Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།

Posted on 2021-04-06 By ཁ་བརྡ 2 Comments on ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།

ངམ་རིང་ཡོན་ཏན་རྒྱ་མཚོས།

སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་ངས་རྒྱ་ཆེའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མི་མང་རྣམས་ལ་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་ལ་ད་རེས་དབུས་གཙང་

དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་ལ་འོས་འཕང་རྒྱུའི་རེ་སྐུལ་དང་སྦྲགས་ཁོང་དབུས་གཙང་སྤྱི་འཐུས་སུ་འོས་པའི་རྒྱུ་མཚན་འགའ་ཞིག་རིམ་པས་བརྗོད་པར་འདོད།

རིག་འཛིན་ལྷུན་གྲུབ་ལགས་ནི་བོད་གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་ཡ་གྱལ་ངམ་རིང་ནང་སྐུ་འཁྲུངས་ཏེ་འཚར་ལོངས་བྱུང་བས་བོད་ནང་གི་གནད་དོན་མི་ཉུང་བ་ཞིག་རང་མྱོང་ཚོར་རྟོགས་ཐུབ་ཀྱི་ཡོད་ལ། ཕྱིས་སུ་བཙན་བྱོལ་དུ་ཕེབས་ནས་ཕྱི་ནང་གི་ཤེས་རིག་ལ་འབད་བརྩོན་

ལྷོད་མེད་གནང་སྟེ་འབུམ་རམས་པའི་ཡོན་ཚད་བཞེས་པ་ཙམ་ཟད།འདས་པའི་ལོ་ཤས་ནང་རང་རེའི་སྤྱི་ཚོགས་ཀྱི་ཚོགས་སྡེ་སྣ་ཚོགས་ནང་སློབ་ཞོར་དུ་ཕྱག་ལས་གནང་བའི་རྒྱུད་རིམ་ཁྲོད།བོད་མི་རིགས་ཀྱི་འཐབ་བརྩོད་ཀྱི་གནད་དོན་དང་།ལྷག་པར་དུ་ཁོང་དབུ་མའི་ལམ་གྱི་དབུས་རྒྱུན་གནང་མུར་སོང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་མའི་བྱུང་རིམ། བར་གྱི་འཕེལ་རིམ་དང་མཐའ་མའི་གྲུབ་འབྲས་ཅི་བྱུང་ཐད་མཁྱེན་རྒྱ་ཆེ་བ་མ་ཟད།དབུ་མའི་ལམ་གྱི་སྲིདབྱུས་ཀྱི་འོག་ནས་བྱུང་པའི་བོད་རྒྱའི་འབྲེལ་མོལ་སྐོར་ལ་རྒྱུས་མངའ་ཟབ་ཅིང་།ལྷག་པར་དུ་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་བཙན་བྱོལ་གཞུང་དང་རྒྱ་གཞུང་བར་གྱི་ཡིག་འབྲེལ་སྐོར་ལའང་དཔྱད་བསྡུར་གཏམ་བཤད་ཀྱང་གནང་མྱོང་ཡོད་པས་ཁོང་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་ཤེས་ཐོབ་ནས་ཤར་སྐྱོད་བྱེད་མཁན་གྱི་འོས་མི་ཚད་ལྡན་ཞིག་ཡིན།

ཕྱོགས་གཞན་ཞིག་ནས་ཁོང་གིས་ལོ་རྒྱུས་ཀྱི་བྱུང་རབས་གཞི་རྩར་བཟུང་སྟེ།རང་བཙན་གྱི་ལམ་བུ་ནི་ཡང་

དག་གི་འདམ་ང་ཞིག་ཡིན་མིན་ལ་མ་ལྟོས་པར་རང་བཙན་ནི་བོད་མི་རིགས་ཀྱི་ཐོབ་ཐང་ཡིན་པར་ངོས་

འཛིན་གསལ་རྟོགས་ཀྱིས།དབུ་མའི་ལམ་གྱི་སྲིད་བྱུས་དང་རང་བཙན་འཐབ་བརྩོད་གཉིས་ཕན་ཚུན་གཅིག་

ཕན་གཅིག་གྲོགས་སུ་འགྱུར་མིན་ཇི་ལྟར་ཡང་།འགལ་སྡུའི་ཁྲོད་ན་གཞི་མཐུན་ཡོད་ཟེར་བའི་བརྗོད་དོན་རྩ་བར་བཟུང་སྟེ།དེ་གཉིས་ཀྱི་འགལ་བའི་རང་བཞིན་ལས་མཐུན་པའི་གནས་ལུགས་ལ་གཙིགས་ཆེར་འཛིན་མཁན་ཞིག་ཡིན་ཞིང་ཁོང་གི་དགོངས་ཕྱོགས་དེའི་ཐོག་ནས་ང་ཚོས་རྟོགས་ཐུབ་པ་ནི།གཅིག་བསྒྲིལ་ནི་

སྟོབས་ཤུགས་དང་།འགལ་བ་ནི་ཕམ་ཁ་ཡིན་ཟེར་བའི་ལེགས་བཤད་དེ་རྩ་ཆེར་འཛིན་བཞིན་ཡོད་པ་དེ་རེད།

མི་རིགས་ཤིག་གི་རང་དབང་དང་།འཚོ་གནས་འཐབ་བརྩོད་ཀྱི་དམིགས་ཡུལ་ནི་ཉིན་ཤག་ཕྲུག་གཅིག་ལ་མངོན་དུ་འགྱུར་བའི་གནད་དོན་ཞིག་མིན་པ་ནི་ང་ཚོའི་མིག་མདུན་གྱི་རྒྱ་གར་དང་རང་དབང་འཐབ་བརྩོད་ལས་རྣམ་པར་རྒྱལ་བའི་རྒྱལ་ཁབ་རྣམས་ཀྱི་ལོ་རྒྱུས་ལ་གཟིགས་ཚེ་གསལ་པོར་རྟོགས་པ་བཞིན།རང་རེ་བོད་རྒྱ་གཉིས་ཀྱི་གནད་དོན་ཡང་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་གསུངས་པ་བཞིན་“མི་ཐོག་གཅིག་གི་འཐབ་བརྩོད་མིན་པར།མི་རབས་གཅིག་གི་འཐབ་བརྩོད་”ཡིན་སྟབས།ཕུགས་རྒྱང་རིང་བའི་འཐབ་རྩོད་ཀྱི་འཆར་གཞི་དང་།མི་རིགས་འཚོ་གནས་ཀྱི་ལམ་བུ་འཚོལ་དགོས་སྟབས།ད་ལྟའི་རང་རེའི་སྤྱི་ཚོགས་ཁྲོད་ཆབ་སྲིད་དབུ་ཁྲིད་ཕུགས་བསམ་ཡོད་ལ།འཆར་སྣང་ལྡན་པ།གཏིང་ཚུགས་པའི་མི་རིགས་ཀྱི་ལེགས་བྱང་གིས་ཕྱུགས་ཤིང་།ལ་རྒྱ་ལྡན་པའི་གཞོན་སྐྱེས་ཤེས་ལྡན་དགོས་རྒྱུ་ནི་མི་རབས་གཅིག་གི་འཐབ་བརྩོད་རྒྱུན་བསྲིངས་པའི་ཐབས་ལམ་མཆོག་ཏུ་འགྱུར་བ་ཞིག་ཡིན་སྟབས།དབུས་གཙང་རྒྱ་ཆེའི་མི་མང་གིས་ཁོང་ལ་ད་རེས་འོས་ཤོག་འཕེན་ཐུབ་ཚེ།ཁོང་ནི་སྐབས་ད་རེས་དང་རྗེས་མའི་དབུས་གཙང་སྤྱི་འཐུས་དང་།ཕྱིས་འབྱུང་བོད་ཕྱི་ནང་གཉིས་ཀྱིས་བཀུར་བར་འོས་པའི་མིང་དོན་མཚུངས་པའི་སྲིད་སྐྱོང་ཡང་ཚད་ལྡན་ཞིག་ཆགས་པའི་དབུ་འཁྱུད་ཡིན་སྟབས།ད་རེས་དབུས་གཙང་རྒྱ་ཆེའི་མི་མང་གིས་ཁོང་ལ་རྒྱབ་སྐྱོར་ཚད་མཐོར་གནང་རྒྱུའི་རེ་འདུན་གྲུངས་མེད་ཞུ།

བསམ་ཚུལ།

Post navigation

Previous Post: འབོད་སྐུལ།
Next Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 10

Comments (2) on “ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།”

  1. བདེན་པའི་རྒྱབ་ལངས། says:
    2021-04-07 at 11:35 pm

    དབུས་གཙང་རྒྱལ་གཅེས་མི་མང་གི་ངོས་ནས་སྤྱི་འཐུས་གདམ་ཁ་མ་ནོར་བ་གནང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་སྣང་། རྒྱུ་མཚན་ནི་སྤྱི་པའི་སྡིང་ཆ་སྒེར་གྱི་འཁོན་ལན་སའི་བསློགས་སར་བེད་སྤྱོད་གཏོང་མཁན་ད་ལྟའི་སྤྱི་འཐུས་ཚོགས་གཙོའི་མིང་ཅན་པདྨ་འབྱུང་གནས་དང་། ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་གཉིས་ཀྱི་རྗེས་འབྲང་མགོ་མ་ཚོས་པར་ཀླད་པ་ལྡག་མཁན་གྱི་སྤྱི་འཐུས་ཟླ་བ་ཚེ་རིང་། དོན་གྲུབ་བཀྲ་ཤིས། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། བསྟན་འཛིན་འཇམ་དབྱངས་བཅས་གོང་འཁོད་སྤྱི་འཐུས་ག་དྲུག་པོས་དབུས་གཙང་རྒྱལ་གཅེས་མི་མང་གི་རེ་བ་བཅོལ་བ་ལས་ལྡོག་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ཡང་དག་པའི་དམངས་གཙོའི་སྒྲོམ་གཞི་རྨངས་ནས་གཏོར་བཤིགས་བཏང་སོང་། དེས་ན་དབུས་གཙང་རྒྱལ་མི་མང་གི་ངོས་ནས་རྒྱལ་བའི་ལམ་སྟོན་ཐོག་ཤར་བསྐྱོ་འགྲོ་ཐུབ་མཁན་གྱི་སྐྱེ་བོ་འབུམ་རམས་པ་རིག་འཛིན་ལྷུན་ལྟ་བུའི་རྒན་གཞོན་བར་གསུམ་གྱི་ཁྲོད་ནས་ཤེས་ལྗོན་ལྷག་གསུམ་ལྡན་པའི་མི་སྣ་ཤ་སྟག་འདེམས་སྒྲུག་གནང་རྒྱུའི་དུས་ལ་བབ་པའི་འོས་འགན་ཞིག་ཏུ་སྣང་། མཐའ་དོན་རང་ཅག་འགྲོ་བ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་པའི་སྨོན་འདུན་དང་བཅས་བཀྲ་ཤིས་པར་གྱུར་ཅིག
    དབུས་གཙང་རྒྱལ་གཅེས་མི་མང་ཡོངས་ལ་བསྐྱར་ནན་ཞུ་རྒྱུར་གོང་སྨོས་སྤྱི་འཐུས་མིང་ཅན་དྲུག་པོར་ཕྱི་ལོ་༢༠༢༡ ཕྱི་ཟླ་༤ ཕྱི་ཚེས་༡༡ ཉིན་མི་མང་གི་ངོས་ནས་ཁོང་ཚོར་ཉེས་ཆད་རེད་ངེས་པར་དུ་གཏོང་དགོས་པ་ཡིན། དེ་ནི་འོས་ཤོག་མི་བླུག་རྒྱུ་དེ་རེད་ཚང་མས་སེམས་ལ་ངེས་པ་གནོང་དགོས་བདེན་པའི་རྒྱབ་ལངས་མ་བཟོད་པར་སྡུག་སྐད་རྒྱག་ཏུ་སླེབ་ཡོད།

  2. བདེན་པའི་རྒྱབ་ལངས། says:
    2021-04-08 at 4:03 am

    ཚིག་གསུམ་དག་བཅོས་བྱས་ཏེ་བསྐྱར་ནས་བསྐུར་གྱི་ཡོད།
    དབུས་གཙང་རྒྱལ་གཅེས་མི་མང་གི་ངོས་ནས་སྤྱི་འཐུས་གདམ་ཁ་མ་ནོར་བ་གནང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་སྣང་། རྒྱུ་མཚན་ནི་སྤྱི་པའི་སྡིང་ཆ་སྒེར་གྱི་འཁོན་ལན་བསློགས་སར་བེད་སྤྱོད་གཏོང་མཁན་ད་ལྟའི་སྤྱི་འཐུས་ཚོགས་གཙོའི་མིང་ཅན་པདྨ་འབྱུང་གནས་དང་། ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་གཉིས་ཀྱི་རྗེས་འབྲང་མགོ་མ་ཚོས་པར་ཀླད་པ་ལྡག་མཁན་གྱི་སྤྱི་འཐུས་ཟླ་བ་ཚེ་རིང་། དོན་གྲུབ་བཀྲ་ཤིས། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། བསྟན་འཛིན་འཇམ་དབྱངས་བཅས་གོང་འཁོད་སྤྱི་འཐུས་དྲུག་པོས་དབུས་གཙང་རྒྱལ་གཅེས་མི་མང་གི་རེ་བ་བཅོལ་བ་ལས་ལྡོག་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ཡང་དག་པའི་དམངས་གཙོའི་སྒྲོམ་གཞི་རྨངས་ནས་གཏོར་བཤིགས་བཏང་སོང་། དེས་ན་དབུས་གཙང་རྒྱལ་མི་མང་གི་ངོས་ནས་རྒྱལ་བའི་ལམ་སྟོན་ཐོག་ཤར་བསྐྱོད་འགྲོ་ཐུབ་མཁན་གྱི་སྐྱེ་བོ་འབུམ་རམས་པ་རིག་འཛིན་ལྷུན་ལྟ་བུའི་རྒན་གཞོན་བར་གསུམ་གྱི་ཁྲོད་ནས་ཤེས་ལྗོན་ལྷག་གསུམ་ལྡན་པའི་མི་སྣ་ཤ་སྟག་འདེམས་སྒྲུག་གནང་རྒྱུའི་དུས་ལ་བབ་པའི་འོས་འགན་ཞིག་ཏུ་སྣང་། མཐའ་དོན་རང་ཅག་འགྲོ་བ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་པའི་སྨོན་འདུན་དང་བཅས་བཀྲ་ཤིས་པར་གྱུར་ཅིག
    དབུས་གཙང་རྒྱལ་གཅེས་མི་མང་ཡོངས་ལ་བསྐྱར་ནན་ཞུ་རྒྱུར་གོང་སྨོས་སྤྱི་འཐུས་མིང་ཅན་དྲུག་པོར་ཕྱི་ལོ་༢༠༢༡ ཕྱི་ཟླ་༤ ཕྱི་ཚེས་༡༡ ཉིན་མི་མང་གི་ངོས་ནས་ཁོང་ཚོར་ཉེས་ཆད་རེད་ངེས་པར་དུ་གཏོང་དགོས་པ་ཡིན། དེ་ནི་འོས་ཤོག་མི་བླུག་རྒྱུ་དེ་རེད་ཚང་མས་སེམས་ལ་ངེས་པ་གནོང་དགོས་བཅས་བདེན་པའི་རྒྱབ་ལངས་མ་བཟོད་པར་སྡུག་སྐད་རྒྱག་ཏུ་སླེབ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme