Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལྟའི་སྲིད་སྐྱོང་ལ་གོ་སྐབས་གཉིས་འབུལ་དགོས།

Posted on 2015-06-062015-06-06 By ཁ་བརྡ་ 23 Comments on ད་ལྟའི་སྲིད་སྐྱོང་ལ་གོ་སྐབས་གཉིས་འབུལ་དགོས།

གཞུང་པ་ཚེ་དབང་བསོད་ནམས།

ད་ལྟའི་སྲིད་སྐྱོང་བློ་བཟང་སེངྒེ་ལ་སྐབས་གཉིས་པའི་སྲིད་སྐྱོང་གནང་རྒྱུའི་གོ་སྐབས་འབུལ་དགོས། མང་གཙོ་དང་རང་དབང་ཁྲིམས་ཀྱི་དབང་སྒྱུར་དེ་གལ་ཆེན་དོན་ཆེན་ཡིན་པ་ང་ཚོའི་བཅའ་ཁྲིམས་ནང་གསལ་ཡོད་ན་ཡང་། ང་ཚོའི་སྤྱི་ཚོགས་ནང་ཕྱོགས་གཏོགས་དང་ལུང་ཚན་ལ་འགན་ཁུར་ཆེ་བའི་ཚོགས་སྐྱིད་ཁག་ནས་རང་ལྟ་ཕྱོགས་འཛིན་གྱི་བློ་ལ་སྐྱབས་བཅོོལ་ནས་་སྲིད་སྐྱོང་དང་སྤྱི་འཐུས་ལ་མི་འགྲོའི་མིང་བཏོན་ནས་ས་འོག་དར་ཐག་གིས་བཀྲམ་བཞིན་ཡོད། ཡིན་ན་ཡང་དོན་དངོས་ཐོག་སྲིད་སྐྱོང་དེ་མི་སྒེར་ལ་ཐོབ་གོ་ས་སྤྲོད་བྱེད་དང་མཉམ་ལས་འདྲ་བོ་རེས་མོས་བསྐོར་ནས་བྱ་རྒྱུ་ཞིག་མིན་པར། བོད་མིའི་རྩ་དོན་ལ་ནུས་པ་འདོན་མཁན་ཞིག་དགོས་ཀྱི་ཡོད་ན། སྲིད་སྐྱོང་ལ་གོ་སྐབས་ཐེངས་གཉིས་ངེས་པར་འབུལ་དགོས་པ་ནི་ལོ་གཅིག་གཉིས་ཉམས་མྱོང་བསོག་རྒྱུའི་དུས་ཚོད་ལ་རྫོགས་འགྲོ་གི་རེད་ལ། དེ་ནས་ལོ་གསུམ་ནང་ལས་དོན་རྒྱ་ཆེན་པོ་འགྲུབ་པར་དུས་ཚོད་ལྡང་ངེས་མེད་ན་གཞུང་དང་མི་མང་གི་རྩ་དོན་ལ་འཐུས་ཤོར་འགྲོ་སྲིད་པས། གོ་སྐབས་ཐེངས་གཉིས་ངེས་པར་འབུལ་དགོས་པ་ནི་བདེན་པ་དང་འཚེ་བ་མེད་པ། མང་གཙོ་ཡང་དག་པའི་ལྟ་གྲུབ་ལ་གཞི་བཅོལ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་གི་ཡོད་ལ།

༧གོང་ས་མཆོག་ནས་སྲིད་དབང་མི་མང་ལ་མར་གནང་སྐབས་ཕྱོགས་མང་པོ་ཞིག་ལ་གཟིགས་ནས་བློ་བཟང་སེངྒེ་ལ་གནང་བ་ལས་དེ་མིན་དེའིེསྔོན་ལ་གནང་སྲིད་པ་བཅས། བོད་མི་རིགས་འདི་ཕྱོགས་གཏོགས་ཆབ་སྲིད་དང་ལུང་ཚན་ཤོག་སྒྲིལ། མགོ་འདྲེན་རིང་ལུགས། གྲལ་རིམ་གཅིག་སྡུད། སྐབས་འཚོལ་རིང་ལུགས་སོགས་ཀྱི་རྗེས་སུ་ཁ་མ་ཕྱོགས་པར་སྲིད་སྐྱོང་གི་འོས་དེ་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངེས་པར་འཕེན་དགོས་པ་ནི་ད་ལྟའི་བཀའ་ཤག་གི་ལས་འཆར་བཀོད་སྒྲིག་ལ་མཇུག་སྐྱོང་ཐུབ་དགོས་པ་ནི་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པའི་ངོ་སྤྲོད་ཡང་ཞུ་གི་ཡོད་ལ།
སྲིད་སྐྱོང་དེ་མཉམ་ལས་ལྟ་བུར་རེས་མོས་བྱས་ནས་འདེམས་་མ་དགོས་པར་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་འགན་ཁུར་ཐུབ་མཁན་ཞིག་ངེས་པར་བདམས་ཐུབ་པའི་འབོད་སྐུལ་འདི་བཞིན། མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་བ་འདིས་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་མགོ་འདྲེན་དང་ཕྱོགས་གཏོགས་ལུང་ཚན་ཤོག་བསྒྲིལ་དང་། སྐབས་འཚོལ་རིང་ལུགས་སོགས་ཀྱི་དྲི་ངན་རྩ་སྟོང་འགྲོ་བའི་བསྔོ་བ་མང་ཙམ་བགྱིས་ཆོག

བསམ་ཚུལ།

Post navigation

Previous Post: གྲོགས་པོ་ཞིག་དྲན་པ།
Next Post: རྒྱང་རིང་གི་མ་ཡུམ།

Comments (23) on “ད་ལྟའི་སྲིད་སྐྱོང་ལ་གོ་སྐབས་གཉིས་འབུལ་དགོས།”

  1. ལྡོང་གསེར་མིག says:
    2015-06-06 at 12:42 am

    ཅི་འདྲའི་བཀའ་བཙན་པོ་ཞིག

  2. ཚེ་རིང་ says:
    2015-06-06 at 2:28 am

    ཡིན་དང་ཡིན་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-06-06 at 4:52 am

    ་་་་་་་་་་་་་་ བོད་མིའི་རྩ་དོན་ལ་ནུས་པ་འདོན་མཁན་ཞིག་དགོས་ཀྱི་ཡོད་ན། སྲིད་སྐྱོང་ལ་གོ་སྐབས་ཐེངས་གཉིས་ངེས་པར་འབུལ་དགོས་པ་ནི་ལོ་གཅིག་གཉིས་ཉམས་མྱོང་བསོག་རྒྱུའི་དུས་ཚོད་ལ་རྫོགས་འགྲོ་གི་རེད་ལ། ་་་་་་་་་་་་་་་

  4. ཤར་པ་ says:
    2015-06-06 at 6:11 am

    བོད་སྤྱི་ལ་བསམ་གནོ་གཏོང་མཁས་འདི་ཚོ་ཡག་པོ་རེད། གོ་སྐབས་གཉིས་པ་དེ་མི་དམངས་ཀྱིས་ནུས་པ་འདོན་དགོས། ད་ལྟའི་སྲིད་སྐྱོང་གི་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པ་འདི་ལ་ལས་དོན་མང་པོ་ཞིག་འཇུག་སྐྱོང་རྒྱུར་ལུས་ཡོད། འདས་པའི་ལོའི་ནང་བོད་གཞིས། ལྡི་ལི་མ་འཇུ་ཀྲི་ལ་ཁྲིམས་ཐོག་ནས་བོད་པར་དག་པ་སོགས་ཧ་ལས་པའི་ཕྱག་མང་པོ་ཞིག་གནང་སོང། དེ་དང་དེ་འདྲ་བར་མང་པོ་ཞིག་དང། བོད་རྒྱ་ཞི་གྲོས་ལ་ཡང་ལས་དོན་མང་པོ་ཞིག་འགྲོ་བཞིན་པར་གོར་མ་ཆག་

  5. ལུང་རྟོགས། says:
    2015-06-06 at 7:40 am

    ངས་ནི་སེང་གེ་ལ་འགྲིག་རྟགས་རྒྱག་ངེས་ཡིན། ཁ་བདེ་མགོ་བདེ་ཚོས་འདྲ་མིན་ཅི་ཡང་བཤད་སྲིད་ཀྱང་སྲིད་སྐྱོང་འདིས་ལོ་ལྔའི་ནང་ལ་ལས་དོན་ཡག་ཐག་ཆོད་སྒྲུབ་སོང་། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ཁོང་ལས་ལྷག་པ་ཞིག་སུ་ཡང་རྙེད་རྒྱུ་མི་འདུག

  6. བེ་རེ་གདོང་ནག says:
    2015-06-06 at 9:37 am

    བློ་སེང་འདིའི་མ་འོངས་འཆར་གཞི་དང་ལས་དོན་སྒྲུབ་སྟངས། ལྷག་པར་ནུབ་ཕྱོགས་ཡུལ་གྲུ་མང་པོའི་ནང་སྐོར་སྐྱོད་ཀྱིས་འབྲེལ་ལམ་འཚོལ་སྟངས་དེ་ད་སྔོན་བཀའ་ཤག་སུས་ཀྱང་མ་བྱུང་བའི་གལ་ཆེའི་ལས་དོན། མགོན་པོ་གང་གིས་ཐུགས་རེའི་ཧ་ཅང་་ཆེ་བ། ཤེས་ཡོན་དང་དེང་རབས་ཀྱི་བསམ་བློ་ཚད་མཐོ་པོ། ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ནག་དྲི་ཙམ་མེད་པ། ཆུང་ས་ནས་མིའི་འདུན་དུ་ངོམས་འོས་པའི་བལྟ་ས་དོད་པའི་གཞོན་སྐྱེ་དབུ་ཁྲིད་གཅིག་ཁོང་ལས་ལྷག་ཞིག་མི་ད་ལྟའི་ཆར་རྙེད་ཁག་པ། དུས་ཡུན་རིང་པོའི་མི་རིགས་ཤིག་གི་བདེ་སྡུག་གི་གནས་ཚུལ་དང་། ཉམས་མྱོང་རིམ་བསགས་ཀྱི་དུས་ཚོད་གང་ལ་བསམ་ཡང་ངེས་པར་ཏུ་ལུང་ཚན་དང་རེས་མོས་ལྟ་བུ་ཐུགས་བསམ་མ་བཏང་བར་ངེས་པར་ཏུ་ཁོང་ཡང་བསྐྱལ་བླུགས་དགོས།

  7. རྡོ་སེངྒེ། says:
    2015-06-06 at 11:39 am

    བཙན་བྱོལ་བོད་མི་ཚོས་བོད་པའི་རྩ་དོན་ཐོག་ལ་ནུས་པ་འདོན་ཐུབ་མཁན་ཞིག་ལ་འོས་བླུགས་དགོས།
    ཁ་བདེ་པོའི་ཕན་ཐོགས་གི་མ་རེད།

  8. ལྡོང་གསེར་མིག says:
    2015-06-06 at 12:24 pm

    སང་ལོར་ང་ཡང་སྲིད་སྐྱོང་གི་འོས་མིར་ལང་གི་ཡོད། སྐྱག་རྫུན་དང་། མགོ་སྐོར། མིང་གྲགས་གསུམ་ངའི་ལངས་ཕྱོགས་ཡིན།

  9. ཁྱུང་སེ། says:
    2015-06-06 at 1:10 pm

    ལྡོང་གསེར་མིག་སྲིད་སྐྱོངས་ཀྱི་འོས་སུ་ལངས་ཀྱི་ཡོད་ན་ངས་ཁྱེད་ལ་འོས་འཕེན་རྐྱང་ཡིན་་་་་ཆབ་སྲིད་པ་ཟེར་མཁན་དེ་དེ་འདྲ་དགོས་པ་མ་གཏོགས་སྙིང་རྗེ་དང་བྱམས་སེམས་ཀྱི་སྲིད་ཇུས་བཟུང་ན་རྒྱལ་ཁབ་ཞིག་ག་འདྲ་བྱས་ཏེ་བཟུང་ཐུབ།

  10. རང་བྱུང་རིག་པའི་རྡོ་རྗེ says:
    2015-06-06 at 1:10 pm

    སྲིད་སྐྱོང་མཆོག་འཛམ་གླིང་ལ་ལྟ་སྐོར་མང་བོ་ཕེབས་སོང་། བོད་དོན་ཁྱབ་བསྒྲགས་མང་བོ་བྱས་ཡོད་ཚོད། དཔལ་འབྱོར་གྱི་རོགས་རམ་ཅུང་ཟད་ཐོབ་ཚོད་རེད། འོན་ཀྱང་རྒྱ་བོད་གྲོས་མོལ་སླར་གསོ་བྱས་ཐུབ་མེད་པ་རེད། ང་ཚོས་ངེས་པར་དུ་ཤེས་དགོས་རྒྱུ་ཞིག་ལ་བོད་ཀྱི་བདེན་མཐའ་དེ་འཛམ་གླིང་གིས་རོགས་རམ་འོག་གསལ་རྒྱུ་་ཞིག་མ་རེད། རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་ཐོབ་རྒྱུ་ཞིག་ཡིན་པ་གསལ་པོ་རེད། །

  11. སྐལ་ཚེ། says:
    2015-06-07 at 1:58 am

    བོད་ཀྱི་བདེན་མཐའ་ལ་གོང་ས་སྐྱབས་མགོན་ཆེན་པོས་ང་དགུ་ལོ་ནས་ཉིས་སྟོང་ལོ་བར་དུ་འབད་བརྩོན་སླད་མེད་གནང་ཡོད། ནུས་པ་གང་མ་ཐོན། དེ་རྗེས་ལོ་ངོ་བཅུའི་རིང་ཆོས་སྲིད་གཉིས་ཀར་མཁྱེན་པ་རྒྱས་པའི་ཟམ་གདོང་རིན་པོ་ཆེས་འབད་བརྩོན་གནང་བའི་ཚེ། མཐའ་མར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གང་ཡང་མི་སྤྲད་རྒྱུ་ཐ་ཚིག་བསྒྲགས། དེ་དང་ལྷན་དུ་བོད་གཞུང་སྒོ་བརྒྱགས་པ་དང་། དབུ་མའི་ལམ་དང་། གཞོན་ནུ་ཚོགས་པ་གཉིས་ཕན་ཚུན་དགྲ་རུ་གྱུར། དེའི་རྒྱབ་ལ་གཞན་གྱི་གནོན་ཤུགས་ཆེན་པོ་ཞིག་མེད་དམ་སྙམ་པའི་ཐེ་ཚོམ་དུ་གྱུར། དེ་རྗེས་བློ་བཟང་སེང་གེ་བཀའ་བློན་གྱི་ཁྲིར་བསླེབས། གཞིས་ཆགས་ཁག་དང་། གསར་འབྱོར་རྣམས་ལ་དཀའ་ངལ་ཅུང་ཟད་མེད་པ་བཟོ་བ། ཕྱི་ནས་རོགས་དངུལ་རག་པ་སོགས་ཀྱི་བྱས་རྗེས་ཅུང་ཟད་ཡོད། འོན་ཀྱང་བོད་རྒྱ་དཀའ་རྙོག་དེ་སུས་ཀྱང་སེལ་མ་ཐུབ་པ་དེ། ད་ལྟ་བློ་སེང་མི་བུ་ཐབས་ཆག་ཅིག་གིས་མ་བྱས་རབས་རྐྱང་བཤད་ན་ཧཧཧཧ། དེ་སྔོན་གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་མ་ཤེས་པ་རེད་དམ།

  12. རང་བྱུང་རིག་པའི་རྡོ་རྗེ says:
    2015-06-07 at 1:17 pm

    རྒྱ་ནག་དམར་ཕྱོགས་ཀྱི་ལམ་ལུགས་སྔོན་མ་ལས་གུ་ཡངས་སུ་འགྲོ་ཡི་ཡོད་པ་གསལ་པོ་རེད། དེའི་ཕྱིར་བོད་ཀྱི་བདེན་མཐའ་སེལ་བར་ཡུན་རིང་ཐུང་གི་སྐད་ཆ་བཤད་ན་གླེན་པ་རེད། གཙོ་བོ་དེ་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་རེད། སྲིད་སྐྱོང་མཆོག་དམངས་གཙོ་ལམ་ནས་འོས་འདེམས་བྱས་པ་ནས་བཟུང་གཞི་ལ་གནས་པའི་བོད་མི་ཚོར་སེམས་ཤུགས་འཕར་མ་ཞིག་སྤྲད་སོང་། དེའི་སྟོབས་ཀྱིས་གཞི་མི་མང་བོ་ཞིག་གིས་བློ་ཡུལ་དུ་ཤོང་དཀའ་བའི་རང་བསྲེག་གི་ངོ་རྒལ་ཚད་མེད་བྱས་པ་ལགས། འོན་ཀྱང་རྒྱ་བོད་ཀྱི་གྲོལ་མོལ་སླར་གསོ་རེ་བ་ཞིག་ད་དུང་མེད་སྐད། དེ་ནི་སྲིད་སྐྱོང་མཆོག་མ་འཇོན་པ་ཞིག་ཀྱང་གཏན་ནས་མིན། ཡིན་ནའང་རྒྱ་ནག་གིས་སྲིད་སྐྱོང་ངོས་ལེན་བྱེད་ཀྱི་མེད་པས་རེད། །

  13. རྡོ་སེངྒེ། says:
    2015-06-10 at 4:18 am

    བོད་པ་འདི་ཚོས་རྒྱུན་དུ་རིན་པོ་ཆེ་དང་། སྔོན་མའི་བཀའ་ཁྲི་ཅིག་ཅིག་མིག་མིག་སོགས་ཀྱིས་ལོ་ལྔ་བཅུར་རིང་བོད་དོན་སེལ་ཐུབ་མ་སོང་བས། ད་ལྟའི་སྲིད་སྐྱོང་གིས་ལོ་འགའི་ནང་བོད་རྒྱ་དཀའ་རྙོག་སེལ་མ་ཐུབ་པའམ། འབྲེལ་ལམ་བསྐྱར་གསོ་གནང་མ་ཐུབ་པ་ནི་འགྲིག་འདུག་པ་འདྲ་པོ་ཞིག་བརྗོད་ཀྱིན་འདུག
    ང་ཚོས་ཁ་མིག་ཡར་ལ་བལྟ་དགོས་པ་ལས་མར་བལྟ་ཡ་དེ་ག་རེ་ཡིན་ནམ།

  14. ཅོ་རི་ཉི་མ། says:
    2015-06-10 at 4:45 am

    བོད་དོན་སེལ་ཟེར་བ་དང་བོད་དོན་བདེན་མཐའ་སེལ་ཞེས་པའི་ཚིག་དེ་དག་མཐོང་ཡོང་དུས་སེམས་བསམ་གཏིང་ནས་རྣམ་རྟོག་ལངས་འོང་གི་འདུག

    ཉོན་ཨ་་་་བསལ་ཞེས་པ་འདི་སེལ་བའི་མ་འོང་པ་དང་འདས་པ་རེད། སེལ་ཞེས་པ་འདི་ད་ལྟ་བ་རེད།

    དཔེར་ན། ཉི་མའི་འོད་ཀྱིས་མུན་པ་སེལ། སྒྲ་མི་རྟག་པ་རྟོགས་པའི་ཡེ་ཤེས་ཀྱིས་སྒྲ་རྟག་པར་འཛིན་པའི་ལོག་རྟོག་སེལ་ཟེར་བ་ལྟ་བུ་རེད། བོད་དོན་སེལ་ཟེར་ན་ཡག་པོ་མ་རེད། བོད་དོན་མེད་པ་བཟོ་པ་ལ་བོད་དོན་སེལ་ཟེར་གྱི་རེད། དཀའ་ངལ་མེད་པ་བཟོ་པ་ལ་དཀའ་ངལ་སེལ་ཟེར་གྱི་རེད།

    བོད་དོན་བདེན་མཐའ་སེལ་ཟེར་ན་བོད་དོན་བདེན་མཐའ་མེད་པ་བཟོ་ཡི་ཡིན་ཟེར་གྱི་ཡོད་རེད། བོད་དོན་བདེན་པའི་མཐའ་གསལ་ན་རྫུན་པའི་མུན་པ་སེལ་ཟེར་ན་འགྲིག་གི་ཡོད་རེད།

    རྒན་ལ་དྭགས་པས་དུས་རྒྱུན་དུ་ཡི་གེའི་སྐོར་དུ་ཅིག་བཤད་བསྡད་ཀྱི་རེད། བོད་དོན་སེལ། བདེན་མཐའ་སེལ་ཟེར་དུས་ཅང་ལབ་ཡོང་མཁན་མི་འདུག

    མ་ཤེས་ཤེས་མདོག་ཅན་གྱི་བོད་མི་ཚོས།
    སེལ་བ་ཞེས་པའི་ཚིག་དོན་མ་ཤེས་པར།
    ཁ་ནས་ཆབ་སྲིད་ལྟ་བའི་སྟོང་སྐད་དེ།
    ཤེས་ལྡན་སུ་ཡི་རྣ་ལམ་ག་ལ་འགྲོ

  15. ཅོ་རི་ཉི་མ། says:
    2015-06-10 at 5:04 am

    སེལ་སོང་སེལ་སོང་།
    ཡོད་ཚོད་སེལ་སོང་།
    བོད་གཞུང་བསལ་སོང།
    རང་བཙན་སེལ་སོང་།
    རང་བཙན་ལག་དེབ་ཡང་སེལ་སོང་།
    བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཀྱི་མིང་ཚིག་བསལ་སོང་། འཇོན་པོ་འདུག མཁས་དབང་རེད། སློབ་དཔོན་རེད། ཁྱོད་ཚོས་བོད་ཀྱི་ཡོད་ཚོད་སེལ་ས་རེད། ལོ་བཅུ་མུ་མཐུད་ནས་ཁྱོད་ཚོ་རླུང་རྟ་རྒྱུགས་ན་བོད་མི་རིགས་ཡང་སེལ་ས་རེད།

  16. ཀརྡོ་གཉེར་ཕྱག་པ་ says:
    2015-06-10 at 5:28 am

    དཔེར་ན་ཁྲིམས་ཁང་ཅིག་གི་ནང་ལ། མི་ནག་ཉེས་མེད་པ་ཅིག་ལ་ནག་ཉེས་མེད་པར། ཁ་གསལ་པོར་ཐོན་པ་ལྟར། རྒྱ་ཡིས་ངན་གཡོག་བོད་པར་མེད་པར། བོད་པ་རང་གི་བདེན་པའི་མཐའ་གསལ་པོར་ཐོན་པ་ལྟར། བདེན་མཐའ་སེལ་མིན་པར། བདེན་མཐའ་གསལ་ཞེས་དགོས་རེད་ཅེས། ངས་སྔར་ལན་ཅིག་ཞུས་ཟིན་ལགས།

  17. ཀརྡོ་གཉེར་ཕྱག་པ་ says:
    2015-06-10 at 5:40 am

    http://www.tibettimes.net/news.php?showfooter=1&id=10142
    ་་་་་་་་ ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བཀའ་སྲུང་ཅི་སྒྲུབ་ཐོག་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ་བསྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། ་་་་་་་་་་་

  18. ཀརྡོ་གཉེར་ཕྱག་པ་ says:
    2015-06-10 at 5:43 am

    ཡང་།
    http://www.tibettimes.net/news.php?showfooter=1&id=10142
    ་་་་་་་་་་་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་འདི་ཡིན་པ་རེད། འདི་སེལ་བ་ལ་ངས་བོད་མི་ཚོས་ཚང་མ་མཐོང་ཐུབ་དགོས་པའི་དོན་ཚན་བཞི་བརྩི་གི་ཡོད། ་་་་་་་་ཟེར།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-06-10 at 5:51 am

    http://www.tibettimes.net/news.php?showfooter=1&id=10142

    ་་་་་་་་་་་་ གསུམ་པ། ང་ཚོ་སྐྱབས་བཅོལ་ལ་བསླེབས་ནས་ལས་འགན་བསྒྲུབས་དགོས་པ་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་འདི་ཡིན་པ་རེད། འདི་སེལ་བ་ལ་ངས་བོད་མི་ཚོས་ཚང་མ་མཐོང་ཐུབ་དགོས་པའི་དོན་ཚན་བཞི་བརྩི་གི་ཡོད། བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཐབས་ལམ་དེ་བོད་རྒྱ་འབྲེལ་མོལ་གྱི་ཐོག་ནས་གསལ་རྒྱུ་ཡིན། བོད་རྒྱ་འབྲེལ་མོལ་ཐོག་བོད་དོན་བདེན་མཐའ་སེལ་མཁན་དེ་བོད་མིའི་སྒྲིག་འཛུགས་ཆགས་ཡོད་སྟབས། འདི་རྒྱུན་གནས་ཐུབ་རྒྱུ་དང་སྲ་བརྟན་དགོས་རྒྱུ་དེ་གལ་ཆེན་པོ་འདུག
    གསར་འགོད་པ། དོན་གྲུབ། ་་་་་་་་་་་་་་་་་་་

    ཅོ་རི་ལགས། གསར་འགོད་པ་དོན་གྲུབ་མཉམ་དུ་ལན་ཅིག་རྩོད་སང་།

  20. ལྷ་བྱ་འཕུར་མ། says:
    2015-06-10 at 2:57 pm

    སྲིད་སྐྱོང་མཆོག་གིས་སྔོན་མ་འོས་བསྡུ་སྐབས་སུ་རྩ་དོན་གསུམ་གླེང་ཡོད་ཀྱང་། ལོ་ལྔའི་ནང་་་་་་་་་་
    བཀའ་ཁྲི་ཟམ་གདོང་མཆོག་གིས་ཕྱག་ལས་མང་པོ་མཇུག་སྐྱོང་ཐུབ་ཡོད། ་་་་་་་་་ད་མི་འབྲི་ཐང་ཆད་ནས་ཤི་ཐལ།
    སྲིད་སྐྱོང་གསར་བ་ཞིག་བདམས་ནའང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཕྱག་ལས་མཇུག་སྐྱོང་གནང་གི་རེད།

  21. བདེན་པའི་ཕོ་ཉ་ says:
    2015-06-11 at 1:52 am

    ཡུལ་འཁོར་དང་སྤྲོ་འཆམ་རོགས་རམ་དགོས་ན་སྲིད་སྐྱོང་བློ་སེང་བོད་དོན་བདེན་མཐའ་གསལ་དགོས་ན་སྲིད་སྐྱོང་་་་་་་་་་?

  22. ཇུས་ཏོག་ says:
    2015-06-12 at 6:12 am

    seen.
    say.
    emptyvassel.
    enjoyment.
    nothing.
    ha.ha.
    powerhungriness.

  23. ཇུས་ཏོག་ says:
    2015-06-12 at 10:15 am

    བོད་དོན་བདེན་གསལ་རྒྱུའི་ནུས་པ་བོད་མིའི་ལག་
    ཏུ་ཡོད་པ་ངའི་ནམ་ཡང་ངོས་འཛིན་ཞུ་མི་ཐུབ ་།
    བོད་མིའི་ལག་ཏུ་ཡོད་ན་དུས་སྔ་མོ་ནས་གོང་ས་མཆོག་
    དང་བོད་གཞུང་གི་གསེལ་ཚར་ཡོད་རེད་།
    བོད་དོན་བདེན་མཐའ་གསལ་ཐུབ་མ་ཐུབ་དེ་རྒྱ་མི་་ལ་རག་ལས་པ་རེད་།
    the ball is in chinas court.
    not in tibetan hand. to solve the tibetan case china must revise their political balance towards tibetan issue.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme