Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཀའ་ངལ་གདོང་ལེན་གྱིས་ྋརྒྱལ་བའི་བཀའ་སྒྲུབ་དགོས།

Posted on 2011-03-22 By ཁ་བརྡ་ No Comments on དཀའ་ངལ་གདོང་ལེན་གྱིས་ྋརྒྱལ་བའི་བཀའ་སྒྲུབ་དགོས།

ནགས་ཕྲན་པ་བསོད་ནམས་ཚེ་རིང་།
ཟླ་འདིའི་ཚེས་ ༢༡ ཉིན་རྒྱབ་ཆུ་ཚོད་ ༤ ནས་ ༦ བར་འཇིགས་བྲལ་བསྟན་འཛིན་གྱིས་གོ་སྒྲིག་འོག་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་༸གོང་ས་མཆོག་གིས་ ༢༠༡༡།༠༣།༡༤ ཉིན་སྐབས་བཅུ་བཞི་པའི་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གྱི་དགོངས་དོན་སྦེལ་ཀོབ་ཁུལ་གཞིས་ཆགས་གསར་རྙིང་གཉིས་ཀྱི་གནད་ཡོད་མི་སྣ་དང་། དོ་སྣང་ཅན་གྱི་མི་སྣའི་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཞིག་འཚོགས་སོང་།
ད་ལན་ཚོགས་འདུ་འདིའི་ཐོག་གོ་སྒྲིག་པ་འཇིགས་བྲལ་བསྟན་འཛིན་གྱིས། ༸གོང་ས་མཆོག་གིས་གྲོས་ཚོགས་སུ་གསུང་འཕྲིན་ཕེབས་པའི་དགོངས་དོན་ཐོག་རང་རང་ལ་བསམ་ཚུལ་གང་ཡོད་པ་བོད་སྤྱི་ལ་བསམས་ནས་འཛེམས་དོགས་མེད་པར་གསུང་རྒྱུའི་རེ་བ་ཡོད་བརྗོད་སོང་། ཐེངས་འདིའི་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་འདིའི་སྟེང་དབུས་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་དང་། ས་གཞོན་སློབ་སྟོན་པ་རྒན་བློ་བཟང་རྡོ་རྗེ། ས་གཞོན་ཚོགས་གཙོ་ཟུར་པ་པདྨ་ཚེ་དབང༌། ས་གཞོན་ཚོགས་གཙོ་ཚེ་རིང་ལྷ་སྐྱབས། ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་དབང་མོ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་སོགས་སྦེལ་ཀོབ་ས་གནས་ཀྱི་གནད་ཡོད་མི་སྣ་དང་། དུས་རྒྱུན་བོད་དོན་ཆབ་སྲིད་ཐོག་དོ་སྣང་ཅན་སྐྱ་སེར་མི་གྲངས་བཅོ་ལྔ་ཙམ་གྱིས་ྋགོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་དང་བཅས་པའི་ཆབ་སྲིད་འགན་དབང་མི་མང་གིས་འདེམས་བསྐོ་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་གསུང་འཕྲིན་དང་འབྲེལ་བའི་གནད་དོན་ཐོག་བགྲོ་གླེང་དང་བསམ་ཚུལ་གླེང་སློང་བྱས་ཡོད་པ་དང༌། སྐབས་དེར་ྋགོང་ས་མཆོག་གིས་དུས་ཡུན་རིང་པོ་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་མ་འོངས་མདུན་ལམ་ཆེད་གཟིགས་རྒྱང་རིང་པོའི་དགོངས་པ་བཞེས་ཕྱོགས་གསུང་འཕྲིན་དེའི་ནང་དོན་དང་རྒྱབ་ལྗོངས་ལ་དོགས་སློང་འགྲེལ་བཤད་མི་དགོས་པར་གསུང་འཕྲིན་རང་ལ་གསལ་པོ་ཡོད་པ་དང༌། བཀའ་དགོངས་དེའི་ཐོག་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱང་གདོང་ལེན་གྱིས་ཤར་བསྐྱོད་བྱེད་དགོས་པའི་བསམ་ཚུལ་ཕལ་ཆེ་བས་གཅིག་གྱུར་གླེང་ཡོད་པ་དང་། ༸གོང་ས་མཆོག་ལ་དབྱིན་ཇིའི་རྒྱལ་མོ་ལྟ་བུའི་མཚན་གནས་ཤིག་འབུལ་ཐུབ་པ་ཡིན་ན་ཡག་པོ་ཡོད་ཚུལ་གྱི་དགོངས་ཚུལ་ཤུགས་ཆེ་བྱུང་སོང་བ་དང་། དེ་བཞིན་ྋགོང་ས་མཆོག་གི་གསུང་འཕྲིན་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་ཐད་མི་མང་ནས་བསམ་ཚུལ་བསྡུ་ལེན་བྱེད་པའམ། ྋགོང་ས་མཆོག་གི་ཆབ་སྲིད་དབུ་ཁྲིད་གནང་དགོས་མིན་གྱི་གནད་དོན་མི་མང་གིས་ཐག་གཅོད་བྱེད་དགོས་པར་མཐོང་གི་མེད་པ་དང༌། གལ་ཏེ་མི་མང་ནས་བསམ་ཚུལ་བསྡུ་ལེན་དང་ཐག་གཅོད་དགོས་པའི་གནས་ཚུལ་བྱུང་པ་ཡིན་ན་མི་མང་བྱིངས་ཀྱི་ཆབ་སྲིད་གོ་རྟོགས་དང་། སྤྱི་ཡོངས་གནས་ཚུལ་ཐོག་ནས་ྋགོང་ས་མཆོག་གི་དགོངས་གཞི་ཡག་པོ་རྟོགས་ཐུབ་ཀྱི་ཡོད་མེད་བཤད་ཚོད་མི་ཐིག་པར་བརྟེན། བོད་རང་དབང་འཐབ་རྩོད་དང་འབྲེལ་བའི་བོད་མི་རིགས་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་བསྐྱོད་བྱེད་ཕྱོགས་ྋགོང་ས་མཆོག་གི་དགོངས་གཞི་བཞིན་འགྲུབ་རྒྱུར་འགལ་རྐྱེན་འཕྲད་སྲིད་པའི་སྐོར་ལ་བསམ་ཚུལ་གཅིག་མཚུངས་བྱུང་སོང་།

གསར་འགྱུར།

Post navigation

Previous Post: དཀའ་ངལ་གདོང་ལེན་གྱིས་ྋརྒྱལ་བའི་བཀའ་སྒྲུབ་དགོས།
Next Post: དཀའ་ངལ་གདོང་ལེན་གྱིས་ྋརྒྱལ་བའི་བཀའ་སྒྲུབ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme