Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་རེབ་ཀྱི་༧གོང་ས་མཆོག་གི་སྤྱན་བསྙུན་དེ་མཛད་འཆར་ཉུང་འཕྲི་མ་བྱས་པ་ལ་ཡང་འབྲེལ་བ་འདུག་བསམ།

Posted on 2016-01-212016-01-21 By ཁ་བརྡ 13 Comments on ད་རེབ་ཀྱི་༧གོང་ས་མཆོག་གི་སྤྱན་བསྙུན་དེ་མཛད་འཆར་ཉུང་འཕྲི་མ་བྱས་པ་ལ་ཡང་འབྲེལ་བ་འདུག་བསམ།

བསྟན་འཛིན་འཇམ་དཔལ།

 
སྔོན་ཆད་ཅིག་ནས་༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་གི་ཆེད་དུ་མཛད་འཆར་ཉུང་འཕྲི་བྱེད་ཀྱི་ཡོད་ཅེས་ཇི་ཙམ་བསྒྲགས་དང་སྒྲོག་བཞིན་ཡོད་ན་ཡང་། ལོ་སྔོན་མའི་ནང་༧གོང་ས་མཆོག་ཨ་རིའི་མངའ་སྡེ་མེན་ནི་སོ་ཀྲའི་སྨན་ཁང་མ་ཡོ་ཞེས་པ་ནས་རྒྱ་གར་དུ་ཕྱིར་ཕེབས་པའི་རྗེས་ནས། སྐུ་བགྲེས་ཁོང་གི་མཛད་བྲེལ་ནི་སླར་ཡང་སྔར་བཞིན་རང་སོར་ལྷགས་འདུག་པའི་གནས་ཚུལ་མང་དག་ཅིག་རིམ་བཞིན་བྱུང་ཡོད་པ་དེ་རྣམས། སྤྱི་ཚོགས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ན་གཅིག་རྗེས་གཉིས་མཐུད་ཀྱིས་གསལ་གསལ་ཐང་ཐང་དུ་ཡོད་པ་ལྟར་རེད།

མཚམས་རེར་འབྲེལ་ཡོད་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། སྲིད་སྐྱོང་སོགས་ཀྱིས་ཀྱང་བླ་མའི་མཛད་པ་ཡིན་ཤག་དང་སྣང་ཆུང་ལྟ་བུའི་ངང་ནས་གང་ཞིག་གལ་ཆེན་རྩ་ཆེན་ཡིན་མིན་གྱི་འཇུག་ལྡོག་ལ་བརྩོན་ཤེས་བྱ་ཐུབ་ཀྱི་མེད་པ་འདྲ། དེ་སྔ་ནས་གཏན་ཁེལ་ཟིན་ཞིང་འཛམ་གླིང་སྟེང་སྐད་གྲགས་དང་ཤུགས་རྐྱེན་གཉིས་ཡོད་ཀྱི་ཨ་རིའི་རང་དབང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཕེབས་རྒྱུ་ལྟ་བུ་ཕྱིར་འཐེན་གནང་ཐུབ་ས་ན། རྒྱ་གར་གྱི་གནས་རྙིང་ཞིག་ཡིན་སྐད་དང་། ཧ་ཅང་གལ་འགངས་ཅན་མིན་པའི་ལས་དོན་གང་མང་སར་༧བགྲེས་པོ་ཁོང་དཀའ་ཚེགས་ངང་ཕེབས་རྒྱུར་ཕྱིར་འཐེན་གནང་མ་ཐུབ་དོན་ཅི་ཡིན་ནམ།unnamed-1

དད་པ་ཡོད་མེད་ཀྱི་གཙོ་ངོས་ནས་མ་ཡིན་པར་༧གོང་ས་མཆོག་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སྤྱི་ནོར་རྩོད་མེད་ཅིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་སྐུ་ཚེགས་ཆེན་པོ་ལ་མང་དུ་གཏད་ཀྱིན་པའི་སྐུ་པར་འདི་འདྲ་མཐོང་དུས་སེམས་ཀྱིས་བཟོད་མི་ནུས་པ་ཞིག་རེད། ཅིའི་ཕྱིར་སྐུ་ངལ་འདི་འདྲ་ཆེད་དུ་དང་ལེན་གནང་དགོས་པའམ། ཡང་ན་ང་ཚོའི་མིག་གིས་དངོས་སུ་མཐོང་ཆོས་ཡིན་པའི་སྐུའི་དགུང་ལོའི་བབ་ཀྱི་གནས་ལུགས་དངོས་དེ་གོ་བསྐོན་འགྲེལ་བརྗོད་ཀྱིས་དཀའ་ཚེགས་ཆེ་བའི་མཛད་འཆར་འདི་འདྲ་ཕྱིར་འཐེན་བྱེད་མ་ཐུབ་དོན་ཅི་ཞིག་ཡོད་དམ།

ཞེ་ས་མ་ཞུས་ན། མི་རྒན་ལོ་ན་བརྒྱད་ཅུར་བརྒལ་བ་ཞིག་ལ་ད་དུང་ཡང་ལྷོད་བཞུགས་ཀྱི་གོ་སྐབས་མི་སྤྲོད་པར། ཡར་གྱི་བཀའ་དབང་དང་གསུང་ཆོས། མར་གྱི་མཛད་སྒོ་དང་སྐུ་མགྲོན་སོགས་ཆེས་གལ་གནད་ཆེ་མིན་ཅི་རིགས་སར་ཕེབས་རྐྱང་གནང་འཇུག་གི་ཡོད་པ་དེ་རེད། ཆོས་ཕྱོགས་ལ་ཆ་བཞག་ན། དགའ་ལྡན་ཁྲི་བ་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་གཙོས་པའི་ཆེ་ཆེ་གཉན་གཉན་གང་མང་ཡོད་ཅིང་། སྲིད་ཕྱོགས་ནས་ཀྱང་། སྲིད་སྐྱོང་དང་བཀའ་བློན་ཁག སྤྱི་འཐུས་ཚོགས་གཙོ་དང་མཐོ་རིམ་ལས་སྣེ་གཞན་དག་སོགས་མང་པོ་ཡོད་ཡོད་པ་རེད།

unnamed-2ཡང་། ཞེ་ས་མ་ཞུས་ན། བགྲེས་སོང་འདི་འདྲ་ཞིག་ལ་སྔོན་ཆད་ནང་བཞིན་ད་དུང་ཡང་ཉིན་ནས་ཉིན་བསྟུད་ཀྱི་དཀའ་ཚེགས་ཆེན་པོར་ཅིའི་ཕྱིར་གཏད་པ་རེད་དམ། བགྲེས་སོང་ཁོང་བཞུགས་ཁྲིར་ཡར་བཞེངས་མར་བཞུགས་སྐབས་དང་། ཐེམ་སྐས་རྣམས་སུ་ཡར་འཛེག་མར་འབབ་སྐབས་ཀྱི་དངོས་ཡོད་དཀའ་ངལ་དེ་དག་ཅིའི་ཕྱིར་མ་མཐོང་བ་ཡིན་ནམ། ལོ་སྔོན་མའི་ནང་དུ་༧གོང་ས་མཆོག་གིས་གསུང་ཆོས་གནང་སྐབས་ཤིག་ལ། ཁོང་གི་ཞབས་པུས་ལ་བསྙུན་གཞི་ཡོད་ཚུལ་ཡོངས་གྲགས་ཀྱིས་གསུངས་ཟིན་ན་ཡང་། བླ་གྲྭ་ཁག་གིས་གཙོས་པའི་བོད་རིགས་མང་པོར་ཁོང་གི་བསྙུན་གཞི་ཐད་ལ་ཚོར་ཤེས་མེད་པ་ལྟ་བུ་རེད།

བོད་མི་ཚོས་ནི་དད་ཞེན་གཅིག་པོའི་དབང་གིས་༧གོང་ས་མཆོག་གི་གསུང་སྐད་དང་ཞལ་རས་ཙམ་ལས། རང་ཅག་མིའི་ཤ་ཚུགས་ཅན་གྱི་བགྲེས་སོང་ཁོང་གི་དཀའ་ཚེགས་ཆེ་བའི་མཛད་བྲེལ་དག་མི་མཐོང་བ་དེ་ཆེས་ཡ་མཚན་ཞིག་ཅི་ལ་མིན་ཨང་།

སྤྱིར་ན་བླ་མ་ལ་མཆོད་པའི་མཆོག་དང་། ཐུགས་མཉེས་པའི་གཞི་གཙོ་བོ་ནི་བླ་མའི་བཀའ་གསུང་ཇི་བཞིན་འབད་བསྒྲུབ་ཞུ་རྒྱུ་དེ་ལས་གཞན་མེད་ན་ཡང་། དག་སྣང་དང་ཆོས་འབྲེལ། མིང་གྲགས་སོགས་གཙོ་གནད་དུ་འཇིན་པའི་ཨུ་ཚུགས་ཅན་ཚོའི་ངོར་གནས་ཚུལ་གཞན་ཞིག་རེད་འདུག

༧གོང་ས་མཆོག་གི་ངོས་ནས་བོད་མི་ཚོར་སྔོན་ནས་དུས་ད་ལྟ་བར་དུ་གསོལ་རས་དང་བཀའ་སློབ། གསུང་ཆོས་དང་ལམ་སྟོན་སོགས་མ་གནང་བ་གཅིག་ཀྱང་མེད་པའི་ཚོད་དུ་ངེས་ཀྱང་། བོད་མི་ཚོས་ནི་ཁོང་ལ་ཚིག་འཁྲི་སྐམ་པོའི་བརྟན་བཞུགས་སྣ་ཚོགས་དང་སྐུ་ཚེ་བརྟན་པའི་ཁ་གཡང་ཙམ་ཞིག་ཡང་ཡང་འབུལ་སྒྲོག་བྱེད་པ་ལས། ལས་དོན་གཞན་ཅི་ཡང་ཁུར་དུ་མི་ལེན་པ་ནི་འདས་དུས་ཀྱིས་གསལ་སྟོན་མང་དུ་བྱས་ཡོད།

དོན་དངོས་སུ་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཚོད་ཀྱིས་ལུས་སེམས་ཀྱི་བདེ་ཐང་ལ་གནོད་ཅིང་། ལུས་སེམས་ཀྱི་བདེ་ཐང་ལ་ཇི་ཙམ་གནོད་ན་དེ་ཚོད་ཀྱིས་རྙེད་དཀའ་ཞིང་འཇིག་སླ་བའི་མི་ལུས་རིན་པོ་ཆེའི་ཚེ་ཐག་ཐུང་དུ་འགྲོ་བ་ནི་ཆོས་ཉིད་ཅིག་ལོས་ཡིན།

དེ་སྔོན་འབྲེལ་ཡོད་ཀྱིས་གསལ་བསྒྲགས་བྱས་དོན་ཞིག་ལ། ༢༠༡༦ ལོའི་ལོ་མགོར་རྒྱ་གར་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ཀྱིས་དུས་དབང་གོ་སྒྲིག་བྱས་པ་ཞིག་ཡོད་ཚུལ་དེ་ནི། རྒྱུ་མཚན་གསལ་དག་རང་མེད་པར་བར་ལམ་ཞིག་ནས་གློ་བུར་དུ་ཕྱིར་འཐེན་གནང་ཟིན་པའི་གཏམ་བཟང་ཐོན་ཟིན་ན་ཡང་། དེའི་ཚབ་དོད་ལྟ་བུར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སྔ་ལོའི་ཕྱི་ཟླ་༡༢ པའི་མགོ་སྟོད་རང་ནས་༢༠༡༦ ལོའི་ལོ་མགོའི་ནང་བར་སྟེ་ཟླ་ངོ་གཅིག་མ་ཟིན་ཙམ་གྱི་དུས་ཡུན་རིང་། སྔོན་བསྒྲགས་གསུང་ཆོས་ཀྱི་ཉིན་གྲངས་དེ་དག་གི་ཐོག་ལ་བསྐྱར་དུ་ཉིན་གྲངས་འཕར་སྣོན་གྱིས་མཚོན་པའི་མཛད་བྲེལ་དང་སྐུ་ཚེགས་མང་པོ་ཞིག་བསྟུད་མར་གཏན་ཁེལ་བཟོས་པ་རེད།
ཁྱད་མཚར་ཞིག་ལ། དེ་སྐབས་སྲིད་སྐྱོང་གིས་དབུས་པའི་བཀའ་བློན་ཁག་ཅིག་དང་། སྤྱི་འཐུས་ཚོགས་གཙོ་སོགས་ལས་སྣེ་མང་པོ་ཞིག་ཀྱང་རྡ་སར་ལས་དོན་མེད་པ་ལྟར་གྱིས་དེ་སྐབས་གསུང་ཆོས་ཞུ་བར་ཆེད་བཅར་བྱས་ཡོད།

unnamed-3འདི་ལྟར་སྐུ་བགྲེས་ཡིན་པའི་༧གོང་ས་མཆོག་ལ་དུས་ཡུན་རིང་པོར་གསུང་ཆོས་མང་དུ་གནང་བཅུག་པའི་མཛད་བྲེལ་དང་སྐུ་ཚེགས་མང་དུ་གཏད་པ་ལ་བརྟེན་ནས། ད་ཆ་ཁོང་གི་སྤྱན་ལ་བསྙུན་གཞི་ཕོག་པ་འདི་ཡང་ཉེ་སྔོན་གྲུབ་མ་ཐག་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་བྲེལ་རིང་བོ་དེ་ལ་ལྟོས་བཅས་ཀྱི་འབྲེལ་བ་མེད་པ་ཞིག་ག་ལ་ཡིན་སྟེ་གཏན་ནས་མིན་ནོ།།
དེར་བརྟེན། དོན་དངོས་སུ་༧གོང་ས་མཆོག་གི་ཚེགས་ཆེའི་མཛད་འཆར་ཉུང་འཕྲི་བྱས་མི་འདུག་ལ། ཕྱོགས་གཅིག་ནས་བགྲེས་སོང་ཁོང་གི་སྐུ་གཟུགས་ཀྱི་བདེ་ཐང་ལ་འགལ་རྐྱེན་བཟོ་མཁན་ནི་ང་ཚོ་བོད་རིགས་ནང་ཁུལ་རེད་ཅེས་ཀྱང་ཞོར་དུ་ཞུ་ཐལ་ཤོར་སོང་།

མཐོང་ཡུལ་དུ་མ་གྱུར་པ་ཞིག་ལ། དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་མང་པོར་བོད་འབྲེལ་གྱི་ད་ལྟའི་གསར་འགྱུར་ཆེ་གྲས་སྟེ་༧གོང་ས་མཆོག་སྐུ་གཟུགས་བརྟག་དཔྱད་ཆེད་ཨ་རིར་ཡང་བསྐྱར་ཆིབས་བསྒྱུར་གནང་ཡོད་པའི་སྐོར་ཡོངས་བསྒྲགས་བྱས་འདུག་ན་ཡང་། དབུས་བོད་མིའི་སྒྲིག་འཛུགས་སམ་བོད་གཞུང་གི་དྲ་ཚིགས་ནང་དུ་གནས་ཚུལ་དེ་སྐོར་ནས་ཟུར་ཙམ་ཡང་བཀོད་མེད་པ་དེ་ཡིན། ཅིའི་ཕྱིར་བོད་ཡིག་ཡོད་པའི་གཞུང་འབྲེལ་གྱི་དྲ་ཚིགས་གཅིག་པོ་ལྟ་བུ་འདིའི་ནང་དུ་། ༧གོང་ས་མཆོག་ཨ་རིར་སྐུ་གཟུགས་བརྟག་དཔྱད་ཆེད་དུ་ཆིབས་བསྒྱུར་གནང་བའི་གནས་ཚུལ་དེ་མི་འགོད་དོན་ཅི་ཡིན་ནམ་ཞེས་རྨོངས་བློར་དབང་མེད་དུ་དྲན་བཅུག་སོང་།

བསམ་ཚུལ།

Post navigation

Previous Post: ཚོང་འབྲེལ་གྱི་སྒྲོག་ཏུ་ཚུད་པའི་བོད་དོན།
Next Post: ཏཱ་ལའི་བླ་མའི་སྐུ་གཟུགས་བདེ་ཐང་རེད།

Comments (13) on “ད་རེབ་ཀྱི་༧གོང་ས་མཆོག་གི་སྤྱན་བསྙུན་དེ་མཛད་འཆར་ཉུང་འཕྲི་མ་བྱས་པ་ལ་ཡང་འབྲེལ་བ་འདུག་བསམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-01-22 at 12:32 am

    ཐམས་ཅད་དགུ་བའི་སྤྱོད་པ་ངས་མི་ཤེས། །
    བྱང་སེམས་ཞི་བ་ལྷས་ཀྱང་སྐད་ངན་ཤོར། །
    ་
    ཐམས་ཅད་དགོས་སར་༸གོང་ས་ཕེབས་མི་དགོས། །
    བོད་རིགས་དད་ལྡན་ཡོངས་ཀྱི་རེ་སྐུལ་ལགས། །

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-22 at 12:35 am

    སྨན་པས།
    ཡང་ཡང་ངལ་གསོ་སྐྱོན་དགོས་གསུངས། །
    ཡང་ཡང་སྨན་གཏུགས་གནང་དགོས་ཅི། །
    བོད་མིས།
    ད་ནས་བོད་རིགས་སྟོངས་ཡང་རུང་། །
    ཆོས་ཀྱང་སྐད་ཡིག་ནུབ་ཀྱང་རུང་། །
    ལྷ་མིས།
    ཛམ་གླིང་ཉི་མ་ཆེན་པོ་༸ཁོང་། །
    ནུབ་ན་སུ་ཡིས་ཚབ་བྱེད་ཐུབ། །
    ཀརྡོས།
    དེས་ན་བགྲེས་སོང་སྡོད་དུ་ཆུགས། །
    དེས་ན་བགྲེས་སོང་༸སྐུ་ལྷོད་ཞོགས། །

  3. ཁྱུང་སེ། says:
    2016-01-22 at 1:43 am

    བསྟན་འཛིན་འཇམ་པདལ་ནས་བསམ་ཚུལ་ཡག་པོ་བྲིས་འདུག ཡིན་ནའང་བོད་མི་རྨོངས་དད་པ་འདི་ཚོས་རྣ་བ་གཏོད་ཀྱི་མ་རེད། ད་དུང་འདི་འདྲ་ཤོད་མཁན་དེ་ཚོར་་་ཁོང་གི་མཚན་སྙན་གྲགས་མེད་པར་བཟོ་འདོད་རེད་ཅེས་ཁ་སྔོན་ཁ་བརྡའི་དྲ་བར་གླེང་ཟིན་སོང།། ཆུ་ལ་དབྱུག་པ་གཞུས་པ་དང་གཅིག་མཚུངས་རེད།། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ལས་སོགས་ཆོས་ཁྲིད་དུས་ཡུན་རིང་པོ་དེ་འདྲ་ཞུ་དགོས་དོན་མི་འདུག་བསམ། ད་བར་དུ་གསུང་ཆོས་གནང་བ་དེ་ཚོར་སློབ་སྦྱོང་ཉམས་ལེན་གནང་ན་དེ་ལས་ལྷག་ཅིག་གང་ན་ཡོད། འོན་ཀྱང་བསམ་ཚུལ་བཤད་ནས་ཕན་ཐོགས་ཡོང་ཀྱི་མ་རེད་བསམ།།

  4. བླ་མ། says:
    2016-01-22 at 5:30 am

    སྟོན་པས་འདུས་བྱས་ཆོས་རྣམས་ཐམས་ཅད་ནི། །མི་རྟག་ཚུལ་རྣམས་སྟོན་པའི་དོན་གྱི་ཕྱིར།།
    འདུལ་བྱའི་དོན་དུ་སྙུང་བའི་ཚུལ་བསྟན་པ། །སྤྱན་རས་གཟིགས་དང་དངོས་སུ་དབྱེར་མེད་པ།།
    འཇིག་རྟེན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་ཞབས་པད་བསྐལ་རྒྱར་བརྟན་པར་ཤོག།

  5. དགེ་འདུན་རྒྱ་མཚོ། says:
    2016-01-22 at 9:47 pm

    ངས་ཀྱང་དེ་འདྲ་བསམ་ཡོད། གཙོ་བོ་སྐུ་སྒེར་ཡིག་ཚང་རེད་བསམ། ཁོ་ཚོས་བསམ་ཤེས་བྱེད་ཐུབ་ཀྱི་མེད་པ་རེད། ང་ལ་དོགས་པ་མང་བོ་ཞིག་འདུག   ཡིན་ཡང་འདིར་བཤད་ཀྱི་མིན།

  6. གཡུ་སྒང་དགེ་འདུན། says:
    2016-01-22 at 11:10 pm

    དགེ་འདུན་རྒྱ་མཚོ་ལགས། ༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བ་ཡོད་པར་བརྟེན། ཁྱེད་ལ་དོགས་པ་ཡོད་ས་མང་པོ་ཞིག་ཡོད་ན། འདིར་བཤད་ན་ཕན་ཐོགས་འབྱུང་གི་རེད། དེ་མིན་གཞན་ཞིག་ཏུ་ཁྱེད་ཀྱིས་བཤད་འདོད་ཀྱང་བཤད་སར་སླེབས་རྒྱུ་ཁག་ངེས་རེད།

  7. BONPO says:
    2016-01-22 at 11:31 pm

    ད་རེབ་་་་ཅེས་པའི་དོན་གང་ཡིན་ནམ་ལགས། འདིའི་ཁུངས་ལུང་སོགས་ཤོད་རྒྱུ་ཡོད་ན་ཉན་འདོད་པ་ཡིན། །

  8. ཀརྡོ་གཉེར་ཕྱག་པ་ says:
    2016-01-23 at 12:40 am

    ད་རེས་འདི་ལ། གསར་འབྱོར་བ་བོད་ཡིག་ཤེས་མཁན་ཚོས། ད་རེབ་བྲིས་ནས། ལོ་མང་ཕྱིན་སོང་། ངས་དུས་བབ་ནང་ལ། དགག་གཞག་ལན་ཅིག་ཙམ་མ་ཡིན་པར། སྲུང་གཙི་མ་རེད། སྲུ་བརྩི་རེད། སོགས་དགག་པ་ལན་མང་བྱས་པ་ཡིན། མཐར་དུས་བབ་འགན་འཛིན་ཁོ་རང་གིས། ངའི་དགག་གཞག་གི་མཆན་བུ་དེའི་རིགས་བཀག་འགོ་འཚུགས་སོང་། དེ་ནས་ངས་ཀྱང་། དུས་བབ་ནང་འབྲི་རྒྱུ་བཞག་རྒྱུ་འཁེལ་བྱུང་། ད་དུས་བབ་ནང་ལ་མ་བྲིས་ནས། ལོ་ངོ་འཁོར་འགྲོ་བགྱིད་ཡོད།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-01-23 at 12:47 am

    ་་་་་་་་་་་་་་་ ད་རེབ་ཀྱི་༧གོང་ས་མཆོག་གི་སྤྱན་བསྙུན་དེ་མཛད་འཆར་ཉུང་འཕྲི་མ་བྱས་པ་ལ་ཡང་འབྲེལ་བ་འདུག་བསམ།
    བསྟན་འཛིན་འཇམ་དཔལ། ་་་་་་་་་་་་
    ་
    བསྟན་འཛིན་འཇམ་དཔལ་ལགས། ད་རེབ་མ་རེད། ད་རེས་རེད་དོ། ད་རེབ་འབྲི་སྟངས་ལ་ཁུངས་ལུང་མེད་ལ། གོ་རྒྱུ་ཡང་ཅང་མི་འདུག་པས་་་་་་ ཐུགས་རྗེས་གཟིགས།། །།

  10. དགེ་འདུན་རྒྱ་མཚོ། says:
    2016-01-23 at 11:51 am

    ད་ེབ་དང་ད་རེ་ད་ཐེངས་རྣམས་དོན་གཅིག་རེད།
    ད་རེས་ནི་སྤྱི་རྩིས་ཟུར་ཆགས་པ། 
    ཚེས་་་ཟེར་བའི་དོན་ལ་གོ
    ད་རེབ་དང་ད་རེས་གཉིས་གཏན་ནས་མི་འདྲ། 

  11. དགེ་འདུན་རྒྱ་མཚོ། says:
    2016-01-23 at 11:52 am

    ད་རེབ་

  12. BONPO says:
    2016-01-24 at 10:08 am

    ད་རེབ་་་ཅེས་པ་འདི་ཡུལ་སྐད་ཡིན་ན་ཡུལ་གང་དུ་ཚིག་འདི་བེད་སྤྱོད་པ་ཡིན་གསུངས་རོགས་གནོངས། ཡིག་སྐད་ཡིན་སྔོན་མཁས་པ་སུས་བྲིས་འདུག་སྟོན་རོགས་གནོངས། ཡུལ་སྐད་དང་ཡིག་སྐད་གང་དུ་འང་མེད་པ་ཞིག་འབྲི་བསྡད་ད་ག་འདྲ་ཡིན་ནམ་ལགས། །
    ད་རེས་་་ནི་ཕལ་ཆེར་ཡུལ་དང་ཡིག་སྐད་གཉིས་ཀར་ཡོད་པའི་་་རེ་མོའམ་རེས་མོ་་་་རེ་ཞིག་གམ་རེས་ཤིག་་་རེས་འགའ་་་ལྟ་བུ་ལ་གོ་དགོས་པར་སེམས། །
    དེ་འདྲ་ཡིན་དུས་དུས་རྒྱུན་མིན་པར་་་ད་རེས་ཀྱི་༧གོང་ས་མཆོག་གི་སྤྱན་བསྙུན་དེ་མཛད་འཆར་ཉུང་འཕྲི་མ་བྱས་པ་ལ་ཡང་འབྲེལ་བ་འདུག་བསམ། ཟེར་ནས་བྲིས་པ་ཡིན་ན་གོ་རྒྱུ་ཆེ་བར་སེམས་སོ། །

  13. ཀརྡོ་གཉེར་ཕྱག་པ་ says:
    2016-01-26 at 6:06 am

    ཏྲེ་ཧོར་ལྕོག་རི་དགོན་པར་གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེན་ཚོགས་སྐབས། ༢༠༡༦།༡།༢༥
    http://www.rfa.org/tibetan/sargyur/pray-for-dalai-lama-in-tibet-01252016154142.html

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme