Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལོའི་ཁ་བ།

Posted on 2012-02-03 By ཁ་བརྡ་ 2 Comments on ད་ལོའི་ཁ་བ།

ལོ་གསར་པའི་ཐོག་མའི་རྩོམ་ཕུད།

རྩེ་སྐར།

༡ ཁ་བ་དང་ལོ་གསར།

ད་ལོ་ཁ་བ་བབས་བྱུང༌།
མི་རྣམས་ཀྱིས་སྤྲོ་སྣང་ཞིག་རུམ་ནས་བྲེལ་བ་ཧ་ཅང་ཆེ་དུས།
ཡང་ན། མྱ་ངན་ཞིག་མིད་ནས་སེམས་པ་འཁྱག་ཤི་ཐེབས་དུས།
ཁ་བའང་བྲེལ་ཟང་ཟིང་མི་ཡུལ་ལ་ཁད་ཀྱིས་བབས།
ད་ལོའི་ཁ་བ་འབབ་སྟངས་དེ་ནམ་རྒྱུན་དང་མི་མཚུངས་པར།
རོ་ལ་རྔམ་པའི་བྱ་རྒོད་ཀྱི་ཚོགས་བཞིན་བསྙིལ་ཏེ།
དགུན་གཞུང་ན་ཙག་གིས་བསྡམས་པའི་ས་གཞི་དེ་དང༌།
མི་ཚོགས་ཀྱིས་གོས་ཧྲུལ་བཞིན་ཕུད་པའི་ལོ་རྙིང་དེར།
རྐང་བཅག་གིས་དག་ཁྲུས་ཡང་ཡང་མཛད་ཅིང༌།
ལོ་གསར་པ་ཞིག་བསུ་བའི་ཁ་བཏགས་སྒྲོན་པ་དང་མཚུངས།

༢ ཁ་བ་དང་མི་ཚོགས། ད་དུང་གཞན་དག

ད་ལོ་ཁ་བ་འབབ་སྟངས་དེས།
མི་ཚོགས་ལ་ལོ་གསར་དང་ལྷན་དུ་སེམས་འཁྲལ་འཕར་མ་ཞིག་བསྣན་ཏེ།
ནམ་མཁའ་ལ་ཅེར་ནས་ལེ་བདའ་བྱེད་སྟངས་ཤིག་གིས།
རྒྱང་རིང་གི་རི་བོའི་ཚོགས་ཀྱང་དངངས་འདར་ཞིག་རྒྱག་དགོས་བྱུང༌།
ད་དུང༌། གྲང་ཤུར་ཤུར་འཁྱག་ལ་འབྱར་བཞིན་པའི་ཆུ་མིག་དག
མག་གསར་ཞིག་གིས་ཕྱི་བའི་གོང་སྣེ་ན།
མགྲོན་པོ་ཚོར་ལྐོག་ལྟ་བྱེད་པ་དང་འདྲ་བར།
ཁ་བའི་གསེང་རུམ་ན་ཤུབ་ཤུབ་ཀྱིས་བཞུར་སྟངས་དེས།
ལོ་གསར་གྱི་ཞོགས་པའི་ཆུ་ལེན་བུ་མོ་དེར་ཡང༌།
ཞེན་ཆགས་ལྷག་མ་ཞིག་སྐྱེ་རུ་བཅུག་པ་ཡིན་ནམ།
འབྲི་མར་གྱི་ཁ་རྒྱན་བསྐུས་པའི་སྐྱོགས་ནང་ལ་བཅུས་ཏེ།
གནམ་ས་ལ་མཆོད་ཁ་ཐེངས་གསུམ་འཕེན་དགོས་བྱུང༌།

༣ ཁ་བ་དང་སྦྲ་ནག

ད་ལོའི་ཁ་བ་ཆགས་སྟངས་དེས།
ས་གཞི་ལ་ཕྱིང་དཀར་གྱི་ལྭ་བ་མཐུག་པོ་ཞིག
སྐ་རགས་མ་བཅིངས་པར་གཡང་ཤམ་གྱིས་གཡོགས།
གྲོང་བརྡལ་ན་སོ་ཕག་དང་རྡོ་བས་གྲུབ་པའི་ཁང་གསར་དག
ནད་པ་ཞིག་འདྲ་བར་ཁུ་སིམ་སིམ།
གཡོ་འགུལ་མེད་པར་དུས་གཅིག་ཏུ་ཁ་བའི་ནང་ནུབ་པ་དང་མཚུངས།
འོན་ཀྱང༌། རྩྭ་ཐང་གི་གཞི་ན་ཁེར་རྐྱང་གི་ཚུལ་དུ།
གཅིག་རེ་གཉིས་རེ་ཨུ་ཚུགས་ཀྱིས་ལྷག་ཡོད་པའི་སྦྲ་ནག་མའི་གོང་ཁར།
ཁ་བ་ལྷབ་ལྷབ་ཏུ་ཆགས་སྟངས་དེས།
སྙིང་སྟོབས་ཤིག་དང་གསོན་ཤུགས་ཤིག་ལྷག་ཏུ་རྒྱས།
ད་དུང༌། རྩྭ་ཐང་གི་ཞབས་བྲོ་བ་ལྟ་བུའི་ནོར་གནག་གི་དཔུང་ཁྱུ་དང༌།
གཏན་འདུན་གྱི་ལག་རྡང་གཅིག་ཏུ་སྦྲེལ་ཏེ།
ཁ་བའི་ཁྲོད་ནག་རོག་གེར་རྟག་བརྟན་དུ་འགྱེང་བའི་མཛེས་སྡུག་དེ།
སྔ་མོ་ནས་གྲོང་ཁྱེར་དུ་ཆས་ཟིན་པའི་མི་རྣམས་ཀྱིས།
ད་ཆ་སེམས་གཏིང་ནས་བརྗེད་ཡོད་པ་འདྲ་ནའང༌།
དེང་རབས་ཀྱི་མིག་ཤེལ་གྱོན་པའི་ཕྱི་གླིང་པ་རྐྱལ་སྟོང་དེ་ཚོས།
རྩྭ་ཐང་གི་མི་དག་ཨང་།
ཇི་འདྲའི་གླེན་པ་རྐྱང་རེད་ཟེར་བ་ཡིན་ནམ།
ལྡབ་ལྡིབ་ཅིག་སྨྲ་ཞིང་དཔར་ཆས་ཀྱི་ཁ་ལོ་རྩྭ་ཐང་ལ་སྐོར་ཏེ།
ཁ་བ་དེ་དྭངས་གསལ་གྱི་གླེགས་བམ་ཞིག་གི་ཚུལ་དུ།
སྦྲ་ནག་གི་ཚོགས། ནོར་ནག་གི་ཁྱུ།
སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ལ་བལྟ་བ་དང་ཀུན་ནས་མཚུངས།

སྙན་ངག

Post navigation

Previous Post: འཛམ་གླིང་སྟེང་གི་དམྱལ་བ།
Next Post: ཁམས་བྲག་འགོར་སྡོམ་བཙུར་བྱེད་པའི་གནས་ཚུལ་གསར་སྒྲོག

Comments (2) on “ད་ལོའི་ཁ་བ།”

  1. ཐོར་རྒོད་པ་སྤྱན་ཆབ། says:
    2012-02-03 at 3:47 pm

    དགུན་གྱི་ཁ་བ་འབབ་སྟངས་དེས་སེམས་པ་ལན་རེར་གསོད་པར་བྱེད་ལ།
    དབྱར་གྱི་རྦ་རླབས་འཕྱོ་སྟངས་དེས་མི་སེམས་སྐབས་རེར་འགུལ་བར་བྱེད་པ་མོད་ཀྱང་།
    དོན་དུ་ན། ང་ཚོའི་དཔའ་བ་མཛེས་ཉམས་ཡོད་ཚད་ལ་སྤྲེལ་ལད་བྱེད་པ་ཁོ་ནའོ།།
    བླ་ལྷག་ཏུ་་རང་བྱུང་གི་ད་ལོའི་ཁ་བ་དེས་་་་་ཧ་ཧ་ཧ་་་ད་མི་ཆ་ཡོད་ལ་གཏམ་ཆ་མེད་ཀྱིས་ཅི་བྱེད་དེ་རིང་ང་ནི་ཉིད་ཀྱི་མགྲོན་པོ་ཐོག་མ་ཡིན་པས་ཞིབ་ཀློག་བྱས་ཟིན།

  2. རྩེ་སྐར། says:
    2012-02-04 at 5:42 am

    ཁྱོད་དེ་འདྲའི་མགྲོན་པོ་མགྱོགས་པོ་དང་དཔེ་ལེགས་ཅན་ཞིག་ཡིན་བསམ་ཡོད་ཡ།
    ཕེབས་པར་དགའ་བསུ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme