Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་རོགས་ཀྱི་འོ་མ་འཐུང་མྱོང་ངམ།

Posted on 2014-12-152014-12-16 By སྤོབས་པ་མཐའ་ཡས། 26 Comments on དགའ་རོགས་ཀྱི་འོ་མ་འཐུང་མྱོང་ངམ།

སྤོབས་པ་མཐའ་ཡས།


ཉིན་དེའི་ཕྱི་དྲོར་ངས་དགའ་རོགས་མའི་སྐྲའི་ཁ་དོག་བསྒྱུར་རོགས་བྱས། མོའི་སྐྲའི་ཁ་དོག་སྒྱུར་བྱེད་དེ་ནི་རྒྱ་གར་གྱི་རང་བྱུང་ཐོན་རྫས་དྲི་ངད་ཅན་ཞིག་རེད། སྐྲ་རྩི་དེ་སྐྲ་ལ་བྱུགས་རྗེས་ཆུ་ཚོད་ཁ་ཤས་ལ་འཇོག་དགོས་སྟབས་ཉལ་དུ་འགྲོ་རན་དུས་ཏག་ཏག་སྐྲ་རྩི་བཀྲུ་རན་འདུག ངའི་དགའ་རོགས་མ་མཚན་མོ་ཉལ་སར་མ་ཕྱིན་གོང་ལ་ཁྲུས་བྱེད་པའི་གོམས་གཤིས་ཤིག་ཀྱང་ཡོད་པས་མཚན་མོ་དེར་ཡང་ཁྲུས་ཁང་དུ་འཛུལ་ནས་ཁྲུས་བྱེད་པ་དང་སྐྲ་རྩི་བཀྲུ་མགོ་བརྩམས། ང་དགའ་རོགས་དང་ལྷན་དུ་ཁྲུས་བྱེད་ཞོར་དུ་མོའི་བརླན་གཤེར་གཅེར་བུའི་ལུས་ལ་ལྟ་བ་དང་རེག་པར་དགའ་བས་དོ་དགོང་ཡང་ཁྲུས་ཁང་ནང་དུ་མོ་དང་ལྷན་དུ་འཛུལ། ངས་མོའི་སྐྲ་རྩི་དེ་བཀྲུ་རོགས་བྱས། ངས་མོའི་སྐྲ་རྩི་བཀྲུ་སྐབས་མོ་རང་ཁྲུས་ཁང་ནང་དུ་སར་བསྡད་ནས་ངས་བཀྲུས་ན་སྐྲ་རྩི་དེ་ཁྲུས་ཁང་གི་རྩིག་ངོས་དང་གནམ་ཡོལ་ངོས་སུ་མི་འཐོར་བའི་ཕན་ཐོགས་འདུག མོ་སར་བསྡད་ཅིང་ངས་མོའི་སྐྲ་བཀྲུ་རོགས་བྱས།
མོ་མར་བསྡད་སྐབས་ཏག་ཏག་ངའི་ཕོ་མཚན་དང་མོའི་བཞིན་རས་གཉིས་མཐོ་དམན་མཉམ་པ་ལྟ་བུར་གྱུར་འདུག་པས་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་སུ་བྱུང་བ་འདྲ། དེར་ངས་མོའི་སྐྲ་བཀྲུ་སྐབས་སུ་མོས་ངའི་ཕོ་མཚན་ཁ་ནང་དུ་བླངས་ནས་ང་ལ་བདེ་བ་སྟེར། བདེ་ཚོར་གྱིས་མཚམས་རེར་ངའི་ལག་གི་ལས་ཀ་ཡང་མཚམས་ཆད་གྲབས་བྱེད། སྟེང་ནས་མར་འབབ་བཞིནཔའི་དྲོད་འཇམ་ཁྲུས་ཆུའི་ཟེགས་མ་ངེད་གཉིས་ཀྱི་ལུས་སྟེང་དུ་འབབ་པ་དང་། ཕན་ཚུན་རེག་ཐུག་གི་ཆགས་བདེ་གཞི་གཅིག་ཏུ་འདྲེས། དྭངས་གཙང་གི་ཁྲུས་ཆུ་དང་སྐྲ་རྩི་དམར་སྨུག་གི་རྒྱུན་གཅིག་དུ་འདྲེས་ནས་ཆུ་སྙིགས་བཞུར་སྒོ་ནས་མར་རྒྱུག་གིན་འདུག
དེ་ནས་ཁྲུས་བརྒྱབ་ཚར་བའི་རྗེས་སུ་ངེད་གཉིས་ཉལ་ཁྲིའི་སྟེང་དུ་ཉལ། ངའི་དགའ་རོགས་མ་དང་ངེད་གཉིས་ཀྱི་བུ་མོ་སྐྱེས་ནས་ཟླ་བ་གཅིག་ལས་འགོར་མེད་སྟབས་ནུ་མ་ཧ་ཅང་རྒྱས་འདུག ངེད་གཉིས་ཀྱི་བུ་མོ་བཙས་པའི་རྗེས་སུ་ངེད་གཉིས་ཀྱིས་ཆགས་སྤྱོད་བྱེད་ཐེངས་སྔར་ལས་ཀྱང་མང་དུ་སོང་སྣང་ཤར། མོས་བཤད་ན་བྱིས་པ་བཙས་པའི་རྗེས་སུ་ཆགས་སྤྱོད་ཀྱི་བདེ་སྣང་ཅུང་ཆེ་རུ་སོང་བ་འདྲ་ཟེར། དགོངས་མོ་དེར་ངེད་གཉིས་ཀྱིས་ཆགས་རྩེད་མགོ་བཙུགས་ནས་ཡུན་རིང་མ་འགོར་བའི་རྗེས་སུ་མོས་ནང་དུ་འཇུག་རོགས་ཟེར། སྤྱིར་ན་མོ་ལ་ཆགས་བདེ་སློང་བར་སྔོན་འགྲོའི་སྦྱོར་རྩེད་དེ་ལས་ཡུན་རིང་ཙམ་དགོས་མོད་དེ་རིང་མོའི་ཆགས་བདེའི་དངོས་གཞི་ལ་འཇུག་པར་ཡུན་ཐུང་ཙམ་ལས་མ་འགོར་སྣང་ཤར། ངས་མོའི་མོ་མཚན་ལ་རེག་སྐབས་སུ་བརླན་ཅིང་བཤེར་བ་དང་མོའི་ལུས་ལ་བདེ་དྲོད་ཚད་མཐོན་པོར་འབར་ཟིན་འདུག་པས་དེ་ལས་ལྷག་པའི་སྔོན་འགྲོའི་རོལ་རྩེད་མི་དགོས་པ་ཤེས་ནས་ནང་དུ་བཅུག
སྤྱིར་ན་བུད་མེད་ལ་ཁྱད་པར་མང་བས་ལ་ལ་ནི་ལས་སླ་པོར་མཐར་ཐུག་གི་ཆགས་བདེ་སྐྱེད་སླ་བ་དང་། ལ་ལ་ནི་ཡུན་རིང་པོར་འགོར་བ། ལ་ལས་མཛུབ་མོའི་རོལ་རྩེད་ཀྱིས་བདེ་བ་སྐྱེད་སླ་ཞིང་། ལ་ལ་ནི་ལྕེ་ཡི་རོལ་རྩེད་ལ་དགའ་བ་ཡིན། ཕོ་ཡི་དབང་པོ་ཁོ་ནས་བདེ་བ་སྐྱེད་ནུས་པ་ནི་མང་པོ་ཞིག་དང་འཕྲད་མ་མྱོང་། ངའི་ད་ལྟའི་དགའ་རོགས་མ་ནི་ང་བུད་མེད་དང་འཕྲད་པ་མང་པོའི་ནང་ནས་ཆགས་བདེ་སྐྱེད་པ་ལས་སླ་ཤོས་དང་མགྱོག་ཤོས་ཤིག་ཡིན། མཚན་མོ་དེར་ནི་དེ་ལས་ཀྱང་སྐར་མ་གཅིག་ཀྱང་འགོར་ལ་མ་འགོར་གོང་ནས་མཚོ་བྱ་དཀར་མོའི་ཅ་ཅོ་བཞིན་དུ་མོའི་ཆགས་པའི་འཁུན་སྒྲ་ཇེ་མཐོར་གྱུར། ཉ་མོ་སྐམ་ལ་བཏོན་པ་བཞིན་དུ་ལུས་ཀྱི་འཕག་འཚག་ཇེ་རྒོད་དུ་གྱུར། དབུགས་ཀྱི་རྒྱུ་བ་ཇེ་ཐུང་དུ་གྱུར་པས་མཐར་ཐུག་གི་ཆགས་བདེ་ཉམས་སུ་མྱོང་བར་གྱུར།
དེ་མ་ཐག་ཏུ་ངའི་བྲང་གི་ངོས་སུ་ཚ་དྲོད་ཁོལ་ཞིང་བརླན་ཅིང་བཤེར་བའི་དངོས་པོ་ཞིག་བཞུར་བཞིན་པའི་ཚོར་བ་སྟེར། ངས་ལག་པར་ཐུག་ཅིང་མིག་གིས་ལྟ་སྐབས་དེ་ནི་གཞན་གང་ཡང་མ་ཡིན་པར་མོའི་ནུ་མའི་ནང་ནས་འོ་མ་ཤོར་བ་རེད། འོ་མ་ཕྱིར་ཐོན་ཙམ་མ་ཡིན་པར་ཤུགས་ཆེན་པོར་འཕྱུར་ནས་ཟེག་མ་རྒྱང་རིང་དུ་མཆེད་ཀྱིན་འདུག བྱིས་པ་བཙས་ནས་ཡུན་རིང་མ་འགོར་བའི་བུད་མེད་ཀྱིས་མཐར་ཐུག་གི་ཆགས་བདེ་མྱོང་སྐབས་སུ་འོ་མ་རང་དབང་མེད་པར་བཞུར་བ་རེད། སྐབས་དེར་ང་ཡང་ཆགས་བདེའི་ཚོར་སྣང་གིས་བཟི་ནས་ཡོད་སྟབས་ངའི་ལྕེ་ཡིས་མོའི་ནུ་མ་ལ་རེག་ཞོར་དུ་འོ་མའི་རྒྱུན་ཁ་ནང་དུ་འབབ་བཅུག་ནས་མིད། འོ་མའི་བྲོ་བ་ནི་ཧ་ཅང་མངར་བ་ཞིག་ཏུ་སྣང་།

བརྩམས་སྒྲུང་།

Post navigation

Previous Post: རྗེ་བླ་མའི་རྣམ་ཐར་རགས་བསྡུས་སུ་བཀོད་པ་མཚོ་བུ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས།
Next Post: གླིང་མེ་དང་བག་ཐུག ཞབས་དཀར་ཚོགས་དྲུག་གི་ལྔ་མཆོད་དགེ་སྐུལ།

Comments (26) on “དགའ་རོགས་ཀྱི་འོ་མ་འཐུང་མྱོང་ངམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-16 at 3:31 am

    ཡ་ཡ། སྤོབས་མཐའི་བཅོས་སྒྲུང་ཡིན་དང་། ལོ་རྒྱུས་ཡིན། སུ་ཡིས་ཤེས། ངས་ལྔ་མཆོད་ཉིན་འདིར་བཀླགས་ནོར་ཐེབས་སོང་། ཨ་ཁ།

  2. གནམ says:
    2014-12-16 at 3:47 am

    མགོ་རྔ་མེད་ནིའི། ཁ་ཞབས་མེད་ནིའི། གཙང་བཙོག་མེད་ནིའི། ཀུན་སྤྱོད་མེད་ནིའི། མི་འདི་འདྲ་ལ་མི་དྲི་མི་བྲོ་འདུག།
    ཆགས་བཤད་འདི་འདྲ་ནི་རྩོམ་སྟེགས་འདི་འདྲ་ལ་ཡོང་དུ་མ་བཅུག་ན་ཀུན་སྤྱོད་དང་མཐུན།

  3. ཇུས་ཏོག says:
    2014-12-16 at 3:51 am

    མོ་གི་ཁྱོད་ཀྱི་ཕོ་ཚན་འཇིབ་དུས་ཁྱོད་ཀྱི་་མོ་གི་མོ་ཚན་ལྕེ་ཡི་ལྡག་ཡོད་པ་ཐག་
    ཆོད་།མི་དེ་ཚོ་བྱེད་ཕོད་པ་བཤད་ཕོད་པ་བོད་མི་རིགས་ཀྱི་ངོ་མའི་དཔའ་བོ་དཔའ་
    མོ་ཤ་སྟག་ཡིན་ལེ་འདའ་།ཧ་ཧ་་་་་་་་་ཧ་ཧ་

  4. སྤོབས་པ་མཐའ་ཡས། says:
    2014-12-16 at 4:01 am

    སྐུ་ཞབས་ཇུས་ཏོག་ལགས། རང་གི་དགའ་རོགས་ཀྱི་མོ་མཚན་ལ་ལྕེ་ཡིས་ཀྱང་མི་ཕོད་པ་དེ་ཙམ་སྐྲག་དགོས་དོན་ཨེ་ཡོད་ན། དཔའ་བོ་དང་སྡར་མའི་རྣམ་དབྱེ་འབྱེད་སྟངས་དེ་འདྲ་ཡིན་ན་ཡ་མཚན།

  5. བདེན་པའི་ཕོ་ཉ་ says:
    2014-12-16 at 4:04 am

    སྤོབ་མཐའ་ཡི་དགའ་ལྡན་ལྔ་མཆོད་ཉིན་ཆེད་དུ་ཆགས་གཏམ་བྲིས་པ་ནི་དྲ་གྲོགས་རྣམས་སྡིག་པའི་ལམ་དུ་འཁྲིད་པ་རེད་ཚང་མས་མ་ཀློག་ན་བཟང་

  6. སྤོབས་པ་མཐའ་ཡས། says:
    2014-12-16 at 4:25 am

    མཚམས་མཚམས་ལ་ཁ་བཙོག་འདྲ་བཤད་ན་སྐྱིད་པོ་ཡོད་རེད།

  7. བདེན་པའི་ཕོ་ཉ་ says:
    2014-12-16 at 4:51 am

    ཁྱོད་ཀྱི་ཁ་བཙོག་དེ་ཐལ་དྲགས་འདུགས་ཧམ་པ་ཆེ་དྲགས་འདུག་རྫུན་མང་དྲགས་འདུག་

  8. ཞོལ་གཡག་འབྲོང་རྒྱུད། says:
    2014-12-16 at 4:52 am

    དངོས་བྱུང་འདྲ་ཞིག་འདུག། འོན་ཀྱང་ཆགས་སྤྱོད་ཀྱི་བརྒྱུད་རིམ་དེ་འདྲའི་ཐུང་བ་ལ། ང་དང་ངའི་སྙིང་སྡུག་མཉམ་དུ་ཆགས་སྤྱོད་ཀྱི་བརྒྱུད་རིམ་དེ་ལས་རིང་བ་ཡོད། མ་གཞི་ཨ་ཁུ་སྤོབས་མཐས་བུད་མེད་ལ་ཁྱད་པར་མང་པོ་བཤད་པ་བདེན་པ་རེད།

  9. ཞོལ་གཡག་འབྲོང་རྒྱུད། says:
    2014-12-16 at 4:58 am

    ཡང་འགའ་རེས་དགའ་ལྡན་ལྔ་མཆོད་དང་སྐབས་འཁེལ་བས་ཆགས་གཏམ་འདིས་སྡིག་པའི་ལམ་དུ་འཁྲིད་རབས་བཤད་པ་ནི་ཆགས་སྲེས་ཆེ་ལ་ངོ་ཚ་ཆེ་མདོག་བྱེད་མཁན་བུད་མེད་ཀྱི་གཏམ་དུ་ཟད།

  10. བདེན་པའི་ཕོ་ཉ་ says:
    2014-12-16 at 5:29 am

    ཆགས་སྲེས་ཆེ་བའི་བོད་མེད་ཀྱི་གཏམ་མ་ཡིིན་་པར་བོད་མི་ཡ་རབ་ཞིག་ཡིན་པས་རེད་

  11. ཞོལ་གཡག་འབྲོང་རྒྱུད། says:
    2014-12-16 at 5:41 am

    ཡ་རབས་ག་ཚོད་གཅིག་ཆེ་ཡང་ཆགས་སྲེས་ལས་བརྒལ་ཐུབ་མེད། ཧ་ཧ།

  12. དགེ་འདུན་རྒྱ་མཚོ། says:
    2014-12-16 at 5:52 am

    ལྔ་མཆོད་ཀྱི་སྐབས་འདི
    ར་འཚངས་ནས་སྤོབས་པས་མི་ཁ་གཞན་དུ་བསྒྱུར་བསམ་པ་འདྲ། དངོས་གནས་སྲིད་དོན་པ་དང་སྐབས་འཚོལ་བ་རང་རེད་འདུག་ག

  13. བདེན་པའི་ཕོ་ཉ་ says:
    2014-12-16 at 5:59 am

    ཆགས་སྲེས་ཡོད་ཀྱང་ཡ་རབ་གི་སྤྱོད་བཏང་དང་མ་རབ་གི་སྤྱོད་བཏང་གཉིས་ཡོད་

  14. ཁྱུང་སེ། says:
    2014-12-16 at 6:21 am

    ཡང་ཉལ་ཕྲུག་གཅིག་བཟོས་པ་འདྲ། བསམ་མེད་འདི་ཚོས་བུད་མེད་དེ་ཚོར་རྩེད་ཆས་སུ་བེད་སྤྱོད་པ་ནི་ལས་རྒྱུ་འབྲས་མེད་པ་རང་རེད། སྤོབས་མཐའ་འདི་ཡིས་དགའ་ལྡན་ལྔ་མཆོད་དང་ཏག་ཏག་ཆགས་གཏམ་ཤོད་པ་དང་་་དགའ་ལྡན་ལྔ་མཆོད་ལ་སྐྱོན་བརྗོད་ཀྱི་མཆན་བཀོད་པ་གཉིས་ལ་འབྲེལ་བ་ཞིག་ཏན་ཏན་འདུག

  15. མེ་ཏོག་དཀར་པོ says:
    2014-12-16 at 7:09 am

    ཚིག་ཉུང་ཉུང་ཞིག་ནང་དོན་དག་ཧ་ཅང་གི་ལེགས། དགའ་བསུ་ཡོད།

  16. རྟ་བདུན་དབང་བོ says:
    2014-12-16 at 10:56 am

    ངས་བལྟས་ན་སྤོབས་པས་ཆགས་སྤྱོད་ཅིག་དགའ་ལྡན་ལྔ་མཆོད་སྐབསདང་སྟུན་ནས་་བཤད་པ་དེར་ཕན་ཡོན་ཞིག་མེད་ན་ཉེས་པ་ཞིག་ཡོད་རྒྱུ་མ་རེད་སྙམ། གང་ཡིན་ཞེས་ནས་ཁོང་རྣམ་གཉིས་ཀྱིས་ཕན་ཚུན་ལ་བདེ་བ་སྤྲད་རེས་བྱས་པ་རེད་མོད། དགའ་བ་ཐམས་ཅད་དགེ་བ་རེད། གང་ཟག་གཞན་ཞིག་གིས་གཞན་ཞིག་ལ་འདོད་པ་ཚིམས་སུ་བཅུགས་པ་དེ་ངེས་པར་དུ་དགེ་བ་རྩིས་དགོས། དུས་རྟག་ཏུ་གཞན་ལ་གནོད་མ་བསྐྱལ་པ་དང་གཞན་སེམས་མ་དཀྲུགས་ན་དེ་ལས་ལྷག་ཅིག་ཅི་ཡོད།།

  17. བཀྲ་ཡེ་ཚང་། says:
    2014-12-16 at 1:44 pm

    ངའི་ཕ་ཡུལ་གྱི་གསར་རུ་ཚོའི་ཆགས་སྤྱོད་ཀྱི་གོ་སྐབས་ཡག་ཤོས་དགའ་ལྡན་ལྔ་མཆོད་མཚན་མོར་རེད་ཡ།

  18. ཐོ་བ says:
    2014-12-16 at 10:40 pm

    ཧཧཧཧ

  19. Chime In Italy says:
    2014-12-17 at 4:39 am

    སྤོབས་པ་ང་ཚ་མེད་པ་ཡིན་ན་ཡང་སྤོབས་ཆེ་བ་ན་གང་ལྟ་ཧ་ཅང་སྙིན་པོ་ཞིག་བྲིས་འདུག།

  20. གངས་སེང་ says:
    2014-12-17 at 9:38 am

    སྤོབས་པ་མཐའ་ཡས་ལགས་ནི་ད་ལྟ་དགེ་སློང་རང་རེད་བཞག། ང་ནང་བཞིན་ཉལ་ས་ནང་ལ་ཉལ་ནས་མི་བསམ་དགུ་བསམ་བསམ་གྱིན་སྡོད་མཁན་ཞིག་རང་རེད། དགའ་མོ་མེད་པ་ཐག་ཆོད་རེད། ཁོང་གི་རྩོམ་གྱི་རང་བཤིས་ལ་བལྟས་ན་ཤེས་ས་འདུག།

  21. ཇུས་ཏོག says:
    2014-12-17 at 11:26 am

    འདོད་པའི་ལ་འདོད་པ་སྦྱིན་པ་དེ་།
    དགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།
    ཆགས་ཆེན་བུ་མོའི་འདོད་པ་སེལ་བ་ལ་།
    ལན་གཉིས་མ་སྤྱད་སྡིིག་པའི་རྒྱུ་།

  22. ཡེ་ཤེས་ says:
    2014-12-17 at 1:35 pm

    འོ་མ་འཐུངས་ཚར་ན་ད་དགའ་རོགས་ལས་བརྒལ་ཏེ་ཁྱོའི་ཨ་མ་ཆགས་ཚར་བ་རེད། ད་འཛག་ཉན་ནི་མ་རེད།

  23. བོད་ཁམས་སྡེ་ says:
    2014-12-17 at 3:46 pm

    ཡེ་ཤེས་ལགས་ཁ་ནས་འོ་མ་འཐུངས་ཚད་ཨ་མ་ཆགས་འགྲོ་གི་ཡོད་ན་འབྲི་དང་བ་ཚང་མ་ཁྱེད་ཀྱི་ཨ་མ་ཨེ་ཡིན་ནམ་།

  24. རྟ་བདུན་དབང་བོ says:
    2014-12-17 at 3:48 pm

    འོ་མ་འཐུང་བ་ཙམ་གྱིས་ཨ་མར་ཆགས་འགྲོ་ན། བ་མོ་དང་འབྲི་མོ་ར་མ་སོགས་ཚང་མ་ཨ་མར་ཆགས་འགྲོ་རྒྱུ་རེད་དོ། ང་ཚོས་ཨ་མའི་འོ་མ་འཐུང་བར་མ་ཟད་ཨ་མ་བསད་ནས་ཤ་ཡང་ཟ་བཞིན་ཡོད་པ་རེད། འཁོར་བའི་ཆོས་ལ་སྙིང་བོ་ཞིག་འདུག་གམ།།

  25. སྤོབས་པ་མཐའ་ཡས། says:
    2014-12-17 at 6:01 pm

    ངས་མ་རྩོམ་ནང་དུ་འབྲི་བསམ་རུང་འབྲི་རྒྱུ་ཆད་སོང་བ་ཞིག་ནི། བུད་མེད་ཀྱི་ནུ་མ་ལ་བུ་ག་མང་པོ་ཡོད་པ་རེད། དེ་ཡང་ཆགས་བདེ་མཐར་ཐུག་པ་མྱང་ནས་ནུ་མའི་ནང་ནས་འོ་མ་ཕྱིར་ཤོར་སྐབས་སུ་ཕྱོགས་མང་པོ་ལ་ཟེག་མ་རྒྱང་རིང་དུ་ཤོར་གི་འདུག ནུ་མ་ཕྱོགས་གཅིག་ཁ་ནང་དུ་བཅུག་སྐབས་སུ་ནུ་མ་གཞན་དེའི་ནང་ནས་འོ་མ་ཕྱོགས་གང་སར་འཐོར་ཡོང་བ་ཞིག་རེད། དེ་ལ་བསམ་སྐབས་ཕྱོགས་གཅིག་ནས་ཆགས་ཉམས་ཆེན་པོ་དང་། ཡང་ཕྱོགས་གཅིག་ནས་འཇིག་སྣང་ཡང་སྐྱེས་ཡོང་བ་ལྟ་བུ་ཞིག་རེད།

  26. ཨ་ར་དཀར་པོ says:
    2014-12-18 at 12:56 am

    ཕྲུ་གུ་སྐྱེས་ནས་ཟླ་གཅིག་ལས་མ་སོང་གོང་ནས་ཆགས་ལས་འདི་འདྲ་བྱས་ནས་ཁྱེད་ཀྱི་མཛའ་མོའི་སྐུའི་འཕྲོད་བསྟེན་ལ་ཧ་ཅང་གནོད་ངེས་ཡིན་པས་རྗེས་མ་ནས་དེ་འདྲ་རྩ་ནས་གནང་མི་རུང་། ཟླ་བ་གཉིས་ལ་ངེས་པར་དུ་བཟོད་སྒོམ་ཐུབ་པ་ཀྱིས། སྤོབས་པ་ཁྱོད་དངོས་གནས་སྤོབས་པ་ཚ་དྲགས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme