Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་ལྡན་ཕོ་བྲང་།

Posted on 2013-08-12 By ཁ་བརྡ་ 41 Comments on དགའ་ལྡན་ཕོ་བྲང་།

གཙང་ཞོལ་བདེ་གསལ།

གནམ་ངོའི་སྤྲིན་དཀར་གྱི་མཛེས་སྡུག །
རླུང་བུའི་དབང་ཤེད་ཀྱིས་གཏོར་སོང་།།
ཞི་བསིལ་ལྷ་ཆར་གྱི་ཟིལ་བ།།
སེམས་ཀྱི་ཞིང་ས་རུ་མ་བབས།།

བྱང་རླུང་ཁ་རྒྱམ་ནི་ཆེ་བས།།
གཡས་གཟུར་གཡོན་བསྐོར་གྱིས་མི་ཡོང་།།
ཨ་སྔོན་དབྱིངས་གསལ་གྱི་ཐུགས་ཀའི།།
ཉི་མའི་གཟི་བྱིན་ལ་བལྟས་ཡོད།།

དུས་དང་ཁོར་ཡུག་གིས་གཙེས་སོང་།།
ལོ་དང་ན་ཚོད་ཀྱིས་མནར་སོང་།།
དཔའ་དང་དཔུང་རོགས་རེ་ཡོད་ན།།
ད་ལྟ་ཉིད་དུ་རང་ཕེབས་དང་།།

དགའ་ལྡན་ཕོ་བྲང་གི་གསེར་ཁྲི།།
གཡས་གཞོགས་གཡོན་འདེགས་ཤིག་དགོས་ཀྱི།།
ཁྲི་རྐང་བརྟན་པོ་ཞིག་འཛུགས་ན།།
དམ་ཚིག་ཁ་ཕོར་ལ་མ་བརྗེ།།

མེས་དབོན་གནམ་འོག་གི་བདག་པོའི།།
ལུགས་ཟུང་དར་དཀར་གྱི་ལྷག་མ།།
འཕྱིང་པ་སྟག་རྩེ་རུ་བརྐྱངས་པ།།
བབ་པའི་ལྷ་སྐལ་ཞིག་ཡིན་འགྲོ།།

བཙན་པོའི་ཁ་རྗེ་དང་མངའ་ཐང་།།
མིག་གི་བརྟེན་ཕུར་དུ་བཙུགས་ཀྱང་།།
གཞུང་ས་དགའ་ལྡན་གྱི་ཕོ་བྲང་།།
ལས་རླུང་རྒྱབ་བརྟེན་གྱི་མ་ཁྱོགས།།

བློ་དང་བརྩོན་པ་ཞིག་བསྐྱེད་དེ།།
སྙིང་གི་སྲས་པོ་རུ་བཞེངས་པའི།།
སྡེ་སྲིད་མགོ་ལེབ་ཀྱི་ཚེ་མཐའ།།
ཡིད་ཆད་དགུ་བརྩེགས་ཀྱིས་ཁེངས་སོང།།

མོན་ཕྲུག་ས་མཐའ་ལ་སྤྱུགས་སོང་།།
སོག་དམག་ལྷ་ས་ལ་ལྷགས་སོང་།།
རྙིང་དགེའི་དར་ཆ་རེ་ཁྱེར་སོང་།།
མཁས་གྲུབ་རི་དབང་ཚོ་བསྒྱེལ་སོང་།།

རྩེ་ཡི་ཡིག་ཚང་གི་སྨྱུག་རྩེ།།
ཞོལ་གྱི་བཀའ་ཤག་ནས་འཁྱོག་སོང་།།
ལྷ་ས་ཡོམ་ཡོམ་གྱིས་འདར་སོང་།།
དབུས་གཙང་ནང་འཁྲུག་ཅིག་བརྒྱབ་སོང་།།

གཞུང་སྒེར་ཆོས་གསུམ་གྱི་མངའ་བདག །
རྒྱལ་ཚབ་སྤྲུལ་སྐུ་ཡིས་གནང་བྱུང་།།
ཡབ་གཞིས་གཟིམ་ཆུང་ན་བཞུགས་པའི།།
ལྕམ་དང་ས་དབང་གིས་ཁེངས་སོང་།།

དམག་མིའི་དཔུང་ཤེད་ལ་བསྡུར་ནས།།
བོད་སྡོད་ལས་ཁུངས་ཤིག་བཙུགས་སོང་།།
ལྷ་ས་གླིང་བཞི་ཡི་སྐུ་སྐྱེས།།
ཐོབ་དང་ཐམ་ག་ཡིས་བསླུས་སོང་།།

ཉེན་ཁའི་གཡང་གཟར་རེ་བརྒྱུད་དེ།།
མི་ཚེའི་ལམ་སྣ་ཞིག་བཟུང་ཡོད།།
ཆུ་གླང་རྩ་ཚིག་གི་བསྒྲགས་གཏམ།།
འདའ་ཁའི་ཞལ་ཆེམས་སུ་བཞག་ཡོད།།

དྲག་རླུང་ཤུར་ཤུར་གྱི་ཁ་ན།།
གཟན་སྣེ་ལྷབ་ལྷབ་ཀྱིས་བསྐྱོད་འདུག །
ལྷ་སའི་ཇོ་ཁང་གི་ནང་ལ།།
མིག་ཆུའི་སྨོན་ལམ་ཞིག་འཚོགས་འདུག །

ལོ་རྒྱུས་ཐམ་ག་ཡི་བདག་པོ།།
གཞུང་འཛིན་ས་མཐའ་ལ་སྤོས་བྱུང་།།
ནོར་བུ་གླིང་ག་ན་ལྷགས་པའི།།
མི་ཚོགས་ཁྲག་བཞིན་དུ་དཀྲུགས་སོང་།།

བཞུགས་སྒར་ཆར་སྨུག་གིས་བཏུམ་འདུག །
དྲན་ཤེས་ཕ་གཞིས་ལ་བསྟེན་འདུག །
གངས་ཅན་སྐྱིད་གཤོངས་ཀྱི་ཁྲིམས་ཡིག །
ཆུ་དང་ཆར་བ་ཡིས་རལ་འདུག །

གཞུང་ལ་སྒོ་གཏན་ཞིག་བརྒྱབ་བྱུང་།།
ཁྲིམས་ལ་འགྱུར་བ་ཞིག་ཐེབས་སོང་།།
ཕ་དཀར་བུ་ནག་ཅིག་བརྩད་བྱུང་།།
སེམས་ལ་རྨ་ཁ་ཞིག་བཟོས་སོང་།།

ལོ་རྒྱུས་སྤྲིན་དཀར་གྱི་དབྱིངས་ནས།།
མེས་པོའི་སྤྱན་ཆབ་ཅིག་འཐོར་བྱུང་།།
དྲག་པོའི་བཙོན་འོག་ན་གཅུན་པའི།།
འདས་པོའི་ངུ་སྐད་ཅིག་གྲགས་བྱུང་།།

འཁྱམས་པོ་མདོ་ཁམས་ཀྱི་བུ་ངས།།
དབུ་འོག་ཞབས་འདེགས་ཤིག་མ་ནུས།།
དམ་བཅའི་ཨ་ལོང་ལ་ཐོགས་ནས།།
གཞུང་ཚུགས་འདོར་ཐབས་ཤིག་མ་བྱུང་།།

གཞིས་བྱེས་ཁ་ཐག་གིས་ཆོད་ཀྱང་།།
མི་ཚེ་ས་མཐའ་ནས་སྐྱེལ་དགོས།།
རང་གི་བུ་ཚ་ཚོའི་རྒྱུད་ལ།།
རྒྱལ་ཞེན་བརྩེ་གདུང་ཞིག་འཇོག་དགོས།།

རླུང་གི་འཕྲུལ་འཁོར་ལ་བཞོན་པའི།།
རྣམ་ཤེས་བྱེའུ་ཆུང་གི་གཤོག་པ།།
དུངས་ཞེན་བློ་རྩལ་གྱིས་བསྐོར་ནས།།
དགའ་ལྡན་ཞིང་མཆོག་ལ་རེ་འོ།།

༢༠༡༣/༧/༢༠ ཉིན་རྡ་རམ་ས་ལར།

སྙན་ངག

Post navigation

Previous Post: གཅེས་ཕྲུག་ཆུང་ཆུང་།༼བྱིས་གླུ།༽
Next Post: བཀའ་བཤད་ང་འདི་ཚོའི་རིགས་ལ་མི་དགའ།

Comments (41) on “དགའ་ལྡན་ཕོ་བྲང་།”

  1. lobsang199 says:
    2013-08-12 at 9:19 am

    དྲ་གྲོགས་ཚོ་དེ་སང་རྒྱ་གར་གྱི་མེ་འཁོར་འཛིན་ཤོག་(tickrt) ཁ་བར་མོ་འབེལ་བརྒྱུད་ལེན་རྒྱུ་ཡོད་གསུང་གི་འདུག་འདི་སྐོར་བོད་ཡིད་ཐོག་འབྲེལ་བ་གནང་རོག་མཁྱེན། Book your train tickets from mobile
    http://www.irctc .co.in འདི་ན་འདུག་ འདིའི་དངུལ་ག་འདྲ་བྱས་ནས་ཕུལ་དགོས་སམ།

  2. ནག་ཆུ་ཀུན་དགའ། says:
    2013-08-12 at 9:44 am

    བདེ་གསལ་ལགས་རྩོམ་ཡིག་འདི་ལ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཁར་སྡེབ་སྦྱོར་ཡང་ལེགས་པའི་ཕ་སྐད་རྣལ་མ་གཅིག་བྲིས་འདུག་པས་བསྗགས་པར་འོས།།

  3. རྒྱ་ཞིང་མྱི་དཀར says:
    2013-08-12 at 12:12 pm

    སྔོན་མའི་མཛད་རབས་ཀྱི་གསེར་གཞུང་།།དུས་ཀྱིས་ཁ་རལ་དུ་བཏང་སོང་།།གཞུང་མང་ཁ་ཐག་གི་བར་ཆད།།མི་ལོ་དུ་མ་ཡིས་འཚོ་སོང་།།

  4. གཅན བཟོད་རྒྱ། says:
    2013-08-12 at 1:52 pm

    ལོ་རྒྱུས་དར་ཐག་ལ་བརྒྱུས་ནས།།
    གོ་བདེ་ཁ་གསལ་གྱི་ཚིག་སྦྱོར།།
    མང་མང་སྤྱན་དུ་ཕུལ་བ།།
    ཐུགས་རྗེའི་ལེགས་སོ་ཡིས་བསྔགས་སོ།།

  5. བསམ་ཤེས། says:
    2013-08-12 at 7:49 pm

    དར་རྒུད་འཁོར་བ་ཡི་་ཆོས་ཉིད། དགའ་ལྡན་ཕོ་བྲང་ལ་ཤར་བས། རང་གི་མི་རིགས་ལ་གཟིགས་ནས། སྤྱི་ཕན་བྱ་བ་ཞིག་མཛོད་དང་། ལྔ་པ་ཆེན་པོ་ཡི་དགོངས་པ། གནམ་འོག་གི་བོད་མི་གཅིག་འགྱུར། རང་སྡེ་ཚོ་རང་གིས་བཅོམས་པའི། ནང་དམེའི་དུག་རྒྱུན་དེ་གཏོར་ནས། ཐམས་བཅད་སྤུར་རྒྱལ་གྱི་མངའ་ཁོངས། གཞན་སྡེའི་བཙན་གནོན་ནས་བསྒྲལ་ནས། རང་དབང་ཅི་གར་རུ་སྤྱོད་པའི། ཆོས་ལྡན་སྤུར་རྒྱལ་ཅིག་བཞེངས་རྩིས། ཕྱི་དང་ནང་གི་བར་ཆད་ནི། གཙང་པོ་ཡི་ཆུ་རྒྱུན་གྱི་རིས་ལྟར། ཆད་མེད་བོད་པར་འཕྲད་ནས། དགོས་འདོད་ནོར་བུ་དེ་ཤོར་སོང་། དྲུག་པ་དེས་རེ་བ་མེད་པ། མཁྱེན་ནས་སྡུག་བསྔལ་གླུ་རུ་ལེན། ནོར་བུ་རང་ལ་ཡོད་པའི་སྐབས། ནོར་བུའི་ནོར་ཉམས་མ་ཆོད་པ། ནོར་བུ་གཞན་ལ་ཤོར་དུས་ན། སྙིང་རླུང་སྟོད་ལ་འཚངས་བ། ཅེས་པའི་གླུ་ཆུང་དེ་ཐོས་དུས། དར་དམར་དེ་གང་སར་ཁྱབ་འདུག

  6. རྩེ་བློ་བཟང་བཀྲ་ཤིས། says:
    2013-08-13 at 1:04 am

    སྤྱོད་པ་འཆལ་པོ་མཁན་པོ་བསྟན་སྐྱོང་ཞེས།།
    མཐོང་ན་གླུད་གཟུགས་མངོན་པའི་ལོག་སྨོན་དེས།།
    དེ་སྔ་ཀླུ་མཁར་བྱམས་ཀྱི་རྣ་བ་རུ།།
    གང་བྱུང་མང་བྱུང་བླུགས་ཏེ་དཀྲིགས་ཤིང་གི།
    ལས་དོན་ཅི་བྱས་ཚང་མས་མཁྱེན་གསལ་བཞིན།།
    དེ་རིང་གཙང་ཞོལ་བདེ་གསལ་སྔ་མ་ལྟར།།
    ལོག་པར་སྤྱོད་མགོ་བཙུགས་འདི་ཞེ་རེ་སྡུག།

    བསྟན་སྐྱོང་གི་རང་རྣམ་རིམ་བཞིན་འབྲི།།

  7. བན་དེ་བ། says:
    2013-08-13 at 4:52 am

    བསྟན་སྐྱོང་ཟེར་ན་སུ་རེད་དམ

  8. ཞོལ་གཡག་འབྲོང་རྒྱུད། says:
    2013-08-13 at 7:16 am

    སྤྱོད་པ་འཆལ་པོ་ཀརྨ་བསྟན་སྐྱོང་དང་།
    སོག་དམག་ནང་འདྲེན་བྱེད་མཁན་ལྔ་པ་སོགས།
    ཕྱོགས་ལྷུངས་གདོན་གྱིས་སྨྱོས་པའི་བྱས་འབྲས་སུ།
    ད་ལྟའི་བོད་འདི་ཆག་ཆེ་ཉམས་ང་ཕྲད།

  9. བན་དེ་བ། says:
    2013-08-13 at 7:31 am

    http://m.bbc.co.uk/news/technology-23680686

    Dalai Lama’s Chinese website hacked and infected

  10. ཀརྡོ་གཉེར་ཕྱག་པ་ says:
    2013-08-13 at 8:00 am

    བཞུགས་སྒར་ཆར་སྨུག་གིས་བཏུམ་འདུག །
    དྲན་ཤེས་ཕ་གཞིས་ལ་བསྟེན་འདུག །
    གངས་ཅན་སྐྱིད་གཤོངས་ཀྱི་ཁྲིམས་ཡིག །
    ཆུ་དང་ཆར་བ་ཡིས་རལ་འདུག །ཆུ་དང་ཆར་པ་ཡིས་རལ་སྟངས་དེ་གང་ཡིན་ནམ། ཚིག་འདི་ལ་བློ་མི་བདེ་བ་ཅིག་བྱུང་སོང་།

  11. སྣྲོན ངག་ཁྲི། says:
    2013-08-13 at 8:30 am

    གཙང་ཞོལ་བདེ་གསལ་དྲང་གཏམ་གླེང་བའི་ཚེ། །

    རྩེ་བློའི་མཚན་ཅན་ཕྱོགས་ལྷུངས་མེ་རོ་གསོས། །

    བན་དེ་ཐོམས་ནས་བསྟན་སྐྱོངས་སུ་རེད་ཟེར། །

    ཞོལ་གཡག་འབྲོང་རྒྱུད་རྒྱུག་པ་ལེབ་བརྡུང་བྱེད། །

  12. ཅོ་རི་ཉི་མ། says:
    2013-08-13 at 9:59 am

    དེ་ཡང་སྤྱི་ལོ་1618པའི་ས་རྟ་ལོར་ཧོར་སོག་གི་དམག་དཔུང་ཚན་ཆེན་ཞིག་བོད་དུ་ཡོང་ནས་ལྷ་སའི་གཙུག་ལག་ཁང་སོགས་བཟུང༌། སྐྱིད་ཤོད་ལུང་པ་ལ་གནས་བཅས། བྱང་ཕྱོགས་ནག་ཆུའི་ཕྱོགས་ཀྱི་སྡེ་ཕལ་ཆེར་བཅོམ་ནས་དམག་གིས་བཟུང༌། བོད་ཁམས་ཧོར་སོག་གིས་བཟུང་བའི་ཉེན་ཁ་ཉིན་ལྟར་ཇེ་ཆེར་འགྲོ་བའི་སྐབས་དེར། གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་ཀརྨ་བསྟན་སྐྱོང་དབང་པོས་གཙང་དམག་ཁྲི་ལྷག་ཙམ་ཁྲིད་ནས་དབུས་སུ་སླེབས། སོག་དམག་ལ་ཕར་རྒོལ་བྱེད་པའི་སྐབས་སུ། སོག་དམག་གིས་དགེ་ལྡན་པའི་ཆོས་ལུགས་དར་སྤེལ་གཏོང་བའི་ཆེད་དུ་ཡིན་པ་ལ་ཁ་གཡར་ནས་སེར་འབྲས་ཀྱི་གྲྭ་ཚང་རྣམས་ལ་ཁོ་ཚོར་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བྱས་མཐར། སེར་འབྲས་ཀྱི་གྲྭ་དམག་ལངས་ཏེ་སོག་དམག་དང་མཉམ་དུ་གཙང་དམག་ལ་འཐབ་འཛིང་བྱས་ཀྱང་མཐར་གཙང་དམག་རྒྱལ་ཏེ་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་དབུས་གཙང་ཡོངས་ལ་དབང་སྒྱུར་བྱེད་པའི་སྲིད་དབང་བཙུགས། སྤྱི་ལོ་1620པའི་ལྕགས་སྤྲེལ་ལོར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་འབྲུམ་ནད་ཀྱིས་གྲོངས། དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་གཙང་པ་རྒྱལ་པོའི་ཁྲིར་འཁོད། བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་པའི་སྒྲིག་གཞི་དང་ཁྲིམས་སྲོལ་བཏོད།།།།།།།།།།

    སོག་པོ་གུ་ཤྲི་ཧན་གྱིས་དང་པོ་མདོ་ཁམས་ཀྱི་ས་ཆ་མང་པོ་དབང་དུ་བསྡུས། དེ་ནས་ཕྱག་མཛོད་བསོད་ནམས་རབ་བརྟན་གྱི་ལྐོག་ཏུ་གདན་འདྲེན་ཞུས་པ་ལྟར་དབུས་སུ་སླེབས་པ་དང༌། དབུས་སོག་མཉམ་འབྲེལ་གྱི་དམག་གིས་གཙང་ཕྱོགས་ལ་ཕར་རྒོལ་བྱས་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་1642ལོར་གཙང་པ་རྒྱལ་པོའི་སྲིད་དབང་དངོས་སུ་འཕྲོག་ཐུབ་པ་བྱུང་བ་དང༌། ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། སོག་པོ་གུ་ཤྲི་ཧན་ལྷན་རྒྱས་ཀྱིས་འབྲས་སྤུངས་བླ་བྲང་འོག་མའི་བླ་མ་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་འབྲས་སྤུངས་ནས་གཞིས་ཀར་རྩེར་གདན་དྲངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་རྒྱལ་དབང་ལྔ་པ་ཆེན་པོ་མངའ་གསོལ་བྱས།།།།།

    གོང་གོ་སྐད་ཆ་འདི་གཉིས་ཁམས་པའི་དྲ་བའི་ནང་དུ་བཀོད་འདུག ཕན་ཐོགས་འདྲ་ཡོད་འགྲོ་བསམས་ནས་འདི་ཁུར་བསླེབས་པ་ཡིན།།

  13. བན་དེ་བ། says:
    2013-08-13 at 10:06 am

    ཅོ་རི་ཉི་མ་ལགས་ཐུགས་རྗེ་ཆེ་བོད་འདི་ནང་འཁྲུགས་སུ་དབང་ཆེ་ཆེ་རྐྱང་རྐྱང་གིས་ཕྱི་དགྲ་ནང་འདྲེན་བྱས་ཏེ་མཐར་གནས་སྟངས་འདི་འདྲ་ཞིག་ལ་ཐུག་པ་ཡིན་པས་ལོ་རྒྱུས་ཀྱིསནདཔང་རྟགས་དང་བཅས་ཏེ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

  14. ཅོ་རི་ཉི་མ། says:
    2013-08-13 at 10:37 am

    ༣་་་་་ དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐྱོང་ཞིང་གཙང་པ་རྒྱལ་པོ་དང་འབྲེལ་ཡོད་ཀྱི་དཔོན་རིགས་ཁག་ལ་དྲག་གནོན་བྱས་པའི་སྐོར། དེ་ཡང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང༌། སྡེ་སྲིད་བསོད་ནམས་རབ་བརྟན་ཟུང་གིས་ཆབ་སྲིད་སྐྱོང་ཞིང་ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲངས་དཔོན་རིགས་དང༌། ལྷ་སྡེ་ཁག་གི་གཞིས་ཀ་དང་འབངས་འཁོར་གཡོག་རྣམས་གཞུང་བཞེས་གནང་སྟེ་དགའ་ལྡན་ཕོ་བྲང་གསྲིད་དབང་འཛུགས་པའི་སྐབས་སུ་བྱས་རྗེས་འཇོག་མཁན་དཔོན་རིགས་དང༌། དགོན་སྡེ་ཁག་ལ་གནང༌། དེར་བརྟེན་སྐུ་དྲག་དཔོན་རིགས་གསར་རྙིང་བར་གྱི་འགལ་བ་ཇེ་ཆེར་གྱུར།

    གཙང་ཕྱོགས་དང༌། ལྷོ་ཁ་ས་ཁུལ། ཀོང་པོ་སོགས་ཀྱི་ཡུལ་གྲུ་མང་པོ་ཞིག་ནས་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱེད་པའི་ཟིང་འཁྲུག་བསྟུད་མར་ལངས། དུས་དེར་སྡེ་སྲིད་བསོད་ནམས་རབ་བརྟན་དང༌། གུ་ཤྲི་ཧན་གཉིས་ཀྱིས་བཀའ་ཕབ་སྟེ། དམག་དཔོན་ཆེན་པོ་བསྟན་འཛིན་དྭ་ལན་ཧན་སོགས་བོད་སོག་གི་དམག་མི་ཁྲི་ཕྲག་འགའ་ཞིག་བཏང་ནས་ཕྱོགས་ཐམས་ཅད་ལ་དྲག་གནོན་བྱས།
    སྔོན་གཙང་པ་རྒྱལ་པོ་དང་འབྲེལ་བ་ཆེ་བའི་ཇོ་ནང་པ་དང༌། ཀརྨ་བཀའ་བརྒྱུད་ཀྱི་དགོན་ཁག་རྣམས་ལའང་དྲག་པོའི་དམག་གིས་ཚར་གཅོད་ཐེབས། ཇོ་ནང་ཏཱ་ར་ནཱ་ཐའི་དགོན་པ་རྟག་བརྟན་ཕུན་ཚོགས་གླིང་གི་གྲྭ་པ་ཕལ་ཆེར་བཀྲོངས། པར་ཤིང་རྣམས་མེ་ལ་བསྲེགས། དགོན་པའི་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཅོས་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར། ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེ་གཏོར་ནས་གྲྭ་པ་སྟོང་ཕྲག་བདུན་ལྷག་ཙམ་ཞིག་དམར་གསོད་བྱས། སྤྱི་ལོ་1643པའི་ཆུ་ལུག་ལོར་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སྐུ་འཁོར་ཧྲག་བསྡུས་ཀྱིས་བསྐོར་ཏེ་ཀོང་པོ་བརྒྱུད་འཇང་ཡུལ་དུ་བྲོས་བྱོལ་ལ་ཕྱིན། ཞེས་ཀྱང་བཀོད་འདུག

  15. ཅོ་རི་ཉི་མ། says:
    2013-08-13 at 10:59 am

    བོད་མི་རིགས་ཀྱི་བླ་སྤྲུལ་རྣམས་ལ་ཕྱག་འཚལ་བསྡད་པ་འདི་དགའ་དགའ་དང་དད་དད་ཀྱིས་མ་རེད། སྒེར་གཅོད་པ་རྣམས་ལ་སྐྲག་སྐྲག་དང་འཇིགས་འཇིགས་ཀྱིས་རེད། བླ་སྤྲུལ་ལ་ཁ་གཏོང་ན་ལྕེ་བཅད་མྱངས་ཡོད། མིག་ལོག་བལྟས་ན་མིག་འདོན་མྱངས་ཡོད། འདི་འདྲ་བའི་ཁྲིམས་ངན་ལུགས་ངན་གྱི་འོག་ཏུ་བོད་མི་རིགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་ཆ་ཚང་ཤོར་ཡོད། རང་གིས་རང་ཉིད་་བླ་སྤྲུལ་རྣམས་དང་འདྲ་མཉམ་གྱི་འདུ་ཤེས་སྐྱེས་མི་ཐུབ་པ་བཟོས་ཡོད།

    བདེ་སྐྱིད་ནི་རང་དབང་གི་འབྲས་བུ་དང་།
    རང་དབང་ནི་དཔའ་སྤོབས་ཀྱི་འབྲས་བུ་ཡིན།

    ཞེས་པ་འདི་དོན་ལ་གནས་པ་ཡིན། བོད་མི་རིགས་ཀྱི་རྒྱུད་ལ་དཔའ་སྤོབས་སྐྱེས་བཅུག་གི་མེད། འདྲ་མཉམ་གྱི་འདུ་ཤེས་སྐྱེས་བཅུག་གི་མེད། བོད་མི་དམངས་ཀྱི་རྒྱུད་ལ་དཔའ་དང་སྤོབས་པ་མཐོ་པོ་སྐྱེས་མ་ཐུབ་ན་འཐབ་རྩོད་ནི་རྨང་གཞི་མེད་པའི་འཐབ་རྩོད་ཡིན། རང་དབང་འཐོབ་མི་ཐུབ་པའི་འཐབ་རྩོད་ཡིན།

    སྙིང་ལ་དཔའ་རེ་སྐྱེས་ཤོག་བོད་ཀྱི་བུ།
    སེམས་ལ་སྤོབས་པ་སྐྱེས་ཤོག་བོད་ཀྱི་བུ།
    འདྲ་འདྲའི་འདུ་ཤེས་འཛིན་ཤོག་བོད་ཀྱི་བུ།
    པུས་མོ་ས་ལ་འཛུགས་བོད་ཀྱི་བུ།།

  16. ཅོ་རི་ཉི་མ། says:
    2013-08-13 at 11:11 am

    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ།
    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ།
    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ།
    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ།
    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ།
    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ།
    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ།་་་་ཞེས་བཅོས་རོགས་བྱོས།

  17. ཞོལ་གཡག་འབྲོང་རྒྱུད། says:
    2013-08-13 at 4:05 pm

    བློ་མཐུན་ཅོ་རི་ལགས་ཕེབས་ནས་དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་བརྒྱུད་རིམ་ནང་ཕྱི་ཕྱོགས་ཀྱི་འདྲེ་ལག་ནང་འདྲེན་བྱས་པའི་བྱས་ཉེས་མདོར་ཙམ་བཀོད་པ་ཡག་བྱུང་། ད་དུང་བོད་སིལ་བུའི་རྗེས་ནས་ས་ཕག་རིན་གཙང་སོགས་སུས་ཀྱང་རྒྱ་ལག་ཏུ་འཇོག་མྱོང་མེད་པ་དེ་དྲང་པོར་བཤད་ན་དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་རྒྱ་ལག་ཏུ་བཞག་པ་རེད། ད་ཡང་དགོན་པའི་ཁྱི་ལ་བརྡུངས་ན་བླ་མའི་ཐུགས་ལ་འཕོག་རྒྱུ་ཉག་ཅིག་རེད།

  18. ཀློང་ཆུང་། says:
    2013-08-13 at 9:14 pm

    ཁྱེད་ཚོའི་བཤད་སྟངས་ལྟར་ན་ཚང་མ་དགའ་ལྡན་ཕོ་བྲང་པས་འགྲིགས་མིན་འདུག ད་དེའི་འགོ་པའི་མིང་ནས་འབོད་མ་ནུས་པ་ཅོ་རི་སོགས་བླ་རྡར་ཅན་མོ་ཤ་སྟག་རེད་ ཕོ་ཁྱོ་ག་ཡིན་ན་ཕོ་རྟགས་སྟོན་་ཤོག་དང་། ང་ཚོ་བལྟས་ཆོག་ དགའ་ལྡན་ཕོ་བྲང་གི་བདག་པོ་ད་ལྟ་རྡ་སར་ཞུགས་འདུག་ ཁོང་གི་མདུན་ལ་སླེབས་ན་ཁྱེད་ཚོ་ཚང་མས་མགོ་འབུད་ཞྭ་མོ་འབུད། ཁོང་གི་གདོང་ལ་མིག་ཙམ་ལྟ་ནུས་ཀྱི་མ་རེད། ད་འདིར་ཡོང་ནས་ཁ་ཆེན་ཕོ་ཆེན་བཤད་ནས་དཔའ་ངོམས་པ་འདི་བགོད་བྲོ་བའི་ལས་མ་རེད་པས།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-08-13 at 11:24 pm

    ་་་་་ དགའ་ལྡན་ཕོ་བྲང་གི་བདག་པོ་ད་ལྟ་རྡ་སར་ཞུགས་འདུག་ ་་་་་་ཟེར།

  20. ཀརྡོ་གཉེར་ཕྱག་པ་ says:
    2013-08-13 at 11:25 pm

    ་་་་་ ད་དུང་བོད་སིལ་བུའི་རྗེས་ནས་ས་ཕག་རིན་གཙང་སོགས་སུས་ཀྱང་རྒྱ་ལག་ཏུ་འཇོག་མྱོང་མེད་པ་དེ་དྲང་པོར་བཤད་ན་དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་རྒྱ་ལག་ཏུ་བཞག་པ་རེད། ་་་་ཟེར། ཧཧཧཧཧ།

  21. ཀརྡོ་གཉེར་ཕྱག་པ་ says:
    2013-08-13 at 11:26 pm

    ༡༦༽ ཅོ་རི་ཉི་མ་ནས།
    པུས་མོ་ས་ལ་མ་འཛུགས་བོད་ཀྱི་བུ། ་་་་་་་་་་་་་་་་་་ཟེར།

  22. ལུང་རྟོགས། says:
    2013-08-14 at 2:03 am

    ཀློང་ཆུང་གིས་ད་རེས་དྲ་འབུ་ཚོའི་ཁ་ལ་རྒྱ་གྲམ་ཞིག་བཞག་མ་ཐལ་ན་ཡུམ་དུམ་པ། ཧཧ

  23. ཀརྡོ་གཉེར་ཕྱག་པ་ says:
    2013-08-14 at 3:16 am

    འཇོན་མཁན་ཚང་མ་ལ་ཁ་གཏོང་ནས་བསྡད། རང་དང་། རང་གི་ཕ་རྒྱུད་ནང་ལ་འཇོན་མཁ་ཅིག་ཀྱང་སྟོན་རྒྱུ་མེད་པ་འདི་ལ་ཡང་ཡིད་མུག་བགྱིད་འདུག

  24. ཞོལ་གཡག་འབྲོང་རྒྱུད། says:
    2013-08-14 at 5:04 am

    ཀློང་ཆུང་དྲག་ནས་སྔ་འདངས་ཕྱི་འདངས་བརྒྱག་ཤེས་ལེ་མ་རེད། དགའ་ལྡན་ཕོ་བྲང་གི་བདག་པོ་རྡ་སར་བཞུགས་ཡོད་པའི་༧རྒྱལ་བ་ཁོང་སྐུ་ན་མ་སོན་གོང་བཙན་གྱིས་གཞུང་ས་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་མངའ་གསོལ་བ་རེད། སྐབས་དེ་དུས་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཁ་ཆར་བུ་ཡུག་ཁྲོད་དུ་གནས་ཡོད་པ་རེད་ལ་བོད་འདི་ཧ་ལམ་དཀའ་སྡུག་གི་དོང་ནང་དུ་ལྷུངས་འགོ་ཚུགས་ནས་ལངས་ས་མེད་པ་ཆགས་ཚར་བ་རེད། དོན་དངོས་བྱས་ན་དམངས་གཙོ་དང་ཁྲིམས་ལུགས་རང་བཞིན་ལྡན་པའི་རྒྱལ་ཁབ་ཞིག་ཡིན་སྐུ་ན་ནར་མ་སོན་པའི་བྱིས་པ་ཞིག་ལ་རྒྱལ་ཁབ་གཅིག་གི་སྲིད་དབང་ཕུལ་མི་སྲིད་པ་རེད། རེད་དེ་༧ཁོང་གིས་ཁ་ཆར་བུ་ཡུག་ཁྲོད་ནས་བོད་འདི་དཀའ་སྡུག་གི་དོང་ནས་འདོན་ཐབས་ཀྱི་སྐུ་ངལ་ཞེ་དྲག་སྐྱོན་པ་རེད། ༧ཁོང་གིས་སྲིད་དབང་བཞེས་དུས་ཀྱི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ནི་མཚན་སྐམ་ཙམ་ལས་ལྷག་མེད་པ་རེད། ད་ལྟའི་བོད་དང་བོད་མི་རིགས་ཀྱི་ཆག་ཆེ་ཉམས་ངའི་འབྱུང་རྩ་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒེར་འཛིན་པ་གོང་མ་ཚོའི་བྱས་རྗེས་བླ་ན་མེད་པ་དེ་རེད། དེའི་འགོ་བཙུགས་ས་ཅོ་རིས་དྲངས་པའི་བྱུང་རབས་དགའ་ལྡན་ཕོ་བྲང་སྲིད་གཞུང་དབུ་བརྙེས་སྟངས་ཁྲག་དྲི་བྲོ་བའི་མཛད་རྗེས་བླ་ན་མེད་པ་དེ་ནས་འགོ་བཙུགས་ཡོང་བ་རེད།
    ལར་ནས་ད་ལྟ་རྡ་སར་བརྟན་བཞུགས་གནང་ཡོད་པའི་དགའ་ལྡན་ཕོ་བྲང་ནི་བླ་བྲང་དགའ་ལྡན་ཕོ་བྲང་ལས་གཞུང་ས་དགའ་ལྡན་ཕོ་བྲང་མ་རེད།

  25. ཞོལ་གཡག་འབྲོང་རྒྱུད། says:
    2013-08-14 at 5:06 am

    ཀརྡོ། ད་ལྟའི་བོད་དང་བོད་མི་རིགས་ལ་ཕྲད་པའི་ཆག་ཆེ་ཉམས་ང་འདི་འཇོན་ནས་བྱུང་བ་རེད་མ་འཇོན་ནས་བྱུང་བ་རེད།

  26. ཞོལ་གཡག་འབྲོང་རྒྱུད། says:
    2013-08-14 at 5:08 am

    དམངས་གཙོ་དང་ཁྲིམས་ལུགས་རང་བཞིན་ལྡན་པའི་རྒྱལ་ཁབ་ཞིག་ཡིན་ན་ཞེས་བཅོས་རོགས།

  27. ཀརྡོ་གཉེར་ཕྱག་པ་ says:
    2013-08-14 at 9:07 am

    ༢༥༽ ཞོལ་གཡག་འབྲོང་རྒྱུད་ལགས།
    ཆོས་དང་རིག་གཞུང་ཐོག་ལ་འཇོན་ནས་དུས་ད་ལྟ་ཡང་སྐད་གྲགས་ཅན་འདི་རེད། ཆབ་སྲིད་ཁྱོད་དང་ང་འདྲ་བའི་མཐུ་ཤོར་བཏང་ནས་ད་ལྟ་གནས་སྐབས་ལྷགས་པ་རེད། འོནད་ཀྱང་ང་ད་དུང་ཞི་ཅིན་ཞིན་མི་ཚེ་སྐྱིད་པ་བསྐྱལ་ན་སབསྡད་ཡོད། ཡི་ད་ཆེས་ན་གཟིགས་གར་ཕེབས་ཤོག ཧཧ།

  28. ཀརྡོ་གཉེར་ཕྱག་པ་ says:
    2013-08-14 at 9:09 am

    ཡི་ད་ཆས་ན་་་ འདི། ཡིད་མ་ཆེས་ན་་་་

  29. ཀརྡོ་གཉེར་ཕྱག་པ་ says:
    2013-08-14 at 9:17 am

    བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གཉིས་བོད་མིའི་སྒྲིག་འཛུགས་རྟག་ཏུ་རྒྱལ་འགྱུར་ཅིག

  30. ཁྱི་རྒན། says:
    2013-08-14 at 11:03 am

    ད་ཨ་རིའི་VOA ཀུན་གླེང་ནི་ཀུན་གླེང་རང་རེད། བདུན་རེ་ནང་ཐེང་གཉིས། དེ་ཡང་དུས་ཡུན་ཆུ་ཚོད་གཉིས་མ་གཏོགས་མེད་པ་གང་ཞིག་ལ། དོ་དགོང་ནི་འབའ་ལཱ་ཁ་བླ་མ་ཡིན་ན་གཅིག སྐྱ་མིན་སེར་མིན་ཞིག་ལ། སྐད་ཆ་མགོ་མེད་འཇུག་མེད་གཅིག་འདྲི་བཞིན་བསྡད་འདུག དངོས་གནས་བོད་ཕྱི་ནང་གཉིས་ནང་ཛ་དྲག་གི་གནས་ཚུལ་འདི་ཙམ་ཡོད་བཞིན་ཁོང་ཚོ་ནི་བཤད་རྒྱུ་མེད་ནས་རྐྱག་བཤད་རང་རེད་འདུག
    དེ་ལས་ཀྱང་གལ་ཆེ་བ་གླིང་ཚ་བུ་ཚེ་བརྟན་རྡོ་རྗེ་ཐེངས་གཅིག་གླེང་ནའང་མི་ཆོག་པ་འདུག་གས།
    ད་ནི་དངོས་གནས་VOA འདི་ལ་ཞེན་པ་ལོག་ཡ་འདྲ་གཅིག་འདུག་་་་་་་་སེམས་སྐྱོ་བ་ལ།
    ཁོང་སྟོད་གྲྭ་པ་འདྲ་པོ་ཞིག་ལ་ཁོག་སྨད་མི་སྐྱ་འདྲ་པོ། སྐད་ཆ་ནི་ཡ་མ་ཟུང་ཁོ་རང་སྤྲུལ་སྐུ་ག་དུས་བཟོས་ཡིན་པའང་ཧ་གི་ཡི་མི་འདུག ཞབས་འདྲེན་རང་རེད་་་་་་་་་་་

  31. ཞོལ་གཡག་འབྲོང་རྒྱུད། says:
    2013-08-14 at 2:29 pm

    ཀརྡོ་ལགས། ངས་དྲིས་པའི་དྲི་བ་དེ་ད་ལྟའི་བོད་དང་བོད་མི་རིགས་ལ་ཕྲད་པའི་མིག་མཐོང་ལག་ཟིན་གྱིས་ཆག་ཆེ་ཉམས་ང་དེ་འཇོན་ནས་བྱུང་བ་ཨེ་རེད་ཞེས་དྲིས་པ་མ་གཏོག་ཆོས་དང་རིག་གཞུང་གི་སྐད་ཆ་བཤད་ཀྱི་མེད། དེ་འདྲ་བཤད་ཀྱི་ཡོད་ན་གུང་ཁྲན་སླེབས་ནས་ཞིང་བྲན་ཡན་ལག་ཁྲི་ཚོ་བརྒྱ་ལ་བཅིངས་གྲོལ་བཏང་ཡོད་ཞེས་པ་དེ་ཁྲི་ཚོ་བརྒྱ་ཇི་ལྟར་ཡང་ཞིང་བྲན་གང་ཙམ་ལ་བཅིངས་གྲོལ་ཐོབ་བདེན་པ་རེད། གློག་དང་རྒྱ་ལམ་སོགས་ཡར་རྒྱས་གང་མཚམས་ཕྱིན་ཡོད་པ་རེད། འོན་ཀྱང་མི་རིགས་ཀྱི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་བདག་དབང་སོགས་རྩ་མེད་ཕྱིན་ཚར་བ་རེད་དོ།
    མ་གཞི་ནས་ལྷ་ཆོས་རིག་པའི་གཞུང་ལུགས་གཅིག་པུར་འཇོན་ཡོད་ན་མི་ཤེས་མོད་འཇིག་རྟེན་མི་ཆོས་རིག་པའི་གཞུང་ལུགས་ལ་བྱས་རྗེས་ཟེར་བ་སྣ་གཅིག་བསྟོན་རྒྱུ་མི་འདུག་ལ་འཇོན་པ་ཞིག་བྱ་སྡེའི་རྐུབ་རང་རེད། ལར་ནས་ལྷ་ཆོས་རིག་པའི་གཞུང་ལུགས་ཐད་འཇོན་ནས་སྐད་གྲགས་ཏོག་ཙམ་ཡོད་ན་དེ་ཡོད་ཚད་ལྷ་ཆོས་རིང་ལུགས་ལ་བཏང་བ་དེའི་འབྲས་བུ་ཡིན་ཡང་། རྒྱལ་ཁབ་དང་མི་རིགས་ཅིག་ཆག་ཆེ་ཉམས་ང་བྱུང་དུས་ལྷ་ཆོས་རིང་ལུགས་ཀྱིས་སྐྱོབས་ཐུབ་མེད་པ་དེ་རེད།

    དེ་ནས་ཆབ་སྲིད་ཐད་ཁྱོད་དང་ང་འདྲ་བས་མཐུས་ཤོར་བཏང་ནས་ད་ལྟའི་གནས་སྐབས་ལྷག་པ་རེད་ཟེར་ན་ཅི་རེད། ཁྱོད་དང་ང་འདྲ་བ་གཅིག་པུར་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་མཐུས་ཤོར་གཏོང་རྒྱུའི་དབང་ཚད་དེ་མེད་པ་རེད། གལ་ཏེ་དབང་ཚད་ཡོད་ནས་མཐུས་ཤོར་བཏང་ཡོད་ན་སྔ་ས་ས་ནས་ཉེས་པ་སྲོག་ཐོག་བཏང་ཕྱིན་ཟིན་རྒྱུ་གཏན་འཁེལ་རེད། ཧ་ཧ།

  32. ཀརྡོ་གཉེར་ཕྱག་པ་ says:
    2013-08-14 at 2:53 pm

    ༣༡༽ ཞོལ་གཡག་འབྲོང་རྒྱུད་ལགས།
    ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས། །
    རྐྱེན་ངན་ལམ་དུ་ལྷོང་པར་བྱིན་གྱིས་རློབས། །ཞེས་གསུངས་པ་འདི་སྒོམས་ཤིག རིགས་ཀྱི་བུ།

  33. ཞོལ་གཡག་འབྲོང་རྒྱུད། says:
    2013-08-14 at 3:05 pm

    འོ་ཙི། ཀརྡོ་ལགས། ཁྱེད་ཀྱིས་གོང་དུ་ཆོས་དང་རིག་གཞུང་ལ་འཇོན་ཐང་གང་མན་ཚད་བཏོན་ཡོད་གསུངས་སོང་ང་། དམ་པའི་ལྷ་ཆོས་བྱས་ནས་ལས་བཟང་པོ་བསགས་པ་མ་རེད་པས། འབྲས་བུ་ངན་པ་ཆག་ཆེ་ཉམས་ང་ཇི་ལྟར་བོད་མི་རིགས་ཀྱི་མགོ་ཐོག་ཏུ་ལྷུངས་བ་རེད། ཡང་སྡུག་སྒོམ་བརྒྱགས་དགོས་པ་ཨེ་རེད། ཧ་ཧ། ཧེ་ཧེ།

  34. ཅོ་རི་ཉི་མ། says:
    2013-08-14 at 3:13 pm

    བློ་མཐུན་ལགས། ཀརྡོ་འདི་རིགས་པའི་སྒྲུབ་བྱེད་འགྲོ་སའི་མྱི་སྤྱང་པོ་ཞིག་མ་རེད། ཆོས་ལུགས་ཀྱིས་བཟི་ནས་སྨྱོ་ཚུབ་ཚུབ་ཤིག་ཆགས་བསྡད་ཡོད་རེད། དོན་མེད་ཁྱོད་ལ་དཀའ་ལས་བཟོ་རོགས་རེད། དྲང་བདེན་དང་གནད་ལུགས་རྡོག་རོལ་གཏོང་རྐྱང་བྱེད་ཀིན་རེད། དེ་ལས་གཡུག་ཞོག་དང་དགའ་གི་རེད། འདི་རིགས་ཀྱི་རྒད་ཁོག་འདི་ཚོ་ཤི་སྒུག་བྱེད་ཡ་ཐབས་ཤེས་ལས་ཡོད་མ་རེད།།

  35. ཞོལ་གཡག་འབྲོང་རྒྱུད། says:
    2013-08-14 at 3:22 pm

    བློ་མཐུན་ལགས། ལགས་སོ།

  36. ཀློང་ཆུང་། says:
    2013-08-14 at 3:27 pm

    ཞོལ་མིང་ལ་སྨྲས་པ། རྒྱལ་དབང་ལྔ་པ་སྐུ་འཕྲེང་འདིའི་གོང་མ་རེད། ཁྱོད་སྐེ་འདོད་སྦ་བ་མ་འདོད་པའི་བྱབ་ཆུང་བླ་རྡར་མའི་གཤིས་ཀ་འདི་འདྲ། གསོན་ཞུགས་སྐུ་འ྄ཕྲེང་༡༤ལ་སྤྲེལ་ལད་ཤོད་དགོས་མཁན་ཞིག་ལ་འདས་པོ་༥པ་ལ་ཁ་གཏོང་དགོས་མཁན་མི་གཟུངས་བྲལ་འདི་འདྲ་འ་ཙི།

  37. ཅོ་རི་ཉི་མ། says:
    2013-08-14 at 3:31 pm

    དཔའ་བོ་ཀླུང་ཆུང་ལགས་ཁྱོད་ཡིན་ད། ཞོལ་མིང་ཅན་ངེད་གཉིས་ནི་སྡར་མ་ཡིན།

  38. ཞོལ་གཡག་འབྲོང་རྒྱུད། says:
    2013-08-14 at 4:01 pm

    ཧ་ཧ། ཀློང་ཆུང་། འུར་མ་བཤོད། ༧བཅུ་བཞི་པ་དང་༧ལྔ་པ་ཆེན་པོ་ངོ་བོ་གཅིག་ཡིན་པ་ངས་མཁས་ལེན་མེད་ལ་རིག་པ་བདེན་པས་ཀྱང་མཁས་ལེན་བྱེད་ཀྱི་མ་རེད། དེས་ན་ངས་༧བཅུ་བཞི་པར་སྤྲེལ་ལད་འཁྲབ་དགོས་པའི་རྒྱུ་མཚན་གང་ཡང་མེད་ལ་༧ལྔ་པ་ཆེན་པོར་མཚན་སྨོད་ཞུ་དགོས་པའི་རྒྱུ་མཚན་གང་ཡང་མེད། འོན་ཀྱང་། བོད་དང་བོད་མི་རིགས་ཀྱི་མགོ་ཐོག་ཏུ་ཆག་ཆེ་ཉམས་ང་ལྷུངས་བའི་རྒྱུ་རྐྱེན་གླེང་འདོད་བྱུང་། བྱས་ཙང་༧བཅུ་བཞི་པ་ཆེན་པོར་ཐུགས་ཁག་མི་འདུག་ཞེས་ཞུ་འདོད་བྱུང་ལ་ཁོང་ཉེ་རིང་ཆག་སྡང་མེད་པར་གནང་མཁན་ཞིག་རེད། རྒྱུ་མཚན་གོང་དུ་བཤད་པ་དེ་རང་ཡིན། མ་གཞི་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་བདག་པོ་༧བཅུ་བཞི་པ་དང་༧ལྔ་པ་ཆེན་པོ་གཅིག་པུ་ཨེ་རེད། ༧བཅུ་གསུམ་པ་དགོངས་པ་གཞན་དོན་དུ་གཤེགས་རྗེས་ཀྱི་གནས་ཚུལ་དེ་ཚོ་ཤེས་ཀྱི་ཨེ་ཡོད། ཀོ་ཐག་གློད་ས་གཙོ་བོ་འདི་སྐབས་རེད། ད་དུང་ཆོས་ཡོན་ལ་ཁ་གཡར་ནས་མན་ཇུའི་འདྲེ་ལག་བསྐྱངས་བཅུགས་མཁན་དེ་སུ་རེད། འདི་ཚོ་བོད་མི་རིགས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་གཅིག་རེད།

  39. ཀརྡོ་གཉེར་ཕྱག་པ་ says:
    2013-08-15 at 8:31 am

    ༣༤༽ ཅོ་རི་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ གི་ཆུ་ཚོད་ ༡༥ སྐར་མ་ ༡༣
    བློ་མཐུན་ལགས། ཀརྡོ་འདི་རིགས་པའི་སྒྲུབ་བྱེད་འགྲོ་སའི་མྱི་སྤྱང་པོ་ཞིག་མ་རེད། ཆོས་ལུགས་ཀྱིས་བཟི་ནས་སྨྱོ་ཚུབ་ཚུབ་ཤིག་ཆགས་བསྡད་ཡོད་རེད། དོན་མེད་ཁྱོད་ལ་དཀའ་ལས་བཟོ་རོགས་རེད། དྲང་བདེན་དང་གནད་ལུགས་རྡོག་རོལ་གཏོང་རྐྱང་བྱེད་ཀིན་རེད། དེ་ལས་གཡུག་ཞོག་དང་དགའ་གི་རེད། འདི་རིགས་ཀྱི་རྒད་ཁོག་འདི་ཚོ་ཤི་སྒུག་བྱེད་ཡ་ཐབས་ཤེས་ལས་ཡོད་མ་རེད།། ་་་་ཟེར།

  40. ཀརྡོ་གཉེར་ཕྱག་པ་ says:
    2013-08-17 at 3:15 pm

    ང་ཕོ་གསར་ཅིག་ལས་ལྷག་པ་ཅིག་ཡིན་པས། ང་ཤི་སྒུག་མ་རྒྱབ་པར། ཁྱོད་རང་ཡར་རྒྱས་གཏོང་། ང་ད་དུང་མི་ལོ་ཞེ་དྲུག་བསྡད་ཐུབ་པའི་ཚེ་སྲིངས་ཤིན་པ་ཡིན། ཧཧཧ།

  41. ཀློང་ཆུང་། says:
    2013-08-17 at 4:57 pm

    ཅོ་རི་ལགས།

    ཀརྡོ་ལགས་ངས་རྒྱུས་ཡོད། མི་དེ་ལ་གནས་ལུགས་དང་བདེན་པ། རྒྱུ་མཚན་བཅས་ལས། ཧམ་པ་དང་འུ་ཤོབ། གླེན་རྟགས་འགྲོ་ས་རྩ་བ་ནས་མིན་འདུག བྱས་ཙང་ཁྱེད་མི་དེ་ཁྱེད་ཀྱི་ཁ་གཏད་མ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme