Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐེའུ་རང་གི་དཔའ་ལམ།

Posted on 2010-04-132010-04-13 By ཁ་བརྡ་ 2 Comments on ཐེའུ་རང་གི་དཔའ་ལམ།

གཡུ་དྲུག་དཀར། རྡ་ས།

གོ་ཐོས་སུ་ཁྱེད་ནི་གསར་བུ་ཆུང་ཆུང་ཞིག་རེད་ཟེར་ཡང་།འདྲ་པར་སྟེང་གི་ཕོ་ཉམས་དང་ཤ་ཁ་གང་བའི་བརྗིད་ཉམས་ལ་ལྟོས་ན། ཆེན་པོ་ཆེན་པོ་ཞིག་ཏུ་མཐོང་། གྲགས་ཚུལ་ལ་ཁྱེད་ནི་སློབ་ཆེན་སློབ་མ་ཞིག་ཏུ་མཆིད་མོད།དྲ་ཐོག་དང་ཤོག་ཐོག་གི་ཁྲག་ཡིག་དེ་དག་ྐློག་དུས། མཁས་ཆེན་མཁས་ཆེན་ཞིག་རེད་སྙམ། ལྟོས་ཚོད་ལ་ཁྱེད་ནི་མི་སེར་དཀྱུས་མ་ཞིག་ཏུ་སྣང་ཡང་། ཁྱེད་ཀྱི་དཔའ་ལམ་དེ་མཐོང་དུས། དཔའ་བོ་སྟག་འདྲ་ཞིག་ཡིན་པ་གཞི་ནས་རྟོགས།
དུས་ཚོད་ཀྱི་ཉག་ཁ་རུ། ལོ་ཚད་ཀྱི་འོས་ཐང་མིན་ཤས་ཆེ་བའི་ཁྱེད་རང་ལམ་ལ་ཆས་བྱུང་། ཁྱེད་ཀྱིས་གདུང་སེམས་ཀྱི་མིག་ཆུ་མོད་དུ་ཕོ་བཞིན། བྲང་ཁོག་གི་སྐྱོ་དབྱངས་ཤུགས་ཀྱིས་གྱེར་བཞིན། ས་ཆེན་གྱི་ཐོང་ག་རུ། གཞན་གྱིས་མཐོང་མི་ཆོག་པའི་དུར་ཁྲོད་ནས་དུར་ཁྲོད་བརྒྱུད་དེ། ཤི་བོ་རེ་རེའི་རྗེས་ལ་ར་མདའ་ཆས་ཤིང་། རང་ཉིད་ཁོང་ཚོའི་རྣམ་ཤེས་རེ་རེའི་སྐྱོར་མ་བྱས། ཁྱེད་ཀྱིས་གནས་ལུགས་ཀྱི་དར་ཆ་སྤྱི་གཙུག་ཏུ་བསྒྲོན་ཏེ། ཁྲིམས་ལུགས་ཀྱི་རྒྱ་མ་ལག་ཏུ་ཐོགས་ནས། འཇིག་རྟེན་དཀར་ངོགས་སུ། བརྒལ་མི་ཆོག་པའི་བཙོན་དུང་མུན་དོང་གི་སྒོ་ར་བརྟོལ་ཏེ། བཙོན་པ་རེ་རེའི་ན་ཟུག་དང་འཁུན་སྒྲ་སྨྱུག་རྩེ་རུ་དྲངས་ཤིང་། རང་ཉིད་ཁོང་ཚོའི་སེམས་ཀྱི་ཁེན་ས་བྱས། ཁྱོད་ཀྱིས་སྙིང་དམར་པོའི་དར་ཆ་ཁ་བ་ཅན་གྱི་འདས་མ་ད་གསུམ་གྱི་ལས་དབང་ལ་གཏད་དེ། གཉའ་གནོན་དང་ཐུབ་ཚོད་ཀྱི་ཆག་འཇིག་ཁྲོད། རང་ཉིད་མི་བུ་གསོན་པོ་དག་གི་སྙིང་ཕུར་བྱས།
ཁྱོད་ཀྱིས་ཁ་གྲགས་མི་ཆོག་ས་ནས་ཀི་འདེབས་ཤིང་། མི་འགྲོ་མི་ཆོག་ས་རུ་རྟ་རྒྱུགས་ལ། མགོ་འབུར་མི་ཆོག་ས་ནས་ཁུ་ཚུར་སྒྲེང་བའི། རང་གི་ཡུལ་མི་ཚོའི་མཐའ་ནས་སྐོར་བཞིན། ཁ་བ་ཅན་གྱི་དཔའ་སྙིང་དམར་པོ་གཡུང་མོ་ལུག་ལྟར་འཚོ་བའི་རྫི་གླུ་རིང་མོ། ཡངས་བའི་རྩྭ་ཐང་དང་རི་ལུང་གི་ཉན་ས་ཡིན་ལ། བྲག་མཐོན་པོ་དང་རྫ་སྨུག་པོའི་ཁོང་གསེང་ལས་མཆེད་པའི། ཁྱེད་ཀྱི་གླུ་སྐད་ཀྱི་བྲག་ཅ། ངར་ངར་ཤིག་ཤིག་གིས་སྲིད་པའི་གངས་རྒན་གྱི་ར་བ་ལས་བརྒལ་ཏེ། ཁ་འབབ་བཞི་ཡི་བཞུར་རྒྱུན་དང་འགྲོགས་ནས། མི་ཡུལ་ལ་གཏུགས་བཤེར་དུ་ཆས་བྱུང་།
རེད་ཡ། ཁྱེད་ཀྱི་དཔའ་ལམ་ནི། སྙིང་དམར་པོའི་དཔའ་དར་ལྷབ་ལྷབ་གཡོ་ཞིང་། བྲང་ཁོག་གི་དཔའ་སྐད་ལྷབ་ལྷབ་གྲགས་འོང་ཚུལ་དེ་འོ།།

རྩོམ་རིག

Post navigation

Previous Post: བོད་ལ་སྤྲུལ་སྐུ་མེད་ན་འགྲིག་གི་རེད་དམ།
Next Post: གསལ་བསྒྲགས།

Comments (2) on “ཐེའུ་རང་གི་དཔའ་ལམ།”

  1. མགོ་རུལ། says:
    2010-04-13 at 1:33 pm

    སེང་རྡོར་དྲ་བའི་ཁ་འབྱེད་ཨེ་ཐུབ་ཀི

  2. གཞིས་ལུས་བོད་པ། says:
    2010-04-14 at 5:32 am

    ཡུའུ་ཤུལ་ལ་ས་འགུལ་བྱུང་འདུག ངས་ད་ལྟ་cctvཐད་གཏོང་ལ་བལྟས་མ་ཁད་ཡིན། ཕལ་ཆེར་གནས་ཚུལ་ཚབས་ཆེན་ཡིན་ས་རེད། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme