Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལྟ་ཛ་དྲག་ཏུ་འགྱུར་བཞིན་པའི་བོད་གནས་ཤིག

Posted on 2012-11-302012-11-30 By ཁ་བརྡ་ 4 Comments on ད་ལྟ་ཛ་དྲག་ཏུ་འགྱུར་བཞིན་པའི་བོད་གནས་ཤིག

ཕྱི་ལོ་༢༠༡༢ཟླ་༡༡ཚེས་༣༠ཉིན་གྱི་བོད་ནང་གི་ཞོགས་པའི་དུས་ཚོད་༩ཡས་མས་སུ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བའི་ཕུན་ཚོགས་ཚང་གི་བུ་དཀོན་མཆོག་སྐྱབས། རང་ལོ་༢༩ཡིན་པ་ཁོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་བཞག་ལྡོམ་ཞང་ནས་སྤྱི་ལེ་བཅུ་ལྷག་གི་སར་ཡོད་པའི་རླངས་འཁོར་ནང་དུ་སྣུམ་བླུག་ས་ཞིག་ཡོད་པ་དེའི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་འདུག་ཀྱང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་སོགས་སླེབས་ནས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ལ་ཁྱེར་ཡོད་པས་ཁོང་གི་ཤི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག སྐབས་ཐོག་དེར་གཟའ་རུ་སྟོད་མའི་ཕོ་གསར་སྐོར་ཞིག་གིས་ཉེན་རྟོག་པའི་རྗེས་དེད་ནས་རྒྱུགས་ཡོད་ཀྱང་ཕོ་གསར་རྣམས་ཀྱང་ཕྱིར་ཡོང་མེད་པར་གྱུར་སྟབས། ད་ལྟ་སྟེ་རྒྱ་གར་གྱི་དུས་ཚོད་༧ ཙམ་ལ་ས་གནས་ཀྱི་མི་མང་ཕོན་ཆེ་འདུ་འཛོམས་བྱེད་བཞིན་པ་དང་། མི་མང་གིས་ཕོ་གསར་རྣམས་དང་དཀོན་མཆོག་སྐྱབས་བཅས་ཕྱིར་སྤྲོད་དགོས་ཚུལ་བརྗོད་ནས་ངར་ཤུགས་ཆེན་པོས་ངོ་རྒོལ་བྱས་བརྩིས་བྱེད་བཞིན་ཡོད་པས་གནས་ཚུལ་ཛ་དྲག་ཏུ་འགྱུར་བཞིན་ཡོད་འདུག
ཁོང་གི་ཕ་མིང་ལ་ཕུན་ཚོགས་དང་། མ་མིང་ལ་བློ་བཟང་སྒྲོལ་མ། རང་ལོ་༢༦ ཡིན་པའི་བཟའ་ཟླའི་མིང་ལ་པདྨ་སྐྱིད་དང་ཁོང་གཉིས་ལ་བྱིས་པ་གཉིས་ཡོད་པའི་ཆེ་བ་ལོ་༩ དང་ཆུང་བ་ལོ་༦ ཡིན་འདུག ཁོང་ལ་སྤུན་གཅིག་དང་སྲིང་མོ་གཉིས་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༣༠ ལ།

གསར་འགྱུར།

Post navigation

Previous Post: ཁམས་ནགས་ཤོད་འབྲི་རུ་རྫོང་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་ཚེ་རྒྱས་ལགས་བཙོན་ཁང་དུ་སྐུ་གྲོངས་འདུག
Next Post: བར་སྐོར་གླིང་།

Comments (4) on “ད་ལྟ་ཛ་དྲག་ཏུ་འགྱུར་བཞིན་པའི་བོད་གནས་ཤིག”

  1. འདྲེ་ནག་མགོ་དགུ་ says:
    2012-11-30 at 11:20 am

    བོད་ནང་གི་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གུས་འདུད་དང་ཁོར་རྣམ་པར་གདུང་སེམས་མཉམ་སྐྱེད་ཡོད། ཁྱེད་རྣམ་པའི་རླབས་ཆེན་བློས་བཏང་ལ་དད་གུས་ཞུ་

  2. བླ་སྨྱོན་ says:
    2012-11-30 at 12:28 pm

    འདྲེ་ནག་ཁྱོད་ཀྱིས་བོད་མི་གསོན་པོ་རྣམས་ཀྱི་སྲོག་དང་འདས་ཟིན་རྣམས་ཀྱི་ཤ་ཁྲག་ལ་རྩེད་མོ་རྩེ་བ་ལ་ངོ་རྒོལ་ཡོད། ག་རེ་གུུས་་འདུད་དང་གདུང་སེམས་སྐྱེད།།

  3. མངའ་རིས་ཕྲིན་ལས། says:
    2012-11-30 at 12:36 pm

    དངོས་གནས་རེད་ད་རི་རྒྱ་དཔོན་ཁ་ཤས་ཤིག་དང་། བོད་མི་རྒྱ་འདྲ་ཁ་ཤས་སྲོག་ལེན་ལེན་པའི་དུས་ལ་བབ་པས་ད་ཡིན་ད། ང་ཚོ་འདི་ནས་གཞུང་ཚབ་ཁང་དུ་བཙན་འཛུལ་གྱིས་ཤ་ལེན་ལ་ཤ་དང་། ཁྲག་ལེན་ལ་ཁྲག་མེད་ན་མེས་པོའི་བླ་ཚོང་རེད། ལར་རྒྱའི་དགྲ་བོ་རེད། ད་འཕགས་དགོས་འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ད་ལོང་ཤོག་ལོང་ཤོག་གཅིག་སྒྲིལ། ཤུགས་རྒྱོབ། ཤུགས་རྒྱོབ།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-11-30 at 7:19 pm

    ཞོགས་པའི་དུས། ཞེས་པའི་ཚབ་ཏུ། སྔ་དྲོའམ་སྔ་མོ། ཞེས་བཀོད་ན། བོད་མིའི་རིགས་ཀློག་ཐུབ་པ་ཡོངས་ཀྱིས་གོ་ཐུབ་བསམ། ཅེས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme