Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལྟ་རང་བོད་ནས་འབྱོར་བའི་གནས་ཚུལ།

Posted on 2012-10-132012-10-13 By ཁ་བརྡ་ 18 Comments on ད་ལྟ་རང་བོད་ནས་འབྱོར་བའི་གནས་ཚུལ།

གནས་ཚུལ་བརྒྱུད་སྤྲོད་པ་བསོད་ནམས།

དེ་རིང་སྤྱི་ལོ༢༠༡༢/༡༠/༡༣/ཉིན་གུང་བོད་ནང་ཆུ་ཚོད་དང་པོ་ཡོལ་ཙམ་ལ་གཙོས་དགོན་པའི་མཆོད་རྟེན་གྱི་ཉེ་འགྲམ། ཉེ་སྔོན་སྒྲོལ་དཀར་འཚོས་མེ་མཆོད་ཕུལ་ས་དེར། གཙོས་ཁ་སོག་ལུང་རིལ་མ་སྡེ་བའི་རྟ་མགྲིན་རྡོ་རྗེ་ཞུ་བའི་མེར་སྲེག་བཏང་ནས་དུས་ཐོག་ཏུ་སྐུ་གྲོངས་འདུག ད་ལྟ་གྲྭ་མང་གིས་སྨོན་ལམ་གསུངས་ཏེ་མང་ཚོགས་ནས་སྐུ་ཕུང་ཕ་ཡུལ་དུ་གདན་འདྲེན་པའི་སྒང་རེད།

གསར་འགྱུར།

Post navigation

Previous Post: ནང་མི་རེ་ལ་དགའ་ཕྱོགས་ཐ་དད་རེ།
Next Post: འཇིགས་ཞུམ་བྲལ་བའི་དཔའ་མོ།

Comments (18) on “ད་ལྟ་རང་བོད་ནས་འབྱོར་བའི་གནས་ཚུལ།”

  1. བོད་ཀྱི་བཙན་པོ། says:
    2012-10-13 at 10:39 am

    གནས་ཚུལ་མཁོ་སྤྲོད་པས་གནས་ཚུལ་བྲིས་པའི་སྐབས་དོ་སྣང་བྱེད་པ་ཞིག་ལ། རྟ་མགྲིན་རྡོ་རྗེ་ལགས་དུས་ཐོག་ཏུ་་སྐུ་གྲོངས་འདུག་བྲིས་འདུག དུས་ཐོག་ཟེར་བ་ནི་སྔོན་ནས་དུས་ཚོད་བཟོས་སྟེ་དུས་ཚོད་དེ་གའི་ཐོག་བྱ་བ་བྱས་པ་ཞིག་གོ་དགོས་ཀྱི་མིན་ནམ། དེ་མ་ཐག་ཞེས་བྲིས་ན་མཚུངས་པོ་མེད་དམ་བསམ་གྱིའདུག

  2. lhamotsering says:
    2012-10-13 at 10:39 am

    ད་དངོས་གནས་མཚམས་འཇོག་གི་ཕྱོགས་ལ་ཐབས་ལམ་ཞིག་མ་འབད་ཚེ་བོད་ནང་གི་བོད་མི་ཚོ་དང་ནང་མི་ཚང་མ་སྙིང་རེ་རྗེ།ཕྱི་ལོགས་ནས་མར་མེ་ཁྲོམ་སྐོར་ཁོ་ན་མ་གཏོགས་ཅི་ཡང་ཕན་པ་གསལ་བོ་ཡིན།གལ་སྲིད་ནུས་པའི་འབྲས་བུ་ཐོན་ན་འགྲིག་མོད།འབྲས་བུ་ནི་དིལ་འབྲུ་ཙམ་ཡང་ཐོན་མ་སོང་བས་བློ་ཕམ་སོང་།

  3. མེ་ཏོག་དཀར་པོ། says:
    2012-10-13 at 10:45 am

    གང་དྲག་

  4. lhamotsering says:
    2012-10-13 at 10:50 am

    ཚིག་དོན་ལ་བསམ་བློ་གཏོང་གི་མེད་དུས་ཕལ་ཆེར་དུས་བབ་རྩོམ་སྒྲིག་པ་ལྟ་བུ་ཞིག་ཡིན་ངེས་རེད།གང་ལྟར་གནས་ཚུལ་འདི་སྤེལ་བ་ཐུགས་རྗེ་ཆེ།

  5. གཉིས་མེད་སེངྒེ says:
    2012-10-13 at 11:14 am

    གངས་ཅན་པའི་བུ་རྒོད་ཚོས་སྤོབས་པ་དང་སྐྱོ་སྣང་ཚད་མེད་སྟེར་བྱུང་། གྱེས་ཕྱག་འབུལ།

  6. སྤྲུལ་སྐུ་དབང་ཆེན says:
    2012-10-13 at 11:57 am

    ཨཿཨཿཨཿཨཿཨཿ

  7. རྣ་བ་བརྒྱདཔ་ says:
    2012-10-13 at 12:11 pm

    ཁ་ནས་གང་བཤད་ཐམས་ཅད་སུ་མཁས་ཡིན།
    ཁ་དོན་ཚིག་ལ་གནས་ན་མཁས་པ་ཡིན།
    ཨ་ཁ་བཤད་ནས་བསྡད་ན་གླེན་རྟགས་ཡིན།
    དོན་ལ་ཕན་པའི་ལས་ཅིག་བསྒྲུབ་རན་འདུག།

    གང་ཅན་སྤུན་རྡ་རྣམས་གྱི་རང་རིགས་གྱིས་ཆེད་དུ།
    རང་ལུས་མེ་རུ་སྦར་ཀྱང་འཇིག་སྣང་ཞིག་མི་འདུག།
    ཐ་ཤལ་རྗེས་ལས་ཐེབ་པའི་ང་འདྲ་ཡི་ཚོགས་རྣམས།
    འདུས་པོའི་རྣམས་གྱིས་ཆེད་དུ་རུ་ཁྲོད་ཅིག་འགྲིམ་རན།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-13 at 12:40 pm

    མྱ་ངན་གུས་འདུད་དང་། དལ་འབྱོར་མིའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་འདུན་ཡོད།

  9. ཚུལ་ཁྲིམས་ཟླ་བ། says:
    2012-10-13 at 12:53 pm

    སྙིང་ཐག་པ་ནས་གུས་འདུད་ཞུ།

  10. རེབ་ཐོག་མདའ says:
    2012-10-13 at 2:45 pm

    ཁ་སང་་་་་་གཅིག་་་་་་་དེ་རིང་་གཅིག་་་་་་་སང་ཉིན་་་་་་ངའི་ཅི་ཞིག་བཤད་ན་བཟང་ངམ?? ཨ་མ་དེ་་་་ཕྲུ་གུ་དེ་་་་ད་དུང་མང་པོ་ཞིག་འདི་ལྟར་མིག་ཟུང་མཆི་མས་གླེན་དུས་་་་་་་་ངའི་ཅི་ཞིག་བཤད་ན་བཟང་ངམ།
    མི་བུ་ལྔ་བཅུ་ལྷག་མེ་རུ་སྒྲོན་སོང་་་་་་ད་དུང་མི་བུ་ག་ཚོད་ཅིག་སོང་ན་ད་གཟོད་ང་ཚོ་ང་རང་དབང་ཐོབ་བམ་་་་་་ངའི་དངོས་གནས་ཅི་ཞིག་བཤད་དགོས་པ་མི་ཤེས་གི།
    མར་མེ་ཁྲོམ་སྐོར་་་་་་་་་་མར་མེ་མཆོད་འབུལ་་་་་་་་་་ད་དུང་ང་ཚོ་ཅི་ཞིག་བྱེད་ཀྱི་ལྷག་ཡོད་དམ་་་་་་་་་་་ངའི་ཅི་ཡང་བཤད་མི་འདོད་རྒྱུ་མཚན་བདག་ལ་བདག་འཛིན་གི་ལྟ་བ་ཤུགས་ཆེ་དྲགས་པས། བདག་ལ་རང་དོན་ལས་རྒྱུ་མང་དྲག་པས། བདག་ད་དུང་ཨ་རི་འགྲོ་དགོས་པས། མི་བུ་ལྔ་བཅུ་་་་་་་་ཡལ་འགྲོ་བའི་ཕྱི་ལོགས་འདི་ན་་་་་རི་གྲོང་འདི་ན་་་་་་་་་གྲུ་ཁ་འདི་ན་་་་་་་་བོད་པ་ཡིན་ལ་བོད་ཡིག་ཤེས་མཁན་མང་པོ་ཞིག་གིས་་་་་་ཁྱེད་དྲན་གི་ཡོད་དམ། ་་་་་་་་་་་་་་་་་་་་ངའི་དངོས་གནས་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་གི། དཀོན་མཆོག་མཁྱེན་་་་ངེད་ཚང་ལ་ནག་ཉེས་ག་རེ་ཡོད་དམ་་་་་་ཅིའི་ཕྱིར་འཛམ་གླིང་འདིར་རྣ་བ་མེད་ལ་མིག་ཟུང་ཡང་མེད་པའི། ཁྱོད་ཀྱི་སྤྱན་ཀྱིས་གཟིགས་དང་་་་་་་མེ་ལྕེ་འབར་ཀྱིན་འདུག་་་་་་ས་གོ་ལ་སྒུལ་ཀྱིན་འདུག། ་་་་་་་་དྲང་བདེན་ཡོད་དམ་་་་་་བདེན་པ་ཡོད་དམ་་་་་་་་་་རང་དབང་་་་་་འགྲོ་བ་མིའི་ཐོབ་ཐང་་་་་་་སྐྱག་གཟན་རེད་་་་་་་ཨོ་མ་ཎི་པདྨེ་ཧཱུ

  11. ལེགས་བཤད། says:
    2012-10-13 at 3:45 pm

    བོད་ཕྱི་ལོགས་ཀྱི་བོད་མི་ཤེས་ལྡན་ལྷག་བསམ་ཅན་འགའ་རེ་དང་། མི་ཚེ་པད་ཤག་གི་གཡོགས་སུ་རྒྱུགས་པ་དག་དང་། བོད་ནང་གི་བོད་མི་ཆོས་དད་བསླད་མེད་ཀྱི་ལ་རྒྱ་ཅན་དག་དང་། བོད་ཕྱི་ནང་གི་གནས་ཚུལ་ཆ་ཚང་རྒྱུས་མངའ་དང་ཤེས་རྟོགས་ཡོད་པའི་ཤེས་ཡོན་ཅན་གྱི་སྡེ་ཁག་དང་། དེ་ཡང་ཆོས་གཙོ་བོ་དང་སྲིད་གཙོ་བོ། རང་གཙོ་བོ་དང་གཞན་གཙོ་བོར་འཛིན་པའི་རང་རིགས་ཀྱི་ཤེས་ཡོན་པ་གང་ཡིན་རུང་། རང་ལུས་མེར་བསྲེགས་འདི་ནི་དམ་ཚིག་རྡོ་རྗེའི་མདུད་པ། རང་ཉིད་ཀྱི་ཡོད་ཚད་བློས་བཏང་གི་རང་ལས་གཞན་གཙོ་བོར་འཛིན་པ། འདི་ལས་ལྷག་ཅིག་གི་ཆོད་སེམས་དང་དད་པ་ནི་འཇིག་རྟེན་འདི་ན་མེད་ལ། མིའི་བློ་ཡུལ་ལས་འགོངས་བ་ཞིག་ཡིན་པས་བསམ་མེད་བྱིས་བློ་ཅན་དག་གིས་མིག་ཆུའི་སྐྱེལ་མ་བྱེད་རྒྱུ་ཙམ་ལས་མཆོད་འབུལ་དང་སྨོན་ལན་བཏོན་པ་དེ་གས་འགྲིག །དེ་བས་བཟང་དང་ངན་གང་ཡང་བཤད་རྒྱུ་མེད་དེ། རང་ཉིད་ཀྱི་ལུས་སྟེང་ལ་མེ་སྟག་ཙམ་ཞིག་ཟུག་བཟོད་དཀའ་བ་དང་། རང་སེམས་རྟ་རྔ་ཙམ་པོ་འདིས་གཞན་གྱི་དེ་འདྲའི་སྙིང་སྟོབས་དང་ཆོད་སེམས་ཀྱི་བརྒྱ་ཆའི་གཅིག་གི་ཆར་ཡང་མི་དོ་ན། མེར་བསྲེགས་མཚམས་འཇོག་བྱེད་རོགས་ཞེས་ཞུ་མ་འོས་ཀྱང་ཕ་རོལ་བོར་ལྐུགས་པར་ལྟ་བ་འདི་མཚམས་བཞག་ན་རེད། དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་བརྟག་དཔྱད་དང་བསམ་བློ་གཏོང་ཤེས་ན་རེད།

  12. བརྩོན་འགྲུས་རྒྱ་མཚོ་ says:
    2012-10-13 at 11:39 pm

    རྒྱལ་གཅེས་དཔའ་བོ་མཆོག་ལ་སེམས་གཏིང་ནས་གུས་འདུད་ཞུ།

  13. ཉི་འོད་གྲོངས says:
    2012-10-14 at 1:00 am

    རྒྱལ་གཅེས་དཔའ་བོ་ཁོང་ངས་སྙིང་ནས་བོད་བསྟན་པ་་ཆབ་སྲིད་ཀྱི་ཁྱེད་དུ་སྐུ་སྲོག་གཏང་་བ་ལ་ཡིད་རང་་མ་བྱེད་རང་བྱེད་རེད་འདུག། འོནད་ཀྱང་ང་ཚོ་དྲ་འབུ་བ་འདི་ཚོ་དང་རྡ་ས་ན་ཡོད་པའི་ཆབ་སྲིད་ཀྱི་བཙོན་པའི་མིང་ཁྱེར་མཁན་རྐུ་་མ་དང་། ཇག་པའི་རིགས། བོད་ནས་བཙོན་གྲོལ་ཐོབ་མ་ཐག་འདི་གར་ཡོང་ཐུབ་པ་བྱས་ནས་ཁ་་ནས་རྒྱལ་གཅེས་ཤ་སྟག་ལབ་སྟེ་དོན་དངོས་ཐོག་མར་མེ་ཁྲོམས་སྐོར་ཞིག་ལས་མེད་ཀྱང་། སེམས་སྐྱོ་ཚུལ་དང་སྡུག་ཚུལ་ལུང་པ་གང། མིག་རྡོག་ཡན་ཆད་ལབ་ནས་འཆལ་གཏམ་དང་འུལ་སྒྲོག་གང་མང་བཤད་པ་དང་། བོད་ཀྱི་གཞོན་ལྷན་་ཡང་དེ་མཚུངས་ཀྱི་རྫུན་མ་ལུང་པ་གང་བཟོས་ནས་དེ་འི་ཞལ་འདེབས་ལེན་མཁས་པ་དང། སྐྱག་ཟར་འདི་ཚོས་བསླུ་བྲིད་སྣ་ཚོགས་ཀྱིས། ཕ་ཡུལ་ལ་རང་རིགས་ལ་ལྷག་བསམ་འགྱུར་མེད་བ་འདི་དག་རེ་རེ་བཞིན་རྒྱ་དམར་དགྲ་བོའི་མིག་་ལམ་དེར་་རྫོགས་བཅུག་ཡག་་རེད།་ ད་ནི་བཟུང་ངས་རང་ལུས་མེ་སྲེགས་གནང་མཁན་དེ་ཚོ་ཡིད་རང་མི་བྱེད་ངོ་མ་ཡིན། ང་ལྷག་བསམ་དང་བོད་མིར་དགའ་ཞན་མི་འདུག་ཅེས་ལབ་ཀྱང་ཁྱད་པར་མེད།

  14. ལོག་སྨྲ་ཚར་གཅོད། says:
    2012-10-14 at 2:16 am

    ཡ་གངས་ཅན་པ་ཚོ། ད་མེར་སྲེག་གི་གྲངས་ཀ་བགྲང་བཞིན་སྨོན་ལམ་འདྲ་དང་མར་མེ་ཁྲོམ་སྐོར་རེ་བྱས་ནས་གྱི་ནར་འདུག་བཟོད་ཡོད་ཨེ་ཐལ། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེས་ཀྱང་འཛམ་གླིང་གི་གཞུང་དང་མི་དམངས་ལ་ཚོར་བ་དྲག་པོ་ཞིག་སྤྲོད་དེ་བོད་སྐྱོབ་ཀྱི་ལས་དོན་ལ་སྐུལ་མ་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་གསལ་པོར་ཆགས་ཟིན་པ་རེད། ད་བྱས་དུས་ངས་བལྟས་ན་ཕྱིས་སྡོད་བོད་མི་ཡོད་དོ་ཅོག་ལོངས་ཤོག ཁ་ཞེ་གཉིས་མེད་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཡོད་ནའང་ལོངས་ཤོག ཚང་མས་ཁས་ལེན་བྱས་ནས་ཐོན་ཤོགས། ང་ཚོས་བལ་ཡུལ་དུ་སྒུག་ནས་ཡོད། ཤོགས་དང་ང་ཚོ་མི་འབུམ་གཅིག་ལྷག་ཙམ་བོད་དུ་ལོག་པའི་ལས་འགུལ་ཛ་དྲག་ཞིག་བརྩམས་ནས་མགྱོགས་པོར་བོད་ལ་འགྲོ་མགོ་ཚུགས་ཤིགས། ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་པ་ཡུལ་དེའི་མི་སེར་བཟོས་ཟིན་པ་རྣམས་དང་འབྱོར་པ་ཅན་ཚོས་ཀྱང་རང་མི་རིགས་ཀྱི་བདེ་སྡུག་དང་རིག་གནས་སྲུང་སྐྱོབ་ལ་རྒྱ་བཅས་ཀྱི་ཆེད་ཡོད་ཚད་ད་རེས་བློས་གཏོང་བྱས་ནས་ཡོང་རོགས། བལ་ཡུལ་མཆོད་རྟེན་བར་ཚང་མས་མི་མངོན་པ་རེ་རེ་ནས་ཐོན་ཤོགས། དེ་ནས་ང་ཚོས་གསང་སྟབས་ཀྱིས་བོད་བསྐྱོད་ལས་འགུལ་འདི་མགོ་འཛུགས་ས་བལ་ཡུལ་མཆོད་རྟེན་དང་འཇུག་བསྡུ་ས་ཨམ་མདོ་རྔ་བའི་དཔའ་བོའི་ཐང་ཆེན་དུ་ཡིན། མི་རེ་ཟུང་གིས་རང་སྲོག་བློས་གཏོང་དང་ཧར་ལོང་ཐད་རྒྱུག་བྱས་ཀྱང་དེ་ཙམ་གྱིས་ཤུགས་རྐྱེན་ཆེན་པོ་དང་གཡོ་འགུལ་ཆེན་པོ་བྱེད་མི་ཐུབ། བོད་མི་ཚང་མ་ལོངས་ནས་ཤོགས་དང་མཉམ་དུ་འགྲོ ང་དང་མཉམ་དུ་འགྲོ བོད་ལ་འགྲོ སང་ཉིན་ནས་འགྲོྲ ཆེས་རླབས་ཆེན་གྱི་ལས་འགུལ་ཆེན་པོ་དེ་འདྲ་ཞིག་སྤེལ་ཐུབ་ཚེ་བལ་དམག་དང་རྒྱ་དམག་གཉིས་ཀྱིས་བཀག་འགོག་བྱ་ཐབས་དཀའ་བས་སྐྲག་མི་དགོས། མཇུག་འབྲས་ནི་དེ་ནས་བཟུང་བོད་ཀྱི་གནད་དོན་དེ་འཛམ་གླིང་གི་ས་སྒང་འདིར་ཆར་བབས་ན་བབས་ཐག་ཆོད་པ་ཞིག་དང་དྭངས་ན་དངས་ཐག་ཆོད་པ་ཞིག་ཡོང་རྒྱུ་ངེས་པ་ཡིན་ལ་ལོ་རྒྱུས་ཀྱི་རི་མོ་ཡང་གསར་པ་ཞིག་མགོ་འཛུགས་བྱེད་ཐུབ། བོད་པ་ཚོ་སྙིང་ལ་རུས་པ་བཅུགས་ནས་ངར་ནས་ལོངས་ཤོགས། སྐྲག་མི་དགོས། སྒུག་ནས་ཡོད།

  15. ལོག་སྨྲ་ཚར་གཅོད། says:
    2012-10-14 at 4:13 am

    གོང་དུ་བཤད་པ་བཞིན་ལས་འགུལ་འདི་ཡི་མིང་ལ་(མི་མང་སྡེབས་ལང་གི་བོད་བསྐྱོད་ལས་འགུལ་ཆེན་མོ།) ཡིན། མགོ་ཁྲིད་ཅིག་དམིགས་བསལ་དགོས་ཀྱི་མ་རེད། ཚང་མ་ཐོག་མར་མགོ་འཁྲིད་མཁན་ཡིན་ལ་བར་དུ་ལས་འགུལ་སྤེལ་མཁན་ཡིན་པ་དང་ཐ་མར་མཇུག་སྐྱོང་མཁན་ཡང་ཡིན། མགོ་ཁྲིད་དང་གྲ་སྒྲིག་བྱེད་མཁན་ཞིག་བཟོས་བསྡད་ན་ཟ་སྒོ་ལ་བསམ་པ་དང་བལ་དམག་དང་རྒྱ་དམག་གིས་འཇུ་བཟུང་བདེ་མོར་ཆགས་ཀྱི་ཡིན་པ་དང་མི་ཚང་མ་རྫོགས་བར་འགྲོ་དགོས་བྱུང་ཡང་མགོ་ཁྲིད་ལ་རྫོགས་ཡ་མེད་པ་འགྲོ་ཐུབ་པའི་དོན་དུ་ཡིན། ཚང་མ་རང་དོན་རང་བྱེད་ཡིན་སྟབས་རང་གི་མགོ་རང་གིས་འཁྲིད་དགོས་པ་དང་ས་འོག་གྲོག་མ་བཞིན་དུ་མགོ་ཁྲིད་དང་བཀོད་སྒྲིག་བྱེད་མཁན་ལ་མི་ལྟོས་པ་སྡེབས་ལང་བྱེད་དགོས། ཚང་མར་ཆོད་སེམས་ལྡན་པ། རྒྱལ་ཞེན་དང་ཆོས་ཞེན་གཉིས་ཀ་ཆེ་བ། བློས་གཏོང་ནུས་པ། ཕྱིར་བལྟ་མི་བྱེད་མཁན། ཤི་རྒྱུར་མི་སྐྲག་པ། འགྲོ་ཟེར་དུས་ཚིག་གཅིག་གི་ཆོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་བྱེད་དགོས།
    ཞལ་འདེབས་བསྡུ་མཁན་དང་ལེན་མཁན་སུ་ཡང་མེད་པས་རང་གིས་རང་ལ་ཞལ་འདེབས་རྒྱོབས། ལས་འགུལ་བ་ཚང་མས་རང་གི་ཟླ་བ་གསུམ་གྱི་འཚོ་རྟེན་འགྲོ་སོང་གཏོང་བྱེད་ཏག་ཏག་ཅིག་ཁྱེར་ནས་ཤོགས། བལ་ཡུལ་དུ་འབྱོར་སྐབས་རང་རང་གི་གནས་ཚང་ངམ་འགྲོན་ཁང་དུ་སོ་སོར་བསྡད་ནས་ཚང་འཛོམས་ཀྱི་ཚོགས་འདུ་དང་བརྡ་ལན་ཆ་ཚང་དྲ་ཐོག་ནས་ཡིན། དེ་མིན་འདིར་མངོན་གསལ་དོད་པོར་བྱེད་མི་ཐུབ་པ་ཤེས་དགོས། འགྲོ་ཉིན་མོར་མི་འབུམ་གཅིག་ལྷག་གིས་སྡེབས་ལང་ཡིན་པས་བལ་དམག་ཇི་ཙམ་ཡོད་ཀྱང་ང་ཚོར་འགོག་མི་ཐུབ་ལ་ཁོ་པ་ཚོས་བཙན་དུ་འཇུག་གོ་བསམ་ཡང་ལྟོ་དང་ཁང་པ་དེ་འདྲ་མེད་པས་ང་ཚོས་ས་ཆོད་ཅིག་དང་དེ་སྔོན་བྱུང་མྱོང་མེད་པའི་གྲུབ་འབྲས་རླབས་ཆེན་ཞིག་ཐོན་ངེས་ཡིན།

  16. གནམ says:
    2012-10-14 at 8:15 am

    དྲ་གྲོགས་་ལོག་སྨྲ་ལགས། བོད་ནང་གི་མི་ལ་འུར་སློང་མི་ཉན། ཡོང་སྒོ་མེད་པའི་ཆག་སྒོ་ཉོས་ཡོང་། ལས་འདི་ཚོ་ཚང་མ་མི་བཀོད་པ་ཅན་ཞིག་གིས་གསང་རྒྱའི་རྒྱུད་ལམ་ནས་བཀོད་བསྒྲིགས་བྱས་ཚར་ན་ད་གཟོད་ཕྱི་སྒྲོག་གནམ་སྒྲོག་བྱེད་པ་ལས་ཁ་ཚོད་མ་སྔ། སེམས་ཤུགས་ལ་གུས་རྩི་ཡོད། འོན་ཀྱང་སྐད་ཆ་རྐང་ལག་མེད་རུང་རྒྱང་ཁམས་ཉུལ་ཟེར་བ་རེད། བོད་ནང་གི་མིས་ད་དུང་འདི་འདྲ་གོ་མི་ཉན་ཡ།
    དེ་འདྲ་ཞིག་བྱེད་པའི་དཔང་དུ་གཏང་ན་ཡང་མཇུག་འབྲས་ཀྱི་ཐོབ་བྱ་ཞིག་དང་ཤོར་བྱ་ཞིག་གི་སྡོམ་རྩིས་ཞིག་དགོས་བ་མ་རེད་ནེ། ཚེ་རྟེན་རྡོ་རྗེ་ཟེར་ནི་ཞིག་ལ་རོགས་པ་ག་ཚོད་ཅིག་རེག་སོང་། དོན་ཆེན་ཞིག་རེག་ན་སྐྲག་དགོས་དོན་མེད་ཀི། བདེན་པ་རེད། ཇུས་བཀོད་དགོས་པ་རེད། ཐུགས་རྗེ་གཟིགས།

  17. ཇ་མ་ says:
    2012-10-14 at 8:34 am

    ༡༦༽ གནམ་ནས། གནམ་རྒན་མས་བཤད་པ་ཤིན་ཏུ་ནས་བདེན་པ་རེད།

  18. ཨ་མདོ་སེང་གེ says:
    2012-10-14 at 9:28 pm

    ཁ་སང་་་་་་གཅིག་་་་་་་དེ་རིང་་གཅིག་་་་་་་སང་ཉིན་་་་་་ངའི་ཅི་ཞིག་བཤད་ན་བཟང་ངམ?? ཨ་མ་དེ་་་་ཕྲུ་གུ་དེ་་་་ད་དུང་མང་པོ་ཞིག་འདི་ལྟར་མིག་ཟུང་མཆི་མས་གླེན་དུས་་་་་་་་ངའི་ཅི་ཞིག་བཤད་ན་བཟང་ངམ།
    མི་བུ་ལྔ་བཅུ་ལྷག་མེ་རུ་སྒྲོན་སོང་་་་་་ད་དུང་མི་བུ་ག་ཚོད་ཅིག་སོང་ན་ད་གཟོད་ང་ཚོ་ང་རང་དབང་ཐོབ་བམ་་་་་་ངའི་དངོས་གནས་ཅི་ཞིག་བཤད་དགོས་པ་མི་ཤེས་གི།
    མར་མེ་ཁྲོམ་སྐོར་་་་་་་་་་མར་མེ་མཆོད་འབུལ་་་་་་་་་་ད་དུང་ང་ཚོ་ཅི་ཞིག་བྱེད་ཀྱི་ལྷག་ཡོད་དམ་་་་་་་་་་་ངའི་ཅི་ཡང་བཤད་མི་འདོད་རྒྱུ་མཚན་བདག་ལ་བདག་འཛིན་གི་ལྟ་བ་ཤུགས་ཆེ་དྲགས་པས། བདག་ལ་རང་དོན་ལས་རྒྱུ་མང་དྲག་པས། བདག་ད་དུང་ཨ་རི་འགྲོ་དགོས་པས། མི་བུ་ལྔ་བཅུ་་་་་་་་ཡལ་འགྲོ་བའི་ཕྱི་ལོགས་འདི་ན་་་་་རི་གྲོང་འདི་ན་་་་་་་་་གྲུ་ཁ་འདི་ན་་་་་་་་བོད་པ་ཡིན་ལ་བོད་ཡིག་ཤེས་མཁན་མང་པོ་ཞིག་གིས་་་་་་ཁྱེད་དྲན་གི་ཡོད་དམ། ་་་་་་་་་་་་་་་་་་་་ངའི་དངོས་གནས་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་གི། དཀོན་མཆོག་མཁྱེན་་་་ངེད་ཚང་ལ་ནག་ཉེས་ག་རེ་ཡོད་དམ་་་་་་ཅིའི་ཕྱིར་འཛམ་གླིང་འདིར་རྣ་བ་མེད་ལ་མིག་ཟུང་ཡང་མེད་པའི། ཁྱོད་ཀྱི་སྤྱན་ཀྱིས་གཟིགས་དང་་་་་་་མེ་ལྕེ་འབར་ཀྱིན་འདུག་་་་་་ས་གོ་ལ་སྒུལ་ཀྱིན་འདུག། ་་་་་་་་དྲང་བདེན་ཡོད་དམ་་་་་་བདེན་པ་ཡོད་དམ་་་་་་་་་་རང་དབང་་་་་་འགྲོ་བ་མིའི་ཐོབ་ཐང་་་་་་་སྐྱག་གཟན་རེད་་་་་་་རེབ་ཐོག་མདའ་གྱི་བཤད་རྒྱུ་ངོ་མ་བདེན་པ་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme