Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་ཤོས་ཀྱི་གནས་ཚུལ།

Posted on 2008-07-25 By dhatsenpa 4 Comments on དགའ་ཤོས་ཀྱི་གནས་ཚུལ།

བདུན་ཕྲག་འདིའི་ནང་ང་དགའ་ཤོས་ཀྱི་གནས་ཚུལ་ནི། རྒྱལ་བ་རིན་པོ་ཆེའི་ཨ་རིའི་ནང་གི་མཛད་འཕྲིན་མ་ཡིན་ལ། གཞོན་ནུ་ཚོགས་པའི་གསར་དུ་མགོ་འཛུགས་བཞིན་པའི་བོད་དོན་ལས་འགུལ་ཆེན་པོ་དེའང་མ་ཡིན། ཨ་རིའི་ནང་གི་བོད་དོན་གོམ་བགྲོད་དེ་ཡང་ཅི་ལ་ཡིན། བོད་དོན་རྒྱབ་སྐྱོར་ཆེད་ཕྱི་རྒྱལ་བ་རེ་ཟུང་གིས་ལྕགས་རྟ་ཞོན་ནས་སྐྱོད་བཞིན་པ་དེའང་མ་ཡིན། དེས་ན་གང་རེད་ཟེར་ན། མཛངས་མ་ཚེ་རིང་འོད་ཟེར་ལགས་ནས་རྒྱ་གཞུང་ལ་ཁྲིམས་གཏུགས་སམ་ཡང་ན་རྒྱ་གཞུང་ཁྲིམས་ལ་གཏུག་གི་ཡོད་པ་དེ་རེད། སྤྱིར་བཏང་རྒྱ་གཞུང་ལ་མཚོན་ན་ཁྱད་མཚར་པོ་ཞིག་རེད། ཁྲིམས་ལ་གཏུག་བྱ་ཁོ་ཚོ་རེད་ལ་གཏུག་སའང་ཁོ་ཚོ་རེད། གང་ཡིན་ནའང་ཁྱད་པར་མི་འདུག ངས་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་།  འོད་ཟེར་ལ་ཐོབ་ཤོར་ག་རེ་བྱུང་ནའང་དེ་རྒྱ་གཞུང་ལ་མཚོན་ན་གནད་འགག་ཅན་གྱི་དྲི་བ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་སྙམ།

གལ་སྲིད་འོད་ཟེར་ལ་བདེན་ཁ་སྤྲད་ནས་རྒྱལ་ཁ་ཐོབ་པ་ཡིན་ན། ད་བར་རྒྱ་གཞུང་ནས་བོད་མི་དམངས་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་ཞིག་སྤེལ་དང་སྤེལ་བཞིན་པ་དེ་ཡོངས་སུ་ངོས་ལེན་བྱས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། གལ་སྲིད་འོད་ཟེར་གྱི་བདེན་པ་ཆ་ཚང་ཡོད་པའི་ཁྲིམས་གཏུགས་དེ་ཤོར་བཅུག་པ་ཡིན་ནའང་།  རྒྱ་གཞུང་གི་ཁྲིམས་རྫིག་པོ་དེ་ཚོར་ལག་ལེན་མེད་པར་ཡིག་ཐོག་ཙམ་ཡིན་པ་དེ་འཛམ་་གླིང་མི་དམངས་ཀྱི་མིག་མདུན་གསལ་སྟོན་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་ཆགས་ཀྱི་འདུག  ཁྱེད་ཚོས་བལྟས་ན་རྒྱ་ནག་གིས་ལམ་ཁ་གང་འདེམས་ཀྱི་རེད་བསམ།

ད་རེས་ཀྱི་ཁྲིམས་གཏུགས་དེ་ལས་གལ་གནད་ཆེན་པོ་གཞན་ཞིག་ཀྱང་མཐོང་སྟེ། རྒྱ་ནག་གི་ཡིག་ཐོག་གི་ཁྲིམས་དེ་ཚོ་དངོས་སུ་ལག་ལེན་འཁེལ་བར་ཤེས་ལྡན་པ་ཚང་མར་འོས་འགན་ཡོད་པ་དང་དེ་ལ་ཚང་མས་བརྩོན་ལེན་བྱེད་དགོས་པའི་གོ་བརྡ་སྤྲད་པ་ལྟ་བུ་ཞིག་ཏུའང་མི་འགྲོའམ། མཐར་ངས་བོད་ནང་གི་ཤེས་ལྡན་པ་ཚང་མར་འབོད་སྐུལ་ཞུ་རྒྱུ་ཞིག་ནི། ཁྲིམས་མཐུན་གྱི་བྱ་བ་ཞིག་ཡིན་ཕྱིན་ཆད་དོན་དག་ཆུང་ཙག་ཅིག་ཡིན་ནའང་དེ་དོན་ཁྲིམས་གཏུགས་བྱ་རྒྱུ་དེ་གལ་་ཆེན་པོར་མཐོང་། ང་ཚོས་བཟོད་སྒོམ་མང་པོ་ཞིག་བྱས་བསྡད་པ་དེ་ཡིས་དབང་འཛིན་པ་རྣམས་སྐྱག་ལང་ལ་གཏོང་གི་ཡོད་པ་མ་ཟད་ཁོ་ཚོར་མུ་མཐུད་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་གོ་སྐབས་སྤྲོད་ཀྱི་འདུག ཡིན་ན་ཡང་འདི་ནི་ལས་སླ་པོ་ཞིག་མིན་པ་དེའང་ང་ཚོས་ལོས་ཀྱང་ཤེས། ང་ཚོའི་བོད་དོན་གྱི་ལས་འགུལ་འདི་རྒྱལ་སྤྱིའི་ནང་ཁྲིམས་མཐུན་ཡིན་པ་མ་ཟད་རྒྱ་ནག་གི་ཁྲིམས་དང་ཡང་མཐུན་གྱི་ཡོད་པ་དེའང་ངེས་པར་ཤེས་དགོས་ངེས་མཐོང་། ད་ལས་འགུལ་ཐེངས་གཉིས་པ་དེ་གང་ས་གང་དུ་ཁྲིམས་གཏུགས་བྱེད་པའི་ངོ་བོར་བསྒྱུར་ན་མི་ལེགས་སམ། དེ་ནི་ང་རང་གི་བསམ་ཚུལ་ཙམ་ཡིན། ཁྱེད་རྣམ་པའི་བསམ་ཚུལ་ཅི་འདྲ་ཡིན། ཤོད་དང་།

 

གསར་འགྱུར།

Post navigation

Previous Post: གྱོལ་མ་ལྡིང་འགྲོས་ཀྱི་མི་རབས་གསུམ་པ་གླེང་བ།
Next Post: རིག་གནས་གསར་བརྗེ་ཆེན་མོའི་སྔ་ཕྱི་གླེང་བ།

Comments (4) on “དགའ་ཤོས་ཀྱི་གནས་ཚུལ།”

  1. རབ་འབྱོར། says:
    2008-07-26 at 10:53 am

    ཁྱེད་རང་བདེན་པ་རེད།ཁ་མཆུ་འདི་ལ་ཐོབ་ཤོར་གང་བྱུང་ཡང་རྒྱ་གཞུང་ལ་མི་ཕན།་་་ད་རྒྱ་ནག་བྱེད་རྒྱུ་ཞིག་ཡོད་པ་ནི་ཁ་མཆུ་ལ་ཡ་ལན་མི་བྱེད་རྒྱུ་དེ་རེད།་་་འདི་འོད་ཟེར་ལགས་ཀྱིས་ཤེས་ཀྱི་ལོས་ཡོད།་་་ཁ་མཆུ་ལ་ཡ་ལན་བྱེད་མི་ཐུབ་འདིས་ཀྱང་འཛམ་གླིང་ལ་རང་གནོངས་ཤིག་བསྟན་པ་མ་ཡིན་ནམ།

  2. མགོན་པོ་ཕྱག་གཉིས་པ། says:
    2008-07-26 at 12:04 pm

    ད་ཐེངས་ཀྱི་ཁ་མཆུ་དེ་རྒྱ་ནག་ལ་མཚོན་ན་ཁོག་ནང་གི་སྐྲན་ལྟ་བུ་ཞིག་རེད། ཐོབ་བཅུག་ན་མ་འགྲིགས། ཤོར་བཅུག་ན་མ་འགྲིགས། ཁ་ཡ་མ་བྱས་ན་དེའང་མ་འགྲིགས། ད་དངོས་གནས། རབ་འབྱོར་ལགས་ཀྱིས་གསུངས་པ་ལྟར། གཅིག་བྱས་ན་ཁོ་ཚོས་སྣང་མེད་ངང་འཇོག་གི་རེད། ཁོ་ཚོས་སྣང་མེད་དུ་བཞག་ན་ཡང་རྒྱལ་སྤྱིའི་ཐོག་དེར་དོ་སྣང་ཡོང་གི་རེད་སྙམ།
    འོད་ཟེར་ཟེར་བའི་ཞི་མོ་དེ་ཁ་དྲོ་ལོ་བརྒྱ་རྒྱུ་མ་ཞིག་རེད། ང་ཚོར་མོ་ལྟ་བུ་ཁ་ཤས་ཤིག་ཡོད་ན་རང་དབང་གི་ཉི་མ་མགྱོགས་པོར་འཆར་ས་རེད། དེ་མིན་ང་ཚོའི་མི་རབས་གསུམ་པ་བ་ཚོར་ཡང་རེ་བ་ཡོད། ཁོ་ཚོའང་རང་དབང་འཐབ་རྩོད་ཀྱི་ཆེད་དུ་མདའ་ལངས་ལངས་དང་མཇེ་ལངས་ལངས་བྱས་བསྡད་འདུག རྒྱུག་ཟེར་ན་རྒྱུག་ཆོག་ཆོག་དང་གཡོབ་ཟེར་ན་གཡབ་ཆོག་ཆོག་རེད།

  3. yonbay says:
    2008-07-27 at 5:23 am

    good

  4. གཡག་ལྡོམ says:
    2008-07-30 at 2:29 pm

    འོད་ཟེར་ཟེར་བའི་ཞི་མོ་དེ་ཁ་དྲོ་ལོ་བརྒྱ་རྒྱུ་མ་ཞིག་རེད། ང་ཚོར་མོ་ལྟ་བུ་ཁ་ཤས་ཤིག་ཡོད་ན་་་ཟེར་བའི་་ཚིག་གི་ཡར་འཚམས་བཅད་དེ་མི་འཇོགས་པར། མཛངས་མ་ཚེ་རིང་འོད་ཟེར་ལགས་ཤིང་རྟའི་སྲོལ་འགྱེལ་དུ་བཞགས་དེ་། བོད་མི་སྐེ་ནག་ཞིག་ཡིན་ཚད་ཡོང་ནས་། རང་རང་ས་ནས་གང་ཐུབས་ཅི་ཐུབས་ཀྱི་འབད་པ་བྱེད་རྒྱུ་གལ་ཤིན་དུ་ཆེ་བར་བསམ།
    ང་ཚོའི་མི་རབས་གསུམ་པ་བ་ཚོར་ཡང་། རང་དབང་འཐབ་རྩོད་ཀྱི་ཆེད་དུ་མཇེ་ལངས་ནས་བསྡད་དེ་། གཞན་པ་ཞིག་གི་ད་གཡབ་ཤོག་ཟེར་རྒྱུ་ལ་སྒུག་ནས་བསྡད་ན་མི་འགྲིག་པར། མཇེ་ལངས་ཚར་བའི་་རྗེས་སུ་ཆེ་ཆུང་དང་ཡག་བཙོག་ལ་མ་ལྟས་པར་ཙ་གེ་ཙིག་གེ་གཡབ་ན་ཡག་གི་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme