Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལོའི་ལོ་སར་དུས་སྟོན་གཏོང་དགོས་མིན་ཐད་ལ་བསམ་ཚུལ། བྱམས་བརྩེ་འོད་སྣང་།

Posted on 2013-01-202013-01-21 By ཁ་བརྡ་ 8 Comments on ད་ལོའི་ལོ་སར་དུས་སྟོན་གཏོང་དགོས་མིན་ཐད་ལ་བསམ་ཚུལ། བྱམས་བརྩེ་འོད་སྣང་།

སྤྲུལ་སྐུ་དབང་ཆེན།

བོད་ཕྱི་ནང་གཉིས་ཀ་ནས་ལོ་ངོ་ཁ་ཤས་ཤིག་ལ་ལོ་གསར་གྱི་དུས་སྟོན་མི་བྱེད་པའི་རྣམ་འགྱུར་ཞིག་བསྟན་པ་ཙམ་རེད་མ་གཏོགས་ད་ནས་བཟུང་བོད་ཀྱི་ལོ་གསར་དུས་སྟོན་དེ་རྩ་བ་ནས་གཅོད་ཀྱི་ཡིན་ལབ་པ་དང་མཇུག་བསྒྲིལ་བ་ཡིན་ཟེར་གྱི་ཡོད་པ་མ་རེད་བསམ། ལོ་གསར་བ་ཚེས་པ་ལ་ལོ་གསར་གྱི་དུས་སྟོན་བྱེད་པ་ནི་འཛམ་གླིང་སྤྱི་ལ་གཅིག་མཚུངས་སུ་ཡོད་པ་ཞིག་རེད་མ་གཏོགས་བོད་མིས་འཛམ་གླིང་ལ་མ་དར་བ་ཞིག་གསར་བཏོད་དང་གསར་རྙེད་བྱུང་བ་དེ་འདྲ་ཅི་མ་རེད། ཡིན་ནའང་ལུང་པ་ཡར་རྒྱས་མེད་པ་དང་གནའ་བོའི་སྲོལ་རྒྱུན་མཐུག་སའི་ཡུལ་ལུང་མང་པོ་ཞིག་ལ་ད་ལྟ་དངོས་སུ་ཉིན་མང་པོའི་རིང་ལ་ལོ་གསར་བས་དགའ་སྟོན་རྟེན་འབྲེལ་དང་བཟའ་བཏུང་ལོངས་སྤྱོད་ལ་རོལ་ནས་དུས་ཚོད་སྐྱེལ་གྱི་ཡོད་པ་རེད། དེ་མིན་ཡར་རྒྱས་ཅན་གྱི་རྒྱལ་ཁབ་དང་ཡར་ཐོན་ཅན་གྱི་མི་རིགས་ཤིག་ལ་མཚོན་ན། ལོ་གསར་ནི་རྟེན་འབྲེལ་ཙམ་ཞིག་ལས་ང་ཚོ་བོད་པ་ནང་བཞིན་རང་ལ་མེད་ན་མི་ལ་གཡར་སྐྱི་དང་བུ་ལོན་སྟོང་འཇལ་སོགས་བྱས་ནས་ཉིན་བརྒྱ་དུས་གཅིག་གི་ཉི་མ་ལྟ་བུར་བརྩིས་ནས་ཁ་ཕོ་རིས་ཀྱིས་རང་སྲོག་གཅོད་པས་རྣམ་པ་དེ་མེད་པ་རེད། ལོ་གསར་དེ་བོད་ཀྱི་ནོར་བུ་ཞིག་ཡིན་ན་བོད་ལ་ངོམ་སོ་བྱེད་རིན་དེ་ཙམ་མེད་པ་རེད་འདོད། གང་ཡིན་ཞེ་ན། བལ་བོ་ལྟ་བུ་ལ་མཚོན་ན་ལོ་གཅིག་ལ་ལོ་གསར་དུ་མ་ཞིག་གཏོང་སྲོལ་ཡོད་པས་བལ་བོའི་རྒྱལ་ཁབ་དེ་ནོར་བུའི་རྒྱལ་ཁབ་ལྟ་བུ་ཞིག་ཏུ་ངོས་འཛིན་ཅིའི་ཕྱིར་མི་ཞུ། དེ་མིན་བོད་ཀྱི་ལོ་གསར་དུས་སྟོན་དེའི་ནང་ལ་བོད་མི་ས་ཡ་དྲུག་པོའི་ཚེ་སྲོག་ཡོངས་རྫོགས་ཐིམ་ཡོད་པ་འདྲ་བོ་ཞིག་ལབ་ན་ཡང་དེ་ཙམ་མཛའ་བོ་ཞིག་མི་འདུག་སྙམ། ལོ་ཁ་ཤས་ལ་ལོ་གསར་དུས་སྟོན་མ་བྱས་པ་ཙམ་གྱིས་ཡང་སྲོལ་རྒྱུན་དེ་རྣམས་གཏན་དུ་ཡལ་འགྲོ་བ་ཞིག་ག་ལ་སྲིད། གལ་ཏེ་སོ་སོ་ལ་སྤྱི་མི་མགྲོན་པོ་ཁ་ཤས་རེ་ཡོད་པ་རྒྱུ་མཚན་དུ་བྱེད་ཀྱི་ཡོད་ན་དེ་ནི་སོ་སོའི་ངོས་ནས་ཁེ་བཟང་དང་མཐུན་ལམ་ཙམ་ཞིག་ཡིན་པ་ལས་བོད་མི་རིགས་སྤྱིའི་སྐྱིད་སྡུག་ལ་ཁག་བཞག་མི་རུང་ངོ་། བདག་ལ་མཚོན་ན་ལོ་གསར་ལ་ཚང་མ་མཉམ་འཛོམས་བྱས་ནས་དགའ་སྟོན་རྟེན་འབྲེལ་གྱིས་ཐུགས་སྤྲོ་མི་གཏོང་བའི་མྱ་ངན་བྱས་པ་དེ་ནི་མི་འོས་པ་ཞིག་ཏུ་མཐོང་གི་མེད་ལ་གལ་ཏེ་མཉམ་དུ་འཛོམས་ནས་མཆོད་འབུལ་ཙམ་དང་སྨོན་ལམ། དེ་བཞིན་ལོ་འཁོར་གཅིག་ནང་གི་བྱ་བ་ལམ་འགྲོ་ཡོང་བས་སེམས་ནང་གི་རེ་སྨོན་རེ་ཕུལ་བ་ལའང་དེ་ཙམ་ཉེས་འགལ་དུ་མཐོང་གི་མེད། དེས་ན་ངས་ག་རེ་བཤད་ཀྱིན་ཡོད་ཟེར་ན། རང་རང་ས་ནས་རང་རིགས་སྤུན་ཟླ་དང་སྤྱི་མི་གྲོགས་པོ་སོགས་མགྲོན་འབོད་རེ་བྱས་ནས་རྟེན་འབྲེལ་ཙམ་རེ་བྱེད་འདོད་ན་ནི་མ་འགྲིག་པ་ཆེན་པོ་ཅི་མི་འདུག་སྙམ། ཡིན་ནའང་དེ་ལས་ལྡོག་སྟེ་ཅི་ཞིག་ལོན་མདོག་མདོག་དང་གོ་རབ་ཞིག་བཅད་མདོག་མདོག་གིས་ཧ་ལོ་རྒྱལ་ཏེ་དགུང་ལ་འཕར་སྡོད་པའི་དུས་བོད་ཅིག་ནི་མིན་པར་སྙམ། དེ་ནི་རང་རིགས་ཀྱི་སྤུན་ཟླའི་ངོ་མི་ཆོད་ལ་སྤྱི་ཡུལ་རྒྱལ་ཁབ་ཚོའི་མི་རིགས་ཀྱི་མདུན་ལའང་ངོ་གནོང་དགོས་པ་ཞིག་རེད་འདོད། གང་ཡིན་སྙམ་ན་མི་ལོ་དུ་མའི་རིང་གི་ལོ་རྒྱུས་ཡོད་པའི་ས་ཡ་དྲུག་ལྷག་གི་མི་གྲངས་དང་བོད་ཅེས་པའི་རྒྱལ་ཁབ་དེ་རྒྱ་དམར་གྱི་འོག་ལ་འཛུལ་ཞུགས་ཀྱི་ལས་འགུལ་ཙམ་རེ་སྤེལ་བ་ལས་བོད་རང་དབང་རང་བདག་གི་ལས་འགན་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ནས་ལོ་རྒྱུས་རྒྱལ་རབས་ཤིག་འཕྲེད་གཏུབ་བྱས་ཏེ་འདས་སོང་གི་མྱེས་པོ་ཚོའི་རྣམ་ཤེས་ལ་བདེ་བ་མི་ཐོབ་ཅིང་། ད་ལྟའི་སྤུན་ཟླ་ཚོའི་ལས་ངག་ཡིད་དང་གློ་སྙིང་བྲང་གསུམ་དེ་བཞིན་ཤ་ཁྲག་རུས་གསུམ་ས་ལ་འཐོར་མི་ཐུབ་པ་བཟོས་ཤིང་། མ་འོངས་པའི་མི་རབས་ཚོའི་འདུན་ལམ་ཀྱག་ཀྱོག་དེ་ནག་བསུབ་ལ་བཏང་བའི་མུན་ནག་གི་འཇིག་རྟེན་ཞིག་ལ་བསྐྱལ་ཡོད་པའི་དུས་འདིར། ངོ་མ་ལོ་གསར་གྱི་དགའ་སྟོན་རྟེན་འབྲེལ་རེ་རྩི་སྲུང་བྱས་ན་ཡང་བྲོ་བ་ཞིག་མེད་པའི་མུན་ནག་གི་འཇིག་རྟེན་ཞིག་རེད་སྙམ། 

རྩོམ་རིག

Post navigation

Previous Post: དེང་སང་གི་རྨི་ལམ།
Next Post: དབྱངས་ཅན་མར་བསྐུར་པའི་གསང་འཕྲིན་ཞིག

Comments (8) on “ད་ལོའི་ལོ་སར་དུས་སྟོན་གཏོང་དགོས་མིན་ཐད་ལ་བསམ་ཚུལ། བྱམས་བརྩེ་འོད་སྣང་།”

  1. སྤོབས་པ་མཐའ་ཡས། says:
    2013-01-21 at 6:10 am

    སྤྱིར་ན་ང་ནི་སྤྱི་ཚོགས་ཡར་རྒྱས་ཅན་དང་ཡར་རྒྱས་མེད་མཁན་ཟེར་ནས་དབྱེ་བ་འབྱེད་པའི་ཤེས་རིག་ཡོད་མཁན་ཞིག་ཡིན། དཔལ་འབྱོར་ཡར་རྒྱས་ཅན་དུ་བགྲང་བའི་ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་ལྟ་བུ་ཞིག་ལ་ཡར་ཐོན་དང་། སྔོན་ཐོན། དེང་རབས་ཅན་སྤྱི་ཚོགས་སོགས་སུ་འདོད་ཀྱིན་ཡོད་ན་ནི་དེ་ཚོར་ནི་དགའ་སྟོན་དུས་ཆེན་ཆེ་ཐག་ཆོད་བྱེད་སྲོལ་འདུག ཁི་རི་སི་མ་སི་ནས་ནུའུ་ཡེར་ཡས་མས་ལ་འབྱོར་འབྲིང་གྲལ་རིམ་གྱི་ཁྱིམ་ཚང་མང་པོ་ཞིག་ཀྱང་བུ་ལོན་ནང་ལ་ཚུད་འགྲོ་བའི་འགྲོ་སོང་གཏོང་སྲོལ་འདུག མ་གཞི་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་ཤར་ཕྱོགས་སྤྱི་ཚོགས་ཕལ་མོ་ཆེ་བཞིན་དངུལ་སྡུག་བསག་བྱེད་སྲོལ་མེད། རྒྱུན་དུ་ཡོངས་སྒོ་དང་ཟད་གྲོན་གཉིས་ཆ་སྙོམ་བྱས་ན་ཤི་ཉིན་འགྱོད་པ་ཆུང་བར་འདོད་མཁན་མང་དུ་འགྲོ་བཞིན་ཡོད།

  2. མྱི་དཀར་ says:
    2013-01-21 at 12:29 pm

    ལོ་གསར་གཏིང་དང་མི་གཏིང་ཟེར་བ་སྟེ་ད་ལོ་་དང་ན་ནང་བར་གྱི་དོན་རྐྱེན་སོགས་ལ་ངས་ལྟོས་ན་འབྲེལ་བ་ཤིག་ཡོད་རྒྱུ་རེད་བསམ་གི་ཡིན་ན་ཡང་གཏིང་སྟངས་གི་ཆ་ནས་བཤད་ན་མི་འདྲ་བ་མང་པོ་འདུག་ལོ་གསར་གཏིང་ན་སྤྲོད་སྐྱིད་གཏིང་དགོས་བའི་ངེས་བ་མེད་སྤྲོད་སྐྱིད་དང་ཧ་ཅང་གི་སིང་སིང་ཆེན་པོ་མ་གཏིང་ན་འགྲིག་རྒྱུ་བསམ་སྒྱུ་རེད།

  3. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-21 at 12:52 pm

    བལ་པོ་ལྟ་བུར་མཚོན་ན་ལོ་གཅིག་ལ་ལོ་གསར་དུ་མ་གཏོང་སྲོལ་ཡོད་ཟེར། བལ་པོའི་ལོ་ཐོ་ལྟར་ན་Vaisak ཟླ་བའི་ཚེས་གཅིག་དེ་ལོ་གསར་རེད། དེ་གཏོགས་ལོ་གསར་མེད། དེ་ནི་བོད་བརྒྱུད་ནང་བསྟན་ཕུད་པའི་ནང་པ་གཞན་རྣམས་ཀྱི་ས་ག་ཟླ་བ་རེད། བོད་ཟླ་ལྟར་ན་མང་ཆེ་བ་ཟླ་བ་གསུམ་པ་འཁེལ་གྱི་ཡོད། དེ་མིན་བལ་པོ་གྲངས་ཉུང་མི་རིགས་གཞན་་ Newar གྱི་ལོ་གསར། གུ་རུང་དང་རྟ་མང། ཤར་པ་སོགས་ཀྱི་ལོ་གསར་ཡོད། དེ་མིན་ Dasain དང Tihar སོགས་ཧིན་དུའི་ཆོས་ལུགས་ཀྱི་དུས་ཆེན་མང་པོ་འདུག དེ་དག་ཚང་མ་ལོ་གསར་པ་མ་རེད། ཡིན་ནའང་བོད་པའི་ཁ་རྒྱུན་དུ། ཡང་ཡང་བལ་པོའི་ལོ་གསར་ཞེས་པ་མང་པོ་གོ་མྱོང་ཡང་དོན་དངོས་ལ་། ཡང་ཡང་བལ་པོའི་དུས་ཆེན་རེད་འདུག

  4. སྤྲུལ་སྐུ་དབང་ཆེན། says:
    2013-01-21 at 2:17 pm

    ཚང་མས་བསམ་ཚུལ་བརྗོད་པས་དགའ་ཡོད། ནུབ་ཕྱོགས་པ་ལ་གསལ་འདེབས་ཙམ་དུ།
    བལ་བོ་གཞུང་གིས་ངོས་ལེན་ཡོད་པའི་ལོ་གསར་དགུ་ཡོད། དེའི་ནང་ནས་ཆེབ་གཉིས་Gregorianདང་Vikramགཉིས་ཀ་ཡིན། དེ་མིན་ད་དུང་ལོ་གསར་བདུན་ཡོད།
    རིམ་བཞིན།
    Gregorian new year: རྒྱལ་སྤྱིའི་ལོ་གསར་ཡིན། སྤྱི་ཟླ་དང་པོའི་ཚེས་གཅིག་འཛམ་གླིང་སྤྱི་ལྟར་ཡིན།
    Vikram: འདི་ནི་ཧིན་རྡི་བའི་ཆོས་ལུགས་དང་འབྲེལ་བའི་ལོ་གསར་གལ་ཆེན་ཞིག་ཡིན། སྤྱི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ཡིན།
    Maghiana:The tharu new yearལོ་གསར་དང་། འདི་ནི་བལ་བོའི་ཤཱཀྱའི་མི་རིགས་ཀྱི་ལོ་གསར་ཡིན་ལ། སྤྱི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཡིན།
    Sonam Losar: འདི་རྟ་མང་བའི་མི་རིགས་ཀྱི་ལོ་གསར་ཡིན། སྤྱི་ཟླ་དང་པོའི་ཚེས་པ་ཉེར་བཞི་ཉིན་ཡིན།
    Galbo losar: འདི་ནི་ཤར་པ་མི་རིགས་ཀྱི་ལོ་གསར་ཡིན། སྤྱི་ཟླ་གཉིས་པའི་ཚེས་ཉེར་བཞི་ལ་ཡིན།
    Shrawn: new fiscal year. འདི་ནི་སྤྱིར་བཏང་ལོ་གྲངས་ཀྱི་ལོ་གསར་ཞིག་མིན་ན་ཡང་ཧིན་རྡི་བས་གལ་ཆེན་གྱི་དུས་སྟོན་ཞིག་ཡིན་ཕྱིར་དེང་སང་བལ་བོ་ལ་ལོ་གསར་གྱི་རྣམ་པ་ལྟ་བུ་ཞིག་ཆགས་འདུག སྤྱི་ཟླ་བདུན་པའི་ཟླ་དཀྱིལ་ལ་ཡིན།
    Nepal Sambat: འདི་ནི་newarམི་རིགས་ཀྱི་ལོ་གསར་ཡིན། སྤྱི་ཟླ་བཅུ་པའི་ཚེས་ཉེར་བདུན་ལ་ཡིན།
    Hijri: འདི་ནི་བལ་བོའི་ཁ་ཆེ་བའི་ལོ་གསར་ཡིན། སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ཡིན།
    Tamu losar: འདི་བལ་བོའི་དགུ་རོང་མི་རིགས་ཀྱི་ལོ་གསར་ཡིན།
    དེས་ན་ང་ཚོས་ལོ་གསར་མང་བའི་བལ་བོ་རྒྱལ་ཁབ་ཞེས་ལབ་ན་མ་ཆོག་པ་དང་མ་འགྲིག་ཅི་འདུག་གམ་ལགས།

  5. མེ་ཏོག་དཀར་པོ says:
    2013-01-21 at 10:46 pm

    ཡང་ཡང་བལ་པོའི་ལོ་གསར།

  6. རྒྱ་གར་རྨ་བྱ། says:
    2013-01-22 at 1:24 am

    སྔ་མོ་ནས་ངས་བོད་ཀྱི་ལོ་གསར་ནི་ལོ་གཅིག་ལ་ཐེངས་གཅིག་ལས་མེད་པས། ཡང་ཡང་འབེལ་བོའི་ལོ་གསར་མེད་པར་གོ་བ་བླང་གི་ཡོད།
    ད་བྱས་ནས་བལ་པོའི་ལོ་གསར་འདི་ལྟར་གྲངས་རྒྱུ་ཡོད་ན་གོ་བ་ཆེན་པོ་འདུག་གཱ།

    ཐུགས་རྗེ་ཆེ།

  7. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-22 at 12:30 pm

    Gregorian new year ལོ་གསར་ནི་བལ་པོའི་ལོ་གསར་མིན། buckram sambat དང་Nepal sambat གཉིས་བལ་པོའི་ལོ་གསར་རྩིས་མཆོག དེ་མིན་གུ་རུང་དང་ཤར་པ་རྟམང་སོགས་ཀྱི་ལོགསར་རྩིས་སྟངས་བོད་པ་ལྟར་འདྲ་བོ་འདུག ཁོང་ཚོས་ལོ་གསར་ཟླ་བ་རེ་ཟུང་ཁྱད་པར་འདུག

  8. ལྷག་རྒྱལ་ says:
    2013-01-29 at 12:18 am

    གལ་དེ་ལོ་གསར་མ་བཏོང་ན་གང་ལ་ཕན་སམ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme