Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག

Posted on 2008-08-092008-08-09 By དགེ་རབ་ 8 Comments on ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག

སྤྲིན་བྲལ། བོད།

འཇིག་རྟེན་ཁམས་ན་སེམས་ཅན་མང་པོ་ཡོད་ལ། བཟང་ངན་མཐོ་དམན་གྱི་དབྱེ་བ་ཡོད་པར་འདོད་པ་དང་མེད་པར་འདོད་པ་རིགས་གཉིས་ཡོད། ནང་པ་སངས་རྒྱས་པ་ལྟར་ན། རིགས་དྲུག་སེམས་ཅན་ལ་མ་ཡི་འདུ་ཤེས་འཛིན་དགོས་བར་གསུངས་ཡོད་ནའང༌། ད་ཡོད་ཀྱི་འཚོ་བའི་ཁྲོད་དུ་རིགས་རུས་སྐྱེ་ཁུངས་ལ་བཟང་ངན་མཐོ་དམན་གྱི་ཁྱད་པར་ཆེ།
འདུ་ཤེས་འཛིན་སྟངས་དེས་མི་རྣམས་ཀྱི་འཚོ་བ་དང་བསམ་བློ་ལ་བར་ཆད་བཟོ་བཞིན་འདུག འོན་ཀྱང༌། བར་ཆད་དེ་སེལ་ཐུབ་མིན་ནི། ཐད་ཀར་རང་སྟེང་ནས་བཟང་ངན་མཐོ་དམན་གྱི་ཁྱད་པར་ཡོད་མེད་ཁས་ལེན་མིན་དང༌། གཞན་ལ་འདྲ་མཉམ་གྱི་གནས་ལུགས་དེ་ངོ་སྤྲོད་པར་བརྩོན་པ་བྱེད་མིན་ལ་ཐུག་ཡོད། རང་ལ་ངོ་འཕྲོད་པ་དེ་གཞན་ལ་ངོ་སྤྲོད་ཐུབ་པ་བྱུང་ན། ཡོད་ཚད་འདྲ་མཉམ་གྱི་གནས་ལུགས་དེ། ཚང་མས་གཞི་ནས་རྟོགས་ཐུབ་རྒྱུ་རེད། སེམས་རྣལ་ལ་ཕབ་ནས་བསམ་བློ་རེ་བཏང་ན། ཡོད་ཚད་འདྲ་མཉམ་གྱི་གསན་ལུགས་དེ་རྟོགས་ཐུབ་པར་དཀའ་ངལ་ཅི་ཡང་མེད། དཔེར་ན། ཕན་ཚུན་ལ་འཕྲིན་ཡིག་བསྐུར་སྐབས། ཡིག་ཤུབ་སྟེང་དུ་སྡོད་གནས་དང་བསྐུར་ཡུལ་གྱི་མིང་དེ་བོད་ཡིག་གིས་བྲིས་པས་ཀྱང་གསལ་ཁ་གཏོད་ཡོང༌། མི་རིགས་འདྲ་མཉམ་དང་ཡིག་རིགས་འདྲ་མཉམ་གྱི་སྲིད་ཇུས་ལག་ལེན་དུ་བསྟར་ནས་མི་ལོ་དྲུག་ཅུར་ཉེ་ན་ཡང༌། ང་ཚོ་བོད་པ་ཚོས་ཡིག་ཤུབ་སྟེང་དུ་བོད་ཡིག་མ་བྲིས་བར་རྒྱ་ཡིག་ཁོ་ན་བྲིས་ཏེ་ད་ལྟའི་བར་ལུས། བཅིངས་གྲོལ་བྱས་མ་ཐག་བོད་ཡིག་བྲིས་བའི་ཡིག་ཤུབ་འགའ་རེ་མཐོང་མྱོང༌། རྒྱ་ཡིག་ཚིག་གཅིག་མི་ཤེས་རུང་གཞན་ལ་ཞུ་བ་བྱས་ནས་འབྲི་རུ་འཇུག་དོན་མེད་ཀྱི་ངལ་བ་འདི་ཁུར་ལ་ལེན་དོན་ཅི། མི་རིགས་ལ་བཟང་ངན་མཐོ་དམན་གྱི་དབྱེ་བ་ཡོད་པ་སུས་ཀྱང་མ་བསྟན། རིག་གནས་གསར་བརྗེ་ཡི་རྗེས་སུ། ཡི་གེ་ལའང་བཟང་ངན་མཐོ་དམན་གྱི་དབྱེ་བ་ཡོད་པ་སུས་ཀྱང་མ་བསྟན། རང་དབང་ཤོར་འགྲོ་བ་མ་ཚོར། རང་གཤིས་ཉམས་འགྲོ་བ་མ་ཚོར། ཡོད་ཚད་སྟོང་མཇུག་གི་སྡོང་ལོ་བཞིན། སུས་རྗེས་སུ་འབྲང་བཞིན་པ་ད་དུང་མི་ཚོར་རམ། རང་ཉིད་ཀྱིས་བསྒྲུབ་མི་ཐུབ་པའི་དོན་དག་ཡོད་ན། ངན་ཁག་གཞན་ལ་མ་སྐོར། ཁག་འཇོག་ས་མང་ནི་རེད། གཞི་རྩ། རང་སྐྱོན་བརྟག་མིན་ལ་ཐུག་ཡོད། རང་སྐྱོན་ངེས་མ་ཟིན་ན་བསྒྱུར་བྱ་ངེས་མི་ཟིན། བསྒྱུར་བྱ་ངེས་མ་ཟིན་ན། དེ་ལ་བསམ་བློའི་སྟེང་ནས་ཡར་ཐོན་ལེགས་པོ་ཡོང་མི་སྲིད། ཐ་ན་ཡིག་ཤུབ་སྟེང་དུ་བོད་ཡིག་བྲིས་ཆོག་པའི་རང་དབང་ཡོད་ཀྱང༌། མ་ཚོར་བ་འདི། རྒྱལ་ཁྲིམས་དང་རང་སྐྱོན། བསྒྱུར་བྱ་ངེས་མ་ཟིན་པས་རེད། རེད་དེ། བོད་པ་ཚོས་ཡིག་ཤུབ་སྟེང་དུ་བོད་ཡིག་བྲིས་ན། ཕ་རོལ་དུ་འཕྲོད་མིན་མི་ཤེས། ཡིག་སྐྱེལ་བས་བོད་ཡིག་ཤེས་མིན་ཡང་མི་ཤེས། བོད་ཡིག་ཤེས་བའི་དབང་དུ་བཏང་རུང་སྐྱེལ་མིན་མི་ཤེས་བསམ་བཞིན་ཡོད་པ་རེད། ཚོད་ལྟ་ཞིག་ཀྱང་མི་བྱེད་པ་ནི་རྩོད་སྒྲུབ་མེད་པའི་རྨོངས་དད་མ་ཡིན་ནམ། མི་ཤེས་པ་ཞིག་ལ་བློ་བཅོལ་ནས་རང་དབང་མང་པོ་ཞིག་ངང་གིས་ཤོར་འགྲོ་བ་ཁ་ཡ་མི་བྱེད་པ་ནི། ད་ངས་ཅི་ཟེར་དགོས་པའང་མི་ཤེས། ལ་ལས། ཁྱོད་ཀྱིས་རང་འགར་སྐད་ཆ་འདི་འདྲ་བཤད་རྒྱུར་མི་སྐྲག་གམ་ཟེར་ནས་ང་ལ་དྲི་བ་འདོན། རེད་ཡ། སྐྲག་དགོས་ས་ངོ་མ་དེ་ངོས་འཛིན་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ། འགྲོ་བ་རིགས་དྲུག་སྐྲག་དགོས་ས་ངོ་མ་དེ་ནི་མི་དགེ་བའི་ལས་དེ་དག་ཡིན་ལ༌། མི་དགེ་བའི་ལས་དེ་དག་བཀག་པ་ཡིན་ན། ང་ཚོའི་ལས་ངག་ཡིད་གསུམ་རྒྱལ་ཁྲིམས་དང་གཏན་ནས་འགལ་མི་སྲིད། ཁྲིམས་འགལ་གྱི་ལས་མ་བྱས་ན། སྐྲག་དགོས་དོན་ཡང་མེད་པ་ནི་གནས་ལུགས་མ་ཡིན་ནམ། ང་ཚོས་བོད་ཡིག་འབྲི་རྒྱུ་ཡིན། བོད་སྐད་བཤད་རྒྱུ་ཡིན། བོད་ལ་གྱོན་རྒྱུ་ཡིན། རྩམ་པ་ཟ་དགོས་ཟེར་བ་ཙམ་ལ་སྐྲག་དགོས་ཟེར་བའི་བསམ་ཚུལ་དེ། གང་ནས་བྱུང་བ་རེད། ངས་ངོ་མ་ཧ་མི་གོ་ ཁེ་དབང་འདི་སུ་ལའང་ཡོད་ཅེས་མི་རིགས་སྲིད་ཇུས་དང་རྩ་ཁྲིམས་ནང༌། གཏན་དུ་འཁེལ་ཡོད་པ་ཚང་མས་གསལ་ཐག་ཆོད་ཤེས་ན་འགྲིག རི་བོང་ཅལ་འདྲོགས་ཀྱི་མི་ཚེ་སྐྱེལ་ན་སྙིང་བོ་ཡོད་མ་རེད། ཡང་ལ་ལས། ཡིག་ཤུབ་སྟེང་དུ་བོད་ཡིག་བྲིས་ནས་ཕ་རོལ་ལ་མ་འཕྲོད་ན་ཅི་བྱེད་ཟེར། དྲི་བ་འདིའི་ནང་ན་གསལ་ཁ་འབྱེད་རྒྱུ་མང་པོ་ཡོད། ཡིག་ཤུབ་སྟེང་དུ་བོད་ཡིག་འབྲི་མིན་ནི། ང་ཚོ་རང་ཉིད་ཀྱིས་བོད་ཡིག་བྲིས་ཆོག་པའི་ཁེ་དབང་དེ་བེད་སྤྱོད་མིན་དང༌། བོད་ཡིག་གི་མདུན་ལམ་ལ་འདུ་ཤེས་ག་འདྲ་ཤིག་འཛིན་པར་ཐུག་ཡོད། གལ་ཏེ་རང་ཉིད་ཀྱི་ཁེ་དབང་དང་བོད་ཡིག་གི་མདུན་ལམ་བསམ་ནས་ཡིག་ཤུབ་སྟེང་དུ་བོད་ཡིག་བྲིས་བ་ཕ་རོལ་ལ་མ་འཕྲོད་ན། ཡིག་སྐྱེལ་ལས་ཁུངས་ལ་འཕྲིན་ཡིག་མ་འཕྲོད་པའི་རྒྱུ་རྐྱེན་གསལ་བོ་འདྲི་དགོས། གལ་ཏེ་ཁ་ཅིག་གི་བསམ་ཚུལ་ལྟར། བོད་ཡིག་བྲིས་བའི་དབང་གིས་མ་འཕྲོད་པ་ཡིན་ཟེར་ན། མི་རིགས་འདྲ་མཉམ་མིན་པའི་གནས་ཚུལ་བྱུང་བ་ཡིན་པས། གནས་ཚུལ་དེ་ཇི་མ་ཇི་བཞིན་དུ་གོང་རིམ་ལ་ཡར་ཞུ་བྱེད་དགོས། སྤྱིར་ན་གནས་ཚུལ་འདི་འདྲ་འབྱུང་རྒྱུ་མ་རེད་སྙམ། གལ་ཏེ་རྒྱུན་པར་ཡིག་ཤུབ་སྟེང་བོད་ཡིག་བྲིས་བའི་འཕྲིནཡིག་རླངས་འཁོར་གང་རེ་འམ་ཡང་ན་མེ་འཁོར་གང་རེ་ཡོན་ད། དོན་དག་འདིེར་བསམ་ཡུལ་ལས་འདས་བའི་གྲུབ་འབྲས་འབྱུང་ངེས་རེད། ཡིག་སྐྱེལ་པས་བོད་ཡིག་མ་ཤེས་ན་ཅི་བྱེད། ཡིག་སྐྱེལ་པས་རང་ཉིད་ཀྱི་ལས་ཀ་བདེ་ལེགས་ངང་འགྲུབ་ཐུབ་མིན་ལ་བསམ་བློ་གཏོང་མིན་དེ་ཁོ་རང་ཉིད་ཀྱི་འོན་འགན་ཡིན་པ་ལས། ང་རང་ཚོས་དེར་བསམ་བློ་གཏོང་དགོས་དོན་མེད། བོད་ཡིག་བྲིས་ན་ཕན་ཡོན་ཅི་ཡོད་ཟེར་ན། བོད་ཡིག་ཤེས་པའི་མི་ཡོད་དོ་ཅོག་གིས་འཕྲིན་ཡིག་བསྐུར་སྐབས་གཞན་ལ་ཞུ་བ་བྱེད་མི་དགོས་བ་དང་གཅིག ཡིག་ཤུབ་སྟེང་དུ་བོད་ཡིག་བྲིས་བའི་འཕྲིན་ཡིག་བསྐུར་མི་མང་ན། ཡིག་སྐྱེལ་ལས་ཁུངས་ནས་ཀྱང་བོད་ཡིག་ཆེད་སྦྱོང་སླེོབ་མར་བྱ་བའི་ལས་གནས་བགོ་རྒྱུ་ཡིན་པའི་དགེ་མཚན་དང་གཉིས། བོད་ཡིག་བེད་སྤྱད་དེ་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་ཐུབ་ན། བོད་ཡིག་གི་ཚེ་སྲོག་རྒྱུན་བསྲིངས་ཐུབ་པའི་དགེ་མཚན་སོགས་མང་པོ་ཡོད། བོད་ཡིག་བཀོལ་ས་མེད་ཟེར་ནས་ཟུར་ཞིག་དུ་བོར་ན། ཡུལ་རྒྱ་གར་གྱི་རང་སྐད་དང་ཡི་གེ་ཉམས་ནས་དབྱིན་ཡིག་བཀོལ་བཞིན་པ་ལྟར། ང་ཚོ་ཡང་མི་རིགས་གཞན་གྱི་སྐད་དང་ཡི་གེ་ལ་བརྟེན་དགོས་པ་ཞིག་འབྱུང་རྒྱུ་རེད། རྒྱུ་མཚནདེ་འདྲའི་དབང་གིས་རང་ཅག་རྣམས་ཀྱིས་མཇུག་འབྲས་མེད་པའི་དོན་ཆེན་དང༌། མཐོང་རྒྱུ་མེད་པའི་ལ་རྒྱ་དེ་དག་གླེང་ནས་ཉི་མ་གཏོང་བ་ལས། རང་མདུན་གྱི་བྱ་བ་ཕྲན་ཚགས་འདི་འདྲ་ལ་བསམ་བློ་བཏང་ན་ཐོབ་བྱ་མང་སྙམ།

༢༠༠༨ ལོའི་ཟླ་གཉིས་པའི་ནང་ཟི་ལིང་ནས།
སྐར་ཆེན་གྱིས་མཁོ་འདོན་བྱས།

རྩོམ་རིག

Post navigation

Previous Post: བོད་དོནངོ་རྒོལ།
Next Post: ནང་གི་མེ་ལྕེ།

Comments (8) on “ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག”

  1. མགོན་པོ་ཕྱག་གཉིས་པ། says:
    2008-08-09 at 10:23 pm

    བོད་རིགས་རང་སྐྱོང་ལྗོངས་དང་རང་སྐྱོང་ས་ཁུལ། རང་སྐྱོང་རྫོང་བཅས་ཀྱི་ཁོངས་སུ་ཡི་གེ་གཏོང་ན་ཡིག་སྐོགས་ཐོག་བོད་ཡིག་བྲིས་ཏེ་བསྐུར་ཐུབ་པ་ཞིག་བྱུང་ན། མ་མཐའ་ཡང་བོད་ཡིག་ཤེས་མཁན་བརྒྱ་ཕྲག་ལྷག་ལ་ལས་ཀ་རག་གི་རེད། འདིའི་སྐོར་ངས་སྔོན་མ་ཕ་ཡུལ་ལ་ཕྱིན་སྐབས་བོད་མི་འགོ་ཁྲིད་རེ་ཟུང་ལ་གླེང་བསླངས་པ་ཡིན་ཡང་། རེད་རེད་ཟེར་བ་ཙམ་ལས་ཞེ་དྲག་དོ་སྣང་བྱེད་ཀྱི་མི་འདུག གཅིག་གིས་དེ་འདྲ་ཞིག་ཡོང་ཁག་པོ་རེད་ཟེར། དངོས་གནས་བྱས་ན་དེ་འདྲའི་དོན་དག་ཆུང་ཙག་རེ་ཡིན་ན་ཡང་ལག་ལེན་ལ་འཁེལ་རྒྱུ་ཁག་པོ་རེད། དབང་ཆ་གཞན་ལག་ཏུ་ཤོར་ན་འདི་འདྲ་རེད།

  2. karchen says:
    2008-08-10 at 1:33 am

    གཞན་གྱི་ལག་ཏུ་ཤོར་ཡོད་པ་བདེན་ཡང༌། ཐོབ་ཐང་ཁྱོན་རང་ནས་རྩོད་ལེན་བྱས་ན་མི་འགྲིག་པ་དེ་འདྲ་མ་རེད་སྙམ།
    རྗེས་ཕྱོགས་མང་དུ་འཕྲད་པའི་རེ་བ་ཆེ།

  3. སྟག་སྨྱོན། says:
    2008-08-10 at 5:28 am

    བོད་པའི་ནང་སྲོག་བཏང་ནས་ཐོབ་ཐང་རྩོད་མཁན་ཡོད་ཀྱང་། ཤེས་ཡོན་སྤྱད་ནས་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་ཧ་ཅང་ཉུང་ཉུང་རེད། སྙན་ངག་དང་གླུ་གཞས་ཀྱི་ཁྲོད་དུ་ལ་རྒྱ་འབུར་དུ་མངོན་ཡང་། བོད་མིའི་དབུ་ཁྲིད་དང་ལས་བྱེད་ཚོའི་ཕྱོགས་ནས་ནུས་པ་མ་ཐོན་པའི་དབང་གིས་ཡིག་ཤུབ་སྟེང་ལའང་བོད་ཡིག་སྤྱོད་ཐུབ་ཀྱི་མེད་པར་ཚོར།
    ལ་རྒྱ་དང་སྙིང་སྟོབས་ཅི་ཙམ་ཆེ་ཡང་ཤེས་ཡོན་དམན་པའི་གཞི་རིམ་གྱི་མང་ཚོགས་ནི་མི་རིགས་ཀྱི་ཁུ་ཚུར་འདྲ་བོ་རེད། ཁུ་ཚུར་འདིས་རྒྱ་ནག་གདོང་ལ་ཡང་ནས་བསྐྱར་དུ་གཞུས་ཡོད་ཀྱང་། མར་རྡོ་ལ་གཞུས་ཀྱང་མར་ཕམ། རྡོ་མར་ལ་གཞུས་ཀྱང་མར་ཕམ་ཟེར་བའི་དཔེ་ལྟར་རྒྱལ་ཁ་ནམ་ཡང་ལོན་མེད།
    ཤེས་ཡོན་པ་ནི་མི་རིགས་ཀྱི་མདའ་རྩེ་ལྟ་བུ་ཡིན་པས་སྔོན་ལ་ཕེབས་དགོས་པ་དང་། གཏིང་ལ་འཛུལ་དགོས་ཀྱི་ཡོད་ཀྱང་། བོད་མི་ཤེས་ཡོན་ཅན་ཚོའི་ཚེ་སྲོག་ནི་གྲྭ་བཙུན་དང་མང་ཚོགས་ཀྱི་ཚེ་སྲོག་ལས་རྩ་ཆེ་བ་དང་། ཁོ་ཚོའི་མདུན་ལམ་དང་ནང་མི་ཡང་ཤེས་ཡོན་མེད་མཁན་ཚོའི་འཚོ་བ་དང་ནང་མི་ལས་གལ་ཆེ་ལྟ་བུ་ཆགས་ཏེ། ཁོ་ཚོ་མང་པོ་ཞིག་རྒྱབ་ཏུ་ཡུབ་ནས་ཁུ་སུམ་དུ་བསྡོད་པ་དང་། ང་འདྲ་བོ་མང་པོ་ཞིག་སྐྲགས་ནས་ཉེན་ཁ་དང་གྲུབ་འབྲས་མི་ཐོན་སའི་བདེ་འཇགས་ཀྱི་ཡུལ་གྲུ་ཁག་ལ་འཐོར་ཟིན་པས། ང་ཚོའི་འཐབ་རྩོད་འདི་ནི་མདའ་མོ་རྩེ་མེད་ཅིག་བྲག་ལ་འཕེན་གྱི་ཡོད་པའི་སྐྱོ་སྣང་འདུག

  4. ལྕགས་རྒྱ་འགྲམ་ནག says:
    2008-08-10 at 8:05 am

    བོད་ཀྱི་སྤྱི་ཚོགས་སུ་ཤེས་ཡོན་པའི་ཤུགས་རྐྱེན་ཆེ་ཆུང་ལ་བརྟག་རྒྱུ་གལ་ཆེ་བར་མཐོང་། 1989 ལོའི་སྐབས་དང་ད་གཉིས་བསྡུར་ན་རྒྱ་ནག་གི་ཤེས་ཡོན་པའི་མཐོང་དང་ཁ་དབང་བཅས་ལ་འགྱུར་བ་ཆེན་པོ་འགྲོ་འདུག བོད་ཡིག་གི་རྩོམ་ཡིག་གིས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སུ་གསར་འབྱོར་བ་ཁ་ཤས་ཤིག་མ་གཏོགས་མང་ཚོགས་ཀྱི་བསམ་བློར་ཤུགས་རྐྱེན་གཏོང་བའི་ལམ་ཁ་ཞིག་འདུག་གམ། མགོན་པོ་བོད་ལ་སོང་བའི་ཉམས་མྱོང་བཤད་རྒྱུ་འདུག་པས། བོད་ཀྱི་ཤེས་ཡོན་ཅན་ཚོར་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཞིག་འདུག་གམ། སྨན་བླ་སྐྱབས་ཀྱི་ལག་ཆ་མང་པོའི་ནང་ནས་ཕལ་ཆེར་ཁ་ཤགས་ཤུགས་རྐྱེན་ཆེ་ཤོས་ཡིན་པ་འདྲ། འདིས་བོད་མི་ཚོ་ད་དུང་ངག་ཐོག་གི་རྩོམ་རིགས་ལ་མ་གཏོགས་ཡིག་ཐོག་གི་རྩོམ་རིགས་ལ་བར་ཁད་རིང་བ་མཚོན་གྱི་ཡོད་པ་རེད་དམ། ཡང་ན་བོད་མི་ཚོར་ཁ་བཏོན་མ་གཏོགས་དཔེ་དེབ་ཀློག་རྒྱུའི་གོམས་སྲོལ་ད་དུང་འཇགས་མེད་པ་མཚོན་ནམ། གླུ་བ་གླུ་མ་ཚོ་དེང་སང་ཤེས་ཡོན་པའི་གཉའ་ལྟག་ལ་ཤོར་ཏེ་མང་ཚོགས་དང་ཐད་ཀར་འབྲེལ་ལམ་ཆེ་བ་དེས་བོད་ཡིག་གི་ཤེས་ཡོན་པ་ཚོར་དེང་སང་གདུལ་བྱ་ཉུང་བའི་སྐབས་ཡིན་ས་རེད། འོད་ཟེར་དང་འཇམ་ནོར་གཉིས་ཀྱི་བསྟན་པ་དར་སྟངས་ལ་ཅིག་ལྟོས་དང་། པད་མ་འབུམ་ལགས་ཀྱིས་སྒེར་གྱི་ཟིན་བྲིས་ཤིག་འབྱེད་རྒྱུའི་རེ་སྐུལ་ཞུ། ད་དུང་མགོན་པོ་དང་རབ་གསལ་ལགས་ཀྱང་དེ་བཞིན་ནོ།

  5. སྟག་སྨྱོན། says:
    2008-08-10 at 11:08 am

    གཙོ་བོ་རྒྱ་ནག་གིས་བོད་ཐོག་དྲང་བདེན་མིན་པའི་བཙན་ཤེད་ཀྱི་བྱ་སྤྱོད་དང་། བོད་མི་རེ་རེའི་ལུས་སེམས་དང་འཚོ་བ་སོགས་ལ་ག་ཚོད་ཀྱིས་གཉའ་གནོན་བྱེད་བཞིན་པའི་སྐོར་གསལ་བོ་དང་རྣོ་བོ་བྲིས་ནས་ཁྱབ་སྒྲག་དང་རྒྱ་ནག་གཞུང་ལ་ཁྲིམས་གཏུགས་བྱེད་ཕོད་མཁན་གྱི་ཤེས་ཡོན་པ་དཔའ་བོའི་དཔུང་ཁག་ཅིག་དགོས་ལས། དེ་མིན་རང་ཉིད་ཀྱི་ཡི་གེའི་འབྲི་ཀློག་གི་བྱང་ཚད་ངོམ་སྤྱད་ལྟ་བུ་དང་། ཆོས་འཇིག་རྟེན་གང་ལའང་ཁེ་ཕན་མི་སྟེར་བའི་འཁང་རའི་རྩོམ་ཡིག་དང་སྙན་རྩོམ་ཁག་ཀློག་མཁན་གྱི་བོད་མི་ཉུང་བ་བདེན་པ་རེད། དེ་ནི་གཟུང་འཇུག་མེད་པའི་སྐུ་འདྲ་དང་འདྲ་བར་སུས་ཀྱང་དད་གུས་བྱེད་པའི་དགོས་པ་མ་མཐོང་བ་རེད།
    གདུལ་བྱ་མང་ཞིང་་མི་རིགས་ལ་གོ་ཆོད་པའི་རྩོམ་པ་པོའམ་ཤེས་ཡོན་པ་ཞིག་ཆགས་དགོས་ན། གཙོ་བོ་མི་རིགས་ཀྱིས་མྱོང་བཞིན་པའི་སྡུག་བསྔལ་གྱི་སྐོར་བྲིས་ནས་། དེའང་སྡུག་བསྡུག་བསྔལ་སྤྲོད་མཁན་རྒྱ་མིའི་གདོང་ལ་ལངས་ནས་བཤད་ཐུབ་དགོས། དཔེར་ན་པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་ལྟ་བུ་རེད། རྩོམ་དེ་འདྲ་ལ་སྙན་ངག་གི་བྲོ་ཉམས་དང་ཚིག་རྒྱན་གལ་ཆེན་པོ་ཆགས་མེད།
    དེང་སང་གི་གསར་རྩོམ་མང་ཆེ་བར་ཚིག་སྦྱོར་དང་སྙན་ངག་གི་རྒྱན་མཚར་པོ་ཡོང་རྒྱུ་གཙོ་འཛིན་དང་། ནང་དོན་ཡང་ཕལ་ཆེ་བ་བོད་དང་བོད་མིའི་སྤྱི་ཚོགས་ཁོ་ནའི་ཞན་སྐྱོན་ལ་ཁ་བརྡུང་ཚད་ལས་བརྒལ་ཞིང་ཚར་རྒྱུ་མེད་པ་ཞིག་བྲིས་ཡོང་དུས། ཤེས་ཡོན་མེད་པའི་བོད་མི་ཉམས་ཆུང་ཚོར་ལན་སློག་སྤྱད་ཀྱི་ཤེས་ཡོན་གྱིས་འདང་གི་མེད་སྟབས། ལྟ་ལོག་དང་སྨྱོན་པ་སོགས་མིང་ཆད་འདོགས་པ་དང་རྒྱ་བཤད་རྩུམ་མོ་རེ་བརྒྱག་པ་ནི་མི་མང་འུ་ཐུག་ཏུ་བཅུག་པའི་རྟགས་རེད།
    བུ་མོ་འོར་ཟེར་གྱི་བསྟན་པ་དར་དོན་གཙོ་བོའང་བཤད་རྒྱུ་དང་བཤད་སའི་ཁ་གཏད་ནོར་མེད་པའི་སྟབས་ཀྱི་རེད་མ་གཏོགས་མོའི་ཚིག་སྦྱོར་གྱི་རོ་ཉམས་ཆེ་དྲགས་པ་མ་རེད། ་་་་་་་་་་་་་་་་་་་་་མང་ཡང་དུས་ཚོད་ཀྱིས་མཚམས་འདི་ནས་བཅད།

  6. སྟག་སྨྱོན། says:
    2008-08-10 at 12:36 pm

    ཡིག་ནོར་ཁ་ཤས་འདུག་པས་བཟོ་བཅོས་གནང་རོགས།

  7. ལྕགས་རྒྱ་འགྲམ་ནག says:
    2008-08-10 at 2:01 pm

    སྟག་སྨྱོན་ལགས། ང་ཁྱེད་ཀྱིས་བཤད་པ་དེར་ཧ་ཅང་འཐད། འདིའི་ཐོག་ལ་སླེབས་ནས་ཉིན་མ་གཉིས་པ་ཡིན་ཞིང་སྤྱིར་སྨྱོན་པ་མིང་ཅན་ལ་འཛེམས་མཁན་ཞིག་ཡིན་པས། ཕོག་ཐུག་ག་རེ་བཏང་ཡོད་ཀྱང་དགོངས་པ་མ་ཚོམས།

  8. སྟག་སྨྱོན། says:
    2008-08-10 at 5:42 pm

    སེམས་དགའ་སྡུག་གཉིས་ཀ་སྟོན་ས་རེད།།
    ཚིག་འཇམ་རྩུབ་གཉིས་ཀ་གོ་ས་རེད།།
    རྒྱུས་ཡོད་མེད་ཚང་མ་མཇལ་ས་རེད།།
    བློ་ཁོག་རྒྱ་ཆེན་པོ་བྱེད་ས་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme