Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐོལ་བྱུང་གི་གླུ།

Posted on 2012-03-112012-03-11 By དབང་ཕྱུག་ 12 Comments on ཐོལ་བྱུང་གི་གླུ།

མྱི་ལྟིག

མི་ཡིས་མི་ཤ་ཟ་ཞོར།། མི་དོན་གླེང་ཁུལ་བྱེད་པ།།
གཤིས་ཡོད་མེད་ཕྱོགས་ནས།། མིག་ཅིག་ཡོད་ན་ལོས་ཤེས།།

མི་ཡན་མང་ཉུང་བཤད་ན།། མི་གྲལ་ཆོད་མེད་གཉིས་ཀ།
མི་ཡི་དོན་དུ་མི་ཤེས།། མི་རྒྱུད་ཉེ་སར་དྲུད་ཡོང་།།

མི་ལུས་རིན་ཆེན་གསེར་ཟེར།། མི་སེམས་དཀར་པོ་འཆད་ཞོར།།
མི་སྐལ་མི་ཡིས་འཕྲོགས་དུས།། མི་ཀུན་གདོད་ནས་འགྱུར་འགྲོ།

མི་རབས་མི་མང་བར་ན།། མི་དམངས་གྱོད་སྣ་མང་བ།།
མི་ངོ་མི་རྒྱུད་དེད་ན།། མི་ཚང་སྟོང་པར་ལྷག་འགྲོ།

མི་ཤུགས་དབང་ཤུགས་བསྲེས་ནས།། མི་ཁྲག་ཧུབ་ཀྱིས་གཞིབ་འགྲོ།
མི་ལྤགས་སྲབ་མཐུག་བར་ནས།། མི་ཁྱིམ་གཅིག་པ་བརྗེད་འགྲོ།

མི་སྐད་བཤད་ལ་མཁས་པས།། མི་མང་རྒྱ་མཚོ་འཕྱུར་འཕྱུར།།
མི་ཚོགས་གྲོལ་མ་ཐུག་ཏུ།། མི་དེས་རང་ཚུགས་ཉིལ་ཐལ།།

མི་འགའ་མྱེ་ལ་འཐིམས་ཐལ།། མི་འགའ་ངུ་ཁོམ་མེད་ཐལ།།
མི་དང་མི་ཡི་བར་ཐག། མི་དང་མི་ཡིས་བསྒྲིབས་སོང་།།

མི་ཆེན་སྣང་བ་སྐྱིད་ཀི། མི་ཆུང་འགྱིང་སྟངས་རྫིག་གི།
མི་སེམས་འཁོེར་ལོའི་གསེབ་ནས།། མི་འགའ་གཅེར་བུར་སྤྱུགས་སོང་།།

མི་ལ་སྟོན་རྒྱུ་ལོས་དགོས།། མི་ཧྲག་འདྲེན་རྒྱུའང་ལོས་དགོས།།
མི་ཚེ་བག་ཡངས་ཀྱིས་བསྐྱལ་ན།། མི་རྒྱུད་ནོར་གནག་ཏུ་འགྱུར་འགྲོ།

མི་སེམས་མཁྲེགས་པོ་རྡོ་དགོས།། མི་གཞི་ལྷུན་པོ་རི་དགོས།།
མི་རྒྱུད་དྲང་མོ་མདའ་དགོས།། མི་རིགས་རང་གི་མདངས་དགོས།།

ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་གཉིས་པའི་ཚེས་ཉེར་དགུའི་དགོང་མོ་རང་ཤག་ཏུ་བཞུར།

སྙན་ངག

Post navigation

Previous Post: རང་དབང་ཆེད་འབར་བཞིན་པའི་བོད་གླེང་བ།
Next Post: ཧྥ་རན་སིའི་གསུམ་བཅུ་དུས་དྲན་།

Comments (12) on “ཐོལ་བྱུང་གི་གླུ།”

  1. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-03-11 at 2:07 pm

    ཨ་ཧ་ཧ། ངོ་མ་གཅིག་བཞུར་དང་ཟིག བཞུར་སྟངས་གཅིག་འཇིགས་ཀི

  2. དཔལ་ཁོ། says:
    2012-03-11 at 3:35 pm

    མྱི་ལྟིག་ཁ་ལྟིག་གན་གི །
    མི་རིགས་རང་འདང་བསམས་ནས། །
    སྙན་ངག་རྟུག་པ་འདྲ་ཞིག །
    ཁ་བརྡའི་ནང་དུ་གཡུགས་ཐལ། །

  3. རྩམ་དགའ། says:
    2012-03-11 at 4:00 pm

    མྱི་ལྟིག་ཁ་ལྕེ་དཀར་གི །
    མྱི་ལྟིག་ལག་སོར་དཀར་གི
    མྱི་ལྟིག་སྨྱུག་རྩེ་དཀར་གི །
    མྱི་ལྟིག་ཁོག་པ་མི་ཤེས། །

  4. ངག་ཁྲི། says:
    2012-03-11 at 4:31 pm

    མི་ཡིས་ཁྱི་ཞིག་འཛིན་ཅིང་།།
    རི་ཡི་གླིང་འདིར་གཉིད་ཀི།།
    མི་ཡི་རིགས་ཀྱི་སྙིང་ཚིལ།།
    མི་མིན་འདི་ཡིས་བསིལ་གྱིས།།

  5. བཟོད་པ says:
    2012-03-11 at 9:22 pm

    མི་ལ་ཁ་ཏ་བཤད་ན྄།།   མི་མིན་ལྷ་ལས་མཁས་རེད།།
    མི་བུ་རང་གི་གཤིས་ག།  མི་འདྲ་དགུ་འདྲ་གང་འདྲ།།
    མི་རྒོད་དཔའ་བོ་འགྱེང་བཞིན།།  མི་འཇིགས་ཚིག་གི་ང་རོ།།  
    མི་ཆུང་ཉམས་ཆུང་རྣ་བར།།  མི་སྙན་མི་ལེགས་མི་འདུག།  
    མི་གོ་མི་ཤེས་ཟེར་བཞིན།།  མི་བལྟ་དགུ་བལྟ་བྱས་ན།།
    མི་རིག་རྒྱུ་ཞིག་མེད་དུས།།  མི་ལ་ཇི་ལྟར་ལབ་ཡིན།། 
    མི་ལ་ཁ་སོས་དལ་ན།།   མི་བཤད་ཚིག་གཅིག་མེད་མོད།།  
    མི་སེམས་དཀྲིག་པའི་ཚིག་ཞིག། མི་ཤོར་རེ་བ་བཅང་ཡོད།།
    མི་ཤེས་ཤེས་ཁ་ཞིག་གིས།།  མི་སེམས་མི་དཔྱོད་ས་ནས།།
    མི་མཐུན་གོ་བ་ལོག་ན།།   མི་དག་ཚིག་པ་ཟ་འགྲོ།
    མུ་སྟེགས་སེའུ་བཅུའི་ཚིག་འདྲ།།  མུ་མཐའ་མེད་པར་ལུད་ན།།
    མུ་ཏིག་བཅོས་མའི་དོ་ཤལ།།  མུ་ཏོ་ལ་ཡང་མི་མཁོ།།

  6. ཨ་ཁུ་སྐྱང་ཁ། says:
    2012-03-11 at 9:48 pm

    ཡ་གི་མི་ཡི་འགྲོ་འདུག་ཉལ་འཆག་ཀུན།།
    དེ་ཡི་ལུང་བར་ཧ་ཅང་མཛེས་མོད་ཀྱི།།
    མ་གི་དེ་ལ་ཐན་ལྟས་ཉིད་དུ་ལྟ།།
    སྒྲུབ་བྱེད་སྣོན་མོ་སུ་ལའང་བརྗོད་དུ་ཡོད།།

    ཚ་ཞིང་སྲེག་པ་མེ་ཡི་མཚན་ཉིད་དང་།།
    རླན་ཞིང་གཤེར་བ་ཆུ་ཞེས་བཏགས་ན་ཡང་།།
    ཡང་དག་བདེན་པའི་གནས་སུ་མི་ཆེ་བས།།
    ཕལ་ཆེར་མི་ཡི་ཕྱོགས་ཞེན་ཁོ་ན་ཙམ།།

  7. ཟངས་རྡོ། says:
    2012-03-11 at 10:09 pm

    མི་ལྟིག་མི་ཡི་གྲོང་ཁྱེར་ལ།
    མི་ཡི་འདུ་ཚོགས་མ་གཞལ་ན།།
    མི་དང་འགལ་བའི་མ་རུང་བས།།
    མི་ཡི་ཆོས་ཉིད་མ་རྟོག་ནས།།
    མི་སེམས་དུར་ཁྲོད་ཡུལ་དུ་བརྒྱུགས།།
    མི་སེམས་རྒུལ་བའི་སྟོང་བསམ་ལ།།
    མི་ཡིས་མཚོན་ཁ་རྣོན་པོས་བསྣུན།།
    མི་གཞི་ཅན་གྱི་མི་བུ་དག།
    མི་ལ་མཚན་ཉིད་བཤད་པའི་མི།།
    མི་དང་མཐུན་ན་དགའ་མོད་ཀྱང་།།
    མི་ཡི་གྲལ་ནས་མ་བསྡད་ན།།
    མི་མི་ཟེར་བ་བླུན་རྟགས་ཉིད།།

  8. ཐོར་རྒོད་པ་སྤྱན་ཆབ། says:
    2012-03-12 at 1:43 am

    ཅི་བཤད་གཞན་གྱི་ཁ་རེད།།
    ཅི་བྱེད་རང་གི་དབང་རེད།།
    ཅི་བསམ་ཡི་གེར་བཀོད་པ།།
    ཅི་ནས་བཀའ་དྲིན་ཆེའོ།།

  9. མྱི་ལྟིག says:
    2012-03-12 at 4:15 am

    རྣམ་པ་ལྷན་རྒྱས་ཕེབས་པར་དགའ་ཡོད་ལ་ཞོར་དུ་རང་རང་གི་ཚོད་ཀྱིས་ལན་ལྡོན་པ་ལའང་བཀའ་དྲིན་ཆེ།་ལྷག་པར་དུ་སྤྱན་ཆབ་ལགས་ལ།ཧཧཧ

  10. ཀརྡོ་གཉེར་ཕྱག་པ་ says:
    2012-03-12 at 4:25 am

    མ་འོ་སྤྲང་ཕྲུག་གི་གསར་བརྗེས།
    མི་རོ་རྟ་རོ་ཡི་ཁེངས་ནས།
    མི་འབོར་ས་ཡ་བཞི་བཅུ་ཡི།
    རྐྱེན་ལམ་སྲོག་སྐྱོན་ལ་བཏང་བའི།
    ཐོལ་བྱུང་དམེ་ངག་འདི་ཤོར་སོང་།

  11. རྫ་ཆུའི་ཟླ་བ། says:
    2012-03-12 at 12:01 pm

    མི་ཞིག་མི་ཡི་དོན་དུ། ། མི་ཚེ་རྫོགས་གྲབས་འདུག་ཀྱང་། །
    མི་མང་གྱེན་ལང་ཉིན་མོ། ། མི་འགའ་ཡིབ་ནས་སྡད་འདུག །

  12. ངག་ཁྲི། says:
    2012-03-12 at 3:15 pm

    མི་རིང་མྱུར་དུ་འཛོམས་པའི་ཐབས་བཟང་ཤོས།།
    མི་སྨོན་རང་སྐྱིད་ལས་འགུལ་རབ་སྤེལ་ནས།།
    མི་ཡི་གཟུགས་ལ་ྭཝ་ཡི་གཡོ་སྒྱུ་ཅན།།
    མི་ཡུལ་གནས་པའི་བཙན་ྡམར་འདི་རྣམས་ཕུད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme