Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐེའུ་རང་གི་ཉིས་སྟོང་བརྒྱད་ལོ། གནད་འགག་ལ་ཐུག་དུས་ཁྲག་ཡིག་ག་ཚོད་ཡོད།

Posted on 2009-08-172009-08-18 By ཀླུ་ 1 Comment on ཐེའུ་རང་གི་ཉིས་སྟོང་བརྒྱད་ལོ། གནད་འགག་ལ་ཐུག་དུས་ཁྲག་ཡིག་ག་ཚོད་ཡོད།

                                        ཐེའུ་རང་གི་ཉིས་སྟོང་བརྒྱད་ལོ།

                 མཚོན་དང་ལྕགས་སྒྲོག་གིས་བཏུལ་དུ་མེད་པ།
                      འགྲོ་མི་སྤྱི་ལ་དབང་བའི་བདག་ཉིད་ཀྱི་སྨྲ་ལྕེའོ།།
                                             —–<<ཁྲག་ཡིག>>བཀླགས་རྗེས། རླུང་ནག་འཚུབ་མ།

                                                                  (༡)
རུས་པ་ཅན་གྱི་ཤ་གསེང་ནས་ཚིས་ཁུ་བཞིན་བཞུར་ཡོང་བ་ཁྲག་གི་ལོ་རྒྱུས་ཡིན་ལ།ཤ་ཁུ་བཞིན་མཆོད་ཡོང་བ་མེས་པོའི་blood_letterཞབས་རྗེས་ལགས།རུས་པ་ཅན་གྱི་སེམས་ཁོང་ནས་ནམ་ཡང་རྒྱལ་མི་སྲིད་པ་བྱི་ལའི་རྗུན་ཚིག་ཡིན་ལ་།ནམཡང་ཕམ་མི་སྲིད་པ་བདེན་པའི་རང་སྒྲ་ལགས།རུས་པ་ཅན་གྱི་མིག་དབང་གིས་དྲངས་འོངས་པ་གང་ཞིག་མི་སེར་དཀྱུས་མའི་མིག་ཆུ་རྡོག་གཅིག་ཡིན་ལ།བསུས་འོངས་པ་གང་ཞིག་གསུབ་དཀའ་བའི་རྨ་ཁ་དང་དྲན་ཤིང་ལགས།རུས་པ་ཅན་གྱི་སྨྲ་སྒོ་ནས་ང་རྒྱལ་གྱིས་སྨྲ་འདོད་པ་གང་ཞིག་རིགས་རྒྱུད་གཅིག་གི་བདེ་སྡུག་དང་ཁེ་དབང་ཡིན་ལ།སྤོབས་སེམས་ཀྱིས་བརྗོད་འདོད་པ་གང་ཞིག་གདུང་རྒྱུད་གཅིག་གི་རེ་དོགས་དང་སྙན་གྲགས་ལགས།རུས་པ་ཅན་གྱི་སྨྱུག་འོག་ནས་ཆུ་མིག་བཞིན་བརྡོལ་བྱུང་བ་རིགས་རུས་གཙང་མའི་འགོ་ཁུངས་དབོར་མི་ཉན་པའི་བདེན་ལུགས་དེ་ཡིན་ལ།འོད་ཐིག་བཞིན་ཕོག་ཡོང་བ་དེ་རིང་གི་གསར་འགྱུར་ནི་བདེན་པའི་བླ་སྲོག་བོར་བའི་རལ་གྲི་ངོ་གཉིས་ཤིག་ཡིན་ན་སང་ཉིན་གྱི་ལོ་རྒྱུས་ནི་ཕྱི་སྲོག་ནང་སྲོག་ཆད་པའི་བཤན་པའི་བེམ་རོ་ཞིག་ཏུ་མི་འགྱུར་གྲང་སྙམ་པའི་སེམས་ཁྲལ་དང་དེ་དག་ལས་ཐོབ་པའི་བསླབ་བྱ་དང་སྐུལ་ལྕག་ལགས།

                                                                 (༢)
ལར་སྤྱི་ལོ་ཉིས་སྟོང་བརྒྱད་ལོ་ནི་བརྒྱད་ཅུའི་བགྲེས་སོང་ནས་བརྒྱད་གཅིག་བྱིས་པ་ཚུན་ཆད་ལ་མཚོན་ན་མིག་གི་རིག་ས་དང་རྣ་བའི་གོ་ས་ནས་བློ་ཡུལ་དུ་ཤོང་དཀའ་བའི་དོན་རྐྱེན་ལུ་གུ་རྒྱུད་མཐོང་ཞིང་ཐོས་མྱོང་བའི་ལོ་ཟླ་ཁྱད་པར་བ་ཞིག་སྟེ།མི་ཆེ་ཆུང་དང་ས་ལ་ཐུར་མེད་པར་གང་ལ་གང་འཚམ་དེ་ལ་དེར་བསྟུན་གྱིས་གྲག་འགུལ་མི་ཆུང་བ་རེ་བཟོས་མོད།གནད་འགག་ལ་འཕྲད་དུས་སྤྱི་ཚོགས་ཀྱི་གདོང་ལེན་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་པ་རུ་འབོད་པའི་ཤེས་ཡོན་ཅན་གྱི་སྡེ་ན་རུས་པ་སྲ་མོ་ཅན་གྱི་ཐེའུ་རང་ག་ཚོད་ཡོད།གནད་འགག་ལ་འཕྲད་དུས་སྐབས་དོན་གྱི་ཆབ་སྲིད་དང་དངོས་དོན་གྱི་ལོ་རྒྱུས།མི་རིགས་ཀྱི་གནད་དོན་སོགས་གླེང་བའི་རྩོམ་དེབ༼སྤུས་ཀ་དང་དཔེ་རྟགས༽ཆ་འཛོམས་དག་གི་ཁྲོད་ན་སྨྲ་བརྗོད་ལ་རང་དབང་འབྱོར་བའི<<ཁྲག་ཡིག>>ག་ཚོད་ཡོད།གནད་འགག་འཕྲད་དུས་འུ་ཅག་གི་བླ་ཆེན་དང་དཔོན་ཆེན།རྒྱུ་ཆེན་དང་ངོ་ཆེན།དབང་ཆེན་དང་ངོམ་ཆེན་སོགས་ཆེན་པོ་མཐོན་པོར་འབོད་པ་དག་གི་ཁྲོད་ན་རུས་པ་སྲ་མོ་ཅན་གྱི་ཐེའུ་རང་ག་ཚོད་ཡོད།གནད་འགག་ལ་འཕྲད་དུས་དེ་དག་གི་མིང་བྱང་རྫིག་པོ་བརྗིད་པོ་དག་གི་གསེབ་ན་ངེས་པ་དོན་གྱི<<ཁྲག་ཡིག>>ག་ཚོད་ཡོད།གནད་འགག་ལ་འཕྲད་དུས་དེ་དག་གི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བའི<<ཁྲག་ཡིག>>ག་ཚོད་ཡོད།

                                                                  (༣)
བདག་གིས་ནི་དེ་ལྟར་བསམ་གྱིན་བསམ་གྱིན་ཚོད་ཚོད་ལ་འབྲོང་གི་མི་རབས་ཤིག་དྲན་འོངས་ལ།<<འབྲོང་དྲན་པའི་ཟིན་ཐོ>>ཞིག་ཀྱང༼ཁ་བའི་མེ་ཏོག༽བཞིན་ལྷོད་ཀྱིས་ངག་གི་དབྱངས་རྟ་རུ་འདྲེན་དགོས་བྱུང་།ཤེས་ཚོད་ལ༼འབྲོང་ནི་རང་གི་སྤུན་ཟླའི་རྨ་ཁྲག་ལ་གདུང་འབོད་བྱེད་མཁན་ཞིག་རེད།འབྲོང་ནི་སོང་ས་བསྡད་ས་གང་དུའང་རང་བཙན་གྱི་རི་དྭགས་ཤིག་རེད།གནད་འགག་ལ་འཕྲད་དུས་འབྲོང་ནི་ངའོ་སྙམ་ནས་སྡོད་ཅིང་།ཁྱོད་ལ་འདང་སྤུ་ཙམ་མི་རྒྱག་པར།བསམ་ཡུལ་ལས་འདས་པའི་ཨ་ལན་སྟེར་ངེས།གནད་འགག་ལ་འཕྲད་དུས་འབྲོང་གིས་ད་གཟོད་བྲོ་འཁྲབ་རྒྱུ་རེད།འབྲོང་གི་བྲོ་འཁྲབ་པ་ནི་ཁྱོད་ཀྱི་ཐོག་ཏུ་རྒྱུག་རྩིས་ཡིན།སྐུ་ཞབས་ལགས་ལ་ངོ་སྐལ་ཨེན་ཙམ་ཡང་སྦྱིན་མི་སྲིེད།འབྲོང་ལ་རང་ཉིད་ལས་ལྷག་པའི་དད་པ་བྱེད་ས་མེད༽ཅེས་པ་ལྟར།གནད་འགག་ལ་འཕྲད་དུས་འབྲོང་གི་བུ་རྒྱུད་དུ་འབོད་ཆོག་ཆོག་གི་ཐེའུ་རང་ལ་ཐེའུ་རང་ལས་ལྷག་པའི་དད་པ་བྱེད་ས་ལོགས་སུ་མེད་ལ།གནད་འགག་ལ་འཕྲད་དུས༼བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲ༽ལྟ་བུའི<<ཁྲག་ཡིག>>ལའང་ཐིག་བརྒྱད་ལོ་ལས་ལྷག་པའི་ཁྲག་རྗེས་ཕབ་ས་གུད་ན་མེད།དེ་བས།སྙན་ངག་པས་སྨྱུག་རྩེ་ནས་འབྲི་མ་ནུས་པའི་ཉིས་སྟོང་བརྒྱད་ལོ།ཐེའུ་རང་གི༼དམྱལ་ཁམས་ཀྱི་ཟིན་ཐོ༽རུ་འབོད་པའི་ཁྲག་གི་ཡི་གེ་ཞིག།གསར་འགོད་པས་གསར་འགྱུར་བརྒྱུད་ལམ་ནས་བདེན་པ་ར་སྤྲོད་མ་ཐུབ་པའི་ཉིས་སྟོང་བརྒྱད་ལོ།ཐེའུ་རང་གི༼བདེན་པའི་གཏུག་བཤེར༽དུ་འབོད་པའི་ཁྲག་གི་ཡི་གེ་ཞིག།གཞས་པ་ཚོས་མགྲིན་པ་ལས་དཀྲོལ་མ་ཐུབ་པའི་ཉིས་སྟོང་བརྒྱད་ལོ་།ཐེའུ་རང་གི༼ང་ཡི་བོད༽དུ་འབོད་པའི་ཁྲག་གི་ཡི་གེ་ཞིག།ལོ་རྒྱུས་སྨྲ་བ་ཚོས་སེམས་ཁོང་ནས་བསྐྱུར་མི་སྤོབས་པའིཉིས་སྟོང་བརྒྱད་ལོ་།ཐེའུ་རང་གི༼རྣམ་ཤེས་ཀྱི་དབྱིངས༽སུ་འབོད་པའི་ཁྲག་གི་ཡི་གེ་ཞིགགང་ལྟར༼པ་པོ་བ་བོ་མ་མོ༽སོགས་བདག་པོའི་སྒྲ་ཡི་བདག་ཉིད་ཅན་དང་སྙན་པའི་སྒྲ་ཡི་ཅོད་པན་དག་གིས་ཅི་ཡང་བཤད་མ་ཕོད་ཅིང་གང་ཡང་སྒྲུབ་མ་ནུས་པའི་ཉིས་སྟོང་བརྒྱད་ལོ།ཐེའུ་རང་གི༼སེམས་ཀྱི་དམར་མཆོད༽སོགས་དོན་ཚན་ལྔ་དང་དོན་གནད་ལྔ་བརྒྱ་ཡི་བདག་ཉིད་ཅན་དུ་འབོད་པའི་ཁྲག་གི་ཡི་གེ་ཞིག

                                                         (༤)
མདོར་ན།བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུག་འོ་མའི་མར་ལོ།མི་རེ་བ་ཅན་ལ་རེ་བཞགགོས་རི་མོ་ཅན་ལ་རྒྱང་བལྟས་ཟེར་བ་ལྟར།གང་ན་ཐེའུ་རང་ཡོད་ན་དེ་ན་ཐེའུ་རང་ལྟ་བུའི་གླེང་གཞི་དང་གྲག་འགུལ་མི་ཆུང་བ་རེ་ཡོད་ངེས་ལ།གང་ན<<ཁྲག་ཡིག>>ཡོད་ན་དེ་ན་ཟུངས་ཁྲག་དྲོན་མོ་ལྟ་བུའི་བོད་མི་ས་ཡ་དྲུག་གི་ཁྲག་རྗེས་དང་དུག་ཆུ་ཁོལ་མ་ལྟ་བུའི་ཞེ་སྡང་གི་རྨ་་ཁ་མི་ཆུང་བ་རེ་ཕབ་ཡོད་ངེས།དེ་བས།ཐེའུ་རང་གི་ཉིས་སྟོང་བརྒྱད་ལོ་ནི་ལེགས་ན་ཐེའུ་རང་འདྲ་བའི་མི་བུ་སྤོབས་སེམས་ཅན་དང་རུས་པ་སྲ་མོ་ཅན་དག་གི་ཉིས་སྟོང་བརྒྱད་ལོ་ཡིན་ཆོག་ལ།ཉེས་ན་ཐེའུ་རང་དང་མི་འདྲ་བའི་ལྷ་བུ་སྒལ་ཚིགས་བོར་བ་དང་སྒལ་རུས་འཐོར་བ་དག་གི་ཉིས་སྟོང་བརྒྱད་ལོ་ཡིན་ལགས།ཡང་ན།ཐེའུ་རང་གི་ཉིས་སྟོང་བརྒྱད་ལོ་ནི་ཆེ་ས་ནས་ཐེའུ་རང་ཐེ་བའི་བོད་མི་ས་ཡ་དྲུག་གི་ཉིས་སྟོང་བརྒྱད་ལོ་ཡིན་དགོས་ལ།ཆུང་ས་ནས་ཉིས་སྟོང་བརྒྱད་ལོའི་ལོ་ཟླ་རེ་རེ་ཁྲག་དང་རྔུལ་ཆུའི་ཡིག་ཕྲེང་ལ་བརྒྱུས་པའི<<ཁྲག་ཡིག>>གི་ཐེའུ་རང་ཡིན་དགོས།

སྙན་ངག

Post navigation

Previous Post: རྩོམ་རིག་ལ་སྐུལ་བའི་དྲིལ་བརྡ།
Next Post: མདོ་སྨད་ལོ་རྒྱུས་ཆེན་མོ་ལས་*རྗེ་ཙོང་ཁ་པས་རིག་གཞུང་གསར་བརྗེ་དང་བོད་*་ཅེས་པའི་སྐབས་ལ་ཅུང་ཟད་དཔྱད་པ།

Comment (1) on “ཐེའུ་རང་གི་ཉིས་སྟོང་བརྒྱད་ལོ། གནད་འགག་ལ་ཐུག་དུས་ཁྲག་ཡིག་ག་ཚོད་ཡོད།”

  1. སེངྒེ་རལ་པ་ཅན་ says:
    2009-08-18 at 1:25 am

    དགོངས་དག   གོང་གི་མཆན་འདི་འགོད་ས་ནོར་སོང་།  དྲ་དཔོན་གྱིས་གཟིགས་ན་བསུབ་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme