས་ཆོས་དབྱིངས་རྒྱ་འབུད། འབའ་རོམ་ཀར་འདེམ་དགོན་པའི་མཁན་པོ་དཀོན་མཆོག་བསྟན་འཛིན་མཆོད་དཔོན། སྐྱོ་བྲག་གི་སྨན་པ་གྲགས་ཅན་ཉི་ཤར་རྔ་པ།
གཞན་སྐྱོ་བྲག་དགོན་པའི་མཁན་ཆེན་བཤད་སྒྲུབ་འགྱུར་མེད་དང་། ལྷག་བསམ་འཇོན་ནུས་ཀྱིས་ཕྱུག་པའི་རྒན་རབས་བེར་ཚ་ཕྱག་རྡོར། ཀར་འདེམ་དགོན་པའི་མཁན་པོ་འཇམ་དབྱངས་སེང་གེ་སོགས་ལྷན་བཞུགས་ཀྱིས། འགྲོ་མགོན་ཏི་ཤྲི་རས་པའི་བླ་སྒྲུབ་ཀྱི་ཚོགས་འཁོར་གསུང་པ་ན། ཉམས་འབར་ཏེ་སྤྱན་ཆབ་ལོ་ཆར་བཞིན་བྲུལ་མཁན་མང་བར་བྱུང་བ་ནི། ཁོང་རྣམ་པ་བཀའ་བརྒྱུད་དང་མར་མི་དྭགས་པོ་སོགས་ཀྱི་མཚན་དང་རྣམ་ཐར་མཐོང་ཐོས་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བའི་མོས་གུས་ཅན་ཡིན་ཅིང་། ཚོགས་དང་མགུར་མཚོའི་ཚིག་ཕལ་མོ་ཆེ་བཀའ་བརྒྱུད་གོང་མའི་གསུང་སོར་བཞག་གིས་རང་རྐང་གཙང་མ་དང་རང་ལུགས་སྤུས་མ་ཡིན་པའི་བྱིན་རློབས་ཀྱང་ཡོད་པ་འདྲའོ། །

གང་ལྟར་བླ་སློབ་དམ་ཚིག་གཙང་མའི་ཚོགས་པས་བཀའ་བརྒྱུད་གོང་མའི་བླ་སྒྲུབ་ཀྱི་སྒོ་ནས་ཚོགས་འཁོར་བསྐོར་བའི་བྱིན་མཐུས་མི་ཚེའི་རིང་གི་དགའ་ཤོས་དང་གྲྭ་པ་ཡིན་གོ་ཆོད་ཐལ་སྙམ་པའི་ཐུགས་ཚོར་ཡང་བྱུང་སྐད། མཇུག་ཏུ་བླ་མ་གསལ་བྱེད་རིན་པོ་ཆེས་སྐུ་ཉིད་ཀྱི་རང་རྣམ་ཚིགས་བཅད་མའི་ལྗགས་ལུང་ཡང་གནང་བར་མཛད་དོ། །སྐྱོ་བྲག་དགོན་པའི་ཚོགས་ཆེན་ལའང་ལྷན་འཛོམས་ཡོང་དཀའ་བའི་བླ་སློབ་ཆེན་མོ་བ་རྣམས་ཀྱིས་ཚོགས་འཁོར་བསྐོར་སར་ངའི་ནང་མི་འདན་མ་བུ་ཆུང་ཚང་གིས་ཕ་མ་རྒས་འཁོགས་ཀྱི་དགེ་རྩར་དམིགས་པས་བླ་སློབ་རྣམས་ལ་རྒྱ་སྒོར་ཉིས་བརྒྱ་རེའི་འབུལ་བ་དང་གསོལ་ཆས་ཀྱང་གང་འཚམས་ཕུལ་བའི་སྐལ་བཟང་བྱུང་ཞིང་། བླ་མ་རིན་པོ་ཆེས་ཀྱང་ཚོགས་ཀྱི་སྐལ་བ་དང་ཁ་བཏགས་སྒོར་མོའི་བརྔན་པ་གནང་བའི་དགའ་ཚོར་གྱིས་ཕ་མ་སྤུན་སྲིང་ཡོད་དོ་ཅོག་རྣམས་ཆང་གིས་མྱོས་པ་ལྟར་གྱུར་ཤག །བདག་ཀྱང་ཐེངས་འདིར་བླ་མཆེད་རྣམ་པ་ཐུགས་མཉེས་དགོས་པ་དང་ཕ་མ་སྤུན་སྲིང་དགའ་དགོས་པའི་ལས་ཀ་ཞིག་གྲུབ་པ་ཡིན་ཕྱིར། མི་ཚེ་དོན་ཡོད་བྱུང་བའི་དགའ་ཚོར་ངང་མ་འོངས་སྐྱེ་བའི་ཕྲེང་བ་རྣམས་སུ་ལུས་ངག་ཡིད་ཀྱི་ཆ་ཤས་ཕྲ་མོ་ཚུན་གྱིས་བསྟན་འགྲོའི་དོན་ཆེན་བྱེད་པའི་སྨོན་ལམ་འདེབས་ཀྱིན་བསྡད་པ་ཡིན་ནོ། །
བླ་སློབ་རྣམ་པའི་ཉིན་གུང་གསོལ་ཚིགས་ཀྱང་འབྲས་ཆན་དང་ཚོད་མ། གྲོ་མ་མར་ཁུ། བུར་ཐུད་དང་ཞོ་གྲོ་སོགས་གྱ་ནོམ་པ་ཕུལ་ཏེ་ས་གནས་གཞན་ནས་ཕེབས་པའི་ཆོས་མཆེད་རྣམས་སོ་སོའི་བཞུགས་ཡུལ་དུ་ཕེབས་སྐྱེལ་ཞུས་པ་སོགས་བྱ་བ་མཐའ་དག་བདེ་བླག་ངང་གྲུབ་སྟེ། ཐེངས་འདིའི་དགེ་ལས་ནི་སྔར་གྱི་ཐུགས་འཆར་ལས་ལྷག་པ་བྱུང་བའི་དགའ་སྤོབས་ཀྱིས་གཙོ་འགན་པ་མཁན་པོ་དཔའ་བརྟན་ཡང་མི་ཚེའི་རིང་གི་སྐྱིད་ཤོས་དེ་བྱུང་བར་གདའ་འོ། །
སྨྲས་པ། གཞན་ལ་ངོམས་པར་འོས་པའི་གལ་ཆེན་ཞིག །མིན་ཀྱང་བླ་མ་མཆེད་གྲོགས་ཕ་མ་སྤུན། །ཐམས་ཅད་མཉེས་པའི་དགའ་སྟོན་རྟེན་འབྲེལ་འདི། །ལུང་ཟིན་སྐྱེས་བུའི་བསོད་ནམས་ནུས་པས་གྲུབ། །གང་གི་མཛད་པ་དྲི་མེད་ཟླ་བའི་འོད། །བདག་ཀྱང་དཀར་པོར་བྱེད་པའི་གཉེན་གྱུར་ཕྱིར། །ནམ་ཞིག་དྲིན་ལན་འཇལ་བའི་རྟེན་མཚོན་དུ། །ཡི་གེའི་ཕྲེང་བ་སྤེལ་ལ་དགའ་བས་ཞུགས། །འདིས་མཚོན་དགེ་བ་བདུད་རྩིའི་རྒྱ་མཚོ་ཆེ། །འཁོར་གསུམ་རྙོག་མེད་ཤེས་རབ་ལྷ་མོ་ཡིས། །དངོས་འཛིན་འཁྲུ་བའི་ཆབ་ཏུ་བྱིན་པ་ན། །འགྲོ་ཀུན་སྒྲིབ་བྲལ་བྱེད་པའི་དཔལ་དུ་གྱུར། །

རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་། ཛ་ལན་དྷ་རའི་ཡུལ་དུ་དཔལ་རྒྱལ་དབང་ཀརྨ་པའི་ཞབས་འབྲིངས་སུ་མཆིས་པ་ན་སྦྱར་བའོ།། །།

སྣ་ཚོགས།

Post navigation

Previous Post: གསོ་རིག་འབུམ་བཞིའི་གཙུག་ལག་སློབ་གཉེར་ཁང་ལ་རྟེན་འབྲེལ་རབ་གནས་མཛད་པ།
Next Post: བྱ་མི་སྐྱིད་ཞེ་རྩ་ཇེ་འཁྱག་རེད།

Comments (2) on “དགའ་སྟོན་ཚོགས་འཁོར།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-05-13 at 2:27 pm

    ན་མོ་གུ་རུ། འདི་ཉིད་ལེགས་སྦྱར་གྱི་ཚིག་ཡིན། ན་མོ་ཞེས་པ་ལ་རྣམ་དབྱེ་བཞི་པ་ཐོབ། གཅིག་ཚིག་ལ། ན་མོ་གུ་ར་བེ། གཉིས་ཚིག་ལ། ན་མོ་གུ་རཱུབྷྱཱམ། འདིར་མ་ཡིག་ལ་སྲོག་མེད་ཀྱི་རྟགས་དགོས་ཀྱང་། འཕྲུལ་ཆས་འདིར་དེ་ལྟར་བཟོ་བྱེད་ཀྱི་ཆས་མི་ཚང་། མང་ཚིག་ལ། ན་མོ་གུ་རུབྷྱས། འདིར་ས་སྲོག་མེད་རྣམ་བཅད་དུ་བསྒྱུར་དགོས་ཀྱང་། བདག་གིས་རྣམ་བཅད་བཟོ་ཐུབ་མེད། མཁྱེན་ལྡན་འགའ་ཞིག་གིས་ཐུབ་ན། བཟོ་སྐྲུན་མ་ཐུབ་པ་རྣམས་ལ་བཟོ་བཅོས། ཞེས་ཞུ་བ་ལགས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-05-13 at 4:09 pm

    དགེ་ཆོས་ལགས་ཀྱིས། བོད་པས་བསྒྲིགས་པའི་བསྟན་བཅོས་ཀྱི་མཚན་སོགས་ལེགས་སྦྱར་གྱི་གྲལ་དུ་མི་ཚུད་སྟངས་ཅིག་གསུངས་པ་ཅིག་ད་ལྟ་ཁ་ཐུག་འདིར་དྲན་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme