Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐོག་མའི་མཚམས་འཕྲིན།

Posted on 2011-01-232011-01-23 By བེ་རི་འཇིགས་མེད 7 Comments on ཐོག་མའི་མཚམས་འཕྲིན།

རྣམ་ཤེས་འཁྱམས་པོའི་སྙན་རྩོམ་ལ་ཕུལ་བ།

ཉམས་འགྱུར་འོད་རིས་འཁྱོགསཔོའི་གུར་ཁྱིམ་འོག།
སྙན་ཚིག་བུང་བ་རྩེན་པའི་དགའ་ཚལ་དུ།།
སྒྱུ་རྩལ་ཚོན་རིས་བཀྲ་བའི་འཛུམ་བག་གིས།།
རྩོམ་རིག་དབྱར་གྱི་ལང་ཚོ་བརྟས་གྱུར་ཅིག།
རྩོམ་རིག་ནི་མིའི་སྤྱི་ཚོགས་ཁྲོད་མཛེས་སྡུག་གི་ཡུལ་ཁམས་སྤྲུལ་པའི་རིག་སྔགས་ཉག་གཅིག་དེ་ཡིན་ལ། མིའི་སྤྱི་ཚོགས་ནང་ལུས་སེམས་ལ་གོས་པའི་ནག་ནོག་གི་གད་སྙིགས་ཕྱགས་བྱེད་ཀྱི་ཕྱགས་མ་ཉག་གཅིག་པོ་དེ་ཡང་ཡིན། ཇི་སྲིད་འཇིག་རྟེན་འདིར་རྩོམ་རིག་གི་མིག་ཟུང་ཕྱེད་བ་དེ་སྲིད་དུ་འཇིག་རྟེན་འདིའི་མཚོན་མདངས་བཀྲ་བའི་ལྟད་མོའི་སྣང་བརྙན་ཡོངས་རྫོགས་མཐོང་ནུས་ལ། ཇི་སྲིད་འཇིག་རྟེན་འདིར་རྩོམ་རིག་གི་རྣ་བ་མ་འགག་པ་དེ་སྲིད་དུ་སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་ཡོངས་རྫོགས་དོན་སྙིང་ལྡན།
སངས་རྒྱས་ཀྱི་དག་སྣང་དང་སེམས་ཅན་གྱི་ལས་སྣང་བར་དུ་སྙན་ངག་པས་རྟོག་བཟོས་བསྐྲུན་པའི་འཇིག་རྟེན་འདི་ཆུང་ཆུང་ཞིག་མིན་ལ་ཉུང་ཉུང་ཡང་མིན། ཇི་སྲིད་རྟོག་པའི་ཟད་མཐར་མ་གཏུགས་པ་དེ་སྲིད་དུ་རྟོག་བཟོའི་འཇིག་རྟེན་ལ་རྫོགས་མཐའ་མེད་དེ། རྟོག་བཟོའི་འཇིག་རྟེན་གྱི་ཀློང་ནས་འཕྱུར་བའི་དགའ་སྐྱོ་ཁྲོ་ཆགས་ལས་དགོད་སྒྲའི་འཛུམ་ཀོང་དང་ངུར་སྒྲའི་མིག་ཆུ་རེ་རེ་བཞིན་འཕགས་ཆེན་དམ་པ་དང་ཚུར་མཐོང་རང་ག་བས་བསྐྲུན་ཐབས་མེད་པའི་ཡ་མཚན་ཅན་ཞིག་ཡིན་ལ། ཡ་མཚན་དེའི་བྲོ་བ་མྱོང་མཁན་ཡང་ཡ་མཚན་ཆེ་བའི་ཚོར་བའི་ཟ་འཁྲུག་གི་གཏིང་རིམ་ནས་འཁྲུངས་པ་ལས་རྒྱུ་མེད་ཀྱི་འབྲས་བུ་བརྟོལ་ཐབས་ནམ་ཡང་མེད། དེར་བརྟེན་རྟོག་པ་འོག་འགྱུ་དང་ཚོལ་སྙེགས་སྣང་ཞེན་གྱི་སྒྱུ་རྩལ་བའི་བསམ་བློའི་མཛེས་བཀོད་ལ་ཚད་བཟུང་དང་སྡོམ་ཚིག་མི་ཐེབས་ལ་དགག་བཞག་གི་སྤྲོས་པ་དང་འཛིན་མཚམས་ཀྱི་ས་ཚིགས་དེ་བས་མི་རྙེད་པས། ཞིབ་བཤད་དང་སྤྲོས་བཤད་གང་ཡང་མི་ནུས་པས། སྒྱུ་རྩལ་བའི་ཚོར་རྟོག་ལ་ལྕི་ཡང་འདེགས་འཇོག་ཞུ་རྒྱུ་ཟུར་དུ་བཞག་ནས། འདིར་སྐབས་སུ་བབ་པ་དུས་རབས་ན་གཞོན་རྩོམ་པ་པོ་ལི་ཐང་དབྱིན་གཉེན་གྱི་སྙན་རྩོམ་ཕྱོགས་བསྡུས་རྣམ་ཤེས་འཁྱམས་པོ།ལ་ཞིབ་ཀློག་ཐེངས་འགའ་དང་འབྲེལ་ནས་ཐོག་མའི་མཚམས་འཕྲིན་འདི་ཉིད་འབྲི་འདོད་བྱུང༌།
ལི་ཆུ་སྔོན་མོའི་འགྲམ་ཐང་ནས་བཞད་པའི་རྒྱ་སེར་མེ་ཏོག་ཆུང་ཆུང༌། གནམ་སའི་དྲོད་ཁོལ་དང་རློན་གཤེར་འཐབ་པའི་བར་བསྲུབས་ནས་བཞད་ཅིང༌། རྒྱང་རིང་གི་ཤུལ་ལམ་དང་ངུར་སྨྲིག་གི་ཐུར་འོག་ནས་འཐུལ་བའི་སྒྱུ་རྩལ་གྱི་དྲི་བསུང་མངར་མོ་དང་སྟོང་སངས་ཀྱི་བར་སྣང་འཕུར་བའི་སྙན་འཇེབས་ཀྱི་བུང་བའི་འགྱུར་ཁུག་རེ་རེ་བཞིན། ཆག་གྲུམ་ཤོར་བའི་རྣམ་ཤེས་འཁྱམས་པོའི་ཁོར་ཡུག་སྟེ།
ཆེས་གནའ་བོའི་དུར་ཁྲོད་ཀྱི་གླིང་ཁ་ན། མེས་པོའི་བླ་སྲོག་གསོ་པའི་མཆོད་རྫས་བཞིན་གཤམས་ཞིང་མཛེས་བཀོད་ཀྱི་མེ་ཏོག་བཞིན་བཀྲ་བར། མེས་པོའི་བླ་སྲོག་དང་བོད་པའི་ལས་དབང་ལ་ཚོར་སྙེགས་གྱི་རྡོག་སྣེ་འདེགས་མཁན་ཞིག་ཡིན་ན། རང་ཡུལ་གྱི་ཕུང་པོ་རྒྱབ་ཏུ་ལུས་པའི་རྣམ་ཤེས་འཁྱམས་པོ་ཁ་བའི་འདབ་མ་བཞིན་འཕུར་ཞིང༌། དགུན་གཞུང་གི་བུ་ཡུག་ལྟར་འཚུབ་པའི་མི་ཡུལ་གྱི་ཞིང་ཁམས་འདི་ནས་རྣམ་ཤེས་འཁྱམས་པོའི་སྣང་བརྙན་འཆར་བའི་མེ་ལོང་ཟླུམ་པོ་ཞིག་དང་འདྲ་བའི་སྙན་ངག་གི་དེབ་ཆུང་འདིར་གཟིགས་ན། བདག་མེད་ཀྱི་རྣམ་ཤེས་ལ་ལས་དབང་གི་སྐེ་ཐག་གང་ཞིག་བསྐོན་ནས་ཁྱི་རྒན་བཞིན་སྒོ་འགྲམ་དུ་བཏགས་པ་དང༌། བ་ལང་བཞིན་བཤས་རར་འཁྲིད་བཞིན་པའི་སྣང་བརྙན་ཡང་རང་བཞིན་གྱིས་འབུར་དུ་འཐོན་ཡོང་གི་འདུག
སྙམ་རྩོམ་འདིའི་ནང་མགོ་གསལ་བྱེད་ཀྱི་ཐོག་མ་ཀ་བཤད་ལྷག་བསམ་དཀར་བའི་གད་རྒྱངས་བསྒྲགས་པ་ནས། མཇུག་གསལ་བྱེད་ཀྱི་མཐའ་མ་ཨ་མ་དྲན་པའི་གདུང་འབོད་བྱས་པའི་བར་རྩོམ་ཚན་ཉེར་ལྔ་ཡོད་པ་དེ་དག་ཕལ་ཆེ་བ་ནི། རྩོམ་པ་པོ་ཡུལ་གྱར་བའི་ཚོར་བའི་བཀོད་སྒྲིག་འོག་ཇི་མི་སྙམ་པའི་དཀའ་སྡུག་དང་སྐྱོ་སྣང་གིས་བཟི་ཞིང༌། སྐབས་འགར་རྒྱལ་ཁབ་མེད་པའི་ཕམ་ཉེས་དང༌། འདས་སོང་ཕ་མེས་ཚོའི་ཇུས་ཉེས་ལ་འཁངས་ར་དང༌། ལན་རེར་གཞིས་ཕྱོགས་སུ་ཆོས་རིག་གི་འོད་སྣང་དང་རང་དབང་གི་དྲོད་ཁོལ་མེད་ཡོད་པའི་རྨེང་སེམས། སྐབས་འགར་མཛེས་སྡུག་ལྡན་པའི་ཕ་ཡུལ་དང་བཀྲིན་ཆེན་བའི་ཕ་མ་དྲན་པའི་སྐྱོ་སྣང༌། སྐབས་འགར་མི་ཡུལ་འཁྱམས་པའི་དཀའ་སྡུག་དང་དམར་པོ་རྒྱ་ལ་འཁོན་འཛིན་གྱི་ཞེ་ནད་བཅས། བརྗོད་སྙིང་དུ་སྒྲིལ་པའི་ཚིག་སྦྱོར་ཐད། དབྱངས་ཅན་རྒྱུད་མངས་ལྟར་འཁྲོལ་བའི་གནའ་རྩོམ་དང༌། རྒྱ་མཚོའི་རྦ་རླབས་ལྟར་འཕྱོ་བའི་དེང་རྩོམ། སྟོན་ཁའི་མཚམས་སྤྲིན་ལྟར་མཆེད་པའི་ཚིགས་བཅད་དང༌། རྨ་འབྲིའི་འགྱུར་ཁུགས་ལྟར་འཕྱོ་བའི་ཚིག་ལྷུག་ཅི་རིགས་པའི་སྒོ་ནས་གྲུབ་པར་བྱས་འདུག དེ་དག་རེ་རེ་བཞིན་ཁོ་བོའི་མིག་སྔར་མུ་ཏིག་གི་ཕྲེང་བ་ལྟར་འཕྱངས་ཤིང༌། ཟ་འོག་གི་དར་ཆེན་ལྟར་བསྐྱོད་འོང་བས། མི་ཚེ་ནང་ཆོས་ལ་བསླབས་ཀྱང་ལས་དབང་སྙན་ངག་གིས་འཚོ་བའི་དུས་མཐའི་རྟོག་གེ་བ། ཆོས་ནོར་གཉིས་མེད་ཀྱི་སྤྲང་པོ་ལག་སྟོང༌། གོམ་པའི་རྡོག་སྣེ་སྨྱུག་ཐོགས་བྱེ་བའི་མགོ་ཐོག་ལ་སྤོ་བའི་རློམ་པ་ཅན། ཁོ་བོའི་སེམས་ཀྱི་མེ་ལོང་ངོས་སུ་ཡི་རང་གི་གཟུགས་བརྙན་བརྒྱ་ཕྲག་བརྩེགས་ནས་འཆར་བ་དང་ཆབས་གཅིག ལེགས་གསོལ་གྱི་འཚམས་འདྲི་ཡང་གྲངས་མེད་ཞུ་རྒྱུ་ཡིན།
ད་དུང་རྟིང་ནན་གྱི་ཞུ་རྒྱུ་ཞིག་ལ། གསར་དུ་འབུས་པའི་སྙན་ངག་པ། ཁྱོད་ཀྱིས་འབྱུང་འགྱུར་འདུན་ལམ་ལ་འཁོད་སྙོམས་མིན་པའི་གཡོ་འགུལ་གྱི་འཇུག་ངོགས་སྙོགས་པོ་དེ་ནས་གསུང་རབ་ཀྱི་ཁྱད་ནོར་ལ་མཆིལ་ཞགས་དང་་ཟུར་འཇོག་གི་སྟོང་རྐྱལ་མི་གནང་བར། སྙན་ངག་གི་རླབས་དཀར་དགུང་ལ་རྩེན་པའི་འཛུམ་མདངས་དང་འགྲོགས་མཚམས་ནམ་ཡང་མི་བཞག་པར། ལྷག་བཅས་ཀྱི་ཚིག་ཕྲད་དང་འདྲ་བའི་སོར་རྩེ་སུམ་གཤིབས་ཀྱི་བར་ནས་འཕྱངས་པའི་སྨྱུག་རྩེ་དེ་ཉིད་རྫོགས་ཚིག་བཅུ་གཅིག་གི་སྒམ་ཆུང་དུ་མི་འཇུག་པར་སྒྱུ་རྩལ་གྱི་ཚོན་མདངས་བཀྲ་ཞིང་ཉམས་འགྱུར་གྱི་གསོན་ཤུགས་འཕར་བའི་བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པ་སྟེ། ཕོད་པ་གསུམ་ལྡན་གྱི་སྨྲ་བསམ་རང་དབང་གི་རྩོམ་རིག་དར་ཆེན་བཞིན་འཕྱར་ཞིང་དུང་ཆེན་བཞིན་བུས་ནས། རིག་མཐུན་རྨོངས་པའི་ཁྱུ་གཅིག་རྨོངས་གཉིད་ལས་དཀྲོགས་ནས་རྩོམ་རིག་གི་རྐང་ལམ་འཚོལ་བའི་སྣེ་ཤན་གནང་རྒྱུ་ཡང༌། སེམས་པའི་གྲུ་ཟུར་ཞིག་ཏུ་དུར་སའི་རྡོ་རིང་བཞིན་བསླངས་ནས་ནམ་ཡང་གཞོམ་གཞིགས་མེད་པར་གནང་དགོས། ནམ་ཡང་རྩོམ་རིག་རྒྱལ་གྱུར་ཅིག
རིག་པའི་མདེལ་རྩེ་སྙིང་ལ་ཟུག་པ་ཡི། །
ཚོར་བའི་ན་ཟུག་ཁྲག་གི་ཐིགས་པ་ཅན། །
གང་གིས་སློང་བྱེད་འཁྱོགས་པོའི་ཚིག་གི་གཞུ། །
འཆང་མཁས་དཔའ་བོས་གླིང་འདི་སྲུང་གྱུར་ཅིག །
དགེ་མིང་ཟུར་ཙམ་འདྲེན་པའི་སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་ གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་པོའི་མགོན་མེད་ཟས་སྦྱིན་གྱི་མགྲོན་ཁང་དུ། ལྕགས་སྟག་༢༠༡༠།༡༡།༢༠ལ།

གསར་འགྱུར།

Post navigation

Previous Post: ང་ཡི་ཚེ་སྲོག་ཁྱེད་ཀྱི་ལུས་ལ་འཐིམ་པར་ཤོག
Next Post: བོད་པ་ལ་དངུལ་གྱི་བཟོ་གྲྭ་འདུག

Comments (7) on “ཐོག་མའི་མཚམས་འཕྲིན།”

  1. སྙིང་རྩ་སྤར་འཛིན། says:
    2011-01-23 at 6:36 am

    ཐོག་མའི་མཚམས་འཕྲིན་འདི་ཉིད་འབྲི་འདོད་བྱུང༌།
    ལི་ཆུ་སྔོན་མོའི་འགྲམ་ཐང་ནས་བཞད་པའི་རྒྱ་སེར་མེ་ཏོག་ཆུང་ཆུང༌། གནམ་སའི་དྲོད་ཁོལ་དང་རློན་གཤེར་འཐབ་པའི་བར་བསྲུབས་ནས་བཞད་ཅིང༌། རྒྱང་རིང་གི་ཤུལ་ལམ་དང་ངུར་སྨྲིག་གི་ཐུར་འོག་ནས་འཐུལ་བའི་སྒྱུ་རྩལ་གྱི་དྲི་བསུང་མངར་མོ་དང་སྟོང་སངས་ཀྱི་བར་སྣང་འཕུར་བའི་སྙན་འཇེབས་ཀྱི་བུང་བའི་འགྱུར་ཁུག་རེ་རེ་བཞིན། ཆག་གྲུམ་ཤོར་བའི་རྣམ་ཤེས་འཁྱམས་པོའི་ཁོར་ཡུག

    རྒྱ་སེར་མེ་ཏོག། རློན་གཤེར། བར་བསྲུབས། ངུར་སྨྲིག། ཐུར་འོག། བར་སྣང་འཕུར་བའི་སྙན་འཇེབས། འདི་དག་གོང་གི་ཚིག་ཕྲེང་ཐུང་ཐུང་འདིའི་ནང་གི་ཡིག་ནོར་རེད།

    ཨ་ཐན་ལྟོས། གླེན་བཤད་ཀྱི་ནང་ན་ཡིག་ནོར་གཡག་གིས་མི་ཐེག་པ་མང་པོ་བྲིས་ཏེ་ད་དུང་བླ་རྒན་འདིས་ཁོ་རང་ལ་སྙན་ངག་པའི་མིང་བྱང་ཞིག་ཀྱང་བཏག་འདུག། ཨ་ཡ་ཡ། སྙན་ངག་པའི་ལས་དབང་བཙོག་ག།

  2. ལོ་ལོ། says:
    2011-01-23 at 1:38 pm

    སྟུ་ལྡག་ཚོ། འདིའི་ཐོག་བགྲོ་གླེང་མི་བཟོ། དེ་བས་ཟླ་བ་ཚེ་རིངང་གི་སྐོར་དེ་ད་དུང་བྒོ་གླེང་དགོས་ངེས་རེད། རྡ་སའི་སྐྲ་རིང་ཁ་ཤས་ལ་ལྟོ་ཕོར་བ་གང་་དོ་རེ་སྤྲོད་པས། དྲ་རྒྱ་ནང་རྒྱབ་སྐྱོར་འདྲ་བཟོ་སྡོད་པ་མ་གཏོགས་གནད་འགག་ངོ་མ་དེ་བཤད་མཁན་མང་པོ་མི་འདུག འདིའི་ཐོག་ང་ཚོས་གནས་ལུགས་དངོས་གནས་དེ་འཚོལ་ནས་བཤད་ན་ཡག་པོ་འདུག གནས་སྐབས་དྲ་ཁྱི་ཚོ་ཁ་བཙུམ་རོགས། ང་ཚོ་དངོས་གནས་ཤ་ཞེན་ཡོད་མཁན་ཚོ་འདིའི་ཐོག་ཅུང་ཟད་གླེང། གཙོ་བོ་དུས་བབ་ཐོག་རྒྱུ་མཚཉ་མང་དག་ཅིག་བགྲངས་པའི་ནང་ནས་ལྟོ་གོས་དོན་དུ་རྒྱབ་སྐྱོར་བཟོ་མཁན་དང་། ཕྱོགས་རིས་དོན་དུ་ངོ་རྒོལ་བཟོ་མཁན་རེ་གཉི་སཕུད་པས་དེ་བྱིངས་ཀྱི་བཤད་པ་དེ་བདེན་པ་འདྲ་འདུག་བདའ།

  3. ལོ་ལོ། says:
    2011-01-23 at 1:42 pm

    ཨོ། ད་དུང་སྙིང་རྩ་སྦལ་འཛིན་ཁྱོད་རང་མཇེ་རྩ་སྦལ་འཛིན་བྱས་ནས་ཅུང་ཟད་བསྡད་རོགས། ང་ཚོ་གནས་ལུགས་འཚོལ་མཁན་ཚོས་བགྲོ་གླེང་གཞན་ཞིག་བྱེད་དགོས་འདུག

  4. དཔལ་ལྡན says:
    2011-01-23 at 1:55 pm

    བེ་རི་ལགས། དེབ་དེ་དཔེ་སྐྲུན་ཚར་བ་རེད་དམ།་གང་ནས་རག་གི་རེད། ལི་ཐང་བའི་དེབ་དེ་རག་རྒྱུའི་རེ་བ་ཡོད། གླེང་བརྗོད་གནང་བ་ཐུགས་རྗེ་ཆེ། ང་ཡང་ལི་ཐང་པ་ཞིག་ཡིན། ཁྱོད་ཀྱི་དྲིན་ལས་ལི་ཐང་པ་མང་པོ་ཞིག་རྩོམ་ཡིག་འབྲི་ཤེས་པ་ཆགས་ཡོད་པ་དེ་ཐུགས་རྗེ་ཆེ། སྤྱི་ཟླ་གཟུམ་པ་ནང་རྒྱ་གར་ལ་ཡོང་རྩིས་ཡོད། མཇལ་རྒྱུ་རག་པའི་རེ་བ་ཡོད།

  5. རྩམ་དགའ། says:
    2011-01-23 at 3:16 pm

    མ་གཞི་རྩམ་དགའ་ང་ནི་་་་བེ་རི་བླ་རྒན་འདིའི་ཁ་ལ་ཉན་འདོད་དང་བྱ་ཕྱོགས་ལ་དགའ་མཁན་ཞིག་མིན། ཡིན་ན་ཡང་དེ་རིང་བླ་རྒན་འདིའི་ཐོག་མའི་མཚམས་འཕྲིན་བཀླགས་པས་ཡིད་སེམས་སྤྲོ་བོ་བྱུང་་་་ཐུགས་རྗེ་ཆེ།

  6. དཔལ་ལྡན says:
    2011-01-23 at 9:00 pm

    རྡོ་རྗེ་ཚེ་རིང་།
    ༢༠༡༡/༠༡/༢༢ ཉིན་འདོན་སྤེལ་བྱས། (དུས་བབ་ཟིན་བྲིས་ལས་དྲངས།)

    དྲ་གྲོགས་ཚོ་གཟིགས་དང་། ཟླ་བ་ཚེ་རིང་གི་སྐོར་མང་པོ་གསུངས་འདུག་ཀྱང་དོན་དངོས་བྱས་ཉེས་དེ་དག་ཆ་ཚང་གསུང་མི་འདུག་ག ཁོས་བྱས་ཉེས་ཆེ་ཤོས་གཅིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སིམ་ལ་ཁྲིམས་ཁང་དུ་བསྐྱལ་ཏེ་ད་ཆ་སྤྱི་འཐུས་ལྷན་ཁང་ཁྲིམས་ཁང་དུ་འགྲོ་གྲབས་བྱེད་བཞིན་པ། གཉིས་བཙན་བྱོལ་བོད་གཞུང་སིམ་ལ་ཁྲིམས་ཁང་དུ་བསྐྱལ་ཏེ་ད་ཆ་བོད་གཞུང་ཁྲིམས་ཁང་དུ་ཁ་མཆུ་གཏུགས་ཀྱང་ཁྲིམས་དཔོན་ཚོར་ཐག་གཅོད་བྱེད་རྒྱུའི་ཆ་རྐྱེན་མེད་པ་བཟོས་པ། དཔེར་ན་རྩ་འཛིན་བཅའ་ཁྲིམས་རིན་པོ་ཆེ་ཁྲིམས་འགལ་ཡིན་ཚུལ་བརྗོད་དེ་ཁ་མཆུ་གཏུགས་པ།
    གསུམ། རྒྱལ་བ་རིན་པོ་ཆེའི་མཚན་སིམ་ལ་ཁྲིམས་ཁང་དུ་བསྐྱལ་བ། བཅའ་ཁྲིམས་རིན་པོ་ཆེར་གོང་ས་༸མཆོག་གི་མཚན་རྟགས་ཡོད་སྟབས་ཁྲིམས་ཁང་དུ་ཏ་ལའི་བླ་མ་ཞེས་འབོད་དགོས་བཟོས་པ།
    བཞི། ཐད་སྐོས་སྤྱི་འཐུས་ཀྱི་མིང་ཁུར་ཏེ་མཚོ་པདྨ་གུ་རུ་སྐུ་བཞེངས་རྒྱུ་དེ་རྒྱལ་བའི་སྐུ་ཚབ་ཀྱི་མིང་ཐོག་ནས་དཔལ་འབྱོར་ཚད་མེད་བསྡུས་ཏེ་ལྐོག་ཟ་བྱས་པ།
    ལྔ། དེ་དང་དེ་འདྲ་བའི་བྱ་སྤྱོད་ངན་པ་རྐྱང་རྐྱང་བྱས་པ་ལ་བརྟེན་ནས་སྐྱབས་མགོན་རིན་པོ་ཆེའི་ཐད་སློས་སྤྱི་འཐུས་བསྡུ་གསོག་རྒྱག་དགོས་ཐུག་པ།
    དྲུག ཆེས་མཐོའི་ཁྲིམས་ཁང་གིས་བཅད་ཉམས་ལེན་བྱེད་རྒྱུ་ལྟ་ཞོག་ཁྲིམས་ཁང་གི་མདུན་དུ་ཡོངས་སློབ་ཏུ་ཡོད་པའི་ཕྲུ་གུའི་བདག་པོ་རྣམས་སྐད་བཏང་སྟེ་སྐད་མ་རྒྱབ་ན་སང་ཉིན་སློབ་གྲྭར་ཡོང་མི་དགོས་ཞེས་ཉེན་བརྡ་བཏང་སྟེ་གངས་སྐྱིད་དུ་རྒྱ་མིས་ངོ་ཚབ་ཀྱིས་སྐད་འབོད་རྒྱབ་པ། བདུན་བོད་གཞུང་ལ་པོ་ལི་སི་མེད་པ་དང་། བཙོན་ཁང་མེད་པ། དེ་བཞིན་ནུས་ཤུགས་མེད་པར་མཐོང་སྟེ་གནས་དུ་ཚོད་རྩིས་བཀའ་ཤག་དང་ཁྲིམས་ཁང་གི་བཀའ་རྩིས་མེད་བཏང་བ།
    དེ་དང་དེ་འདྲ་བ་མང་པོ་འདུག་པས་ད་དུང་མུ་མཐུད་དེ་འགོད་རྒྱུ་ཡིན།

  7. རྡོ་རྗེ་དོན་འགྲུབ། says:
    2011-01-24 at 3:02 am

    སྟོང་སྐོར་ཐུབ་བསྟན། དུས་བབ་ནས་དྲངས་པ་ཡིན།
    ༢༠༡༡/༠༡/༢༤ ཉིན་འདོན་སྤེལ་བྱས། ༡ ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པའི་ར་སྤྲོད་བྱུང་བ་། ༢ ཟླ་བ་ཚེ་རིང་གིས་བོད་གཞུང་ཁྲིམས་ལ་དྭང་ལེན་མ་བྱེདཔ། ༣ ཉེས་པ་ལ་འགྱོད་བཤགས་བྱ་རྒྱུ་ཕར་ཞོག་བོད་གཞུང་ཁྲིམས་ཞིབ་ཁང་ས་གནས་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་བསྐྱལ་ཡོད་པ། ༤ དེ་ནས་བཟུང་བོད་གཞུང་གིས་ཟླ་བ་ཚེ་རིང་གི་ཁ་མཆུ་ཡི་འགྲོ་གྲོན་དོན་དུ་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་འབུམ་ ༢༦ ལྷག་ཞུས་ནས་འགྲོ་སོང་བཏང་གི་ཡོད་པ། ༥ བོད་གཞུང་གི་རྩ་ཁྲིམས་རྩིས་མེད་རྡོག་རོལ་བཏང་བ་། ༦ ད་དུང་སྤྱི་འཐུས་ཀྱི་འོས་ཆོས་ནང་ཁྲིམས་ཁང་ནས་ནག་ཉེས་ཕོག་པ་མ་ཡིན་པར་ཞེས་པ་དང་ཡོངས་སུ་འགལ་བ། ༧་བཅའ་ཁྲིམས་ལ་བརྩི་བཀུར་མེད་པའི་མི་ཞིག་ཁྲིམས་བཟོ་བར་མི་འོས་པ་། ༨ གཞུང་གི་རྩ་ཁྲིམས་རྩིས་མེད་རྡོག་རོལ་བཏང་མཁན་གྱི་མི་ཞིག་ཁྲིམས་བཟོ་མཁན་སྤྱི་འཐུས་སུ་གདམ་ནའང་དབུས་འོས་བསྡུ་ལས་ཁུངས་ནས་སྣང་མེད་དུ་བཏང་བ་འདི་མི་མང་ཚོས་རང་གཞུང་ལ་ཡིད་ཆས་དང་གདེངས་འཇོག་ཆུང་དུ་འགྲོ་བ། ༩ བཙན་བྱོལ་གཞུང་འདི་གང་ཟག་གི་དབང་བསྒྱུར་ལས་ཁྲིམས་ཀྱི་དབང་བསྒྱུར་དུ་འགྲོ་གི་མེད་པའི་དན་རྟགས་གསལ་པོ་སྟོན་པ། ༡༠ རྒྱུ་དང་རྒྱབ་རྩ་ཡོད་མཁན་ཚོས་བོད་གཞུང་གི་རྩ་ཁྲིམས་རྩིས་མེད་དུ་བཏང་ཡང་ད་དུང་བོད་མི་མང་གི་སྤྱི་འཐུས་སུ་ལང་ནའང་འགྲིག་བསྡད་པ་སོགས་མང་ཡང་་་་་་་་། ཟླ་བ་ཚེ་རིང་གིས་ད་དུང་ངོ་ཚ་དང་རང་གི་བྱས་ཉེས་ལ་ངོས་ལེན་མེད་པར་ཧམ་པ་ཆེན་པོས་གྲོས་ཚོགས་ནང་ཡང་དཔུང་པ་གཡས་བརྫེས་་གཡོན་བརྫེས་ཀྱིས་༧གོང་ས་མཆོག་གི་བཀའ་ཞེས་བཤད་པ་དེ་ཁོ་ནས་༧གོང་ས་མཆོག་ལ་དོན་དམ་པའི་བཀའ་གསུང་དྭང་ལེན་ཡོད་མེད་ཀྱང་ཤེས་སླ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme