Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ནི་ལས་བྱེད་མང་པོས་སྡེབ་གཅིག་ལ་རྩ་དགོངས་ཞུ་བའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མ་རེད།

Posted on 2016-02-28 By ཁ་བརྡ 15 Comments on ད་ནི་ལས་བྱེད་མང་པོས་སྡེབ་གཅིག་ལ་རྩ་དགོངས་ཞུ་བའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མ་རེད།

བསྟན་འཛིན་རབ་དགའ།

 
བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱིས་བོད་སྤྱི་བའི་ཆེད་དུ་སྒེར་དོན་ཕར་བཞག་ནས་སྤྱི་དོན་ཆེད་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་པ་དང་། དེ་གསར་འགོད་གསལ་བསྒྲགས་བྱས་པ་ནས། སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་གི་ལས་ཀའི་གྲུབ་འབྲས་དང་། སྲིད་སྐྱོང་སྒེར་གྱི་ལས་དོན་བྱེད་སྟངས་ལ་མང་ཚོགས་ནང་དོགས་སློང་དང་ཆབས་ཅིག སྲིད་སྐྱོང་འོས་མི་གཉིས་ཞིབ་བསྡུར་ཞིབ་ནན་བྱེད་པའི་ཚ་རླབས་ཤིག་འཕྱུར་སོང་།

སྲིད་སྐྱོང་གིས་ལོ་ངོ་བཞི་ལྷག་རིང་ལས་ཀ་གཙོ་བོ་ག་རེ་བྱས་ཡོད། ལྷིང་འཇགས་བྱུང་ཡོད་ཟེར་བ་འདི་གྲུབ་འབྲས་ཤིག་ཡིན་ཟེར་ནས་ག་ཚད་བཤད་ནའང་། ད་དུང་ཡང་མང་ཚོགས་ཀྱིས་ངོས་ལེན་བྱེད་ཀྱིན་ཡོད་པ་མ་རེད། ཨ་རིའི་དོན་ཁང་ནང་གོང་ས་མཆོག་གི་སྐུ་པར་འཇོག་དགོས་སར་སྲིད་སྐྱོང་གི་པར་བཞག་པ། སྒེར་གྱིམཁང་པ་ཉོས་དངུལ་གྱི་ཡོང་ཁུངས་སོགས་ལ་གྲོས་ཚོགས་ཀྱི་སྡིངས་ཆ་ནས་མང་ཚོགས་ཀྱི་མདུན་བར་དུ་བཅར་ནས་ལན་འདེབས་བྱས་ཡོད་ནའང་། ད་དུང་ཡང་མང་ཚོགས་ཀྱིས་ངོས་ལེན་ཡོང་གི་མེད། དུས་དབང་ཕྱིར་འགྱངས་དེ་བཀའ་ཤག་རང་གིས་གསལ་བསྒྲགས་ནང་འགལ་ཅན་བཟོས་ནས་མང་ཚོགས་འཐོམ་བཅུག་ཡོད་པ་སོགས་མདོར་ན། ད་ལྟ་ཕན་ལ་སྲིད་སྐྱོང་བློ་བཟང་སེང་གེས་རང་ཉིད་ཀྱི་ལས་དོན་གྲབ་འབྲས་དང་། བཀའ་ཤག་གི་མཉམ་འདུའི་ནུས་པ་གླེང་བ་དེ་ཚོའང་ཐེ་ཚོམ་བྱེད་དགོས་པའི་ཚད་ཙམ་ན་ལྷག་ཡོད། འོས་བསྡུའི་ལས་རིམ་མགོ་ཚུགས་པ་ནས་སྲིད་སྐྱོང་དང་བཀའ་བློན་ཚོའི་སྐད་ཆ་མང་པོ་ཞིག་ཕྱོགས་གཉིས་འདྲ་པོ་ཆགས་སོང་ཟེར། འདི་གངས་སྐྱིད་ཀྱི་གླེང་མོལ་གཙོ་བོའི་གྲས་ཀྱི་གཅིག་རེད།

ཏག་ཏག་མང་ཚོགས་ནང་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་པའི་སྐབས་དང་། སྲིད་སྐྱོང་འོས་མི་གཉིས་སྡིངས་ཆ་གཅིག་ལ་འཛོམས་ནས་བགྲོ་གླེང་བྱེད་པར་དུས་ཚོད་ཉེར་བཞི་ལས་མེད་པའི་སྐབས་སུ། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་བློ་ཕམ་དང་བཅས་ད་ལྟའི་སྲིད་སྐྱོང་གིས་མགོ་འཁྲིད་པའི་བཀའ་ཤག་འདིའི་ནང་ནས་མུ་མཐུད་འདུག་པ་དང་། མ་བསྡད་པར་བཀའ་བློན་གྱི་ལས་གནས་རྩ་དགོངས་ཞུ་བ་གཉིས་ལས་རྩ་དགོངས་ཞུས་ན་བོད་སྤྱི་པ་ལ་ཕན་ཐོགས་ཡོད་པར་གཟིགས་ནས། རྩ་དགོངས་ཞུས་སོང་།

ཡིག་ཐོག་གི་གསར་འགོད་གསྒྲགས་ནང་། ༼བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན།༽ཞེས་དང་། དེ་བཞིན་ངག་ཐོག་ནས་གསར་འགོད་པ་ཚོར་འགྲེལ་བཤད་རྒྱག་སྐབས། ༼ ད་རེས་ཐག་བཅད་པ་འདི་གནས་ཚུལ་ཆུང་ཆུང་ཞིག་མིན་སྟབས། ང་རང་གི་ངོས་ནས་རྒྱུན་རིང་པོར་བསམ་བློ་མང་པོ་ཞིག་བཏང་སྟེ་ཐག་བཅད་པ་ཞིག་ཡིན། འདི་ཐག་གཅོད་བྱེད་སྐབས་ང་རང་སྒེར་གྱི་གནས་ཚུལ་ཕར་བཞག་སྟེ་སྤྱི་པར་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་ཡིན། ༽ཞེས་གསལ་སྟོན་བྱས་ཡོད།

ད་རེས་བཀའ་བློན་ཅིག་གིས་ལས་གནས་ནས་དགོངས་པ་ཞུས་པ་དང་། དེ་ཡང་དངོས་གཞིའི་འོས་བསྡུ་ལ་བདུན་ཕྲག་གསུམ་ལས་མེད་པའི་དུས་ཚོད་ཅིག་དང་། བཀའ་ཤག་འདིའི་ལས་ཡུན་མཇུག་རྫོགས་པར་ལོ་ཕྱེད་ཙམ་ལས་མེད་པའི་དུས་ཚོད་འདི་འདྲ་ཞིག་ལ། བློ་ཕམ་ཡོད་ཅེས་རྩ་དགོངས་ཞུས་པ་འདི། མང་ཚོགས་ཀྱིས་སྲིད་སྐྱོང་གི་ལས་དོན་གནང་ཕྱོགས་་ཤེས་ཀྱི་མེད་པ་དང་། བཀའ་ཤག་གི་ལས་ཀ་ལས་སྟངས་རིགས་གཅིག་ཤེས་ཀྱི་མེད་པ་དེ། བཀའ་ཤག་ནང་ལ་ལོ་བཞི་དང་ཕྱེད་ཀར་བསྡད་པའི་བཀའ་བློན་ཅིག་གིས་མང་ཚོགས་ལ་འོས་བསྡུའི་སྐབས་འདིར། འདམ་ག་མ་ནོར་བ་ཞིག་གནང་དགོས་པའི་དྲན་སྐུལ་བཏང་བ་ཞིག་ཆགས་ཡོད། སྲིད་སྐྱོང་འོས་བསྡུའི་ལས་རིམ་མགོ་ཚུགས་པ་ནས་སྲིད་སྐྱོང་དང་བཀའ་ཤག་གི་ལས་ཀ་བྱེད་སྟངས་རིགས་གཅིག་བཀའ་བློན་ཁག་ཅིག་བསམ་ཕྱོགས་དང་། དངོས་ཡོད་གནས་སྟངས་གཉིས་ཀར་འགལ་བ་ཅན་ཆགས་པའི་སྣང་ཚུལ་གསལ་སྟོན་བྱས་པ་ཞིག་ཀྱང་ཆགས་ཡོད། བཀའ་བློན་གྱིས་དགོངས་ཞུའི་སྐོར་གླེང་དགོས་ན། དོན་གནད་འདི་དག་ནི་རྒྱུ་རྐྱེན་གཙོ་བོའི་གྲས་རེད།

ཕྱོགས་གཞན་ཞིག་ནས་བཤད་ན། ད་རེས་བཀའ་བློན་གཅིག་གིས་བློ་ཕམ་ངང་ལས་མཚམས་བཞག་པ་འདིས། ད་ལྟའི་སྲིད་སྐྱོང་གི་གནང་སྟངས་རིགས་གཅིག་གིས། བཀའ་བློན་ཚོར་ཡང་བློ་ཕམ་ཡོང་བཅུག་དང་འཇུག་བཞིན་པའི་གནས་སྟངས་ཤིག་གསལ་པོ་བཟོས་པ་ཆགས་ཡོད་པ་རེད་ལ། ད་ལྟ་བཀའ་བློན་ཚོའི་ནང་ནས་སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་དང་། བཀའ་ཤག་གིས་མཉམ་ལས་བྱེད་དགོས་སར་མི་བྱེད་པར་བྱེད་མི་དགོས་ས་འོས་བསྡུའི་ལས་རིམ་ནང་ད་ལྟའི་སྲིད་སྐྱོང་ལ་འོས་ཤོག་ཐོབ་ཐབས་གཙོ་འདོན་ལྟ་བུ་ལས། མང་ཚོགས་ལ་འགན་མ་ཁུར་བའི་ལས་ཀ་བྱེད་ཀྱི་ཡོད་པ་ནི་བློ་ཕམ་བྱེད་དགོས་པ་ཞིག་ཡིན་པ་ལས་ཐོག བཀའ་བློན་ཅིག་གི་ངོས་ནས་གསལ་སྟོན་བྱས་པ་ཞིག་ཆགས་ཡོད།

བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་རང་ཉིད་ཀྱིས་དངོས་གཞིའི་འོས་བསྡུའི་སྔོན་ལ་བཀའ་བློན་ལས་གནས་ནས་རྩ་དགོངས་ཞུ་དོན་ཅི་རེད། དེ་ཡང་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་བསྐྱངས་དོན་ཅི་རེད། སྒེར་དོན་ཆེད་མིན་པར་སྤྱི་པའི་ཆེད་དུ་རྩ་དགོངས་ཞུས་པ་ཡིན་ཟེར་དོན་ཅི་རེད། གངས་སྐྱིད་དཔེ་མཛོད་ཀྱི་སྒོ་ཁ་ནས་གསལ་བསྒྲགས་བསྐྱངས་དོན་ཅི་རེད། ད་ཆ་གངས་སྐྱིད་དཔེ་མཛོད་སྒོ་ཁ་དེ་མང་ཚོགས་ལ་དངོས་ཡོད་བདེན་པའི་གནད་དོན་ཁ་ཚ་དགོས་གཏུགས་རིགས་གསལ་བསྒྲགས་ས་ཚིགས་ཆགས་སོང་ཞེས་གངས་སྐྱིད་ཀྱི་ལས་བྱེད་དང་མང་ཚོགས་ཚོས་གླེང་གིན་འདུག

ཁ་སང་དེ་རིང་། སྲིད་སྐྱོང་གིས་རང་ཉིད་ལ་འོས་ཤོག་གི་རྒྱལ་ཁའི་ཆ་རྐྱེན་དུ་དམིགས་ནས་བཀའ་ཤག་གི་མིང་ཐོག་ནས་དུས་འཁོར་དབང་ཆེན་ཆབ་སྲིད་ཆེད་བེད་སྤྱོད་བྱ་རྩིས་བྱས་པ་དང་། ཉེ་ཆར་ནས་འོས་ཤོག་རང་གི་ཆེད་སྡིག་པ་མིག་བཙུམ་གྱིས་མང་ཚོགས་བསླུ་བྲིད་ཀྱི་གཏམ་བཤད་རིང་ཐུང་སྣ་ཚོགས་སྤེལ་བཞིན་པར་བློ་ཕམ་བྱེད་མཁན་གྱི་ལས་བྱེད་ཇེ་མང་འགྲོ་བཞིན་པ་དང་། གླེང་ཤུགས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ད་ལྟ་བཀའ་བློན་ཅིག་གིས་བློ་ཕམ་ངང་ལས་མཚམས་བཞག་པ་ནང་བཞིན། སང་གནངས་ལས་བྱེད་མང་པོས་སྡེབ་གཅིག་ལ་རྩ་དགོངས་ཞུ་བའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མ་རེད་ཅེས་ཀྱང་གངས་སྐྱིད་ན་གླེང་སློང་བྱེད་ཀྱིན་འདུག

ད་ནི་བཀའ་བློན་ཚོས་མང་ཚོགས་ལ་འགན་ཁུར་དགོས་པའི་དུས་རེད་ལ། ལས་བྱེད་ཚོས་ཀྱང་མང་ཚོགས་དང་གཞུང་ལ་འགན་འཁུར་བའི་དུས་སྐབས་གཉན་འཕྲང་ཅན་ཞིག་ཆགས་ཡོད་པ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་གསལ་སྟོན་བྱས་སོང་། འགན་ཁུར་གྱི་ལམ་བུ་ཞིག་ཀྱང་བཤུངས་སོང་གླེང་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་ཡང་། མང་ཚོགས་ཀྱི་གོ་རྟོགས་ཤིག་མ་རེད་ཅེས་བརྗོད་མི་ཐུབ་པ་ཞིག་རེད།

གསར་འགྱུར།

Post navigation

Previous Post: བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་ཉེན་བརྡ་བཏང་བ།
Next Post: སྲིད་སྐྱོང་གིས་ལས་ཤག་ནས་དགོངས་པ་སྤྲད།

Comments (15) on “ད་ནི་ལས་བྱེད་མང་པོས་སྡེབ་གཅིག་ལ་རྩ་དགོངས་ཞུ་བའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མ་རེད།”

  1. རླུང་ཐོག། says:
    2016-02-28 at 4:45 pm

    སྲིད་སྐྱོང་འོས་མི་བློ་བཟང་སེངྒེ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅའ་འདྲི། ང་ཚོའི་སེམས་ནང་གི་བོད་གཞུང་འམ་བཙན་བྱོལ་སྒྲིག་འཛུགས་འདི་༧གོང་ས་མཆོག་གི་བཀའ་དགོངས་ལྟ་མིང་དོན་མཚུང་པའི་བོད་ཆོལ་ཁ་གསུམ་གྱི་མིང་ཐོག་ལ་ཚུལ་བསྒྱུར་ཐབས་གནང་བཞིན་པ།
    February 11, 2016https://www.facebook.com/rfa.tibetan/videos/884135405039033/ གོང་གི་དྲ་ཐག་འདི་ལ་གཟིགས་ནས་རྣམས་པ་ཚོའི་བསམ་བློ་གཏོང་དགོས། དེང་སང་སྲིད་དབང་སྒེར་སྤྱོད་པ་དང་སྤྱི་རྒྱ་སྒེད་བདག་པ་དེ་ཚོས། རང་ཉིད་ཀྱི་ཁེ་ཕན་ཤོར་འགྲོ་དོག་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་འདྲ་མིན་མང་པོ་འཁྲབ་བཞིན་པ་ལ་ཡིད་ཆེས་བྱེད་མི་རུང་། བཙན་བྱོལ་སྒྲིག་འཛུགས་འམ་བོད་གཞུང་འདི་མིང་དོན་མཚུང་པའི་ཆོལ་ཁ་གསུམ་གྱི་མིང་ཐོག་ཚུར་བསྒྱུར་བར་བར་ཆད་མང་པོ་བཟོ་བཞིན་པ་དག་ཚང་མས་ཧ་གོ་ཐུབ་ན་བཟང་།

  2. མཁའ་འགྲོ། says:
    2016-02-28 at 4:49 pm

    ད་སྲིད་སྐྱོང་བློ་སེང་ལགས་ནས་ཞལ་རྫུན་བཤད་རྒྱུ་མང་དྲག་པ་དང་སྒེར་སྤྱོད་ཐོག་རང་གི་ཉེ་གྲོགས་སོགས་ལ་ལས་ཀའི་གོ་གནས་སྤྲད་ཡོད་པ་མང་ཚོགས་ནང་མཁྱེན་རྟོགས་མེད་ནའང་། ད་ཆ་བཀའ་བློན་བདེ་ཆོས་ལགས་ནས་སྲིད་སྐྱོང་བློ་སེང་ལགས་ཀྱི་ཕྱག་ལས་གནང་སྟངས་ལ་མོས་མཐུན་མེད་པའི་རྣམ་པ་གསལ་བཏོན་བྱས་འདུག དེ་བཞིན་འཕྲོད་བསྟེན་བཀའ་བློན་ཕུད་དེ་མིན་བཀའ་བློན་གཞན་རྣམས་ནས་ཀྱང་རྩ་དགོངས་ཞུ་མ་སྲིད་པ་མིན། དེ་ལས་ལྷག་པ་སྲི་ཞུ་ལས་བྱེད་རྣམས་ནི་རྒྱུན་ལྡན་ནས་སྲིད་སྐྱོང་བློ་སེང་ལགས་དབུས་པའི་ཕྱག་འབྲེལ་བཀའ་བློན་རྣམ་པའི་ཕྱག་ལས་ཇི་ལྟར་གནང་གི་ཡོད་པ་ཡག་ཤོས་མཁྱེན་གྱི་ཡོད་སྟབས། སྲིད་སྐྱོང་བློ་སེང་ལགས་ཀྱི་ཕྱག་ལས་གནང་སྟངས་དེ་ཚོ་སྒེར་སྤྱོད་དང་ཕྱོགས་ལྷུང་། དེའི་ཐོག་ངོ་ཚ་ཁྲེལ་མེད་ཐོག་ཞེ་སྣང་ཚེར་སྣང་མེད་པར་མི་མང་མགོ་སྐོར་གཏོང་རྐྱང་གིས་ཞལ་རྫུན་གནང་བཞིན་པར་བརྟེན་ད་ཟོད་འགན་ལེན་མ་བཟོད་པར་དགོངས་པ་ལྡེབས་ཞུ་བྱ་མ་སྲིད་པ་མིན་པས། སྲིད་སྐྱོང་བློ་སེང་ལགས་ནས་དགོངས་པ་ཆེ་བཞེས་ཀྱིས་བཟང་སྤྱོད་ལམ་ནས་རྩ་དགོངས་ཞུ་ན་ལེགས། ད་མང་ཚོགས་གཉིད་སེལ་དགོས་ཚོད་ཡིན།

  3. བྱང་ཆུབ་ལོ་མ། says:
    2016-02-28 at 5:03 pm

    ཕྱི་དྲིལ་བཀའ་བློན་གྱིས་ལས་གནས་ནས་དགོངས་པ་ཞུས་པ་ནི། སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་ལ་བློ་ཕམ་དང་། ཉེ་ཆར་ནས་བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་སྐོར་ལ་ནང་འགལ་ཅན་གྱི་གསལ་བསྒྲགས་སྤེལ་ནས་མང་ཚོགས་ལ་མགོ་སྐོར་གཏོང་ཐབས་བྱས་པ་སོགས་ལ་བློ་ཕམ་བྱུང་ནས་རེད། ད་ལྟའི་བཀའ་ཤག་ནང་བསྡད་ན། བོད་སྤྱི་བ་ལ་གནོད་ཀྱི་འདུག ལས་གནས་ནས་དགོངས་པ་ཞུས་བཞག་ན་བོད་སྤྱི་པ་ལ་ཕན་གྱི་འདུག་ཅེས་དགོངས་པ་ཞུས་པ་རེད། དགོངས་པ་ཞུ་དོན་འདི་རེད། སྲིད་སྐྱོང་དང་བཀའ་ཤག་གིས་བོད་སྤྱི་བར་གནོད་སྐྱེལ་གྱི་འདུག་ཟེར་གི་ཡོད་པ་རེད། འདི་བཀའ་བློན་ལས་ཐོག་ཅིག་གིས་བཤད་པ་རེད། ཉེན་ཁ་ཡོད་ན་མེད་ན། དངོས་ཡོད་གནས་སྟངས་འདི་རེད།

  4. རླུང་ཐོག། says:
    2016-02-28 at 6:30 pm

    དུས་དབང་ལ་ལོག་འབྲེལ་བྱེད་མཁན་བཀའ་ཤག་ཡིན་ན་སྤེན་ཚེ་བདེན་པ་ཡིན་གྱི་རེད། དེ་ཡིན་པའི་དབང་དུ་གཏང་ན་༧གོང་ས་མཆོག་ཆོལ་ཁའི་ཕྱོགས་ཞེན་ཅན་ཞིག་ཏུ་གྱུར་འདུག། དེ་ཡིན་ན་༧གོས་ས་མཆོག་ནག་པོ་གྱུར་སོང་བ་རེད། བློ་སེང་གི་བཤད་པ་བདེན་པ་ཡིན་ན་༧གོང་ས་མཆོག་བོད་སྤྱི་པའི་སྐྱབས་མགོན་ཞིག་གྱུར་འདུག། གཙོ་བོ་༧གོང་ས་མཆོག་ནག་པོ་ཞིག་ཡིན་དང་མིན་དེ་རེད།

  5. ཀརྨ་བློ་གསལ་ says:
    2016-02-28 at 8:10 pm

    སྲིད་སྐྱོང་ཕྱག་ལས་གནང་སྟངས་ལ་བློ་ཕམ་ཡོད་ན། ན་ནིང་ནས་དགོངས་པ་ཞུ་དགོས་རེད། འོས་བསྡུ་ལ་བདུན་ཕྲག་ཁ་ཤས་ལས་མེད་དུས་དགོངས་པ་ཞུ་བ་ནི་སྤྱི་དོན་ཕར་ཞོག་སྒེར་དོན་དུའང་མ་སོང་བར་སྤེན་ཚེའི་ཤོག་ཁག་གི་ཆབ་སྲིད་ལག་ཆར་གྱུར་ཡོད་པ་རེད། དེའང་བཙན་བྱོལ་མདོ་སྨད་སྐྱིད་སྡུག་ཟེར་བ་ནས་དབུ་མའི་ལམ་ནང་འཁྲུག་འཐབ་རྩོད་ཀྱི་གསལ་བསྒྲགས་སྤེལ་རྗེས་ཀྱི་སྲིད་དོན་ལས་འགུལ་ཨང་གཉིས་པ་ཆགས་ཡོད།

  6. ཇུང་ཏོག་ says:
    2016-02-28 at 9:13 pm

    བཀའ་བློན་དང་ལས་བྱེད་དགོང་པ་ཞུ་མཁན་ག་ཚོད་ཡོད་ཀྱང་དགའ་བསུ་ཡོད་། རྟ་ལམ་བོང་བུའི་བཀག་ནས་མ་ཞུགས་རོགས་མི་རབས་གསར་པ་ལ་སྒོ་སྐབས་གནང་རོགས་། ཕྱི་དྲིལ་བཀའ་བློན་གྱི་གནང་སྟངས་ལ་བལྟས་ན་གཞུང་དོན་དང་རང་དོན་ཕར་ཞོག་བཙན་བྱོལ་སྤྱི་ཚོགས་འདི་དཀྲུགས་འདོད་མ་རེད་དམ་། སྤྱི་སེམས་ཅན་ཞིག་ཡིན་ད་ལྟའི་དུས་ཚོད་འདི་འདྲར་དགོང་པ་ནམ་ཡང་ཞུ་མི་སྲིད་མོ་ཧྲེང་མགོ་གཉིས་ཀྱིས་ལས་ཀ་ཞིག་ཡིན་པ་ཐག་ཆོད་།

  7. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-28 at 10:09 pm

    མཆན་དྲུག་པ་ལ་མོས་མཐུན་ཡོད་གདའ། གཞུང་ཞབས་སུ་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་འདོད་མེད་ན་ཀ་རེ་ཀོ་རེ་མེད་པར་ཕེབས་རོགས་དང་བཙན་བྱོལ་ནའང་ན་གཞོན་ཤེས་ཡོན་ཅན་ལས་མེད་མང་པོ་བཞུགས་འདུག་གདའ། དེ་ཚོ་ལ་གོ་སྐབས་སྤྲོད་ཆོག་རེད། གཙོ་ཆེ་རྙིང་ཞེན་ཅན་གནད་ཡོད་མི་སྣ་ཁ་ཤས་དེ་ཚོར་ཡིན་ནོ།།

  8. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 11:16 pm

    སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།
    http://tibettimes.net/%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%A6%E0%BE%90%E0%BE%B1%E0%BD%BC%E0%BD%84%E0%BC%8B%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BD%BA%E0%BD%93/
    ་་་་་་་་་་་། ཡིན་ནའང་བོད་ཀྱི་གནད་དོན་དེ་དབུ་མའི་ལམ་གྱི་ཐོག་ནས་འགྲིག་འཇགས་བྱུང་སྟེ་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཞབས་སོར་འཁོད་ཐུབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། སྒོ་རྒྱག་པ་ལ་དཀའ་ངལ་གང་ཡང་མེད། ་་་་་་་་་ཟེར།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-02-29 at 12:32 am

    སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས།
    http://tibettimes.net/%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%A6%E0%BE%90%E0%BE%B1%E0%BD%BC%E0%BD%84%E0%BC%8B%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%96%E0%BE%B3%E0%BD%BC%E0%BC%8B/
    ་་་་་་་་་་་་ གཙོ་ཆེ་ཤོས་དེ་སྔའི་བཀའ་ཤག་གི་ལས་འཕྲོ་ག་རེ་ཡོད་ན་དེ་དག་མཇུག་སྐྱོང་གནང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། ཐོག་མ་གཞིས་ཆགས་ཁག་སྲ་བརྟན་ཡོང་བའི་ཆེད་དུ་རྒྱ་གར་གཞུང་ནས་སྲིད་བྱུས་ཤིག་དགོས་ཀྱི་འདུག སྐྱབས་བཅོལ་བོད་མིའི་ལག་འཁྱེར་(R.C)ཡིན་ནའང་ལོ་ལྔ་ལ་འཕར་འགྱངས་གནང་བ།
    དེ་བཞིན་མེག་ལོར་ནས་དྷ་ཤོད་བར་གྱི་ལམ་ཁར་པོ་ཏཱ་ལ་འདོག་རྒྱུ་སོགས་མང་ཆེ་བ་བཀའ་ཤག་སྐབས་སྔོན་མ་དག་གི་སྐབས་ནས་བཀའ་མོལ་གནང་གནང་བསྡད་པ་ཞིག་ཆགས་འདུག དེ་བཞིན་ཤེས་ཡོན་སྲིད་བྱུས་ཀྱིས་མཚོན་པའི་བོད་པའི་སྐད་ཡིག་རིག་གཞུང་དང་། དཔལ་འབྱོར་སོགས་བཀའ་ཤག་སྐབས་སྔ་མ་དག་ནས་གནང་བསྡད་པ་དེ་དག་མཇུག་སྐྱོང་གནང་གི་ཡོད་པ་རེད། ་་་་་་་་་་་་་

  10. རླུང་ཐོག། says:
    2016-02-29 at 1:34 am

    བོད་ཀྱི་དུས་བབ།
    བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱི་ཀུན་སྤྱོད་ལ་ཁྱད་པར་ཆེ་པོ་འདུག།
    སྤེན་པ་ཚེ་རིང་མཆོག་ལ་་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ༸རྒྱལ་བ་རིན་པོ་ཆེའི་མཚན་གནས་དང་འབྲེལ་བའི་གནད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལ་སོགས་པར་ཐུག་ཡོང་དུས་སྲུང་སྐྱོབ་བྱེད་དགོས་པ་དེ་རིགས་སྲུང་སྐྱོབ་ཏག་ཏག་གནང་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། དོལ་རྒྱལ་གྱི་རྙོག་དྲ་ལ་གདོང་ལེན་བྱེད་རྒྱུ་དང་། དབུ་མའི་ལམ་ཀྱི་སྲིད་བྱུས་ལ་སྲུང་སྐྱོབ་བྱེད་ཡག ༸རྒྱལ་བ་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་བྱེད་སྐབས་འགན་ལེན་ཐུབ་ཀྱི་ཡོད་པ་མ་རེད། བཀའ་བློན་དང་ལས་བྱེད་ཉམས་མྱོང་ཅན་དེ་ཚོ་མཉམ་དུ་ཁྲིད་ཐུབ་ཀྱི་ཡོད་པ་མ་རེད། གཉིས་ནས་ལས་དོན་མང་པོ་ཞིག་མགོ་འཛུགས་མ་བྱས་སྔོན་ནས་གསལ་བསྒྲགས་གནང་གི་ཡོད་པ་དེ་རེད། དེས་ལས་དོན་མང་པོ་ཞིག་ལམ་ལྷོང་ཡོང་རྒྱུར་འགོག་རྐྱེན་འཕྲད་ཀྱིན་འདུག དཔེར་ན། ཨ་རིར་མི་ལྔ་སྟོང་གཏོང་རྒྱུའི་སྐད་ཆ་དེ་ཡང་སྲིད་སྐྱོང་གིས་ས་གནས་རེ་ཟུང་ནང་གསུངས་འདུག་པ་དང་། བོད་སློབ་འཛིན་ཚོགས་རྩིས་ལེན་སྐོར་ཡང་གསུང་མ་རན་གོང་ནས་གསུངས་ཏེ་འགོག་རྐྱེན་མང་པོ་འཕྲད་བསྡད་པ་རེད། དེ་ནས་བྱས་རྗེས་བགྲང་རྒྱུ་ཐལ་དྲགས་ཀྱི་འདུག བཀའ་ཤག་སྔོན་མའི་ཕྱག་ལས་གནང་བཞག་པ་དང་། ཚོགས་གཙོ་ཚོགས་གཞོན་གྱིས་བྱས་བཞག་པ། ཐ་ན་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་སོགས་ཀྱང་ཁོ་རང་གི་བྱས་རྗེས་ནང་བགྲང་གི་འདུག

    བཟང་ཆའི་ཕྱོགས་ནས་བཤད་ནའང་མང་པོ་ཞིག་ཡོད་པ་རེད། གལ་ཆེ་བ་གཅིག་དཔལ་འབྱོར་འདུ་འགོད་ཐོག་དཀའ་ལས་བརྒྱབ་སོང་བསམ་ཡོད། གཉིས་པ་ཁོ་རང་ཐོག་མ་སྲིད་སྐྱོང་ཆགས་པའི་ཁ་ཐུག་ལ་བོད་ནང་གནས་ཚུལ་མང་པོ་ཞིག་བྱུང་བསྡད་ཡོད་པ་སོགས་ལ་བརྟེན་ཏེ་ཕྱི་རྒྱལ་ཁག་ལ་སྐོར་སྐྱོད་མང་པོ་ཞིག་གནང་སོང་། དེ་བཞིན་ཁོང་གིས་དབྱིན་ཡིག་ཐོག་ནས་བོད་དོན་ཁྱབ་བསྒྲགས་ཀྱི་རྩོམ་ཡིག་རེ་གཉིས་བྲིས་པ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ལ་སྤེལ་ཐུབ་པ་དེ་ཡག་པོ་རེད་བསམ་གྱི་འདུག

    སྲིད་སྐྱོང་མཆོག་ལ་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ཚོགས་གཙོ་མཆོག་གི་བཟང་ཆ་གཙོ་བོ་ཞིག་འདས་པའི་ལོ་ངོ་ ༢༠ ལྷག་རིང་སྤྱི་ཚོགས་ནང་ཞབས་ཞུ་ཞུས་པ་དང་། ཁོ་རང་སྤྱི་བར་བསམ་བློ་གཏོང་མཁན་ཞིག་ཡིན་པ། ཁོ་རང་གི་མི་ཚེའི་ཕྱེད་ཀ་ལྷག་སྤྱི་བའི་རྩ་དོན་ཐོག་བཏང་བཞག་པ་དེ་ཞེ་དྲགས་ཡག་པོ་རེད། གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་སྟེ་ཚོགས་འདུ་སྟངས་འཛིན་གནང་སྟངས་སོགས་ཡག་ཐག་ཆོད་འགྲོ་བཞིན་ཡོད་པ་ཞིག་ལ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད། གསུམ་པ། ཚོགས་གཙོ་ཁོ་རང་མི་སྒེར་གྱི་གཤིས་ཀའི་ཐོག་ནས་ནམ་རྒྱུན་མི་སུ་འདྲ་ཞིག་ཡིན་ནའང་ཚང་མར་འཆམ་པོ་དང་ཕར་བསྟུན་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་སྒེར་ངོས་ནས་ཡིན་ནའང་ཚོགས་གཙོར་ཆེ་མཐོང་ཞེ་དྲགས་ཞུ་བཞིན་ཡོད། མཚམས་ལ་རེར་ཚོགས་གཙོའི་གཤིས་ཀ་ཞིག་གི་དབང་གིས་ཧོབ་དེ་ཁ་ལ་བཀའ་མོལ་ལྕི་མོ་དེ་འདྲ་གསུང་གི་རེད་དེ། ང་རང་གིས་ཚོགས་གཙོའི་ཞབས་སྟེགས་དང་སྒྲིག་འཛུགས་དེ་གལ་ཆེན་པོར་ངོས་འཛིན་ཞུས་པའི་ཐོག་ནས་ད་བར་ལན་དེ་འདྲ་རྒྱག་མྱོང་མེད། ཡིན་ནའང་ད་ལྟ་འོས་བསྡུའི་ཐད་ནས་གསལ་བཤད་ལན་འདེབས་ཞུ་དགོས་པ་མང་པོ་ཞིག་ཆགས་སོང་། གཞན། ཞན་ཆའི་སྐོར་དེ་མ་བཤད་ན་དྲག་གི་རེད། ང་རང་གིས་ག་དུས་ཡིན་ནའང་སྐྱོན་བརྗོད་མི་བྱེད་རྒྱུ་གཙོར་འདོན་བྱེད་ཀྱིན་ཡོད།

  11. འཇིགས་བྲལ། says:
    2016-02-29 at 2:57 am

    ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལགས་གློ་བུར་བཀའ་བློན་གྱི་ལས་སྣེ་ནས་དགོངས་ཞུ་བྱས་པ་རེད། བཀའ་ཟུར་མོ་རང་གིས་གོ་སྐབས་ཤིག་བརྒྱུད་ནས་བཀའ་བློན་ནས་དགོངས་པ་ཞུ་དོན་གསལ་བརྗོད་གནང་གི་ཡིན་གསུངས་ཡོད་དུས། ང་ཚོའི་མོ་རང་ལ་དགོངས་པ་ཞུ་དོན་ཞིབ་ཚགས་ཀྱི་རྒྱུ་མཚན་གང་གསུངས་ཡག་འདུག་ལྟ་ཆོག་གི་རེད། ད་ལྟ་ང་ཚོས་མོ་རང་གིས་དེ་ལྟར་གནང་དོན་གང་ཡིན་ལ་ཚོད་དཔག་ཙམ་ལས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ཚོད་དཔག་དེས་སྤྱི་པའི་རྩ་དོན་ལ་ཕན་གནོད་གང་ཡོང་ཞུ་ཐུབ་ཀྱི་མ་རེད།

    དགོངས་པ་ཞུ་སྟངས་དེ་མོ་རང་གི་ངོས་ནས་ཐག་བཅད་དེ་གསར་འགོད་གསལ་བསྒྲགས་གནང་བ་ཞིག་ཏུ་མཐོང་སོང་ལ། བཀའ་ཤག་ལྷན་རྒྱས་ནས་མོ་རང་ལ་དགོངས་པ་གནང་གི་ཡིན་དང་མིན་གྱི་ཐད་བཀའ་བསྡུར་གནང་ཡག་གི་གོ་སྐབས་སྤྲད་མེད་པ་འདྲ་པོ་ཞིག་གསར་འགྱུར་ཡོང་སྟངས་ནས་མཐོང་བསྡད་ཀྱི་འདུག

    སྤྱིར་བཏང་རྒྱལ་ཁབ་མང་པོ་ཞིག་ཏུ་བཀའ་བློན་དགོངས་ཞུའི་གནས་སྟངས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པས་དམིགས་བསལ་ཧང་སངས་ཡག་གང་ཡང་མི་འདུག

  12. དཔལ་དོན་ says:
    2016-02-29 at 3:40 am

    ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་གློ་བུར་དུ་དགོངས་པ་ཞུས་པ་ཞིག་རེད་དམ། གོ་ཐོས་ལ་དེ་སྔ་ནས་དགོངས་ཞུ་ཕུལ་ཏེ་གསར་འགོད་གསལ་བསྒྲགས་བྱེད་པར་གྲ་སྒྲིག་སྐབས་སྲིད་སྐྱོང་མཆོག་གིས་བཀག་གནང་བ་རེད་ཅེས་པའི་སྐད་ཆ་ཞིག་འདུག

  13. ཀརྡོ་གཉེར་ཕྱག་པ་ says:
    2016-02-29 at 7:46 am

    སྲིད་སྐྱོང་དང་། ཚོགས་གཙོས།
    https://www.facebook.com/phayul/?fref=nf

  14. གཡུ་ཐོག་རྒྱལ་པོ། says:
    2016-03-01 at 2:26 pm

    མདོར་ན། བློ་སེང་ལགས། ཡང་སྐྱར་ལོ་ལྔ་སྲིད་སྟེགས་ཐོག་བཞག་ན། བཀའ་ཤག་སྒོ་རྒྱག་རྒྱུ་ཡིན་པ་ཐག་གི་ཆོད་པ་འདྲ་པོ་འདུག་ཀ བློ་སེང་ལ་སྲིད་དབང་སྒེར་གཅོད་པའི་གཤིས་ཀ་ཤུགས་ཆེན་པོ་འདུག xxxx མི་མང་རྣམས། གཉིད་ལས་སད་རན་འདུག་ཀ

  15. ཀརྡོ་གཉེར་ཕྱག་པ་ says:
    2016-03-02 at 12:25 am

    སྲིད་སྐྱོང་སྒེར་སྤྱོད་མི་ཐུབ་པ། །
    ད་ལྟ་བླ་མ་གསོན་བཞུགས་ཡོད། །
    ་
    སྲིད་སྐྱོང་སྒེར་སྤྱོད་མི་ཐུབ་པ། །
    སྤྱི་འཐུས་ངར་མ་མང་དག་ཡོད། །
    ་
    སྲིད་སྐྱོང་སྒེར་སྤྱོད་མི་ཐུབ་པ། །
    ད་ལྟ་བཀའ་བློན་མིག་ལྡན་ཡོད།
    ་
    སྲིད་སྐྱོང་སྒེར་སྤྱོད་མི་ཐུབ་པ། །
    ད་ལྟ་གཞིས་བྱེས་སེམས་ཤུགས་ཡོད། །
    ་
    སྲིད་སྐྱོང་སྒེར་སྤྱོད་མི་ཐུབ་པ། །
    ད་ལྟ་ཁ་བརྡ་སྒོ་ཕྱ་ེའདུག །
    ་
    སྲིད་སྐྱོང་སྒེར་སྤྱོད་མི་ཐུབ་པ། །
    ད་ལྟ་ཀརྡོས་འབྲི་བཞིན་ཡོད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme