Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་དུང་བློ་གཤོག་ལྡིང་སྐོར་གང་ལ་བྱས་འགྲོ

Posted on 2013-08-042013-08-04 By ཁ་བརྡ་ No Comments on ད་དུང་བློ་གཤོག་ལྡིང་སྐོར་གང་ལ་བྱས་འགྲོ

ཁྲོ་གཏུམ།

སྐྱེས་པ་ནས་འཆི་བའི་བར་དུ།  མིའི་འགུལ་བསྐྱོད་ཀྱི་ཆ་ཐམས་ཅད་ནི་ཅི་ཞིག་རེད། སྤྱི་ཚོགས་ཀྱི་ངོ་གདོང་རེ་རེ་ནི་ཅི་ཞིག་ལ་བརྟེན་ནས་བྱུང་བ་རེད། གང་ལྟར་དྲི་བ་གང་མང་ཞིག་གིས་མི་ཞིག་ཡིན་པའི་བྱ་ལས་ཀྱི་དགོས་མཁོ་དག་ལ་སེམས་ཁུར་གཏོད་ཀྱིན་ཡོད། ང་ཡང་དེ་བཞིན་སྤྱི་ཚོགས་སྟེང་གི་ཆ་ཤས་ལེན་དགོས་པའི་མི་ཞིག་ཡིན་པས། མཐོ་སློབ་ཀྱི་གར་སྟེགས་སུ་བབས་པའི་རྗེས་ཀྱི་བྱ་བའི་གདོང་ཐུག་དང་ཕྱིར་དྲན།རེ་སྨོན་དང་གྲུབ་འབྲས་སོགས་ལ་འཆར་འགོད་བྱེད་ལོས་འདོད། 

དང་པོ།  འཇིག་རྟེན་ནས་སུ་ཞིག་གིས་མི་ཚེ་ངོས་འཛིན་བྱས་མྱོང་།

སྔོན་ནས་བྱུང་བའི་མཁས་པ་དག་གིས་ཀྱང་མི་ཚེ་གླེང་བཞིན་བཞུད་སོང་བ་དང་།ད་ལྟའི་མི་རབས་དག་གིས་ཀྱང་མི་ཚེ་གླེང་གིན་པ་ཤ་སྟག་རེད།མི་ཚེ་ནི་དགའ་སྐྱོ་འདྲེས་མའི་འཚོ་བ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་བྱས་ཡོད་ནའང་།དགའ་སྐྱོ་རེས་མོས་ཀྱིས་བྱ་བའི་བཟང་ངན་གང་མང་ཞིག་མི་ཡུལ་དུ་བྱུང་བའི་ལོ་རྒྱུས་ཀྱི་དེབ་ཐེར་ཏེ།དེ་དག་རི་རབ་བཞིན་དུ་ང་ཚོའི་མདུན་དུ་བརྩིགས་ཡོད།ད་དུང་མ་འོངས་པ་ཡང་འདི་གཉིས་ཀྱི་སྒུལ་ཤུགས་ཀྱིས་བཟོས་པའི་བྱ་བའི་བཟང་ངན་གྱི་དེབ་ཐེར་ག་ཚོད་འབྲི་དགོས་པ་ནི་འཆར་ཡན་ལྟ་བུ་ཞིག་རེད།

ང་ཚོ་ནི་སྨྱུ་གུ་དང་ཤོག་བུའི་གཙབ་བརྡར་དང་།དགེ་རྒན་དང་དེབ་ཀྱི་རིགས་ལམ་ཁྲོད་ནས་“ལེགས་བྱང་རབས་འབྱམས་པ”ཞེས་པའི་མིང་འདི་དེ་རིང་ནས་བླངས་པ་ཞིག་ཡིན་ཡང་།དེ་རིང་གི་ཉི་མ་འདི་ནས་སོ་སོ་རང་ཉིད་ཀྱི་བསམ་བློའི་འཁོར་སྒྲམ་ལ་དྲི་བ་ག་ཚོད་ཅིག་གིས་གཅུ་ལོག་བྱེད་ཀྱིན་ཡོད།དྲང་མོར་བཤད་ན།དེ་རིང་གི་ང་ཚོའི་གྲོགས་པོ་ཚང་མར་ཡོད་སྲིད།འཆར་གཞི་དང་རེ་སྨོན།མ་འོངས་བའི་ལམ་བུ་དག་ལ་འདེམས་ཀ་བྱེད་ཀྱིན་ཡོད།གདམ་ཀ་འདི་དག་གིས་དེ་རིང་ཁ་སང་གི་ང་ཚོ་ནི་སེམས་པ་བློང་བློང་པོར་གྱུར་ནས་འཚོ་བ་ནི་ཅི་ཞིག་ཡིན་པའི་དྲི་བ་དེ་རང་གིས་རང་ཉིད་ལ་འདྲི་གིན་འདུག

སྤྱིར་ཀི་མི་ཚེ་ནི་སོ་སོ་རང་ཉིད་ཀྱི་ངོས་ནས་ཐག་གཅོད་དགོས་པ་ཞིག་ཡིན་ན་དེ་ནི་སྤྱི་ཚོགས་སུ་དེ་བཞིན་མི་འགྲོ་བའི་བསམ་ཚུལ་ཞིག་དང་།ཡང་ན།ལམ་སྟོན་གྱི་ངོས་ནས་སོང་བ་ཞིག་ཡིན་ན།དེ་ཡང་དངོས་སུ་མིག་ལམ་དུ་བསྟར་བ་ཞིག་ཏུ་མི་མཐོང་བས།ད་དུང་སོ་སོར་མ་འདང་བ་མང་པོ་ཞིག་ཡོད་པའི་བསམ་བློ་འཁོར་འགྲོའདི་ལྟར་འཁོར་བའི་བསམ་བློ་དེ་ནི་ད་གཟོད་ང་ཚོས་མ་འོངས་བར་འཚོལ་དགོས་པའི་ལམ་ཁ་དེ་ཡིན་སྲིད་པས།ནམ་ཞིག་གི་ཚེ་ན།ད་ནི་རེད་འདུག་བསམ་པའི་བློ་འཚིམས་ཡིད་སྨོན་གྱི་ཐོབ་བྱ་ཇི་འདྲ་ཞིག་རག་ངེས།

འཚོ་གནས་ནི་དམིགས་བསལ་ཞིག་མ་ཡིན་ལ།གྲང་ལྟོགས་སེལ་དགོས་པ་ཙམ་ཞིག་རེད།འོན་ཀྱང་།དེ་ལས་ད་དུང་མ་འདང་བ་ཞིག་གིས་ཚང་མ་ཁོམ་དལ་བྱུང་མྱོང་མེད་པ་འདི་ཡང་དགོས་མཁོ་ཞིག་རེད་དམ།དུས་རབས་གསར་རྙིང་དང་མི་རབས་གསར་རྙིང་།བསམ་བློ་གསར་རྙིང་སོགས་ནི་མིའི་འགྲན་རྩོད་ཀྱི་ཁྲོད་ནས་བྱུང་བའི་བློས་བསླངས་ཀྱི་བསམ་བློ་ཞིགའཚོ་བའི་དགོས་མཁོ་རུ་བབས་པའི་སྤྱི་ཚོགས་ཀྱི་བསམ་བློའི་ཤོང་ཚད་ཅིགང་ཚོ་ཡང་འདི་དག་གི་སོ་འཁོར་བར་ནས་ཟད་དགོས་སམ།ཡང་ན།འདི་དག་གི་རྣོ་ངར་ལས་བཟང་བའི་རྣོ་ཞིག་བཅའ་དགོས།མ་གཞི་ནས་བསམ་བློའི་ཡང་སྙིང་དུ་གྲུབ་ཡོད་པ་ཞིག་ནི།གྲང་ལྟོག་སེལ་བ་ཙམ་གྱིས་མི་ཚེ་མི་འཁྱོལ་བའི་གོ་རྟོགས་ཡོད་པ་དེ་ང་ཚོ་མི་ཞིག་ཡིན་པའི་ཁྱད་ཆོས་སུ་བཞག་ཆོག

བསམ་བློ་མ་འདྲ་བ་དང་།བློ་མོས་མ་འདྲ་བ།གོ་རྟོགས་མ་འདྲ་བ།འཚར་ལོངས་བྱུང་སའི་ཁོར་ཡུག་མ་འདྲ་བ།མཐོང་ཐོས་མ་འདྲ་བ་སོགས་ཀྱིས་མི་བུ་རེ་རེ་ལ་ཁྱད་པར་རེ་མཆིས་ཀྱང་།འཚོ་བ་ནི་ག་འདྲ་ཞིག་ཡིན་པའི་དྲི་བ་འདི་སུ་ལའང་ཡོད་ལ།ཡིད་འཚིམས་པའི་དྲིས་ལན་རྙེད་པ་ནི་ཤི་བའི་ཉིན་དེ་ལས་གཞན་གང་ཞིག་ནས་རྙེད་པ་རེད་ཟེར་མཁན་དང་།འཇིག་རྟེན་ན་སྐྱེ་འཆི་གཉིས་ཡོད་པ་བཞིན་དུ།སྐྱེས་ནས་ཚེ་སྲོག་འཚོ་བའི་རིན་ཐང་དང་དེ་ནས་འཆི་བའི་རིན་ཐང་གཉིས་ལ་མི་ཞིག་གི་འགུལ་བསྐྱོད་ཀྱི་ཆ་ཡོངས་རྫོགས་བཀོད་སྤྱོད་བྱེད་པའི་དབང་དུ་བཏང་ན།སུ་ཞིག་གིས་ཉིས་ཆ་འདེམས་སོང་།སུ་ཞིག་གིས་གཅིག་འདེམས་ངེས།གང་ལྟར་ད་དུང་དྲི་བ་ཐག་གིས་མི་ཆོད་པ་ཞིག་ཏུ་གྱུར་ནས་ང་ཚོ་དང་རྒྱང་བཀྱེད་པའི་དྲི་བ་འདི་ལས་ཅི་ཞིག་འབབ།

མདོར་ན།ང་ཚོ་ནི་དྲི་བ་རྐྱང་རྐྱང་གིས་བེད་སྤྱོད་བྱེད་པ་འདྲ་བས།དུས་རྒྱུན་དུ་ཚར་རྒྱུ་མེད་པའི་དྲི་བ་དག་འཚོལ་དུ་འགྲོ

 

གཉིས་པ།  ལྡུམ་རའི་ནང་གི་མཛེས་སྡུག་དེ་མེ་ཏོག་གཅིག་ཡིན་ནམ།

མཛེས་སྡུག་ལྡན་པ་ནི་འཚོ་བའི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་ཡོད་དུས།སྤྱི་ཚོགས་ཟེར་བ་མི་གཅིག་མ་ཡིན་པ་ནས་བྱུང་བ་དང་།མི་གཅིག་ལས་སྤྱི་ཚོགས་ཀྱི་གྲུབ་ཆ་བྱུང་བ་བཞིན་དུ།དེ་རིང་སློབ་གྲྭའི་སྒོ་ཁར་བུད་ནས་འཛུལ་ཞུགས་བྱེད་སའི་སྤྱི་ཚོགས་འཚོ་བ་ཡི་རེ་སྨོན་དང་འཆར་འགོད་ལས།རང་ཉིད་ལ་ཐོབ་པའི་སློབ་རའི་ནང་གི་བྱ་འགུལ་དག་བེད་སྤྱོད་བྱེད་དགོས་པས།ཇི་ལྟར་མཛེས་སྡུག་ལྡན་པ་ཞིག་ཏུ་གཏོང་བར་སོ་སོའི་བསམ་གཞིག་གི་ཐབས་ལམ་ཁྲོད་ནས་རྙེད་དགོས་པར་དོག་བློ་མི་ཉུང་བ་ཞིག་དང་དངངས་འཚབ་མི་ཆུང་བ་ཞིག་སྐྱེས་མོད།སྤྱི་ཚོགས་སུ་མ་ཞུགས་པའི་སྔོན་གྱི་སེམས་འཚབ་འདི་བརྒྱུད་ནས།སློབ་མའི་སྐབས་ཀྱི་མི་གཤིས་དེ་ནི་སྤྱི་ཚོགས་སུ་ཞུགས་པའི་མི་གཤིས་དང་མ་འདྲ་བ་གང་ཞིག་ཏུ་གྱུར་ཏེ།དེ་རིང་གི་སེམས་འཚབ་ཀྱི་དམིགས་ཡུལ་ལས་བརྒལ་འགྲོ་བ་གང་ཞིག་མཆིས།

མི་ངན་བཟང་པོར་གྱུར་བའི་བསྟོད་པ།མི་བཟང་ངན་པར་གྱུར་བའི་སྨད་པ།འདི་ནི་ཤེས་ཡོན་ཡོད་མེད་ཅིག་དང་ཁོར་ཡུག་བཟང་ངན་ཞིག་གི་སྒང་ནས་ཐག་གཅོད་བྱེད་པ་ཞིག་མ་རེད་སྙམ།གཙོ་བོ་སྤྱི་ཚོགས་ཟེར་བ་ནི་རྙོག་འཛིང་ཅིག་ཡིན་པ་ཤེས་སུ་འཇུག་པ་དེ་རེད།རང་བྱུང་ཁམས་རྐང་རྟེན་བྱས་པའི་ང་ཚོ་མིའི་སྤྱི་ཚོགས་ནང་དུ།སོ་སོའི་འདོད་མོས་སྤྱད་ནས་མཛེས་སྡུག་ཅིག་འཚོལ་བ་ལས།སྤྱི་ཚོགས་ཞིག་གི་མཛེས་སྡུག་སྤྱད་ནས་འཚོལ་བསྙེགས་བྱེད་པའི་བསམ་བློ་མ་འཁོེར་བས།ལྡུམ་རའི་ནང་གི་མཛེས་སྡུག་དེ་མེ་ཏོག་གཅིག་ཡིན་མིན་གྱི་བློ་གྲོས་ཤིག་བཟོ་ཐུབ་མིན་ལ་རག་ལས་པ་ཞིག

 

གསུམ་པ།  རང་སྤོབས་ནི་ཧོལ་རྒྱུག་ཅིག་མ་ཡིན།

ངས་བལྟས་ན།རྒྱལ་སོང་བ་ནི་གྲུབ་འབྲས་ཤིག་དང་།ཕམ་སོང་བ་ནི་ལག་ཆ་ཞིག་རེད།རང་སྤོབས་ནི་མི་ཞིག་གི་རྨང་གཞིའི་རྩལ་ཡིན་པས།འབའ་རྡེའུ་ཡི་གཞས་ཚིག་ཅིག་ཏུ། “རྐང་པ་རྡོ་ལ་ཐོག་ཀྱང་།མགོ་བོ་དགྱེ་དགྱེ་བྱས་ཡོད།།” དེ་རིང་ང་ཚོ་སྤྱི་ཚོགས་ཀྱི་མཐོ་རིམ་སློབ་གྲྭའི་བྱ་ལས་སུ་ཞུགས་ཏེ།རང་ཉིད་ཀྱི་འཇོན་ནུས་རྩལ་གསུམ་བེད་སྤྱོད་བྱེད་པར།མ་འདང་བའི་ཤེས་བྱ་མང་པོ་ཞིག་བྱ་བའི་ལས་རིམ་བརྒྱུད་ནས་ཁ་གསབ་བྱེད་ཚུལ་ལ་ཐོན་དུས།སློབ་རིམ་བརྒྱུད་ནས་འགྲོ་བའི་འཛིན་གྲྭའི་ནང་གི་བྱ་བ་དག་དང་མ་འདྲ་བའི་རྣམ་པ་གཞན་ཞིག་ལ་སེམས་འཚབ་རེ་ཡོང་བའི་བློ་གཤོག་འདར་ཡོམ་བྱེད་མོད།འདི་ནི་ང་རྒྱལ་མ་བྱས་པར་རང་ཉིད་ཀྱིས་ཁེངས་སྐྱུང་བྱེད་པའི་ཚུལ་དུ་ཡོད་ཀྱང་སྲིད་ངེས།ང་ཚོས་སྦྱང་ཟིན་པའི་ཤེས་བྱ་དག་ནི་གྲུབ་ཆ་རྡོག་རྡོག་རེ་ཡིན་ནའང་།རྡོག་རྡོག་གི་གྲུབ་ཆ་འདི་དག་འཚོ་བ་ལ་ངེས་འཛིན་ཙམ་ཡིན་པ་མ་གཏོགས།དོན་དངོས་སུ་འཚོ་བའི་ལས་རིམ་ལ་འདི་དག་ཆ་ཤས་སུ་བགོས་ནས་བེད་སྤྱོད་གཏོང་དགོས་པ་ཞིག་ཆགས་ཡོད་དུས།སེམས་སུ་མི་བདེ་བའི་སྣང་བ་ཞིག་སྐྱེས་སྲིད་ཀྱང་།ལས་ཀའི་འགུལ་བསྐྱོད་ཀྱི་རྣམ་པ་ལྟར་སྦྱངས་ཟིན་པའི་ཤེས་བྱ་རོགས་ཕན་ཡོངས་བའི་ཉམས་མྱོང་ལ་སྦྱང་བའི་མགོ་འཛུགས་བྱེད་ས་ནི་ལས་ཞུགས་སྐབས་ཡིན་ས་རེད།དེ་བས་ན།ང་ཚོར་དགོས་པ་དེ་རང་སྤོབས་ནི་ཧོལ་རྒྱུག་ཅིག་མ་ཡིན་པའི་འདུ་ཤེས་དགོས་པ་འདྲ།

སྐབས་འདིར་ཉོག་བཤད་མཚམས་བཞག་ནས།ཆོལ་གསུམ་མཉམ་འཛོམས་ཀྱི་སློབ་གྲྭ་ཞིག་ནས་ང་འདི་ལྟར་མཐར་ཕྱིན་པ་ནི་ངའི་མི་ཚེ་ནང་གི་དགའ་འོས་བའི་དྲན་ཤིང་ཅིག་དང་།ས་མཐའི་སྐྱ་ཆད་སྔོ་སྡུག་གི་འཚོ་བར་གདོང་གཏོད་བཞིན་ཤེས་བྱའི་གནས་རིམ་ཞིག་ཐོན་པར་ཡང་ངས་རང་ཉིད་ལ་དགའ་བསུ་ཞུ་གི་ཡོད་ལ།ཁྱེད་ཅག་ལ་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད།

2013/8/1ཉིན།

རྩོམ་རིག

Post navigation

Previous Post: ངོས་ཀྱི་ནམ་མཁའ་དང་ངོས་ཀྱི་སྐར་ཚོགས།
Next Post: བདག་གི་གྲོགས་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme